དོལ་སྨྱོན།
༡༽
གངས་རི་དཀར་པོའི་རང་མདངས་དེ་སྨུག་པས་བཏུམས་སོང་།
ཆུ་མཛིན་ཕུན་པོའི་མཛེས་སྡུག་དེ་སེར་བུས་གཏོར་སོང་།
ཤུལ་དུ་ལུས་པ་ནི་མུན་ནག་གི་འཇིག་རྟེན་དང་།
སྟོང་སང་སང་གི་ནམ་མཁའ་ཁོ་ན་ཡིན་པས།
ངས་དོ་དགོང་ཅི་ཡང་མི་འདོད།
༢༽
བསམ་གཞིགས་ཀྱི་ཀླད་པའི་འཁོར་ཡུག་མུན་པས་བསྒྲིབས་འདུག
གློག་ཀླད་ཀྱི་ཞིང་ཁམས་ནང་ལ་ནད་འབུ་འཛུལ་འདུག
མེ་ཏོག་ལྟ་བུའི་ང་ཡི་འཁོར་ཡུག་ཡོད་ཚད་ལ།
ཐན་དང་མུ་གེའི་ཆར་བ་བབས་ཚར་བས།
ངས་དོ་དགོང་ཅི་ཡང་མི་འདོད།
༣༽
ལེགས་བཤད་ཀྱི་རིན་ཐང་རྟོགས་པའི་རྣམ་དཔྱོད་ཡལ་འདུག
ཚེ་སྲོག་གི་རིན་ཐང་འཚོལ་བའི་ཤེས་རབ་ཟད་འདུག
རེ་ལྟོས་ཡོད་ཚད་ཁྱོད་ལ་བཅོལ་བཅོལ་བའི་དེ་རིང་།
རང་ཉིད་ཀྱི་ཡོད་ཚད་རྫོགས་ཚར་དུས།
ངས་དོ་དགོང་ཅི་ཡང་མི་འདོད།
༤༽
ཁྱོད་ཀྱི་ངག་གི་བརྗོད་པ་དབྱངས་ཅན་མའི་པི་ཝང་ལས་ལྷག་འདུག
ཁྱོད་ཀྱི་ཁ་པར་གྱི་རླུང་རྟ་དགུང་སྔོན་དབྱིངས་ལས་མཐོ་འདུག
ནད་དང་མུ་གེས་བཅོམས་པའི་ང་ཡི་འཁོར་ཡུག་ལ།
བསམ་གཞིགས་ཀྱི་ཁོམ་པ་གཏན་ནས་མེད་དུས།
ངས་དོ་དགོང་ཅི་ཡང་མི་འདོད།
༥༽
མཐུན་བསྒྲིལ་གྱི་ལག་ཟུང་དམ་པོ་དེའི་དྲོད་ཁོལ་ཡལ་འདུག
བརྩེ་དུང་གི་འཇིག་རྟེན་མཛེས་པོ་དེར་མུ་གེ་ཕོག་འདུག
མུན་པ་ལ་བྲང་ཤ་འབྱར་བའི་དུས་ཚིགས་འདི་ནས།
རང་ཉིད་ལ་ཞེ་གཏིང་ནས་སུན་སྣང་སྐྱེ་དུས།
ངས་དོ་དགོང་ཅི་ཡང་མི་འདོད།
༦༽
སེམས་ཀྱི་ཟབ་སར་འཐིམ་པའི་སྙིང་སྡུག་གི་ཞལ་རས་མཛེས་པོ།
རྣ་བའི་བུ་གར་སིམ་པའི་ཡིད་འོང་མའི་གསུང་སྐད་སྙན་མོ།
མིག་གི་དཔལ་དུ་གྱུར་བའི་ཁྱོད་ཀྱི་རྣམ་འགྱུར་འཇམ་པོ།
ཡོད་ཚད་གཞན་ཞིག་གི་དཔལ་ལ་ཆས་ཚར་དུས།
ངས་དོ་དགོང་ཅི་ཡང་མི་འདོད།
༧༽
ཁྱོད་ཀྱི་འཇིག་རྟེན་ན་མེ་ཏོག་གི་ཆར་བ་དགུ་རིམས་སུ་བབས་འདུག
ང་ཡི་འཇིག་རྟེན་ལ་ཁ་ཆར་དང་བུ་ཡུག་རྡུལ་ལྟར་འཁྲིགས་འདུག
ལས་འབྲས་ཀྱི་རྣམ་བཞག་མི་མངོན་པའི་དབྱིངས་ལ་ཡལ་ཞིང་།
རྒྱུ་འབྲས་ཀྱི་ཆོས་ཉིད་ལ་ཀུ་རུ་ཁའི་ཐམ་ཀ་ཕོག་དུས།
ངས་དོ་དགོང་ཅི་ཡང་མི་འདོད།
སེམས་པ་ཤོར་དུས་སྐྱིད་ཀྱང་སྲིད་ལ་སེམས་པ་ཤོར་དུས་སྡུག་ཀྱང་སྲིད།།
ཕན་ཚུན་གཅིག་སེམས་གཅིག་ལ་ཤོར་ཞིང་རྐྱེན་གཞན་མེད་ན་སྐྱིད་དུས་ཡིན།།
