རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་ངམ་༼མགྲིན་ཚབ་པ་སྐུ་ཞབས་ཡེ་རྡོར་༽སོགས་ལ།
དབུ་ མའི་ལམ་གྱི་ལས་འགུལ་བ་ཞིག་གིས་བསྒྲགས་དོན།ཕྱི་ལོ་༡༩༩༧་ལོར་བཙན་བྱོལ་བོད་ མིའི་གཞུང་གིས་ཡང་དག་པའི་མང་གཙོའི་ཁེ་དབང་སྤྱད་དེ་བཙན་བྱོལ་བོད་མིའི་སྒྲིག་ འཛུགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་གཏན་འབེབས་སྐབས་མི་མང་བརྒྱ་ཆ་དྲུག་ཅུ་ ལྷག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སམ་༸གོང་ས་ཏཱ་ལའི་བླ་མའི་བཀའ་ཤར་བསྐྱོད་ ལ་རྒྱབ་སྐྱོར་ཞུས་ཤིང་།ངེད་རང་སྐ བས་དེ་ནས་༸གོང་ས་ཏཱ་ལའི་བླ་མའི་བཀའ་གསུང་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་ ལྟ་བའི་རྗེས་འབྲངས་བ་ཞིག་ཡིན།
ཕྱི་ ལོ་༢༠༠༧་ལོར་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ནས་དབུ་མའི་ལམ་གྱི་གསར་ ཤོག་འདོན་སྤེལ་ཞུས་ཤིང་།འདོན་སྤེལ་གྱི་དམིགས་ཡུལ་ནི་བཙན་བྱོལ་བོད་གཞུང་གི་ སྲིད་བྱུས་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱ་ཆེའི་བོད་མིའི་སྤྱི་ ཚོགས་ཁྲོད་ཁྱབ་སྤེལ་ཆེད་ཡིན།
དེ་ བཞིན་ཕྱི་ལོ་༢༠༠༨་ལོར་དབུ་མའི་ལམ་གྱི་མི་མང་ལས་འགུལ་གྱི་ཚོགས་འདུར་མཉམ་ ཞུགས་དང་།སྐབས་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་མི་སོགས་ཀྱི་བརྒྱུད་རིམ་ ཁྲོད།གཞི་རིམ་མི་མང་ནང་དང་།སློབ་གྲྭ་་དགོན་སྡེ་ཁག་ཏུ་ཆེད་བསྐྱོད་ཀྱིས་གཉིས་ སྨན་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་ཁྱབ་བསྒྲགས་ཀྱིས་བོད་པ་མི་མང་ཆབ་ སྲིད་ཀྱི་ལམ་སྣེ་འདིར་སྐུལ་འདེ ད་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བ་ཡིན།
འདི་ དག་ནི་ཁ་ཞེ་གཉིས་མེད་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་གསུང་དང་ལེན་དང་། རང་ཉིད་ཀྱི་ལངས་ཕྱོགས་གསལ་འདོན།བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་ཕྱར་གྲུ་ མཉམ་འདེགས།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར།བོད་ རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཞིག་སྤྲོད་ལེན་ཡོང་བའི་ དམིགས་འདུན་བཅས་ཀྱི་ཆེད་ཡིན།
ང་ ཚོ་འདི་ལྟར་གུ་ཡངས་རང་བཞིན་གྱི་ཆབ་སྲིད་ཀྱི་ལམ་སྣེར་ཐོན་ཏེ་བོད་ཀྱི་གཞོན་ ནུ་ལྷན་ཚོགས་སོགས་བོད་རང་བཙན་གྱི་བདག་དབང་རྩོད་པའི་གཞོན་སྐྱེས་ཚོ་ལ་དགག་ བཞག་དང་།ཕྱོགས་འགལ་རང་བཞིན་ཅན་དུ་བལྟས་ཏེ་བོད་རྒྱའི་གྲོས་མོལ་ཐད་རྒྱ་ནག་ གཞུང་གིས་བརྡ་ལན་བཟང་པོ་རེ་ཐོབ་རྒྱུར་སྐུ་ཚབ་གྲོས་མོལ་ཕེབས་ཐེངས་རེ་ཡི་ མཇུག་ཏུ་སེམས་རྩ་ཁྲག་ལ་བསྲེས་ཏེ་བཟང་པོའ ི་གཏམ་ལན་ལ་ངང་སྒུག་ཞུས་པ་ཡིན།
བློ་ ཕམ་པ་ཞིག་ནི།རྒྱ་ནག་གཞུང་གིས་ཞི་བའི་གྲོས་མོལ་གྱི་བརྒྱུད་རིམ་ལ་བརྩི་བཀུར་ དང་ལེན་མ་བྱས་པ་མ་ཟད།༸གོང་ས་ཏཱ་ལའི་བླ་མའི་ཁ་ཞེ་གཉིས་མེད་ཀྱི་དགོངས་བཞེད་ལ་ སྐུར་འདེབས་དང་།ཚོད་རྩིས་སོགས་བྱས་ཏེ་མི་རིགས་ཆེན་པོའི་དྲག་ཤུགས་དང་།རྩུབ་ སྤྱོད་དང་ལེན་གྱིས་ཞི་བདེ་བག་ཕེབས་ཀྱིས་འཚོ་བའི་གྲངས་ཉུང་མི་རིགས་ཁ་བ་གངས་ ཅན་པའི་སྣོད་བཅུད་གཉིས་ཀྱི་བ ླ་སྲོག་ལ་འཇབ་རྒྱུག་དང་།རྒོལ་བརྡུང་བྱེད་བཞིན་པའི་བྱ་སྤྱོད་ནི་བོད་མི་རིགས་ ཕར་ཟད།དྲང་བདེན་ཚད་མཇལ་བྱེད་པའི་འཛམ་གླིང་སྐྱེ་བོ་སུ་འདྲ་ཞིག་ཡིན་ཀྱང་བློ་ ཕམ་གྱི་གནས་ཤིག་ག་ལ་མིན།
དེང་ གི་ཆར་ཡང་མདོ་སྨད་རྔ་བ་གཙོ་བོས་བོད་མདོ་དབུས་ཁམས་གསུམ་གྱི་ནང་དྲག་པོའི་དམག་ གིས་ཉིན་མཚན་གཉིས་སུ་ལྟ་རྟོགས་དམ་དྲག་དང་།བཙོན་འཇུག་མནར་གཅོད།གློ་བུར་རྐུ་ འཁྱེར་སོགས་མཚོན་ཆ་ཁབ་རྩེ་ཙམ་ཡང་མེད་པའི་ཞི་བའི་མི་མང་ལ་ཉེས་མེད་ཉེས་འགལ་ གྱི་ལས་གཞི་སྣ་ཚོགས་ཤིག་རྩོམ་བཞིན་པར་ཧ་ཅང་གི་བློ་འཚབ་ཆེན་པོ་ཡོད་པར་ཞུ་ རྒྱུ་དང་།རྒྱ་གཞུང་གིས་རྒྱ་ནག་ག ཅིག་གི་ལྟ་ཚུལ་དང་།འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་བྱེད་ཀྱིན་ཡོད་པ་དངོས་ འབྲེལ་ཡིན་ན་མི་མང་གི་བསམ་བློར་རང་དབང་དང་།མི་མང་གི་མངོན་འདོད་ལ་བརྩི་བཀུར་ བྱེད་དགོས་པ་ལས་སློབ་གསོའི་བཅོས་བསྒྱུར་ཞེས་པའི་རྩུབ་སྤྱོད་ཅན་གྱི་བྱ་འགུལ་ གྱིས་དེ་རིང་ཁུངས་འཁྱོལ་ཡང་སང་ཉིན་ནམ་དག་པ་ཞིག་ག་ལ་ཡིན།
འཛམ་ གླིང་གི་ཁྲོམ་རྭའི་ཡང་རྩེར་སྙེག་བཞིན་པ་དང་།མི་རིགས་ཆེན་པོའི་ལོ་རྒྱུས་ལྡན་ པའི་རྒྱ་ནག་ནི་གནའ་བོའི་རིག་གཞུང་ལ་ཁུངས་བཙན་པོའི་སྲོལ་རྒྱུན་བཟང་པོར་གོང་ བཀུར་བྱེད་ཡུལ་ཞིག་ཡིན་ནའང་།འགྲོ་བ་མིའི་ཚེ་སྲོག་ལ་བརྩི་མཐོང་དང་།རིན་ཐང་ མེད་པ།མི་མང་གི་རྒྱལ་ཁབ་ལས་ཚོགས་པ་གཅིག་གིས་ལྟ་ཚུལ་གཙོར་འཛིན་བྱེད་པ།ཆོས་ ལུགས་ལ་དམ་དྲག་དང་།གྲངས་ཉུང་མི ་རིགས་ཚར་གཅོད།མང་གཙོའི་ཐོབ་ཐང་བཀག་སྡོམ་བྱེད་པ་བཅས་ཀྱིས་འཛམ་གླིང་གི་ ལྡིངས་ཆའི་སྟེང་དུ་ཕོ་རོག་དཀར་པོ་ཆགས་བཞིན་པའི་རྒྱ་ནག་མི་མང་སྤྱི་མཐུན་ རྒྱལ་ཁབ་ནི་མི་སེམས་འགུག་ཤུགས་ཅན་དང་།མཚན་མཐོང་རང་བཞིན་ཅན་གྱི་རྒྱལ་ཁབ་ཅིག་ ཆགས་ག་ལ་སྲིད།
