ཐེ་བོ་དཀོན་མཆོག་ཤེས་རབ་དང་། གྲགས་པ་རྒྱ་མཚོ་གཉིས་ནས་ཕུལ།
ཀུན་གྱིས་མཁྱེན་གསལ་ལྟར་རིང་མིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་ལ་ཉེ་བའི་སྐབས་འདིར་བོད་དོན་ལ་དོ་སྣང་ཅན་དང་། ཉམས་ཞིབ་པ་སོགས་ཀྱིས་གནས་ཚུལ་འདྲ་མིན་ཞིག་དྲ་ཐོག་དང་། བརྒྱུད་ལམ་ཁག་ལ་སྤེལ་གྱིན་ཡོད་ཅིང་། ལྷག་དོན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་དབང་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་བཅའ་ཁྲིམས་རིན་པོ་ཆེ་ལ་འཕོ་འགྱུར་འགྲོ་བཞིན་པའི་གནས་སྐབས་སུ། བཙན་བྱོལ་ནང་གི་ས་གནས་ཁག་གི་ནང་མང་ཚོགས་ཀྱིས་བསམ་ཚུལ་འདྲ་མིན་བཏོན་བཞིན་པ་རེད། འོན་ཀྱང་བསམ་ཚུལ་ལ་བདག་པོ་རྒྱག་རྒྱུ་དང་དེ་ལ་དབྱེ་ཞིབ་བྱེད་མཁན་དཀོན་པོ་རེད། དེར་བརྟེན་ངའི་རོགས་པ་རྒན་དཀོན་མཆོག་ཤེས་རབ་ང་དང་ང་གཉིས་ཀྱིས་དང་བླངས་ཐོག་ནས། བལ་ཡུལ་ནང་གི་ཤེས་ཡོན་ཅན་གྱི་སྡེ་ཚན་ཁག་གི་བསྟི་གནས་སློབ་གྲྭ་དང་དགོན་པ། དེ་བཞིན་སྤྱི་ཚོགས་ནང་བོད་དོན་ལ་དོ་སྣང་ཡོད་མཁན་གྱི་རིགས་ལ་ད་རེས་བསམ་ཤོག་བསྡུ་ལེན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། དེ་བྱེད་དགོས་དོན་ཡང་གོང་དུ་བརྗོད་པ་ལྟར་མང་ཚོགས་ཀྱི་བསམ་ཚུལ་གལ་ཆེ་བ་རྣམས་ཚོགས་ཆེན་ཐོག་འབུལ་རྒྱུའི་འབད་བརྩོན་བྱས་པ་ཡིན། དེས་ན་ད་རེས་ཀྱི་ལས་རིམ་འདིའི་ནང་གལ་གནད་ཆེ་བའི་དོན་ཚན་ཁག་མི་འདྲ་བ་བཞི་བདམས་བཀོད་བྱས་ཡོད།
དང་པོ།༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་ཐོག་སྔར་ལྟར་ཐུགས་འགན་མ་བཞེས་ཀྱང་། བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཁྲིམས་ཀྱི་ཐོག་ནས་འབུལ་རྒྱུར་འདོད་པ་ཡོད་དང་མེད།
གཉིས་པ། བོད་མིའི་རྩ་དོན་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་ནས་སྔར་ལྟར་༧གོང་ས་མཆོག་གི་དགོངས་པ་གཞི་གཟུང་གིས་འགྲོ་རྒྱུར་འདོད་པ་ཡོད་དང་མེད།