རང་སེམས་གཏིང་ནས་གཞན་ལ་ཤོར་ཡང་གཞན་སེམས་རང་ལ་མི་འཁོར་ན།།
སྡུག་གི་སྣེ་མོར་འཇུས་རྟགས་ཡིན་པས་ཐོག་མའི་དུས་ནས་གཟབ་ན་བཟང་།།
ཁྱོད་དོ་དགོང་ཅི་ཡང་མི་འདོད་ན།
རྡུལ་འདུས་ཀྱི་ཕུངས་པོ་འདི་ཉིད་འཚོ་བྱེད་ཟས་ཡིན་པས་དགོང་ཟས་མི་ཟའམ།
གཟུགས་ཁམས་ཀྱི་ནུས་པ་རྒྱས་བྱེད་གཉིད་ཡིན་པས་དོ་དགོང་མི་ཉལ་ལམ།
གཏུམ་མོའི་བདེ་དྲོད་འབྱིན་བྱེད་འཁྲིག་པ་ཡིན་པས་རིགས་མ་མི་བསྟན་ནམ།
བུ་ཁྱོད་བློ་བསྐྱེད་ཀྱི་ནུས་པ་ཞེན་པས་ཁོག་རྒྱ་ཡངས་ཤིང་སྙིང་རུས་གྱིས།
དྲ་གྲོགས་ལགས།
༡ གངས་རི་དཀར་པོའི་རང་མདངས་དེར་ད་དུང་ཡང་སྨུག་པའི་སྲས་མོས་བྱི་དོར་བྱས་པ། ཁྱེད་ཀྱིས་མི་མཁྱེན་ཏམ།
༢ གློག་ཀླད་ཀྱི་ཞིང་ཁམས་ནང་ནད་འབུ་འཛུལ་ཡང་ལྷག་བསམ་ལྡན་པའི་བཟོ་བོ་མཁས་པ་ཡོད་པས། ཁྱེད་ཀྱིས་སྐྲག་དགོས་དོན་འདུག་གམ།
༣ ཁྱེད་ལ་སྙུག་རུས་དང་སེམས་ཤུགས་ལྡན་ན་། ལེགས་བཤད་ཀྱི་རིན་ཐང་རྟོགས་པའི་རྣམ་དཔྱོད་ཡལ་མི་སྲིད་ལ།
ཚེ་སྲོག་གི་རིན་ཐང་འཚོལ་བའི་ཤེས་རབ་ག་ལ་ཟད་སྲིད།
༤ ཁོང་གི་བརྗོད་པ་དབྱངས་ཅན་མའི་པི་ལྦང་ཡིན་ན། ཁོང་གི་ཁ་པར་གྱི་རླུང་རྟ་དགུང་སྔོན་ལས་མཐོ་ན་ཡང། ཁྱེད་ཀྱིས་ད་དུང་བརྩོན་པ་སྐྱེས་དང། འཇིག་རྟེན་ཐོག་སྒྲུབ་མི་ཐུབ་པའི་བྱ་བ་ཞིག་ཨེ་ཡོད།
༥ མཐུན་སྒྲིལ་དང་བརྩེ་དུང་ནི་མིའི་རིགས་ཀྱི་གཞི་རྩའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཡིན་ན། དེར་དུས་ནམ་ཡང་མུ་གེ་ཞིག་ག་ལ་ཕོག་སྲིད་ཨང།
༦ ཁྱེད་ཀྱི་སེམས་ཀྱི་ཟབ་སར་འཐིམ་པའི་སྙིང་སྡུག རྣ་བར་སྙན་པའི་གསུངས་སྐད། མིག་གི་དཔལ་དུ་གྱུར་པའི་དཔལ་བཟང་པོ་དག ཡོད་ཚད་གཞན་དབང་དུ་གྱུར་སྲིད་ན། ཡོད་ཚད་རང་དབང་དུ་ཡང་འགྱུར་སྲིད་པ་འཁོར་བའི་ཆོས་ཉིད་མི་ལགས་སམ།
༧ འཇིག་རྟེན་ན་མེ་ཏོག་གི་ཆར་པ་བབ་སྲིད་ལ། ཁ་ཆར་བུ་ཡུག་འཁྲིགས་སྲིད་ཀྱང། དེ་ནི་ལྗང་མདོག་གི་ཚེ་སྲོག་བསུ་བའི་ཕོ་ཉ་ཞིག་རེད་ལ། རྣམ་པར་བཀྲ་བའི་མེ་ཏོག་མགྲོན་དུ་འབོད་པའི་བྱ་མ་རྟ་ཞིག་ཀྱང་ཡིན་སྲིད།
དྲ་གྲོགས་རྣམ་པས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ།
འོ་དོལ་སྨྱོན་ལགས།
ལྷད་མེད་བརྩེ་བའི་བྲོ་བ་མྱོང་ས་ནས།།
ཨ་ཕོ་དོལ་བོ་ངུས་པའི་སྨྲེ་ངག་དང།།