རྒྱ་ ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་ཅིག་ལ་དབང་ བསྒྱུར་བྱེད་པའི་སྤྱི་ཁྱབ་བཀོད་འདོམ་པ་ཆགས་ཡོད་པས།རྒྱ་ནག་མི་མང་སྤྱི་མཐུན་ རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ དགོངས་དོན་བཞིན།མི་རིགས་འདྲ་མཉམ་དང་།ཐོབ་ཐང་གཅིག་མཚུངས།ཆོས་ལུགས་དད་མོས་རང་ དབང་སོགས་ཀྱི་ཁ་དབྱངས་སྙན་པོ་ད ེ་རྒྱལ་སྤྱིའི་ལྡིངས་ཆའི་སྟེང་གི་འཁྲབ་སྟོན་ཙམ་མིན་པར་དོན་དངོས་ལག་ལེན་དུ་ འཁྱོལ་བ་ཞིག་གནང་རྒྱུ་ནི་རྒྱ་ནག་རྒྱལ་ཁབ་ཆེན་པོ་དང་།རྒྱ་རིགས་དུང་ཕྱུར་མང་ པོའི་ལ་རྒྱ་དང་གཟི་བརྗིད་ཅིག་ཡིན་པ་བཤད་མ་དགོས་ཤིང་།དེ་མིན་གྲངས་ཉུང་མི་ རིགས་ཀྱི་ཁོར་ཡུག་དང་།སྣོད་བཅུད་ཀུན་ཀྱང་རྩ་གཏོར་གཏོང་བའི་ཞེ་ངན་གྱི་ཕུགས་ རེ་ནི་འགྲུབ་ཐབས་མེད་པ་ཞིག་དང་།གལ་སྲིད་དེ ་ལྟར་ལག་ལེན་ཁོ་ནར་བསྟར་ཚེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུའི་རྒྱལ་གཅེས་པ་ ཚོས་བློས་གཏོང་གི་ཆོད་སེམས་ལ་བཤད་མ་དགོས་ཤིང་།གཉིས་ཕན་དབུ་མའི་ལམ་གྱི་ དགོངས་དོན་ལ་ཡིད་ཆེས་ཟབ་པའི་བདག་ལྟ་བུས་ཀྱང་བོད་མི་རིགས་དང་།བོད་ཀྱི་རིག་ གཞུང་གི་ཆེད་དུ་གཅེས་པའི་ཚེ་སྲོག་འདི་ཉིད་དྲང་བདེན་གྱི་ལེགས་སྐྱེས་སུ་མཆོད་ མེར་འབུལ་དགོས་བྱུང་ནའང་ལྷ་གཅིག་ལ་གསོལ་བ་དང ་།ལམ་གཅིག་གི་རྡོག་པར་ཐོན་རྐྱང་བྱེད་པའི་དམ་བཅའ་བརྟན་པོ་ཡོད་ཞུ་རྒྱུ་དང་། བོད་ཕྱི་ནང་གི་མི་རབས་གསར་བའི་འབོད་སྒྲའི་བརྡ་ལན་འདི་རྒྱ་ནག་གཞུང་གི་དཔོན་ རིགས་ཚོའི་རྣ་ལམ་གྱི་ཅོང་སྒྲ་ལྟ་བུའི་སྐུལ་སློང་དང་སེམས་འཚབ་རང་བཞིན་ཅིག་ མིན་ག་ལ་སྲིད།
མཐའ་ དོན་གྱི་འབོད་སྐུལ་ནི།༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་།བཙན་བྱོལ་ བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བརྟན་བརླིན་བབ་གསུམ་དང་།འཕྲད་ཕུགས་རྒྱང་ གསུམ་གྱི་གལ་གནད་དུ་མར་གཟིགས་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་བྱུང་ མེད་ལ།དབུ་མའི་ལམ་གྱི་ལས་འགུལ་པ་ཚོས་ངོས་ནས་ཀྱང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ ཞི་བའི་ཐག་གཅོད་ཡོང་བར་ངང་སྒུག་ དང་།དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་རྒྱུར་བློ་རྩེ་བརྟན་པོར་ ཡོད་ན་བོད་ནང་གི་དྲག་པོའི་ལས་གཞི་ཁག་མྱུར་ཏུ་མཚམས་འཇོག་དང་།ཆབ་སྲིད་བཙོན་པ་ རྣམས་ལ་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཁྲིམས་མཐུན་གྱི་ཐག་གཅོད་ ཡོང་བ།ཇི་སྲིད་བོད་མིའི་བསམ་བློའི་གཙོ་འཛིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ བོད་རྒྱ་ཞི་མོལ་གྱི་གྲོས་འདོན་མགྱོགས་མྱུར་ཡ ོང་བའི་རེ་བ་བཅས་ཕུལ།
དབུ་མའི་ལམ་གྱི་ལས་འགུལ་བ་རྨོག་རུ་བ་བསྟན་པ་རྒྱ་མཚོས་༢༠༡༡།༥།༡༧་ཉིན།
གྲོགས་རྨོག་རུ་བསྟན་པ་ལགས་ཀྱིས་བསྒྲགས་གཏམ་སྤེལ་བར་ཡི་རངས་དང་གུས་བཀུར་ཞུ་འོས་སུ་མཐོང་མོད། ༼བཙན་བྱོལ་བོད་མིའི་གཞུང༽དང༼བཙན་བྱོལ་བོད་མིའི་སྒྲིག་འཛུགས༽སོགས་བཀོལ་བ་ཡིན་ན། རྒྱ་ནག་གཞུང་གིས་བོད་མི་བཙན་བྱོལ་བར༼ཏཱ་ལའི་རུ་ཚོགས༽ཞེས་པར་ངོས་ལེན་བྱས་པ་དང་གཉིས་སུ་མེད་ལ། དེ་ནི་བོད་ཀྱི་གནད་དོན་བཙན་བྱོལ་བོད་མི་རང་སྟེང་ནས་མཇུག་བསྡུས་པའང་ཡིན་པས། རྒྱལ་བ་རིན་པོ་ཆེ་ནས་ནམ་རྒྱུན་གསུང་བཞིན་པའི༼བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་ཞིག་གྲུབ་རྗེས་བཙན་བྱོལ་བོད་གཞུང་རང་བཞིན་གྱིས་སྒོ་རྒྱག་གི་ཡིན༽ཞེས་པ་འདི་ངེས་པར་དུ་གཙིགས་འཛིན་གནང་རོགས་ཞེས་ཞུ་འདུན་བྱུང་སོང་།
བོད་རང་སྐྱོང་སྦྱོང་དང་། དབུ་མའི་ལམ་ལ་ཁྱད་པར་གང་ཡོད། ཚོང་པ་རྒྱག་པ་སུ་རེད།
འོ་་་ཚོང་པ་རྒྱགས་པ་ནི་ཁྱོད་དང་ང་། བོད་མི་རིགས་འདི་འཆི་ལམ་ནས་ཅུང་གསོ་མཁན་དེ་རེད། བོད་མི་ཞིག་གིས་གནས་ཚུལ་དེ་མ་ཤེས་དུད་འགྲོ་རེད་ཡ།
དྲ་གྲོགས་རྣམ་པའི་དགོངས་ཚུལ་གང་ཡིན་ལ་འདུ་ཤེས་ཤིག་གིས་བརྩི་བཀུར་ཞུ་རྒྱུ་ཡིན།
ལྷ་སྡེ་གནམ་ལོ་ཡག་གི་སྐད་ཆ་འདིར་རྒྱུ་མཚན་ཡེ་ནས་མེད་པ་ཞིག་ཏུ་མཐོང་གིན་མེད།ད་དུང་འང་བསམ་བློ་གཏོང་སའི་གཞི་ཞིག་ཆགས་ཀྱིན་འདུག་་་
སྐྱུ་རྩི་ཉོན་དང་།
ཆབ་སྲིད་དང་རིག་གཞུང་སོགས་གནད་དོན་ཞིག་གླེང་སློང་བ་ལ་ཐོག་མར་དོ་སྣང་ཞིག་བྱས།
དེ་ནས་སྐད་ཆ་ཞིག་བཤད་དགོས་པ་ལས།མུན་ནག་ཁོ་ནས་ནང་དུ་ལག་པ་བསྲིངས་ན་དགོས་མེད་ཙམ་ལས་རང་གཞན་ཚང་མར་ཡོང་རྒྱུ་གང་ཡང་ཡོད་པ་མ་རེད།
དང་པོ་དབུ་མའི་ལམ་མགོ་ཚོས་པ་བྱས།དེ་ནས་ད་ལྟའི་རང་སྐྱོངས་ལྗོངས་མགོ་ཚོས་པ་བྱས།དེ་གཉིས་མཚུངས་བསྡུར་ཞིག་བྱས།དེ་ནས་འབབ་ས་ཞིག་བཙལ།དེ་ནས་གོ་བ་ཞིག་རྙེད་ངེས་རེད།དེ་ནས་དྲི་བ་ཞིག་དང་བྲོ་བ་ཞིག་རྙེད་ངེས་རེད།
རྒན་རྨོག་རུ་བསྟན་པ་ལགས། ཉིད་ཀྱིས་དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་གི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་བླངས་ཏེ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཡེ་རྡོར་སོགས་ལ་རྒོལ་ལན་གྱི་བསྒྲགས་གཏམ་སྤེལ་བ་དེ་ཆེས་ཧ་ཅང་གི་དགའ་བ་ཞིག་དང་། ང་ཚོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་དང་རྗེས་སུ་ཡི་རིངས་བྱེད་འོས་པ་ཞིག་རེད། ཡིན་ནའང་། ལོ་ངོ་མང་པོ་ཞིག་གི་སྔོན་ནས་ང་ཚོས་ཐབས་བྱུས་འདི་བརྩི་ཞིང་གུས་པ་དང་། ངག་སྙན་མོ་དང་ཁ་འཇམ་པོའི་ངང་ནས་རྒྱ་ནག་གི་ངོ་གདོང་འཚོལ་བ་དེས་ཕན་འབྲས་ཅི་ཞིག་བྱུང་སོང་།
ད་དུང་ང་ཚོ་བྱེད་ཐབས་འདི་ལ་བརྟེན་དེ་མུ་མཐུད་དུ་ཐབས་རྩོད་རྒྱུན་འཁྱོངས་བྱེད་དགོས་ན་མི་རིགས་ཞེས་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དེའང་ཁ་ཕྱོགས་གང་ཞིག་ཏུ་འགྱུར་མིན་རྟོགས་དཀའ་བར་སྣང་། དོན་དམ་དུ་གཉིས་ཕན་དབུ་མའི་ལམ་ཞིག་ཡིན་ངེས་ཀྱང་གོ་བ་མེད་པའི་གླང་རྒན་ལ་དབྱུག་པས་རྡེག་ན་འོས་པར་མཐོང་བའི་གནས་ལུགས་དེའང་གལ་ཆེན་ཞིག་ཏུ་འདོད་ཀི ལོ་ངོ་བཅུ་གྲངས་ཞིག་གི་སྔོན་དུ་རང་བཙན་ཐབས་རྩོད་པ་གྲགས་ཅན་ལྷ་བཟང་ཚེ་རིང་གི་སྐད་ཆ་ཞིག་དྲན་འོང་སྟེ། ང་ཚོས་རྒྱ་ནག་ལ་དུག་སྦྲང་གི་དམག་བྱུས་འཐེན་དགོས་པའི་དུས་ལ་བབ་པའི་ཚོར་སྣང་ཞིག་ངམ་ངམ་ཤིག་ཤིག་ཏུ་སྐྱེས་སོ།