གསུམ་པ། བོད་རྒྱལ་ཁབ་འདི་མ་འོངས་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྔར་ལྟར་རྒྱུན་འཁྱོངས་བྱས་ན་འདོད་པ་ཡོད་དང་མེད།
བཞི་པ། ༧གོང་ས་མཆོག་གིས་ཉེ་ཆར་བཀའ་ཕེབས་པར། ད་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་གསུངས་པ་འདིའི་ཐད་༧གོང་ས་མཆོག་གི་དགོངས་པ་གཞི་གཟུང་བྱས་ན་ལེགས། ཡང་ན་ཁྱེད་ལ་དེའི་ཐོག་བསམ་ཚུལ་གཞན་ཡོད་དམ། ཅེས་པའི་དྲི་བ་ཁག་ལ་བལ་ཡུལ་ནང་གི་མི་མང་གིས་བསམ་ཚུལ་བཏོན་པ་རྣམས་ཕྱོགས་བསྡུས་བྱས་པ་གཤམ་གསལ་ལྟར་གཟིགས་རོགས་གནང་།
དང་པོ། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་བཙན་བྱོལ་གཞུང་གི་ཆས་སྲིད་ཀྱི་ཐུགས་འགན་མ་ཞེས་ཀྱང་། བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་ཁྲིམས་ཀྱི་ཐོག་ནས་འབུལ་རྒྱུར་འདོད་པ་ཡོད་དང་མེད་ཅེས་པར།
མི་གྲངས་ ༤༣༢ ཡིས་འདོད་པ་ཡོད།
མི་གྲངས་ ༢༡ གྱིས་འདོད་པ་མེད།
གཉིས་པ། བོད་མིའི་རྩ་དོན་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་ནས་སྔར་ལྟར་༧གོང་ས་མཆོག་གི་དགོངས་པ་གཞི་གཟུང་གིས་འགྲོ་རྒྱུརའདོད་པ་ཡོད་དང་མེད་ཅེས་པར།
མི་གྲངས་ ༣༨༢ ཡིས་འདོད་པ་ཡོད།
མི་གྲངས་ ༣༤ ཡིས་འདོད་པ་མེད།
གསུམ་པ། བོད་རྒྱལ་ཁབ་འདི་མ་འོངས་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྔར་ལྟར་རྒྱུན་འཁྱོངས་བྱས་ན་འདོད་པ་ཡོད་དང་མེད་ཅེས་པར།
མི་གྲངས་ ༣༦༤ ཡིས་འདོད་པ་ཡོད།
མི་གྲངས་༦༦ འདོད་པ་མེད།
བཞི་པ། ༧གོང་ས་མཆོག་གིས་ཉེ་ཆར་བཀའ་ཕེབས་པ་ལྟར། ད་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མིན་གསུངས་པ་འདིའི་ཐད་༧གོང་ས་མཆོག་གི་དགོངས་པ་གཞི་བཟུང་བྱས་ན་ལེགས། ཡང་ན་ཁྱེད་ལ་དེའི་ཐོག་དགོངས་ཚུལ་གཞན་ཡོད་དམ་ཅེས་པར།
མི་མང་གྲངས་ ༣༠༧ ཙམ་གྱིས་་༧གོང་ས་མཆོག་གི་དགོངས་པ་གཞི་བཟུང་བྱས་ན་ལེགས་གསུངས་འདུག
མི་གྲངས་ ༡༢༨ ཙམ་གྱིས་༧གོང་ས་མཆོག་གིས་མུ་འཐུད་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རོགས་གནང་ཞུས་འདུག