དབྱངས་ཅན་ལྷ་མོའི་བཞད་པའི་དགོད་སྒྲ་གཉིས།།
ང་ཡི་རྣ་བར་ཅུང་ཟད་ཁྱད་མ་མཐོང།།
རོ་ཉམས་འབུམ་གྱིས་གང་བའི་བརྩེ་བ་དང།།
བསླུ་བྲིད་དེ་བས་མང་བའི་གཡོན་མ་གཉིས།།
དབྱངས་ཅན་རྒྱུད་མངས་སྒྲ་ལ་དྲངས་པ་ན།།
མི་ཟད་སྙན་པའི་ཚིག་གི་བདུད་རྩི་ཡིན།།
ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང།།
བདེ་བའི་མཆོག་ཏུ་བསྔགས་པའི་བརྩེ་བ་དེ།།
མྱོང་ཐབས་མཁས་ན་དགའ་བཞི་བདེ་བའི་མཆོག།
མི་མཁས་མི་ཚེ་གཅིག་གི་མིག་ཆུ་ཡིན།།
ཨ་ལ་ཀུ་རེ་ཡིན། དྲ་གྲོགས་དོལ་སྨྱོན་ལགས། ཁྱོདརང་དངོས་གནས་སྨྱོན་པ་ཡིན་མིན་ཅི་ཤེས། ཁྱོད་ཀྱི་སྙན་ངག་གི་མཛེས་རྩལ་དང་མི་ལྷོད་པའི་བརྩོན་པ་དེས་མི་མང་པོ་ཞིག་སྨྱོན་པ་བཟོ་ངེས་རེད།
དེང་སང་རང་རེའི་གཞོན་སྐྱེས་ཚོའི་ཀླད་པའི་ནང་ལ་གདོན་ཞུགས་པ་ཡིན་ནམ། ལས་ངན་པའི་མི་རིགས་འདིའི་ཚེ་སྲོག་ཆད་ལ་ཉེ་བ་ཡིན། གང་ལྟར་རང་རེའི་སྐད་ཡིག་གི་རིན་ཐང་དང་མཛེས་རྩལ། རིག་གཞུང་གི་ཆེ་བ་དང་རིན་ཐང་གླེང་སྐབས། གདོང་ལ་གཡོ་ལངས། སེམས་པ་སྒྱིད་ལུག ཀླད་པར་དུ་བ་འཕྱུར་ཡོང་གི་མི་འདུག་གམ།
དངོས་གནས་ཁྱོད་དང་ཁྱོད་ལྟབུའི་སྨྱོན་པ་ཚོ་ལ་བསྔགས་བརྗོད་ཡོད།
ད་དུང་ཤིན་ཏུ་སྨྱོ་བའི་རེ་བ་དང་ཡིད་ཆེས་ཡོད།
ལས་རླུང་ལགས།
སྐྱིད་སྡུག་ནི་ཆུ་མོའི་རླབས་རིས་དང་མཚུངས་ཤིང་།
ཆུ་མོ་ལ་གཉེར་རིས་ཇི་ཙམ་མང་རུང་བཞུར་བཞུར་བའི་མཐར།
ཡངས་པའི་རྒྱ་མཚོར་དལ་གྱིས་འབབ་པ་དེ་མ་ཡིན་ནམ།
ང་ཡང་ཆུ་མོའི་རླབས་རིས་བཞིན་ད་ལྟ་མྱ་ངམ་གྱི་ཐང་ཆེན་ཞིག་ནས་བཞུར་བཞིན་ཡོད་ལ།
མི་རིང་བར་མཐའི་རྒྱ་མཚོར་སླེབས་པར་ཡིད་ཆེས་ཡོད།
འོན་ཀྱང་ཚེ་སྔོན་གྱི་ལས་ནི་ཐོད་པའི་རི་མོ་དང་མཚུངས་པས།
སྐུ་ཉིད་ཀྱིས་གསུངས་པ་ལ་རྒྱུ་མཚན་གཏན་གཏན་འདུག་པས་སེམས་ལ་འཛིན་ངེས་ཡིན།
འབྲོང་བུ་སོག་ཚ་ལགས།
རྡུལ་འདུས་ཀྱི་ཕུང་པོ་འདི་འཚོ་རུང་འཆི་རུང་།
དོ་དགོང་ངས་དགོང་ཟས་གཏན་ནས་མི་བཟའ།
གཟུགས་ཁམས་ཀྱི་ནུས་པ་རྒྱས་རུང་ཉམས་རུང་།
དོ་དགོང་ང་གཏན་ནས་མི་གཉིད།
གཏུམ་མོའི་བདེ་དྲོད་འཕེལ་རུང་ཟད་རུང་།
དོ་དགོང་ངས་རིག་མ་གཏན་ནས་མི་འདོད།
ཚེ་རིང་ལྷ་མོ་ལགས།
གལ་སྲིད་ཁྱོད་ལ་ཡོད་པའི་བསམ་བློ་དེ།
ང་ཡི་སེམས་སོང་གི་བུ་མོ་ལ་ཡོད་པ་ཡིན་ན།