རྒྱ་བཀྲ་དོན་ལགས།བསམ་འཆར་གནང་བར་གུས་བརྩི་ཞུ།
སྤྱི་ཚོགས་ཤིག་གི་གྲུབ་ཆའི་ནང་།དུག་སྦྲང་གི་དམག་བྱུས་དང་།སྦྲང་མའི་དམག་བྱུས།གླིང་གེ་སེར་གྱི་དམག་བྱུས་སོགས་ག་རེ་ཡིན་ཀྱང་ཡོད་ཆོག་གི་རེད།
སུ་ཞིག་གིས་དམག་བྱུས་ལ་ངེད་ཀྱིས་དགག་པ་རྒྱག་རྩིས་མེད།
ཡིན་ཡང་།ང་རང་དབུ་མའི་ལམ་གྱི་འཐབ་བྱུས་འདིར་གོམ་པ་སྤོས་ཏེ་ལས་མགོ་གང་འཚམ་བཙུགས་ཚར་བ་རེད།འཐབ་བྱུས་འདི་རུ་སེམས་བོད་ལ་ཟུག་་་ཁ་རྒྱ་ལ་འཁོར་ནས་བདེན་པ་དང་གཉིས་སྨན་གྱི་ལམ་ཞིག་གི་ཆེད་དཀའ་ལས་རྒྱག་རྩིས་ཡོད།
འདི་ཡང་ལས་འགུལ་སྤེལ་སྟངས་ཀྱི་དམ་བཅའ་ཞིག་ཡིན།
མི་རེ་རེ་ཡིས་འཐབ་བྱུས་རེ་རེ་ཡི་སྟེང་ལས་འགུལ་སྤེལ་ན་དེ་ཡང་འཐབ་རྩོད་ཅིག་རེད།
དབུ་མའི་ལམ་གྱི་ལས་འགུལ་བ་རྨོག་རུ་བ་བསྟན་པ་རྒྱ་མཚོས་༢༠༡༡།༥།༡༧་ཉིན་ལ། དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་གི་བསྒྲགས་གཏམ། ཞེས་སྤེལ་བ་འདི་ལ་ང་ནི། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། བོད་རྒྱལ་ལོ། །དགེའོ། དགེའོོ། དགེའོོོ།། །།
གཉིས་སྨན་དབུ་མའི་ལམ་གྱི་ལས་འགུལ་འདི་ནི་འཐབ་རྩོད་ཀྱི་གོ་རིམ་ཞིག་ཡིན་ངེས་ཀྱང་། བདག་གིས་བརྗོད་འདོད་པ་དེ་ཁྱོད་ཀྱི་བློ་ལ་འཐད་པ་དབུ་མའི་ལམ་དང་། ཁོ་ཡི་རེ་བ་རྒྱག་ས་རང་བཙན་གཙང་མ་ཟེར་བཞིན་རང་རང་སོ་སོས་དུས་ཚོད་ནར་འགྱངས་བྱེད་པ་ལས་བོད་མི་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་འཐབ་རྩོད་ཀྱི་བྱེད་ཐབས་ཤིག་ལ་འཇུས་ན་ཕན་འབྲས་ཡོད་པའི་བསམ་ཚུལ་ཙམ་ཡིན།
བོད་ལ་རང་སྲིད་རང་སྐྱོངས་རེག་པའི་ཉིན་མོ་ནས། གཉིས་ཕན་ཟེར་བའི་དབུ་མའི་ལམ་འདིའི་དགོས་དོན་འགྲུབ་ཚར་བ་ཡིན་ནམ། དབུ་མའི་ལམ་དང་རང་སྲིད་རང་གཉིས་གཅིག་པ་རེད་དམ། དབུ་མའི་ལམ་འདིས་ཕར་རྒྱ་ནག་ལ་ཁེ་ཕན་ཆེ་བ་སྤྲོད་ཀྱིན་འདུག་གམ་་་་ཚུར་བོད་ལ་ཁེ་ཕན་ཆེ་བ་སྤྲོད་ཀྱིན་འདུག རྒྱ་བོད་གཉིས་ཀར་ཁེ་ཕན་སྤྲད་པརགཅིག་རྐྱང་རང་ཡོང་སྲིད་དམ། གལ་ཏེ་ཡོང་མི་སྲིད་ན་་་་་ཁྱོད་རྨོག་རུ་བསྟན་པ་གཙོས་པའི་དབུ་མ་བ་ཚོས་ག་རེ་གནང་རྩིས་ཡོད་དམ།
རྩམ་དགའ་ལགས་ཀྱི་དྲི་བ་དང་པོ་གཉིས་པ་ལ་ང་ལ་ལན་མེད་ཀྱང་། ངས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་གཅིག་ནི། ལ་དྭགས་ནང་ལ་རྒྱ་གར་དབུས་གཞུང་གི་སྲིད་འཇུས་དང་འབྲེལ་བའི་ཐོག ཁ་ཆེའི་ཡི་གེ་ཨུར་རྡུ་སྦྱོངས་དགོས་པ་དང་། ཁ་ཆེ་ནས་མི་འབོར་དང་ཚོང་པ་མང་སྐྱོན་གྱིས་ལ་དྭགས་ཡུལ་མིར་ཕན་གནོད་འབྲེལ་བ་མང་པོ་བྱུང་ཡོད་ཀྱང་། མཐའ་མའི་མཐའ་སྡོམ་མམ་མཐར་ཐུག་ན། ལ་དྭགས་ཡུལ་མི་སོགས་ཧི་མ་ལ་ཡེའི་ནང་པ་ཚོ་དང་རྒྱ་གར་དབུས་གཞུང་གཉིས་ཀ་ལ་ཁྱད་ཕན་དགྲ་མཉམ་བྱུང་ཡོད་རེད་ཟེར་ན། སྐྱོན་ཆེར་ཨ་ཡོད་སྙམ་ཞིང་དེའི་སྐོར་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ལ་བཀའ་འདྲི་ཞུས་ན་ཁོང་གིས་ང་དང་མཐུན་པ་ཅིག་ཀྱང་གསུངས་སྲིད་སྙམ། འོན་ཀྱང་རྒྱ་ནག་ནི་རྒྱ་གར་དང་མི་མཚུངས་པས་སོ། ཞེས་ན་རྒྱ་ནག་ཧྰན་མི་རིགས་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་ཚོས་ཀྱང་མཉམ་རུབ་ཀྱིས་རྒྱ་ནག་དེ། རྒྱ་གར་ལས་ལྷག་པ་ཅིག་ཡོང་མི་སྲིད་མ་རེད་སྙམ་ལགས། ངའི་དབུ་མའི་ལམ་གྱི་རྨི་ལམ་མཐར་ཐུག་དེ་འདི་ཡིན་ནོ། དགེའོ། །
ཡེ་རྡོར་ཟེར་བའི་མི་ཞིག་ཡོད་མེད་ཐེ་ཚོམ་རེད། མི་མེད་ལ་མིང་རྫུན་ཞིག་གིས་དགག་པ་བརྗོད་གི་ཡོད་པ་འདྲ།
བསྒྲགས་གཏམ་པ་ལགས་ ཁྱེད་ཀྱི་བསྒྲགས་གཏམ་འདི་སྤེལ་སའི་ཡུལ་དེས་ འདི་ལ་སྣང་འཇོག་སྲིད་དམ
མི་སྲིད་ན་དོན་མེད་མིན་ནམ་ སྲིད་ན་འདི་ལྟ་བུ་ནི་སུས་ཀྱང་བསྒྲུབ་པར་སླ་བ་མ་ཡིན་ནམ་ ཁྱེད་ཀྱི་ལས་འགུལའདི་ལ་ཡིད་ཆེས་བརྒྱ་ཆ་ག་ཚོད་ཡོད་དམ
ཀ་རྡོ་རབ་འབྱམས་པ་དང་།རྩམ་དགའ།གཞིས་བོད་སོགས་དྲ་གྲོགས་རྣམས་ཀྱིས་དགོངས་ཚུལ་གནང་བར་གུས་བཀུར་ཞུ།རྩམ་དགའ་ལ་ལན་ཞིག་འབུལ་བསམ་ཀྱང་དེ་རིང་ཁ་སང་རྡ་སར་ཚོགས་ཆེན་གྱི་རྐྱེན་པས་ཟིང་ཆ་ཆེ་བ་དང་།ཚོགས་ཆེན་གྱི་སྐོར་ལ་བགྲོ་གླེང་དང་ཚོགས་འདུ་མང་པོ་ཞིག་ཡོང་འདུག་པ་སོགས་ཀྱིས་རེ་ཞིག་ལན་འབུལ་རྒྱུར་དུས་ཚོད་ཀྱིས་མི་འདང་བས་དགོངས་དག་ཞུ་རྒྱུ་དང་།
ཀ་རྡོ་རབ་འབྱམས་པའི་ངའི་ཚབ་ཏུ་ལན་འདེབས་གནང་བར་བཀའ་དྲིན་ཆེ།
ཡེ་རྡོར་ཟེར་བ་ཞིག་མེད་ཀྱང་འཐབ་ཕྱོགས་གཅིག་གྱུར་ཁང་དང་འབྲེལ་ཡོད་ཞིག་ཡིན་པ་ཐག་གིས་ཆོད་པ་རེད།
དེའི་ཕྱིར་བསྒྲགས་གཏམ་འདི་གཏོང་ས་ཚང་མར་བཏང་ཡོད།
ཡེ་རྡོར་ཟེར་བ་དེ་བོད་ནང་གི་མི་མང་པོ་ཞིག་གི་ཏང་ཕྲུག་རག་སྡིས་ཡིན་པ་བཤད་གོ་ཀི།
སྐུ་ཞབས་གནམ་ལོ་ཡག་གི་སྐད་ཆའི་གནམ་ལྗིད་མོའི་གྲས་དེ་རེད། ལས་འགུལ་པས་དབུས་པའི་བཀའ་མོལ་ལྟར་བསྐྱངས་ལ་སྐུམ་ནས་བཞག་འདུག་པས། ངས་བསམ་ཚུལ་ཁ་ཤས་ཞུ་རྒྱུ་ཡིན།
༼ བཙན་བྱོལ་བོད་མིའི་གཞུང་༽དང ༼ བཙན་བྱོལ་བོད་མིའི་སྒྲིག་འཛུགས་༽ བཏགས་པ་ཡིན་ན་༼ ཏཱ་ལའི་རུ་ཚོགས ༽ ཁས་བླངས་པ་ཡིན་པར་བཤད་པ་དེ་ཁྱེད་ཀྱི་འདོད་ཚུལ་ཞིག་ལོས་ཡིན་བསམ།
༼ གཞུང་༽ ཞེས་པའི་ཚིག་རང་ངོས་དང་ཡང་ན་རང་རེའི་ཕ་སྐད་ནང་བེད་སྤྱོད་གནང་དུས། དཔེར་ན་ངེད་གཉིས་གཞུང་ལ་ཨ་ཕས་སྒོར་མོ་ལྔ་སྤྲད་སོང་ལྟ་བུ་དང་། སྡེ་གཞུང་དང་ཁམས་ཚན་གཞུང་སོགས་མང་པོ་ཡོད་པ་རེད།