དེ་གཞན་ཁག་ཅིག་གིས་བཅའ་ཁྲིམས་བཅར་བཅོས་སོགས་ལས་དོན་མང་པོ་ཞིག་མང་ཚོགས་ནང་བསམ་ཚུལ་བསྡུ་རུབ་བྱས་ན་ལེགས་གསུང་མཁན་ཡང་འདུག
ད་རེས་ཀྱི་ལས་རིམ་འདིའི་ནང་མཉམ་ཞུགས་གནང་མཁན་བལ་ཡུལ་ནང་གི་ཤེས་ཡོན་ཅན་གྱི་སྡེ་ཚན་ཁག་བཅུའི་ནང་ནས་མི་གྲངས་བཞི་བརྒྱ་དང་ང་གསུམ་ ༤༥༣ ཙམ་བྱུང་འདུག
དེ་ན་ལས་རིམ་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཞིག་ལ་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་ཕེབས་མཁན་གྱི་ཚོགས་མི་རྣམས་ཀྱིས་ངེས་པར་དུ་མང་ཚོགས་ཀྱི་བསམ་ཚུལ་ཚོགས་ཆེན་ཐོག་ཁྱེར་དགོས་པ་དང་། ཚོགས་ཆེན་ཐོག་ནས་གང་ཐག་གཅོད་བྱུང་བ་དེ་ཡང་ཕྱིར་མང་ཚོགས་ནང་སྒྲོགས་སྦྱང་གནང་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེ་པར་སེམས། དེ་ལྟར་བྱུང་ན་གཞུང་དང་མི་མང་གཉིས་འབྲེལ་ཐག་ཉེ་རུ་འགྲོ་རྒྱུའི་དགེ་མཚན་ཡོད་པ་བཅས་ལ་བརྟེན་ཚང་མས་དགོངས་འཇགས་འཚལ།
རྒན་ལགས་དང་གྲོགས་གྲགས་པ་གཉིས་ནས་འདི་འདྲའི་རླབས་ཆེན་གྱི་ལས་དོན་སྤེལ་གནང་བར་སྙིང་ནས་གུས་རྩི་ཞུ་གི་ཡོད།
རྣམ་པ་གཉིས་ལ་མི་ཆུང་ཁོ་བོས་བརྒྱ་ཆ་བརྒྱའི་རྒྱབ་སྐྱོར་ཡོད་ཞུ་བ་དང་ལྷན་ཅིག བློ་མཐུན་གྲགས་པ་ཁྱེད་ལ་རེ་འདུན་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད། མི་ཆུང་ཁོ་བོ་རྒན་མཆོག་གི་སྙན་རྩོམ་ལ་མཇལ་འདོད་ཧ་ཅང་འདུག་ན་་་་གྲོགས་ཉིད་ཀྱིས་ཁ་བརྡའི་དྲ་བར་ཁོང་གི་སྙན་རྩོམ་ཁག་ཅིག་འཇོག་རོགས་གནང་་་་ཁ་དྲོ་བཀྲིས།
བསམ་ཚུལ་བསྡུས་པ་རྒྱབ་སྐྱོར།བཀའ་དྲིན་ཆེ། དགོས་དབང་ཞིག་ཡོད་ན་མ་གཏོགས་༧གོང་ས་མཆོག་གི་མཚན་དེ་བེད་སྤྱོད་མང་བོ་མ་བཏང་ན་མཛེས། གཞན་བཤད་རྒྱུ་མེད་།འོན་ཀྱང་ཁྱེད་ཚིའི་རེ་
བ་དེ་མི་མང་གི་རེ་འདུན་ཡིན་ཀྱང་བཀའ་ཁྲིས་རིན་ཐང་སྤྲད་མིན་དོགས་པ་ཡོད།། དོན་ལ་ད་དུང་མང་གཙོ་
ཡིན་ནམ་སྒེར་གཙོ་གང་ཡིན་ནམ། ཤུགས་རྒོབས་དང་མང་གཙོ་རྒྱས་ནས་འོང་།