གངས་རི་དཀར་པོའི་གཟི་མདངས་ཉམས་མི་སྲིད་ལ།
ང་ཡི་མི་ཚེ་ལ་ཁ་ཆར་དང་བུ་ཡུག་གི་འཚུབ་མའང་ལྡང་མི་སྲིད་པ་ཡིན།
གང་ལྟར་ཁྱོད་ཀྱིས་འདི་ནས།
བཀྲ་ཤིས་པའི་སྔ་ལྟས་ཀྱི་ཁ་གཡང་གྲགས་པར་དགའ་བསུ་ཞུ་ཞིང་།
དེ་ལྟར་མངོན་དུ་གྱུར་བ་ལ་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
དོལ་སྨྱོན་ལགས།
འཆིང་བྱེད་ཀུན་ལས་དམ་པའི་བརྩེ་དུང་འདི།།
སྡུག་བསྔལ་ཀུན་ལས་ཆེ་སྟེ་བརྗེད་ཐབས་བྲལ།།
དགའ་བར་འདོད་ཀྱང་ཐོབ་པ་སྐྱོ་གདུངས་ལས།།
མེད་འདིས་ལུས་སེམས་གཉིས་པོ་འཇོམས་པར་འདུག
ངས་དོ་དགོང་ཅི་ཡང་མི་འདོད་ཀྱང་། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས། །
དོ་དགོང་དགོང་ལ་དོ་དགོངས་འབྲི་དགོས། །
ཞེས་པའི་སྐོར་ལ་དོ་དགོང་དཔྱད་དགོས། །
དམུ་ཐག་དཀར་པོ་ལགས།
ཁྱེད་ཀྱིས་གསུངས་པ་དངོས་བདེན་རེད།
འོན་ཀྱང་ང་དང་ང་ལྟ་བུའི་སྨྱོན་པ་མང་པོ་ཞིག་ནི།
རང་རེའི་སྐད་ཡིག་གི་རིན་ཐང་དང་མཛེས་རྩལ་ལ་ཤིན་ཏུ་གདུངས་ཤིང་།
ཁྱེད་དང་ཁྱེད་ལྟ་བུའི་མི་བུ་རྣམས་ཀྱི་རྗེས་སུ་འབྲང་བཞིན་ཡོད་ན།
ཐུགས་ལྷོད་པོར་བྱས་ནས་བཞུགས་དང་།
ང་དང་ང་ལྟ་བུའི་ན་གཞོན་རྣམས་ནི་ནམ་ཡང་ཁྱེད་ཚོའི་རྗེས་འཛིན་པ་ཏག་ཏག་ཡིན།
ད་དུང་ཁྱེད་ཀྱི་རེ་བསྐུལ་ལྟར།
ང་མུ་མཐུད་དུ་སྨྱོ་ངེས་ཡིན།
འདི་ལྟར་སྙན་ངག་གི་ཚོར་འདུ་སྐྱེན་མོ་ཞིག་ནས།
ང་གཏན་དུ་སྨྱོ་ངེས་ཡིན།
རིག་གཞུང་གི་གཏིང་རུམས་ཟབ་ས་ཞིག་ནས།
ང་ནམ་ཡང་སྨྱོ་ངེས་ཡིན།
བརྩེ་དུང་གི་འཁོར་བསྐྱོད་རིང་མོའི་ཁྲོད་ནས།
སློབ་དཔོན་ཀརྡོ་ལགས།
ངས་ལ་དྭགས་བློ་བཟང་འཇམ་དཔལ་ཞེས་པ་ཞིག་ཐོས་མ་མྱོང་ལ།
དོ་དགོང་ལ་དོ་དགོངས་ཞེས་བྲིས་པའང་མཐོང་མ་མྱོང་།
གང་ལྟར་སྐུ་ཉིད་ཀྱི་སྤྱན་ཟུང་ང་ཡི་འཇིག་རྟེན་ལ་ཐེངས་ཤིག་གཟིགས་པར་དགའ་བསུ་ཞུ།
དོལ་སྨྱོན་ལགས། དཀར་ཞིང་སྡུམ་ལ་ཁྲེག་ཅིང་འབུར་བའི་ནུ་མ་ཟུང་བྲང་དུ་འབུར་ཞིང་། དཀར་ལ་དམར་མདངས་ཆགས་ཤིང་། ཨི་ཁུང་ཟབ་ཅིང་རླན་དང་ལྡན་པའི་སྟུ་བརླ་བར་ན་འཁྱེར་བའི་བུ་མོ་ཞིག་དོ་དགོང་ཐོབ་ན་་་་་་་་་་་་་་་དངོས་གནས་གང་ཡང་མི་བྱ་རྒྱུ་ཡིན་ནམ།
མེ་ཏོག་དཀར་པོ་ལགས།
དོ་དགོང་གི་ང་ནི་བརྩེ་དུང་གི་གཏིང་རུམས་ཟབ་ས་ཞིག་ན་འཐིམ་ནས་ཡོད་ལ།