ཡིན་ནའང་༼ གཞུང་༽ཞེས་པའི་མིང་འདིས་བཞག་པའི་བག་ཆགས་ཀྱི་ངོས་ནས་བཤད་ན་དུ་མ་འདུས་པའི་ཚོགས་པ་སྟོན་བྱེད་སྒྲིག་འཛུགས་སོགས་ཁྱེར་ཡོང་དུས་ཡིད་ལ་མི་བདེ་བ་ནི་ཐུན་མོང་བ་ཞིག་ཡིན་ས་རེད།
འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་དུས་གཞིས་ལུས་བོད་མི་དང་འབྲེལ་བ་མེད་ཚུལ་དགོངས་པ་ནི་མིང་རང་ངོས་ནས་བརྡ་ཏག་ཏག་སྟོན་མི་ཐུབ་ཀྱང་། སྒྲིག་འཛུགས་དེ་གཞིས་ལུས་བོད་མིའི་རང་དབང་ཁོ་ནའི་ཆེད་དུ་བཙུགས་བཞག་པ་གསལ་བོ་ཡིན་ཙང་། མིང་རང་ངོས་ནས་བརྡ་དེ་འཕྲོད་ན་མ་འཕྲོད་ན་འགལ་གཞི་དེ་ཙམ་མེད་པར་འདོད།
གསུམ་པ་དེ། ཕར་འཐབ་ཕྱོགས་གཅིག་གྱུར་ནས་གནས་དུས་ཚོད་རྩིས་ཀྱིས་མཛུབ་མོ་གེར་ནས་སྐྱོན་རེ་བཙལ་སྲིད་མོད། དོན་དངོས་སུ་མིང་ཙམ་གྱིས་རྩ་དོན་མདུན་བསྐྱོད་ལ་གནོད་པར་ངེས་ཚེ། དེ་ལྟར་གནང་བ་ནི་ཆབ་སྲིད་ཀྱི་དགོས་པ་ཞིག་མིན་བསམས། འོན་ཀྱང་ཚུར་མཛུབ་མོ་བཙུགས་པ་དེ་མདུན་ལམ་གྱི་གེགས་རྐྱེན་ཞེ་གཅིག་ཏུ་འགྱུར་ངེས་པའི་གནས་སྟངས་ཚང་མ་ངེད་ལྟ་བུ་ནས་ཤེས་ཀྱི་མེད།
དེ་བས་༼ གཞུང་༽དང་༼ སྒྲིག་འཛུགས་༽ཟེར་བ་འདིའི་ཐད་བསམ་ཚུལ་བརྗེ་རེས་ཙམ་བྱེད་འདོད་པ་དེ་ཡིན།
ལྷོ་མོན་འབྲུག་རིས་ལགས།དགོངས་ཚུལ་དང་དྲི་བ་གནང་བར་བཟང་།
བསྒྲགས་གཏམ་གྱི་ཡུལ་འདིས་དོ་སྣང་བྱེད་པར་བརྒྱ་ཆ་བརྒྱ་ཡི་ཚོད་དཔག་བྱེད་ཀྱིན་ཡོད།དོ་སྣང་བྱས་ཏེ་རིན་ཐང་འཇོག་མིན་བཤད་ཁག་པོ་རེད།
ཡིན་ཡང་།འདི་ཡང་དབུ་མའི་ལམ་གྱི་ལས་འགུལ་བ་སྒེར་ངོས་ཀྱི་བསྒྲགས་གཏམ་དང་པོ་ཆགས་ཡོད།བསྒྲགས་གཏམ་ཙམ་དུ་མ་ཟད་དབུ་མའི་ལམ་གྱི་ལས་འགུལ་བ་ཞིག་གིས་བསམ་འདུན་དང་དམ་བཅའ་ཡང་རེད།
བོད་མི་རེ་རེ་ཡི་སེམས་ངོར་འདི་ལྟར་མི་རིགས་དང་རིག་གཞུང་གི་འདུ་ཤེས་དང་དམ་བཅའ་ཡོད་པར་སྟོན་དགོས་པ་དེའང་ལས་འགུལ་ཞིག་རེད།
ལས་འགུལ་ཟེར་བ་ནི་དཀའ་ས་དང་སླ་ས་གཉིས་ནས་སྤེལ་དགོས་པ་ལས་སླ་ས་དེ་ཚོ་སྣང་མེད་དུ་བཏང་ན་དེ་ཡང་འགྲིག་མེད་པ་ཚོར་གྱིན་ཡོད།
ང་རང་ཉིད་ཀྱི་ལས་འགུལ་གང་བརྩམས་ལ་རང་ཉིད་ཀྱི་ཡིད་ཆེས་དང་གདེང་ཚོད།བརྩི་བཀུར་ཆེན་པོ་ཡོད་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟ་ལགས་ལན་འདེབས་གནང་བར་ཕེབས་པར་བཟང་།བགྲོ་གླེང་མང་ཙམ་གནང་ཐུབ་པའི་རེ་བ་ཡོད།
ཆབ་སྲིད་ཀྱི་དགོས་པ་ཞིག་མིན་ནམ་བསམས་པའི་ནམ་དེ་ཆད་འདུག
དྲ་གྲོགས་ཚོ་་འདས་པའི་ཉམ་ མྱོང་ལ་ཞིག་ན་ང་ཚོས་ཕྱོགས་ཡོང་ནས་ལྕགས་གསེར་ལ་འསྒྱུར་བའི་འབད་བརྕོན་བྱས་པ་ ལས་།གསེར་ལྕག་ལ་འསྒྱུར་བའི་ཐབས་ཤེས་བྱེད་མི་རུང
ད་ལྟའི་བཙན་བྱོལ་གཞུང་གིས་འཛིན་བཞིན་པའི་སྲིད་ཇུས་འདིར་དབུ་མའི་ལམ་ཞེས་བཏགས་པ་དེ་ལ་ནོར་འཁྲུལ་ཆེན་པོ་ཞིག་ཡོད། དབུ་མ་ཟེར་བ་འདི་མཐའ་གང་དུ་ཡང་མ་ལྷུང་བ་དྲང་པོ་དྲང་རྐྱང་ཞིག་ལ་ཟེར་བ་རེད། སྲིད་ཇུས་འདི་རྒྱ་ནག་གི་ཕྱོགས་སུ་ལྷུང་སོང་བ་ཞིག་སྟེ། བོད་འདི་རྒྱ་ནག་གི་མངའ་ཁུངས་སུ་གཏོགས་པ་ཞིག་མ་ཡིན་བཞིན་དུ་དེར་འཇུག་པ། ལོ་རྒྱུས་དང་ཡུལ་སྲོལ་གོམ་གཤིས་གང་གིས་ཆ་ནས་ཀྱང་ཉེན་ཁ་ཅན་ཞིག་དུ་འགྱུར་འགྲོ་བ། ལྷག་པར་དུ་བོད་རྒྱ་མཉམ་གནས་ཀྱི་བརྒྱུད་རིམ་ཁྲོད་བོད་ཀྱི་སྐད་ཡིག་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་སོགས་དྲང་བདེན་མིན་ལ་མིག་རྒྱང་ཐུང་བའི་རང་བཞིན་ཆེན་པོ་ཡོད་དོ།
རྨུ་ཐག་གི་བུ་རྒྱུད་ལ།
བསམ་ཚུལ་གསུང་བར་དགའ།
བཙན་བྱོལ་གཞུང་གི་སྲིད་བྱུས་ལ་དབུ་མ་ཞེས་བཏགས་པར་ནོར་འཁྲུལ་དུ་གླེང་གིན་འདུག
ལྟ་ཕྱོགས་དང་མཐོང་ཕྱོགས་ཀྱི་དབང་ཙམ་ལས་དབུ་མ་ནི་ནོར་འཁྲུལ་ཅན་ཞིག་དང་།ཀྱག་ཀྱོག་ཞིག་ཏུ་དུས་ནམ་ཡང་ཁས་ལེན་བྱེད་ཐུབ་ས་མ་རེད་ཞུ་རྒྱུ་ཡིན།
འཇིག་རྟེན་གྱི་དོན་དག་ཆེ་མ་ཆུང་གསུམ་ག་རེ་ཡིན་ཀྱང་གནས་བབ་གལ་ཆེའི་རང་བཞིན་དང་།ཛ་དྲག་རང་བཞིན་སོགས་ལ་དཔོག་ཏེ་འགྱུར་བ་འགྲོ་བ་ཞིག་དང་།འགྱུར་བ་གཏོང་དགོས་པ་ཞིག་རེད།
དཔེར་ན་ཛ་དྲག་གི་ནད་པ་ཞིག་ལ་ཆེས་གལ་གནད་ཀྱི་དགོས་མཁོ་དང་ཐབས་ཤེས་ཀྱི་ནུས་པ་འདོན་ས་ནི་སྲོག་ཉེན་ལས་སྐྱོབ་ཐབས་བྱེད་རྒྱུ་དེ་རེད།
ཆོ་འཕྲུལ་སྨོན་ལམ་གྱི་མཇུག་ཏུ་༸གོང་ས་མཆོག་གིས་འདི་འདྲ་ཞིག་གསུང་འདུག
ཞོར་འཕྲོས་ལ་གཅིག་བརྗོད་འདོད་བྱུང་།འདིར་ཁྱེད་རང་ཚོ་བོད་ནས་ཡོང་བ་ཁ་ཤས་ཤིག་འདུག་ལ་རྒྱ་གར་གྱི་མི་ཡང་གང་འཚམ་འདུག་་ང་ཚོས་དབུ་མའི་ལམ་ཞེས་པ་དེ་རང་བཙན་མི་རྩོད་པར་གཅིག་རྒྱལ་གཅིག་ཕམ་མིན་པར་གཉིས་སྨན་ཡོང་རྒྱུར་ཐབས་ཤེས་བྱས་དང་བྱེད་མུས་ཡིན།དེ་ཡང་ཕྱོགས་གཅིག་ནས་བསམ་བློ་མང་པོ་བཏང་སྟེ་ཐག་བཅད་པ་ཞིག་རེད།གལ་ཆེ་ཤོས་བོད་ལ་ཡོད་པའི་ཤེས་ཡོན་ཅན་སློབ་ཕྲུག་དེ་ཚོ་མང་པོ་ཞིག་གིས་ངོས་ཐུག་ཡོད།འདས་པའི་ལོ་སུམ་ཅུ་བཞི་བཅུ་དེའི་རིང་མང་པོ་ཐུག་མྱོང་ཡོད།ངོས་ལ་མི་བརྒྱ་ཕྲག་མང་པོ་ཐུག་ཡོད་པ་ཡོངས་རྫོགས་ཀྱིས་དབུ་མའི་ལམ་ཤོད་རྒྱུ་དེ་ལག་ལེན་འཁྱེར་ཐུབ་རྒྱུ་ཡིན་པ་མ་ཟད།རྒྱ་ཕྱོགས་ནས་རྒྱ་རིགས་མང་པོ་ཞིག་གིས་རྒྱབ་སྐྱོར་ཐུབ་རྒྱུ་དའི་དངོས་གནས་གནས་ཚུལ་ལ་རན་པ་ཐབས་ཤེས་རེད་ཅེས་ཁ་གཅིག་གྲགས་ཀྱིས་བརྗོད་ཀྱིན་འདུག
དེར་བརྟེན་ང་ཚོའི་འདི་ཕྱོགས་ནས་རིགས་འགའ་ཤས་ཀྱིས་བོད་ནང་གཞིས་ལུས་རྒྱ་ཆེའི་མི་མང་གི་རང་བཙན་འདོད་ཀྱི་ཡོད་ཅེས་ཁའི་རྩེད་མོར་འཁྱེར་ཡོང་གིན་འདུག
བསམ་བློ་གང་ཡང་མེད་མཁན་ཞིག་ལ་ཁྱོད་ལ་རང་བཙན་དགོས་སམ་རང་སྐྱོང་དགོས་སམ་དྲིས་ན་རང་བཙན་དགོས་ཞེས་བརྗོད་ཀྱི་རེད།སྲང་ལམ་གསེབ་ནས་ལམ་སེང་རང་བཙན་སྒྲུག་ཆོག་པ་ཞིག་ཡོད་ན་འགྲིག་གི་ཡོད་ཀྱང་དེ་མ་རེད།