གུས་པས་བསམ་ན། ད་ལྟ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་རྣམ་རྒྱལ་ལ་བསྒྱུར་བཅོས་གཏང་དགོས་པ་མ་ཚད་བོད་ཀྱི་རྒྱལ་དར་དང་བོད་ཀྱི་རྒྱལ་གླུ་ལའང་སྔ་ཕྱིས་མ་གཏོགས་བསྒྱུར་བ་འགྲོ་ངེས་ཞིག་མཐོང་གི་འདུག། གང་ཡིན་ཞུ་ན། ང་ཚོས་བོད་པ་ཚང་མས་དགོངས་དོན་ནི་༸གོང་ས་མཆོག་གཙོས་བོད་མི་གཙན་བྱོལ་བ་ཚང་མ་རང་ས་བོད་དུ་ལོག་བའི་འདོད་པར་རྩོད་ཀྱིས་ཡོད་སྟབས་དེའི་ཐབས་ལམ་ང་ཚོར་ཕ་ཕྱོགས་ཀྱི་སྒེར་དཔྱོད་པ་ཟེར་མི་དགོས་པ་ཞིག་འཛམ་གླིང་རྒྱལ་ཁབ་ཀུན་གི་མཐོང་དགོས་པ་ཞིག་དང་། རྒྱ་ནག་ཚོས་ཀྱང་བློར་བབས་པོ་དང་འོས་མཚམས་པ་ཞིག་འདུག་བསམ་པ་ཞིག་བཟོ་དགོས་ངེས་ཞིག་རེད་བསམ།
ཡག་པོ་བྱུང་འདུག འོས་བསྡུའི་ལམ་ནས་བསམ་ཤོག་བསྡུ་རུབ་བྱེད་ཐུབ་ན་མི་མང་གི་བསམ་ཚུལ་ངོ་མ་དེ་ཤེས་ཐུབ་རྒྱུ་རེད། དེ་མིན་བསམ་འཆར་འཁྱེར་ཤོག་ལབ་པ་ཡིན་ན་ཡོང་ཐུབ་རྒྱུ་ཁག་པོ་རེད་འདུག
བསམ་ཤོག་བསྡུ་རུབ་དེ། ཆོས་རྒྱུད་སྤྱི་ལ་ཁྱབ་པ་ཞིག་བྱུང་ཡོད་ཚོད་མིན། ཡིད་མ་ཆེས་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་ཚིག་ལ་རྒྱུག་ནས་དེའི་བསྐོར་གྱི་གསར་འགྱུར་ལ་གཅིག་ཉན་ན་ཤེས་ཐུབ།
ས་ཆ་གཞན་ནས་ཀྱང་ལས་དོན་འདི་འདྲ་སྤེལ་ན་ལེགས་སོ་་གཞན་རྒྱ་བོད་ཞི་གྲོས་གནས་སྐབས་བཞག་ན་ལེགས་་་ང་འདྲ་དག་ལ་རིན་ཐང་རེ་ཡོད་ན་བཙན་བྱོལ་བོད་གཞུང་མིང་འདི་མ་བརྗེ་རོགས་ཞེས་སྐད་བསྐུར་འདི་ཡིན།
ལུང་རྟོགས་ལགས་དགོངས་ཚུལ་གནང་པར་ཐུགས་རྗེ་ཆེ།
བལ་ཡུལ་ནང་གི་གནས་སྟངས་དེ་ཆོས་རྒྱུད་རིས་མེད་ཆགས་བསྡད་པ་ང་ཚོས་ཤེས་ཡང་། ཡ་མཚན་པ་ཞིག་ལ་དགོན་སྡེ་གཞན་པ་ཁག་ཅིག་ཆབ་སྲིད་ལ་འབྲེལ་བ་གནང་གི་མིན་ལབ་མཁན་གང་མང་ཞིག་འདུག ང་ཚོས་ཀྱང་ཆོས་ལུགས་རིས་སུ་བཅད་པ་དེ་འདྲ་མིན། ཕྱོགས་གཅིག་ནས་བལ་ཡུལ་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དེས་ཡིན་ཤེས་ཆེ། གང་ལྟར་ཀྱང་ང་ཚོས་བསམ་ཤོག་བསྡུ་ལེན་གྱི་ལས་རིམ་ལག་བསྟར་བྱེད་སྐབས་ཁག་ཅིག་གིས་དེའི་ཐོག་མཉམ་ཞུགས་བྱས་མེད་པའི་གནས་ཚུལ་ཡང་ཐོན་སོང་། འོན་ཀྱང་དགོས་དབང་གིས་འདི་དང་འདི་མཉམ་ཞུགས་མ་བྱས་པ་རེད་ལབ་ནས་བཏོན་མེད།