དོ་དགོང་གི་ང་ནི་ཐོབ་ཤོར་གྱི་གྲུ་ཁ་ཟར་མོ་ཞིག་ན་གཟིར་ནས་སྡད་ཡོད།
ང་ལ་བསམ་རྒྱུ་ཞིག་ཡོད་པ་ནི་སེམས་སོང་གི་བུ་མོ་དེ་ཉིད་ཡིན་ལ།
ང་ལ་དྲན་རྒྱུ་ཞིག་ཡོད་པ་ནི་སྙིང་སྡུག་གི་འཛུམ་མདངས་ཁོ་ན་ཡིན།
འདི་ལྟར་ཆེས་མུན་ནག་གི་གཏིང་རུམས་ཟབ་ས་ཞིག་ན་གནས་པའི་ང་ལ་མཚོན་ན།
ལྷ་ཡུལ་གྱི་བུ་མོས་གྲོ་གར་འཁྲབ་རུང་།
མི་ཡུལ་གྱི་བུ་མོས་སྒེགས་ཉམས་སྟོན་རུང་།
ཀླུ་ཡུལ་གྱི་བུ་མོས་གླུ་དབྱངས་ལེན་རུང་།
ང་ཡི་སེམས་ཀྱི་ཚོར་འདུ་ནི་གཞན་ཞིག་གི་ཀློང་དུ་འཐིམ་ཟིན་པས།
དངོས་ནས་ངས་དོ་དགོང་ཅི་ཡང་མི་འདོད།
ཨ་རོ་མེ་ཏོག་དཀར་བོ།
ཁྱོད་ཀྱིས་གོང་དུ་མཆན་བཀོད་པའི་ནང(དཀར་ཞིང་སྡུམ་ལ་ཁྲེག་ཅིང) ཞེས་བྲིས་འདུག་པར་གཟིགས་དང།
དོན་དག་ཆུང་ཆུང་ཞིག་མཚོན་པའི་སླད་དུ་ཡིག་ནོར་ཆེན་པོ་བྲིས་འདུག
དེ་ནི་སྡུམ་དང་ཁྲེག་ཅེས་པ་དེ་གཉིས་རེད། ཁྱོད་ཀྱི་ཞེ་འདོད་དབྱིབས་བརྒྱད་ཀྱི་ནང་གི་ཟླུམ་པོ་ལ་དམིགས་ཀྱི་ཡོད་ན་དེ་ནི་ཟ་ཟླུམ་ཡིན་པ་ལས་ས་སྡུམ་ག་ལ་ཡིན། ཁྲེག་ཅེས་པ་དེའང་སྲ་མཁྲེགས་ཀྱི་དོན་ཡིན་ན་མ་ཡིག་སྔོན་འཇུག་དང་སའི་ཡང་འཇུག་འབྲི་དགོས། མའི་སྔོན་འཇུག་མེད་ནའང་སའི་ཡང་འཇུག་ངེས་པར་དགོས་པས་ཐུགས་ཞིབ་གནང་རོགས་ཞུ་རྒྱུ་ཡིན།
དམུ་ཐག་དཀར་པོ་ལ་མཐོལ་ལོ་བཤགས་སོ།།
ཨ་རོ་དོལ་སྨྱོན་ལགས། ཁྱེད་ཀྱིས་ན་ཉིན་ཞིག་ན་བྲིས་པའི་ཞིང་པས་ཞིང་ཁའི་ཟུར་ནས་སྲུབ། སོགས་ཆགས་གཏམ་ཚིགས་བཅད་མ་ཞིག་ཡོད་པ་དེའི་ཁ་བྱང་འདི་ན་བཞག་རོགས་མཛོད། ཚར་གཅིག་བལྟ་སྙིང་འདོད་སོང་།
མེ་ཏོག་དཀར་པོ་ལགས་འདི་ན་བཞག་ཡོད་མཉེས་པོ་གནང་རོགས་ཞུའོ།།
སོར་ལྔའི་བདེ་བ།
རྒྱུ་དང་ནོར་གྱིས་བླུ་བར་མི་དགོས་ཤིང་།།
གཏམ་དང་གྲགས་པའི་མཐུན་རྐྱེན་མི་མཁོ་ལ།།
ཟད་དང་བརླག་པའི་འཇིགས་པ་མི་འཚལ་བའི།།
རང་བྱུང་སོར་མོ་ལྔ་ལ་ཕྱག་འཚལ་ལོ།།
སྡེ་སྣོད་གསུམ་གྱི་བཅས་པས་མི་གནོད་ཅིང་།།
ཡུལ་དང་ལུང་པའི་ཁྲིམས་དང་མི་འགལ་བ།།
ལྷན་སྐྱེས་ལུས་དང་འགྲོགས་པའི་ཁྱད་ཆོས་ཅན།།
སོར་ལྔས་བསྲུབས་པའི་རྩལ་འདི་རྨད་པར་འོས།།
སྨན་ཆུང་བུ་མོར་འགྲོ་གྲོན་མི་དགོས་ཤིང་།།
སྟག་ཤར་རྣམས་ལ་འཛེམ་ཟོན་མི་དགོས་པ།།
ཡུལ་དུས་མཐུན་རྐྱེན་སྣ་དགུའང་མི་མཁོ་བར།།