དེར་བརྟེན་དངོས་ཡོད་གནས་ཚུལ་དང་རན་པའི་ཐོག་ཕྱོགས་ཡོང་ནས་བསམ་བློ་བཏང་སྟེ་ཐག་བཅད་པ་ཞིག་རེད་མ་གཏོགས་ལན་སེང་སོ་སོའི་སེམས་ཀྱི་རེ་བ་དང་འདོད་པ་ཁོ་ནའི་ཐོག་ནས་ཡོང་རྒྱུ་ཁག་པོ་ཞེ་དྲག་རེད།
ང་ཚོར་རང་བཙན་ཐོབ་ཐང་ཡོད་ཅེས་བརྗོད་ན་དེ་རྒྱུ་མཚན་ལྡན་པ་རེད།ཐོབ་ཐང་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་ད་ལྟ་ང་ཚོར་རང་བཙན་དགོས་ཞེས་བརྗོད་ན་སུས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ།སྔོན་ལ་རྒྱ་གར་གཞུང་དང་།ཨ་རི།ཡོ་རོབ་གྲོས་ཚོགས།རྒྱ་ནག་གི་ཤེས་ཡོན་ཅན་དེ་ཚོས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མ་རེད།
དེ་དག་གིས་རྒྱབ་སྐྱོར་མེད་ན་ང་ཚོ་གཅིག་པུས་བྱེད་ཐུབ་ཀྱི་མ་རེད།དངོས་ཡོད་གནས་ཚུལ་དང་རན་པ་ཞིག་ལ་བསམ་བློ་གཏོང་དགོས།ལྷག་པར་རྒྱ་ཆེའི་མི་མང་བོད་ལ་ཡོད་པ་དེ་དག་གསར་འབྱོར་ཡོང་མཁན་ངོས་ཀྱིས་བརྒྱ་ཕྲག་མང་པོར་ཐུག་ཡོད།མི་ངོ་ཤེས་པ་གཅིག་ལ་གཉིས་བརྒྱུད་ཀྱི་ཐོག་ནས་ངོས་དང་མང་པོ་ཞིག་འབྲེལ་བ་ཡོད།
ཉེ་ཆར་བོད་ནས་ཡོང་མཁན་ཚོའི་ནང་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཐོན་པའི་སློབ་ཕྲུག་གཅིག་གིས་བོད་དང་རྒྱ་ནག་ནང་ཡོད་མཁན་སློབ་ཕྲུག་ཁོ་རང་ཚོའི་མི་ཐོག་ཁོ་ན་སྟོང་ཕྲག་ཡོད་པ་དེ་དག་ཚང་མས་༸རྒྱལ་བ་རིན་པོ་ཆེས་བསམ་བློ་བཏང་བའི་དབུ་མའི་ལམ་ཟེར་བ་དེར་ཚང་མས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ཅེས་ངོས་ལ་དེ་ལྟར་བཤད་བྱུང་།
འདི་ཕྱོགས་ནས་བསམ་བློ་མ་བཏང་བར་ཁ་ནས་བོད་རྒྱ་ཆེའི་མི་མང་གི་རང་བཙན་འདོད་ཀྱི་ཡོད།༸རྒྱལ་བ་རིན་པོ་ཆེས་རང་བཙན་འདོད་ཀྱི་མེད་ཅེས་སྐད་ཆ་དེ་འདྲ་མ་ཤོད།ཤེས་སོང་ངམ།དེ་གཅིག་བརྗོད་འདོད་བྱུང་།ཅེས་བཀའ་སློབ་ཟབ་མོ་གནང་།
སྐུ་ཞབས་རྨོག་རུ་ལགས་ཀྱི་བསྒྲགས་གཏམ་སྤེལ་བ་ཐུགས་རྗེ་ཆེ་ཞུ།ཁོ་བོས་འདི་ལྟར་ཐུགས་རྗེ་ཆེ་ཞུ་དགོས་དོན་ཁོ་བོའི་སྐད་ཆ་ཚིག་གཅིག་སྟེ་་་གལ་སྲིད་དེ ་ལྟར་ལག་ལེན་ཁོ་ནར་བསྟར་ཚེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུའི་རྒྱལ་གཅེས་པ་ ཚོས་བློས་གཏོང་གི་ཆོད་སེམས་ལ་བཤད་མ་དགོས་ཤིང་།གཉིས་ཕན་དབུ་མའི་ལམ་གྱི་ དགོངས་དོན་ལ་ཡིད་ཆེས་ཟབ་པའི་བདག་ལྟ་བུས་ཀྱང་བོད་མི་རིགས་དང་།བོད་ཀྱི་རིག་ གཞུང་གི་ཆེད་དུ་གཅེས་པའི་ཚེ་སྲོག་འདི་ཉིད་དྲང་བདེན་གྱི་ལེགས་སྐྱེས་སུ་མཆོད་ མེར་འབུལ་དགོས་བྱུང་ནའང་ལྷ་གཅིག་ལ་གསོལ་བ་དང ་།་་ཞེས་པ་དེ་རེད།ཚིག་འདི་ཕལ་ཆེར་ཁོང་གི་བསྒྲགས་གཏམ་གྱི་སྲོག་སྙིང་དུའང་གྲུབ་ཡོད་པ་རྟོགས་ཐུབ།དེའི་སྟབས་ཀྱིས་ཁོ་བོས་ལུས་ངག་ཡིད་གསུམ་གྱིས་ཐུགས་རྗེ་ཆེ་ཞུ་དགོས་བྱུང།སྥྱིར་རང་ཉིད་སྤྱི་ཚོགས་འདིར་གོམས་པ་ནས་བཟུང་ཁོང་གི་རྗེས་འབྲང་པ་དབུ་མའི་ལམ་ཁ་ལ་འཁྱེར་མཁན་ཞིག་ཡིན་ན་འཇགས་པའི་རྣམ་ཅན་དུ་གྲུབ་པ་དང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ན་འགུལ་བའི་རྣམ་ཅན་གྱི་སྣང་བ་ཞིག་རྒྱུན་དུ་བྱུང་མྱོང།དེ་བས་ཁོ་བོས་སྐུ་ཞབས་བསྒྲགས་གཏམ་པ་མཆོག་ལ་ཞུ་འདོད་པ་ནི་ཁྱེད་ཀྱིས་དབུ་ཁྲིད་པའི་འོག་དབུ་མའི་ལམ་པ་བ་རྣམས་ཀྱང་འགུལ་དུ་འཇུག་རོགས་གནང་ཟེར་བ་དེ་ཡིན།
གང་ལྟར། མི་རིགས་ཤིག་གི་འཐབ་རྩོད་བྱེད་དགོས་པ་ཡིན་དུས། ངེས་པར་དུ། ཐབས་ལམ་གཅིག་རང་ལ་འཇུ་དགོས་པའི་གཏན་ཚིགས་ཤིག་མཐའ་གཅིག་ཏུ་ཡོད་པ་མ་རེད། འདི་ནི། དུས་བབ་ཀྱི་འགྱུར་བའི་ཁ་ཕྱོགས་ལ་བལྟས་ནས། འགྲོ་ཕྱོགས་ཤིག་དང་རྩོད་སྟངས་ཤིག་འདམ་ག་བྱེད་དགོས་པ་ལས། ཐབས་ལམ་གཅིག་རང་གི་ཐོག་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། ཨུ་ཚུགས་མཁྲེགས་འཛིན་གྱིས་བསྐྱོད་ན། གོ་སྐབས་དང་དུས་ཚོད་འཕྲོ་བརླག་ཏུ་གཏོང་མི་སྲིད་པ་མ་རེད། དེས་ན། ད་ནས་བཟུང་། ངའི་ལངས་ཕྱོགས་དང་ཁྱེད་ཀྱི་རྩ་འཛིན་མི་ཟེར་བར་རྒྱལ་སྤྱིའི་འགྱུར་དང་འཚམ་ཞིང་། རྒྱ་ནག་གི་འགྱུར་ལྡོག་ལ་བལྟས་ཏེ་ང་ཚོ་མི་རིགས་ཀྱི་འཐབ་རྩོད་བྱེད་སྟངས་ལ་གཅིག་གྱུར་རང་བཞིན་གྱི་འགྱུར་ལྡོག་ཅིག་གཏོང་དགོས་པ་གལ་གནད་ཆེན་པོ་ཞིག་འཁུམས་སོ།།
རྩམ་དགའ་ནས་དྲིས་པའི་དྲི་བ་ཁག་ལ་ལན་མདོར་བསྡུས་ཤིག
༡༽བོད་ལ་རང་སྲིད་རང་སྐྱོངས་ རེག་པའི་ཉིན་མོ་ནས། གཉིས་ཕན་ཟེར་བའི་དབུ་མའི་ལམ་འདིའི་དགོས་དོན་འགྲུབ་ཚར་བ་ཡིན་ནམ།
༢༽དབུ་མའི་ལམ་དང་རང་སྲིད་རང་གཉིས་གཅིག་པ་རེད་དམ།
༣༽དབུ་མའི་ལམ་འདིས་ཕར་རྒྱ་ནག་ལ་ཁེ་ཕན་ཆེ་བ་སྤྲོད་ཀྱིན་འདུག་གམ་་་་ཚུར་བོད་ལ་ ཁེ་ཕན་ཆེ་བ་སྤྲོད་ཀྱིན་འདུག
༤༽རྒྱ་བོད་གཉིས་ཀར་ཁེ་ཕན་སྤྲད་པརགཅིག་རྐྱང་རང་ཡོང་སྲིད་དམ།
༥༽གལ་ཏེ་ཡོང་མི་སྲིད་ན་་་་་ཁྱོད་རྨོག་རུ་བསྟན་པ་གཙོས་པའི་དབུ་མ་བ་ཚོས་ག་རེ་ གནང་རྩིས་ཡོད་དམ།
རྨོག་རུ་བསྟན་པས་ལན།
༡༽བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་རེག་གི་ཉིན་མོ་ནས་གཉིས་ཕན་དབུ་མའི་ལམ་གྱི་འགན་འཁུར་ཆེ་རུ་སོང་ཡོད་པ་རེད།མུ་མཐུད་བོད་རྒྱའི་བར་ཏུ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དང་ལྟ་བ་ཞིག་འཛིན་དགོས་པ་མ་ཟད།༸གོང་ས་ཏཱ་ལའི་བླ་མའི་གཉིས་སྨན་དབུ་མའི་ལམ་དེ་ཆུང་ས་ནས་ཁྱིམ་ཚང་དང་།ཆེ་ས་ནས་འཛམ་གླིང་གི་དཀའ་རྙོག་ཐག་གཅོད་ཀྱི་ལྡེ་མིག་ཅིག་ཆགས་ངེས་རེད།ཉིན་དེ་ནས་འཛམ་གླིང་མི་མང་གིས་ཀྱང་ག་ཉིས་སྨན་དབུ་མའི་ལམ་ལ་བདག་པོ་རྒྱག་གིན་རེད།
༢༽མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་དང་།ད་ལྟའི་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་གཉིས་གཅིག་མཚུངས་རེད།