བསམ་ཤོག་བསྡུ་ལེན་གྱི་ལས་འགུལ་དེ་ཡག་པོ་བྱུང་འདུག ད་དུང་འདི་ལྟ་བུའི་བསམ་ཤོག་བསྡུ་ལེན་གྱི་ལས་འགུལ་ས་གནས་ཁག་གཞན་དུའང་སྤེལ་ཡོད་ན་ཧ་ཅང་ཡག་པོ་ཡོང་བར་སེམས། འོན་ཀྱང་ཁྱེད་ཅག་གིས་དཀའ་ལས་རྒྱབ་ཀྱང་ཚོགས་ཆེན་ཐོག་ག་འདྲ་བྱས་ཡོང་ཧ་མི་གོ། ཚོགས་ཆེན་ཐོག་མང་ཚོགས་ཀྱི་བསམ་ཚུལ་ལ་དབྱེ་ཞིབ་བྱེད་ཐུབ་མིན་ཡང་ཤེས་ཚོད་དཀའ། འོན་ཀྱང་ཁྱེད་ཚོས་ལྷག་བསམ་རྣམ་དག་གིས་བོད་སྤྱི་ལ་ཕན་པའི་ཕྱག་ལས་འདི་འདྲ་གནང་བར་རྗེས་སུ་ཡི་རང་ཡོད།
རྒན་ལགས་དང་ཁྱེད་གཉིས་ཀྱིས་རང་འགན་དང་ལེན་གྱིས་དཀའ་ལས་དེ་འདྲ་ཞིག་བརྒྱབ་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
ཐུགས་རྗེ་ཆེ་བསམ་ཤོག་བསྡུ་ལེན་གནང་པ་ཐུགས་རྗེ་ཆེ།ཡིན་ཡང་ཁྱེད་ཚོས་བསམ་ཤོག་གང་ཡོད་ལ་ཁོང་ཚོས་ཡིད་ཆས་བྱེད་ཁག་པོ་རེད་ལས་གཞི་དེ་འདྲ་གནང་ཐུབ་པ་ཡག་པོ་རེད་ཐུགས་རྗེ་ཆེ་རྗེས་ནས་མཇལ་ཆོག
མཚན་གནས་འབུལ་དགོས་མིན།
ང་ཚོའི་དགོངས་པ་དང་དགོངས་གཞི་ཤེས་དགོས།
འཛམ་གླིང་ཞི་བདེའི་དེད་དཔོན་བདག་ཉིད་ཆེན་པོ་སྟན་འཛིན་རྒྱ་མཚོ་མཆོག་ནས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བའི་འཇིག་རྟེན་ལས་འདས་བའི་ཡང་དག་པའི་ལྟ་བ་དང་། སེམས་པ་ཆེན་པོའི་ཐུགས་རྗེའི་རང་མདངས་ཞིག་རེད། ང་ཚོའི་འཇིག་རྟེན་བའི་བསམ་ཚུལ་དོར་ནས། མཐའ་བཞི་མཐའ་བརྒྱད་དང་བྲལ་བའི་དགོངས་པ་ལ་དགོངས་པ་དང་མི་འགལ་བའི་ཆོད་སེམས་དང་། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། ད་ལམ་འཛམ་གླིང་མི་དམངས་འདུན་རྒྱ་དམར་གི་གདོང་རིས་ཚ་ལམ་ལམ་ཡོང་བའི་ཞི་བའི་ཉི་འོད་དང་བདེན་པའི་རྒྱལ་མཚན་སྒྲེང་བ་རེད། མཚན་གནས་གང་བྱུང་ཕུལ་ན། རྣམ་པ་འགྱུར་བའི་རྒན་ཡོལ་ཟེར་ངེས་བས་ཟབ་ཟབ་གནང་དགོས། འཕགས་པའི་དགོངས་པ་གང་ཡིན་ཟེར་ན། མཚན་གནས་ཐོབ་པ་མེད། མཚན་གནས་མ་ཐོབ་པ་མེད་བ་དེ་རེད། འཇིག་རྟེན་པ་ནི་མཚན་གནས་ཐོབ་པ་མེད་ལ་། མཚན་གནས་མ་ཐོབ་པ་ཡང་ཡོད་དོ།