ལན་གཅིག་བསྲུབས་པས་ལྷན་སྐྱེས་བདེ་བས་ཁྱབ།།
བླ་མ་ཆེན་པོས་བཞུགས་འཁྲིའི་སྟེང་ན་བསྲུབས།།
དགེ་བཤེས་ཆེན་པོས་བཀའ་པོད་དབར་ན་བསྲུབས།།
སྤྲུལ་སྐུ་ཆེན་པོས་ཌཱ་དྲིལ་དཀྱིལ་ན་བསྲུབས།།
ཀུན་གྱི་དགོངས་པའི་གཏད་སོ་ཁྱོད་རང་རེད།།
བཙུན་མོ་ལྔ་བརྒྱའི་དབུས་ན་རྒྱལ་པོས་བསྲུབས།།
སྒོར་མོ་འབུམ་ཕྲག་དཀྱིལ་ན་ཚོང་པས་བསྲུབས།།
ཐང་ཕྱེ་རིལ་བུའི་ཁྲོད་ན་སྨན་པས་བསྲུབས།།
ཡོད་ཚད་ཁྱོད་ལ་དུང་བ་ཇེ་ཉེ་རེད།།
འདོད་ལྡན་རྒན་པོས་མལ་སའི་ནང་དུ་བསྲུབས།།
སྟག་ཤར་གཞོན་པས་འཁྲུས་ཁང་ནང་དུ་བསྲུབས།།
སྤྲང་པོ་འཁྱམས་པོས་གཞུང་ལམ་ཟུར་ན་བསྲུབས།།
ཀུན་གྱིས་ལག་ཏུ་བླང་བྱ་ཁྱོད་རང་རེད།།
མདའ་གྲི་མདུང་གི་དབར་ན་དམག་མིས་བསྲུབས།།
འབྲི་གཡག་ལུག་གི་གསེབ་ན་རྫི་བོས་བསྲུབས།།
སྟོན་ཐོག་སྣ་དགུའི་ཁྲོད་ན་ཞིང་པས་བསྲུབས།།
འགྲོ་བ་མི་ཡི་ཁྱད་ཆོས་ཁྱོད་རང་རེད།།
ཟས་དང་ནོར་གྱི་གཏོང་བ་མི་དགོས་ཤིང་།།
ཁྲིམས་དང་ཆད་པའི་འཇིགས་པ་མ་མཆིས་པར།།
མཆོག་དམན་ཀུན་ལ་དབང་བའི་དངོས་པོ་སྟེ།།
སོར་ལྔས་བསྲུབས་པའི་བདེ་བ་ཁྱོད་རང་རེད།།
བཀའ་བསྟན་གསུང་རབ་གང་དུ་མ་མཆིས་ཤིང་།།
ཨོ་རྒྱན་པདྨས་ལུང་དུའང་མ་བསྟན་པའི།།
སིམ་པའི་བདེ་བ་མྱོང་བའི་ཐབས་ཤེས་དེ།།
རྣམ་དཔྱོད་སོར་ལྔའི་འཕྲུལ་གྱིས་ཇི་ལྟར་བསྐྲུན།།
འདོད་པའི་བདེ་བར་ངོམས་པའི་མཐའ་མེད་ཅིང་།།
སོར་མོ་ལྔ་ལ་ཟད་པའི་དུས་མེད་པས།།
ཐབས་མཆོག་འདི་ཉིད་སྤངས་ནས་འཕྱོན་མ་ཡི།།
རྗེས་སུ་འབྲང་འདི་ལྐུགས་རྟགས་མ་ཡིན་ནམ།།
བུད་མེད་མཚན་མ་སྡུག་གི་སྣ་འདྲེན་ཏེ།།
ཆུ་ཚོད་གཅིག་གི་བདེ་བ་ལ་ཆགས་ནས།།
ཚེ་གང་འཕུང་ལ་སྦྱོར་བའི་བྱ་བ་འདི།།
བློ་ལྡན་ཡོད་ན་ཕྲལ་དུ་སྤོངས་བར་མཛོད།།
ཐུགས་རྗེ་ཆེ། ངས་ཁ་བྱང་ཙམ་འཇོག་པར་བསྐུལ་མོད། ཁྱེད་ཀྱིས་དེ་ལས་ལྷག་པའི་མ་རྩོམ་རང་འཇོག་གནང་མཛད་པར་བཀའ་དྲིན་ཆེ།
ཧ་ཧ་ཧ་
རྨུ་ཐག་ཁྱོད་ཀྱི་བལྟས་ངན་གྱི་ཧ་བགད་རེད་དམ། ཅི་རེད། ཀུ་རེ་ཡིན།
དོལ་སྨྱོལ་ལ།
སྨྱོན་པའི་སེམས་ཁམས་གཞན་གྱིས་རྨས་ཀྱང་ལག་པའི་འབྲི་རྩལ་སྔ་ལས་ཡག །
སྨྱོན་པའི་ཁ་ལྕེར་བསྟོད་མཁན་ཉུང་ཡང་གཏམ་གྱི་སྙིང་བོ་གནད་ལ་ཟུག །
སྨྱོན་པའི་རྐང་འགྲོས་འཁྱར་འཁྱོར་ཡིན་ཡང་རི་ལུང་ཐང་གསུམ་ཀུན་ལ་སླེབས། །