༣༽བོད་འདི་རྒྱ་ནག་དང་ཁ་བྲལ་དུ་འགྲོ་མ་དགོས་པའི་རྒྱ་ནག་གི་ཁེ་ཕན་ཅིག་དང་།བོད་ཀྱི་ཆོས་དང་།རིག་གཞུང་།ལེགས་བྱང་སོགས་བོད་པ་རང་གི་བདག་སྐྱོང་ཆ་ཚང་གནང་ཆོག་པའི་བོད་ལ་ཁེ་ཕན་ཞིག་བཅས་རྒྱ་ཕྱོགས་དང་བོད་ཕྱོགས་གཉིས་ལ་ཁེ་ཕན་ཆ་མཉམ་པ་ཞིག་ཡོད།
༤༽ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལྟ་བུས་ཀྱང་འཐོར་ཞིག་གི་གོང་བུ་ལས་གཅིག་གྱུར་གྱི་གོང་བུར་བརྟེན་མི་མང་ལ་བདེ་སྐྱིད་ཆེ་བ་དང་།ཁེ་ཕན་ཆེ་བ་ཡོད་པར་ལྟ་བཞིན་ཡོད་པ་རེད།དེའི་ཕྱིར།ཕྱོགས་གཉིས་ཀྱི་མི་མང་ལ་ཁེ་ཕན་དང་བདེ་སྐྱིད།རང་དབང་།སོགས་ཀྱི་ཁེ་ཕན་གཅིག་མཚུངས་སུ་ཡོད་པར་འདོད་ཀྱིན་ཡོད།
༥༽དབུ་མ་བ་ཚོས་དོན་དངོས་ཀྱི་དཀའ་ངལ་ཞིག་སེལ་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད།དབུ་མ་བ་ཚོས་གནས་ལུགས་ཤིག་གླེང་སློང་བྱེད་ཀྱིན་ཡོད།དབུ་མ་བ་ཚོས་མི་རིགས་ཤིག་དང་།རིག་གཞུང་གི་ཛ་དྲག་གི་གནས་བབ་ལ་སེམས་འཁུར་བྱེད་ཀྱིན་ཡོད།དབུ་མ་བ་ཚོས་ལྷ་ཆོས་རིང་ལུགས་ཀྱི་ལྟ་སྤྱོད་དང་།མི་ཆོས་རིང་ལུགས་ཀྱི་འདུ་ཤེས་གཉིས་ལ་སྲུང་བརྩི་དང་གུས་བཀུར་བྱེད་ཀྱིན་ཡོད།དབུ་མ་བ་ཚོས་དོན་དངོས་ཤིག་གི་རྒྱབ་ལྗོངས་ཀྱི་གནས་ལུགས་འཚོལ་བཞིན་ཡོད།དབུ་མ་བ་ཚོས་གང་ཟག་དང་ཐ་སྙད་སྐམ་པོ་ཙམ་ལས་བདེན་གསུང་ཚད་མ་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད།ད་དུང་དབུ་མ་བ་ཚོས་་་་་་་་དགོངས་དག་མང་དྲགས་སོང་།
ཟ་ལེ་རྒྱལ་དང་།བོན་རྒྱ།ཨ་རིག་དགེ་མཐོང་སོགས་ཀྱིས་གནད་དོན་ལ་གླེང་སློང་མི་བྱེད་དོན་གང་ཡིན་ནམ།
འཇམ་དབྱངས་ནོར་བུས་འདི་འདྲ་ཞིག་བཤད་པ་གོ་བྱུང་།
དབུ་མའི་ལམ་ལ་བསླད་ཡོད་པ་མ་རེད།ལམ་ཡག་པོ་ཞིག་རེད།དེ་རྒྱུན་འཛིན་བྱེད་མཁན་ཚོས་བེད་སྤྱོད་གཏོང་མ་ཤེས་པར་དྲི་མ་ཅན་ཆགས་པ་རེད་ཅེས་བཤད་འདུག
དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ལས་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ན་གལ་ཆེ་བ་མཐོང་གིན་འདུག་་་་ཡིན་ཡང་།ཁག་པོ་ཞེ་དྲག་རེད།དབུ་མའི་ལམ་གྱི་དཔོན་པོ་ཚོ་ལྟོས་དང་།གོ་གནས་ཉིས་བརྩེགས་སུམ་བརྩེགས་ཅན་རྐྱང་རྐྱང་རེད།རང་གི་ལས་གནས་དང་ཁེ་ཕན་གཙོ་བོར་རེད།
དབུ་མའི་ལམ་ནི་ཁ་བརྡར་ས་ཙམ་རེད།ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་་་་་་་་་་་ཤུགས་རྒྱོབ་རྨོག་སྐུ་ངོ་་་་་ལམ་སྣ་གསར་བ་རེ་སྟོན་འེ་ཐུབ་ལྟོས།རེ་སྐུལ་ཡིན།
ཨ་རོ།
ཟ་ལེ་དང་ཨ་རིག་གཉིས་ཀས་འདི་མོ་འདི་འཁྱོང་ནི་མ་རེད། བན་ལོག་སོ་མས་སོ་མ་ཅིག་སྦྱང་གི་ཡོད། ད་དུང་སེམས་ཤུགས་མ་གསོད། གང་ལྟར་ལྟོས་ལྟོས་ན་ཨ་རིག་འདི་འདི་ལྟར་ཤི་ན་ཐང་གི ཧཧཧཧཧ
རྨོག་རུ་ལགས། ངའི་བསམ་ཚུལ་ཡིན་ན་ཁྱེད་ཀྱིས་གང་འདོད་རང་གིས་བྱོས་་་དེ་མིན་བཙན་བྱོལ་བོད་གཞུང་ཞེས་བོད་མིང་འདི་རྒྱ་གར་གཞུང་གིས་ཆོག་ཡོད་རྒྱུ་རེད་དེ་
ད་བར་ང་ཚོས་འདི་བེད་་སྤྱོད་བྱས་པ་རེད་་་ཟམ་གདོང་འདིས་རང་གི་མིང་་ལ་དམིགས་ན་མིང་གསར་ཞིག་འདོག་འདོད་རེད་དེ་ལ་་རྒྱབ་སྐྱོར་མེད།
ཚང་མས་བོད་ཀྱི་རིག་གཞུང་འབོད་དུས་ཟམ་གདོང་གིས་ལེགས་་བྱང་་་ཚབ་མས་གློག་ཀླད་ཅེས་འབོད་ཚེ་ཁོང་གིས་མིང་གཞན་ཞིག་འབོད།
ཆོས་སྲིད་ཟུང་འབྲེལ་ཞེས་་པ་ཆོས་ལུགས་རིས་མེད་ཅེས་བསྒྱུར་ནས་་མཁས་མདོག་བྱས་ཀྱང་དོན་འབབ་གཅིག་རང་རེད།
ཆོས་སྲིད་ཟུང་འབྲེལ་བཟང་རབས་བཤད་བཤད་་ནས་་་མཐའ་མར་རང་གི་གོ་ས་ཤོར་ལ་ཉེ་བའི་ཚེ་་་ཆོས་སྲིད་ཟུང་འབྲེལ་ཞེས་པ་མི་འོང་ཟེར་
་་དེིའི་དོན་ ལོ་མང་རིང་དྲང་མོར་མ་བཤད་པར་འདི་ལ་རྒྱབ་སྐྱོར་མེད།
རྨོག་རུ་དང་གནམ་ལོ་ཡག་་སོགས ཁྱེད་ཚོར་ཞུ་རྒྱུ་མེད། ཁྱེད་ཚོ་བཙན་བྱོལ་བོད་གཞུང་གི་ད་ལྟའི་བཀའ་ཁྲི་དང་བཀའ་བློན་ཚོའི་མིག་ན་
མི་ཞིག་གི་རིན་ཐང་མེད་ངས་རིག་གིན་འདུག། དེ་བདེན་པ་ཡིན་། ཡང་གཅིག་བཤད་ན་བཀའ་ཁྲི་གསར་བས་ བོད་ཡིག་ཤེས་མཁན་དག་ནི
གནས་སྐབས་ཀྱི་རྩེད་སྤྱད་མ་གཏོགས་ཁོང་ཚོ་ཕུག་རྒྱང་རིང་བའི་གོ་ས་ཞིག་མི་སྤྱིན་པ་་ངའི་ལུང་བསྟན་ཡིན།
བཙན་བྱོལ་བོད་གཞུང་ཞེས་པ་རང་ཕྲིས་་དབྱིན་ཐོག་རྒྱ་གར་གཞུང་གིས་ཆོག་མཆན་ལ་བལྟས་་འདོགས་ཆོག།
དགོངས་དག་ ཚོར་བ་་འདྲ་ཤོར་སོང་།།
དེ་རེད་བོད་པ་ཚང་ནས་ངའི་བསམ་ཚུལ་དེ་བཤད་སོང།
ལྟ་བཟོ་བསྟན་བཟོ་མེད་པའི་ཐ་སྙད་འགའ།
གསར་དུ་བཟོས་ནས་ལྷག་བསམ་ཡིན་མདོག་གིས།
མ་འོངས་བོད་མིའི་མདུན་ལམ་ཆུ་ལ་གཡུག།
དེ་དག་བསམ་ན་དབང་མེད་མིག་ཆུ་ཤོར།
རྨོག་རུ་ལགས། ཁོ་བོས་འདི་འདྲ་ཞིག་སྙམ་གྱི་འདུག གཉིས་སྨན་ཟེར་བ་དེ་བཤད་ཚུལ་ལ་སྙན་མོ་ཞིག་དང་བདེ་བོ་ཞིག་ཡིན་མོད། དོན་དངོས་སུ་ལམ་ལུགས་འདི་འདྲ་ཞིག་ལག་ལེན་ཏུ་བསྟར་བ་ཡིན་ན་བོད་ལ་སྨན་རྒྱུ་ལས་དུག་ཏུ་འགྲོ་བར་སྙམ། གང་ཡིན་ཟེར་ན་རྒྱལ་མཚམས་ཀྱི་བཀག་རྒྱ་མེད་པས་ས་མཚམས་དབྱེ་རྒྱུ་མེད། ས་མཚམས་དབྱེ་རྒྱུ་མེད་པས་རིག་གཞུང་གི་བཙན་འཛུལ་འབྱུང་། རིག་གཞུང་གི་བཙན་འཛུལ་གྱིས་མི་རིགས་ཀྱི་སྲོག་རྩ་འཕྲོག མི་རིགས་ཀྱི་སྲོག་རྩ་འཕྲོག་པས་དབུ་མའི་ལམ་གྱི་དམིགས་འདུན་བརླག མཐར་གཏུག་ན་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར། ཟེར་བ་ལྟ་བུ་ཞིག་འབྱུང་ངེས། དེར་བརྟེན་ཁོ་བོས་ལམ་ལུགས་འདིར་༼དབུ་མ༽ཞེས་པའི་ཐ་སྙད་དེ་མི་མཛའ་ཟེར་བ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། མི་རིགས་ཆེ་ཆུང་གཉིས་མཉམ་གནས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་མི་རིགས་ཆུང་བའི་ཡུལ་གོམས་གཤིས་ལུགས་ཉམས་འགྲོ་བའང་ཆོས་ཉིད་ལྟ་བུ་རེད། དེའི་ཐད་ད་ལྟ་འུ་ཅག་ལ་ཡོད་བཞིན་པའི་རྒྱ་བོད་བར་གྱི་འཁོན་འཛིན་གྱི་བསམ་བློ་འདིས་ཀྱང་གཞོག་འདེགས་ཆེན་པོ་བྱས་ཡོད། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོས་སྐབས་ནས་འཁོན་འཛིན་གྱི་བསམ་བློ་དང་ལྷན་དུ་རིག་གཞུང་བདག་གཅེས་ཀྱི་བསམ་བློ་ཞིག་ཀྱང་ཇེ་རྒྱས་སུ་གྱུར་ཡོད། དབུ་མའི་ལམ་གྱི་དགོངས་དོན་ལྟར་ན་མི་རིགས་འཁོན་འཛིན་གྱི་བསམ་བློ་འདི་འདོར་དགོས་པ་ཞིག་ཡིན་མོད། འཁོན་འཛིན་གྱི་བསམ་བློ་མེད་པས་རིག་གཞུང་བདག་གཅེས་ཀྱི་བསམ་བློ་ཞིག་ཀྱང་བརྟན་པོར་ལང་རྒྱུ་དཀའ་མོ་རེད། འདིའི་ཐད་མང་པོ་ཞིག་བཤད་འདོད་ཡོད་ཀྱང་གོ་བརྡ་འཕྲོད་སོང་ན་ཁ་ལྕེ་གྲོན་དགོས་པ་མི་འདུག་པས་དེ་ཙམ་ཡིན།
རྨུག་ཐག་གི་བུ་རྒྱུད་ལགས།
ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་དང་རྒྱུ་མཚན་མེད་པ་མ་རེད།ལྷག་པར་མི་རིགས་གཉིས་ཀྱི་འཁོན་རྩོད་ཀྱི་བར་དང་།འགལ་ཟླ་རང་བཞིན་གྱི་ཁྲོད་ནས་གཉིས་སྨན་གྱི་དགོངས་ཚུལ་ཞིག་འཁྲུངས་དགོས་ན་དཀའ་མོ་རེད།ཡིན་ཡང་།རྒྱ་གཞུང་གིས་བོད་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཤིག་སྤྲད་སོང་ན་དཀའ་མོ་དེའི་བར་གྱི་དཀའ་ངལ་དེ་ཡང་སེལ་ཐབས་མེད་པ་ཞིག་མ་རེད་བསམ་གྱིན་འདུག་་་
ང་ཚོས་ཆེ་ས་རྐྱང་རྐྱང་ལ་རེ་བ་བརྒྱབ་ནས་བསྡད་ན་ཆུང་ས་ནས་རྩ་མེད་དུ་འགྲོ་བའི་ཉེན་ཁ་ནི་ང་ཚོའི་མིག་སྔར་ལྷག་ཡོད་པ་གསལ་པོ་རེད།དེའི་ཕྱིར།ཐག་ཉེ་ས་ནས་བལྟས་ན་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཨ་རུ་ན་ཅལ་མངའ་སྡེ་དང་།ན་གྷར་ལན་ཊི་སོགས་ཀྱི་རང་སྐྱོང་ས་ཁུལ་མང་པོ་ཞིག་ལ་བལྟས་ན་ང་ཚོར་ཡང་མིང་དོན་མཚུངས་བའི་རང་སྐྱོང་ཞིག་རེག་ན་ཐབས་རྡུགས་མ་རེད་བསམ་གྱིན་འདུག་་་་་འདི་ཡང་མི་རིགས་ཤིག་དང་།རིག་གཞུང་ཅིག་གསོན་གནས་ཀྱི་ཚེ་སྲོག་ལྟ་བུ་རེད་བསམ་གྱིན་འདུག་་་་
ཚེ་བསམ་ལགས།ཁྱེད་ཀྱིས་བྲིས་པའི་ཟུར་ཟའི་སྙན་ངག་ནང་མ་འོངས་བོད་མིའི་མདུན་ལམ་ས་རུ་གཡུག་པ་དང་།བསམ་ན་མིག་ཆུ་ཤོར་རབས་བྲིས་འདུག་་་་མདུན་ལམ་གཡུག་མཁན་དང་།ཁྱོད་ལ་མིག་ཆུ་ཤོར་ཏུ་འཇུག་མཁན་སུ་རེད་གསལ་པོ་ལབ་ན་ཡག་པོ་འདུག
དེ་མིན་ལུང་སྟོང་ནང་དུ་ཀི་སྟོང་རེད།
ལྟ་བཟོ་བསྟན་བཟོ་མེད་པའི་ཐ་སྙད་འགའ།
གསར་དུ་བཟོས་ནས་ལྷག་བསམ་ཡིན་མདོག་གིས།
མ་འོངས་བོད་མིའི་མདུན་ལམ་ཆུ་ལ་གཡུག།
དེ་དག་བསམ་ན་དབང་མེད་མིག་ཆུ་ཤོར།
ཐོག་མར་རྨོག་བསྟན་ལགས་ཀྱིས་གཉིས་ཕན་དབུ་མའི་ལམ་གྱི་ལས་འགུལ་སྤེལ་བ་ལ་རྗེས་སུ་ཡིད་རང་དང་འབྲེལ་བསམ་ཚུལ་ཐུང་བུ་ཞིག་ཞུ་རྒྱུ་ལ། དབུ་མའི་ལས་འགུལ་འདི་ཕྱི་ནང་གི་རྒྱ་རིགས་ཚོའི་ཁྲོད་སྤེལ་ཐུབ་ན་དགེ་མཚུན་ཆེ་བ་ལས་བོད་རིགས་ཁྲོད་སྤེལ་བའི་དགོས་བ་རྒྱུ་མཚུན་དེ་ཙམ་མཐོང་མ་བྱུང། དེ་མིན་བཀའ་ཁྲི་གསར་རྙིང་གཙོ་བཅས་གྲོས་ཚོགས་འཐུས་མི་ཚོས། ཉེ་བའི་མི་ལོ་ཉི་ཤུ་ལྷག་རིང་དབུ་མའི་ལམ་ལ་འགྲེལ་བཤད་རྒྱུག་ཁུལ་དང་གཉིས་ཕན་སོགས་བགྲངས་ནས་དངོས་དོན་གྱི་གྲུབ་འབྲས་གང་ཡང་ཐོབ་མེད་པ་མ་ཟད་ཡར་བཅད་མར་གཏུབས་བྱས་ནས་མཐར་བོད་དོན་འདི་ལག་པ་འཇུ་ས་མི་འགྲོ་བ་ཞིག་དུ་བཏང་ཡོད་པ་མཁྱེན་མེད་པ་འདྲ། དཔེ་འཇོག་ཙམ་བྱས་ན། ཁ་སང་དེ་རང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རུམ་དག་ལས་ཤེས་ཐུབ། བཙན་བྱོལ་བོད་གཞུང་ཟེར་བའི་འཚབ་དུ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛིག་ལྟ་བུ། ཚོགས་ལས་རྣམ་རྒྱལ་ཅེས་བའི་འཚབ། བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་ནས། ཕར་བལྟས་ཚོད་བཙན་བྱོལ་ཁྲོད་ཀྱི་འཛིན་རུམ་དང་པོ་གཉིས་བའི་སློབ་ཕྲུག་ཞིག་གིས་ཡིག་རྒྱུག་ལྟ་བུ་ཞིག་མི་འདུག་གམ། འདི་ལྟ་བུའི་གྲོས་ཚོགས་རྭ་བ་ཞིག་གིས་སྣེ་ཁྲིད་འོག་ནས་བོད་དོན་བདེན་མཐའ་སད་བ་ཕར་ཞོགས། མཐའ་འཇུག་བོད་དོན་འདི་ཁ་ཆག་རྣ་རུལ་ཞིག་གི་བཏང་ནས་འབྱུང་འགྱུར་མི་རབས་གསར་བའི་ལག་ལ་འཇོག་རྒྱུ་ཡིན་པ་ངས་མཐའ་མའི་སྡོམ་ཚིག་ཡིན།
དེ་སྔོན་ཞིག་ལ་ཏིང་གིས་བཤད་པའི་གྲོས་མོལ་གཞན་དེའི་སྣེ་མོར་མ་འཇུས་རང་བཙན་བརྩད། །
ཁ་སང་དེ་རིང་གྲོས་མོལ་དེ་ཡི་སྣེ་ཁར་འཇུས་ཀྱང་རྒྱ་རྒན་ཚང་གིས་ཁས་མིན་ལན། །
རང་བཙན་གཙང་མའི་སྲིད་ཇུས་དོར་ན་ཆོལ་ཁ་གསུམ་ལ་ཕམ་ཁ་འབྱུང་བར་མཐོང་ན་ཡང་། །
ད་རུང་འགྲིག་རབས་བདེ་རབས་སྨྲ་བའི་དབུ་མ་བ་ཡི་འགྲོ་ལུགས་ཅི་འདྲའི་གུ་ཡངས་ལ། །
རེད་ངས་དྲ་གྲོགས་ཚོར་གསལ་པོར་བཤད་ཡོད།
ལྟ་གྲུབ་སྣ་ཚོགས་དང་ལས་འགུལ་སྣ་ཚོགས་ཡོད་ཆོག་གི་རེད།ང་རང་ནི་དབུ་མའི་ལམ་འདིར་འཐབ་རྩོད་ཀྱི་ལམ་འདིར་ཞུགས་རྒྱུའི་འདེམས་ཀ་ཐག་གཅོད་བྱས་ཡོད།
དབུ་མའི་ལམ་ལ་དགག་པ་རྒྱག་མཁན་ཚོས་དེ་ལས་གཞན་པའི་ལམ་བཟང་བརྒྱུད་བོད་ཀྱི་རང་བཙན་ལེན་རོགས་བྱོས།བླངས་ཚར་བའི་ཉིན་མོར་ངའང་མཇལ་དར་འཁྱེར་ནས་ཁྱེད་ཚོར་གུས་བཀུར་དང་མཚམས་འདྲི་ཞུ་མཁན་གྱི་མི་སྣ་ཞིག་ཡིན།
དབུ་མའི་ལམ་གྱིས་མ་འགྲིག་པ་དང་།མ་འབྱོན་ན་དེ་ལས་གཞན་པས་ག་རེ་འབྱོན་འདུག་་་ག་རེ་བྱས་རྗེས་བཞག་འདུག་་་་ང་ཚོར་དབུ་མའི་ལམ་པ་ཚོ་ལྐུགས་པ་ཡིན་ཤག་རེད།
ལམ་སྟོན་གཞན་ཞིག་གནང་རོགས།བརྒྱུད་ལམ་གང་ཞིག་སྤྱོད་དགོས་རེད།ནུས་པ་ཅི་ཞིག་ཐོན་སོང་།ཐོན་ངེས་རེད།ཐོན་ཐུབ་རྒྱུ་རེད།གསལ་བཤད་གནང་རོགས།དེ་མིན་ཁ་སྟོང་ནང་གི་ཚིག་སྟོང་གིས་འགྲིག་མི་འདུག་ཟེར་བ་ཙམ་ལ་རྗེས་འབྲངས་ཡོང་སྲིད་པ་མ་རེད།
མང་དྲགས་སོང་།བདེ་མོ།