སྨྱོན་པའི་ནང་གི་སྨྱོན་པ་མིན་ནོ་ལྷོད་ཀྱིས་སོར་ལྔའི་ལས་དཀའ་བྱོས། །
མཛེས་མ་ཞིག་ལ་རེ་བ་བྱས་ཀྱང་རེ་བའི་སྣེ་མོ་སྡུག་གི་ཁུར་བོ་ཉིད། །
མཛེས་ཀྱིན་མེད་པའི་བུ་མོ་ཞིག་ལ་བལྟས་མྱོང་མེད་པར་ལང་ཚོ་རྒས་ནས་འགྲོ། །
དེང་གི་ཕོ་གསར་སྣང་མཐོ་ཅན་ལ་འགྲོ་སོང་སྒོར་གཅིག་མི་དགོས་པའི། །
སོར་མོ་ལྔ་ཡི་འཁྲིག་སྟངས་དམར་བརྗེན་དར་མོར་ཤོད་ཅིག་དོལ་སྨྱོན་ལགས། །
སེམས་སོང་བུ་མོའི་བཞིན་རས་མཐོང་དུས་སྨྱོན་པ་མི་སྨྱོ་རང་སྨྱོ་རེད།།
སེམས་ཀྱི་ཕྱི་ནང་སྨུག་པས་བཏུམས་དུས་སྙན་ངག་མི་འབྲི་རང་འབྲི་རེད།།
ཡོད་ཚད་མུན་པའི་ཟབ་སར་འཐིམ་དུས་རྒུན་ཆང་མི་འཐུང་རང་འཐུང་རེད།།
ཆགས་པའི་བཟི་ཁ་དགུང་ལ་འཕྱུར་དུས་སོར་ལྔར་མི་བསྟེན་རང་བསྟེན་རེད།།
མེ་ཏོག་དཀར་པོ་ལགས།
ཁྱེད་ཀྱིས་ཐུགས་རྗེ་ཆེ་ཞུ་མི་དགོས་དྲང་མོ་བཤད་ན་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་དགོས།
དེ་ནི་ཁྱེད་ཀྱིས་ཕྲན་གྱི་སྙན་ངག་ཀློག་སྙིང་འདོད་པ་དེ་ཡིན།
ཐུགས་རྗེ་ཆེའོ།། ཚེ་རིང་ལོ་བརྒྱ།། ཁ་དྲོ་རྐུབ་དྲོ།། རྩེད་མོ་ཡིན།། ཧཧཧཧཧཧཧཧཧཧོཧོཧོ།།།།
རྒུན་ཆང་མངར་མོ་ཧུབ་འཐེན་གཅིག་གིས་སྙན་ངག་ཟེར་ནོ་ཆུ་རྒྱུགས་རྒྱུགས། །
མཛེས་མའི་ཞལ་རས་དྲན་ཐེངས་རེ་ལ་དྲན་པའི་གདུང་གླུ་འཁྲོལ་ལོ་ལོ། །
རང་སེམས་རང་གི་སོར་མོར་ཆགས་པས་སོར་མོའི་དགེ་མཚན་གླེང་མི་ཚར། །
དོལ་སྨྱོན་རྒད་པོའི་སྨྱོན་ཚུལ་འདི་ལ་སྣ་ཁ་མིན་གཅིག་བཅོ་བརྒྱད་འདུས །
རྒུན་ཆང་མངར་མོའི་བཟི་ཁའི་ཁྲོད་ན་སྙིང་སྡུག་ཞལ་རས་འཛུམ་དམུལ་དམུལ།།
ཚོར་འདུ་སྐྱེན་པོའི་སྙན་ཚིག་ཁོངས་ན་སྙིང་སྡུག་ལང་ཚོ་འཕྲ་ཆེམས་ཆེམ།།
ང་ཡི་སེམས་ཀྱི་འཆར་སྒོ་ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
ཐང་ཕྱེ་རིལ་བུའི་སྨན་གྱིས་མ་ཕན་སྨྱོན་པའི་ན་ཟུག་ཇེ་ཆེ་རེད།།
ཉི་མ་ཟླ་བ་འོད་ཀྱིས་མི་སེལ་སྨྱོན་པའི་འཇིག་རྟེན་མུན་ནག་རེད།།
སེམས་དང་སེམས་ཀྱི་རྣམ་རྟོག་ཡོད་ཚད་ཁྱོད་ལ་འཐིམ་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
རྒུན་ཆང་མངར་མོའི་བཟི་ཁ་མངར་རུང་སེམས་ཀྱི་འཕར་ལྡིང་ཇེ་ཆེ་རེད།།