རྨོག་རུ་བསྟན་པ་ལགས་ངའི་ཟུར་ཟའི་སྙན་ངག་དེ་ཐ་སྙད་གསར་སྟོད་བྱེད་མཁན་དེ་ཚོ་ཡིན་དཔེ་ན་བཙན་བྱོལ་བོད་གཞུང་ལ་བཙན་བྱོལ་བོད་མིའི་གཞུང་དང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཕྱག་དམ་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པའི་ཐ་སྙད་གསར་སྟོད་པ་རྣམ་ལ་བཤད་པ་ཡིན།
འདས་པའི་ཉམ་ མྱོང་ལ་ཞིག་ན་ང་ཚོས་ཕྱོགས་ཡོང་ནས་ལྕགས་གསེར་ལ་འསྒྱུར་བའི་འབད་བརྕོན་བྱས་པ་ ལས་།གསེར་ལྕག་ལ་འསྒྱུར་བའི་ཐབས་ཤེས་བྱེད་མི་རུང་ཞེས་པ་དེ་ལབ་འདོད་བྱུང།
ལམ་དབུ་མ་འདི་དོན་དངོས་ཀ་ཚོད་ཅིག་ལ་ཕན་པ་རེད། གཉིས་རང་གཉིས་ལས་མ་ཕན་ན་ཞེད་གྲགས་བལྟ་བཟོ་མི་འདུག མ་མཐར་ངང་བཅུ་ལ་ཕན་རྒྱུ་བྱུང་ན། དྲི་བ་འདི་སྒྲགས་གཏན་པ་བརྒྱུད་ནས་དབུ་མའི་འགན་འཛིན་ཟླ་བ་ཚེ་རིང་ལ་འབུལ་རོགས། ད་དུང་སྒྲགས་གཏན་པ་ལ་འདྲི་རྒྱུ་ཞིག་ཡོད། དབུ་མ་བཤད་ན་སྤྱི་འཐུས་ཐོབ་ཀྱིན་འདུག་ཟེར། དེ་རེད་པེ། ཡིན་ན་ངས་ཀྱང་ཚོད་ལྟ་ཞིག་བྱེད་ཀྱི་ཡིན། སྐབས་རྗེས་མར།
ཚེ་བསམ་ལགས་གྱི་མཆན་བུ་༣༩པར།
“འདས་པའི་ཉམ་ མྱོང་ལ་ཞིག་ན་ང་ཚོས་ཕྱོགས་ཡོང་ནས་ལྕགས་གསེར་ལ་འསྒྱུར་བའི་འབད་བརྕོན་བྱས་པ་ ལས་།གསེར་ལྕག་ལ་འསྒྱུར་བའི་ཐབས་ཤེས་བྱེད་མི་རུང་ཞེས་པ་དེ་ལབ་འདོད་བྱུང།”
ཞེས་གསུངས་པའི་ནང་ལ་བོད་མི་རིགས་ཀྱི་རེ་བསམ་འཐབ་རྩོད་ཀྱི་གནད་དོན་མང་པོ་གབ་ནས་བསྡད་ཡོད་ལ། བོད་རིགས་གཞོན་སྐྱེས་ནང་ཆོས་དང་ལྷག་པར་ཐེག་པ་ཆེན་པོའི་ཆོས་མ་ཐོས་དང་། ཐོས་ཀྱང་སྐྱེ་བ་སྔ་མ་དང་། ཚེ་སྟོད་མ་འདྲིས་པ་རྣམས་ཀྱིས་དེ་རྟོགས་དཀའ་བ་དང་། གལ་སྲིད་ཤེས་ཀྱང་ཁ་གཏད་དྲག་རྩུབ་ལ་ནུས་པ་དང་། འཚམ་འཚམ་ལ་ཡོན་ཏན་དུ་མཐོང་ནས། རང་གི་སྤྱི་དོན་ལ་རྒྱ་དེ་ཕན་མེད་ལམ་གྱིས་བེད་མེད་དུ་སོང་བ་ཡོང་སྲིད་པས།
སྔར་བོད་རྒྱའི་རྒྱལ་རབས་ནང་རྒྱ་བོད་གཉིས་རྒྱལ་ཁབ་སོ་སོར་གནས་ཀྱང་མཆོད་ཡོན་སྦྱིན་བདག་ཅིག་ཡིན་ན། ད་གཟོད་དེ་བས་ཀྱང་མཆོད་པས་མཆོད་སྟངས་མ་ཞེན་པ་དང་། སྦྱིན་བདག་གིས་ཀྱང་སྦྱིན་རྫས་ལ་ཁྲིམས་ངན་བདུག་རྩུབ་དམག་མིའི་མེ་མདའའི་ལྡིའུས་སྦྱིན་སྟངས་ངན་རྩུབ་འདི་ཞི་ནས། གཉིས་ཀར་ཐོབ་ཤོར་མེད་པ། གཉིས་ཀར་གཉིས་ཕན། གཉིས་ཀར་གཉིས་སྨན། གཉིས་ཀར་འདྲ་མཉམ། གཉིས་ཀར་མཉམ་གནས་ཅིག་ལ་བོད་རྒྱ་མི་རིགས་གཉིས་ཀའི་ངོས་ནས་འཛུགས་བསྐྲུན་བྱ་མི་དགོས་སམ། དགེའོ། དགེའོོ། དགེའོོོ། །
དྲ་གྲོགས་ཚང་མས་བདག་གི་བསྒྲགས་གཏམ་འདིར་དོ་སྣང་དང་མཆན་འགོད་མང་པོ་གནང་བྱུང་བར་ཐུགས་རྗེ་ཆེ།སེམས་གཏིང་ནས་དགའ་བོ་བྱུང་།དེ་དང་མཉམ་དུ་ཚོར་བ་ཞིག་ཀྱང་བྱུང་།བསྒྲགས་གཏམ་འདི་ངེད་ཀྱིས་རྒྱ་ལ་སྤེལ་བ་རེད།ཡིན་ཡང་དྲ་གྲོགས་མང་པོ་ཞིག་གིས་རོགས་འདེགས་ཀྱི་ཚུལ་དུ་རྒྱ་ལ་ཁ་འཁོར་རྒྱུ་ཕར་བཞག་་་ནང་ལ་འཁོར་ཏེ་ཟུར་ཟ་བྱེད་པ་དང་།ཚོགས་གཏམ་གཏོང་བ།དབུ་མའི་ལམ་ལ་སྐྱོན་བརྗོད་སོགས་བྱེད་བཞིན་པ་འདི་རེད།
དྲང་མོར་བཤད་ན་འདི་བོད་པ་ཚང་གི་གཤིས་ཀ་ཤིག་རེད།རུབ་རྒྱག་ས་ནོར་འགྲོ་བ་དེ་འུ་ཚང་གི་རྒྱུད་བདག་ཅིག་རེད།ཡིན་ཡང་།བོད་པ་ཚང་མ་འདི་ལྟར་ག་ལ་ཡིན།མཆན་འགོད་དང་དོ་སྣང་མང་པོ་ཞིག་བྱས་པར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཞབས་རྨོག་བསྟན་ལགས།
ཚོགས་ཆེན་སྐབས་ཀྱི་གནས་ཚུལ་དངོས་འབྲེལ་རེ་དང་།ཚོགས་ཆུང་ནང་གི་དམིགས་བསལ་བསམ་ཚུལ་རེ་ཡོད་ན་ངེད་ཀྱི་གློག་འཕྲིན་དུ་བསྐུར་ཐུབ་ན་བཀའ་དྲིན་ཆེ།
དབུ་མའི་འོད་ཀྱིས་ཁྱབ་པའི་འཇིག་རྟེན་ཞིག་ཏུ།།
གསེར་མདོག་མེ་ལོང་ལྟ་བུའི་ཆོས་ཉིད་རི་མོ།།
སུ་ལ་བསྟན་ཀྱང་དྭངས་གཙང་རི་མོ་འདི་ཉིད།།
དམ་པ་གོང་མ་རྣམས་ཀྱི་གཙུག་ཏུ་འཛིན་ནོ།
དབུ་མའི་ལམ་གྱི་ཐབས་ལམ་འདི་བརྒྱུད་ནས།།བོད་ཀྱི་རང་དབང་བདེན་མཐའ་གསལ་བར་ཤོག།རང་བཙན་པ་ཚོས་ཀི་སྒྲ་སྒྲོགས་ཀྱིན་འདུག།ཁ་སྟོང་ཚིག་སྟོང་མ་བཤད་རྒོད་པོ་ཚོ།།ལག་ལེན་དོན་ལ་འཁེལ་དང་རྒྱབ་སྐྱོར་ཡོད།
དྲ་གྲོགས་ཚོར་ངས་ཐོག་མར་དགོངས་དག་ཞུ་རྒྱུ་ཡིན། ལས་བྲེལ་གྱིས་ད་བར་འདིར་ཡོང་མ་ཐུབ་པས་དེ་རིང་བསམ་ཚུལ་གཅིག་ཞུས་ན་གཅིག་བྱས་ན་ཕྱི་དྲག་ཡོད་ཀྱི་རེད། ཡིན་ན་ཡང་སྔ་ཕྱི་གང་ལྟར་ཡང་ཞུ་ས་དེ་རང་ཉིད་ཀྱི་ནང་ཚག་ཡིན་པར་སོང་ཞུ་འདོད་བྱུང་། སྤྱིར་དེ་རིང་རྨོག་རུ་བསྟན་པ་ལགས་ནས་དབུ་མའི་ལམ་གྱི་ལས་འགུལ་དང་འབྲེལ་བའི་བསྒྲགས་གཏམ་འདི་འདྲ་ཞིག་སྤེལ་བར་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། དེ་དང་ཆབས་ཅིག་རང་བཙན་རྩོད་མཁན་ཚོ་ལ་ཡང་ང་རང་ཉིད་ནས་དགག་པ་ནམ་ཡང་བྱེད་ཀྱི་མེད། ང་ཚོ་བོད་མི་རྩམ་གཟན་གཅིག་ཡིན་ཕྱིན་ཆོས་སྲིད་གཉིས་ཐད་ནས་ལས་འགུལ་གང་རྩོམ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་ལས་དགག་རྒྱག་རྩོད་གླེང་གི་བྱ་བ་དེ་གཙུག་ཏུ་མི་འཛིན་པའི་རེ་བ་ཡོད། དཔེར་ན་ང་ཚོ་ཚང་མ་ནད་པ་གཅིག་སྐྱོབ་པའི་སྨན་པ་དང་ནད་གཡོགས་ལྟ་བུ་ཡིན་པས་ ནད་པ་དེ་སང་དྲག་ཡོང་བར་འབད་བརྩོན་གནང་མཁན་ལ་རྒྱབ་སྐྱོར་ཡོད་ལ། ནད་པ་དེ་ན་ཟུག་དྲག་པོ་ལས་སྐྱོབ་ཆེད་འབད་བརྩོན་གནང་མཁན་དེས་ཀྱང་ནད་པ་སང་དྲག་ཡོང་བར་ཕན་པ་ལས་གནོད་པ་ཡེ་ནས་མེད་པས་གང་ལྟར་ང་ཚོ་ཚང་མ་ནད་པ་གཅིག་སྐྱོབ་མཁན་གྱི་སྨན་པ་དང་ནད་གཡོག་ཡིན་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་རྣལ་མ་ཞིག་གིས་ཐབས་བརྒྱ་ཇུས་སྟོང་གནང་རྒྱུ་ལས་ཁ་ནང་དུ་ཕྱོགས་ཏེ་བགྲོ་གླེང་བྱས་པ་ཕུད་ཚིག་ཚོན་འདེབས་པ་དང་། ལངས་ཕྱོགས་བཟང་མིན་སོགས་མི་རིགས་རང་ཉིད་ཀྱི་ནང་ཁུལ་ལ་དབྱེ་འབྱེད་དང་ཁྱད་གསོད་མི་བྱེད་པའི་རེ་བ་ཡོད།