སྙན་ཚིག་སྙན་མོའི་དྲོ་ཁ་ལྕི་རུང་དབང་པོ་སྒོ་ལྔ་མུན་ནག་རེད།།
ང་དང་ང་ཡི་འཁོར་ཡུག་ཡོད་ཚད་ཁྱོད་ཀྱིས་ཁྱབ་པའི་ཉིན་མོ་ནས།།
སྨྱོན་པའི་སྨྱོ་ལུགས་བཅོ་བརྒྱད་མི་ཚད་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་ཡོད།།
སོར་མོ་ལྔ་ཡི་བདེ་བ་ཞིམ་རུང་ལུས་ཟུངས་ཟད་པའི་གཞི་རྩ་རེད།།
སེམས་སོང་བུ་མོའི་བཞིན་རས་མཛེས་རུང་སེམས་པ་སྐྱོ་བའི་མ་རྩ་རེད།།
མཛུབ་རྩེས་བཞུར་བའི་སྙན་ཚིག་སྙན་རུང་ཡིད་ཐང་ཆད་པའི་འོ་འདོད་རེད།།
སྨྱོན་པའི་སྨྱོ་ལུགས་ཇི་ཙམ་མང་རུང་རྩ་བའི་སྨྱོ་གཞི་གཅིག་པ་རེད།།
དོལ་སྨྱོན་ལགས་ཀྱི་གོང་རྩོམ་དེའི་མཆན་བུ་ཞིག་ནང་མེ་དཀར་ངས་ཁ་སྐོང་འདི་འདྲ་ཞིག་བྲིས་འདུག་གཟིགས་དང་།
དོལ་པོ་སྨྱོན་པ་ཁོས་ཕོ་མོ་དབྱེ་འབྱེུད་ཀྱིས་སོར་མོ་ལྔ་ལ་ཕོ་མཚན་བསྲུབ་པ་ལས་མོ་མཚན་བསྲུབ་སྟངས་ཟུར་ཙམ་ཡང་མ་བཤད་པས་ཉེས་པ་ཧ་ཅང་ཆེ།
ལོ་ན་སྨིན་པས་དེ་མ་ཐག་པ་རུ། །
འཁྲིག་འདོད་ཆེ་ཡང་སྣ་ཚོགས་ཐེ་ཚོམ་གྱིས། །
ཕོ་དང་འབྲེལ་བའི་གོ་སྐབས་ཆེས་ཕྲ་ཕྱིར། །
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །
གལ་ཏེ་ཕོ་དང་འབྲེལ་བར་གྱུར་ན་ཡང་། །
ཕོ་མཚན་ཆེ་ན་སྡུག་བསྔལ་བཟོད་རླག་མེད། །
ཆུུང་ན་འདོད་པ་ངོམས་པར་མི་འགྱུར་བས། །
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བྱེད། །
ཕོ་གསར་རྣམས་ཀྱི་བུ་མོ་བསླུས་བསླུས་ནས། །
བུ་མོའི་སེམས་ཀྱིི་གཏད་ས་ཤིན་ཏུ་དཀོན། །
དེ་ནས་འདོད་བདེ་ལྟེར་མཁན་རྙེད་དཀའ་བས། །
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །
གང་ཏེ་རང་སེམས་བབས་པའི་ཕོ་ཞིག་དང་། །
ཉལ་པོ་བྱེད་པའི་གོ་སྐབས་ཐོབ་ན་ཡང་། །
རྒྱོ་ཐེངས་གཅིག་གིས་དབུགས་ཐག་ཆད་པ་མང་།
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །
ཕོ་དང་འབྲེལ་བ་མང་བས་རྐུབ་རྒྶས་ཤིང་། །
ནུ་ཟུང་ལྷུག་པས་ན་ཚོད་མྱུར་དུ་ཡལ། །
ཕ་མེད་བུ་ཆུང་སྐྱེས་པའི་ཉེན་ཁ་ཆེ། །
མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །
ཟ་འཕྲུག་ལངས་སར་ཐེ་བོང་རེག་པ་དང་། །
འདོན་འཇུག་བྱ་སར་མཛུབ་མོ་གུང་མོ་སོགས། །
ཆེ་ཆུང་རང་འདོད་ལྟར་དུ་བྱེད་པས་ཆོག །
སོར་ལྡའི་ཁྱད་ཆོས་བརྗོད་པས་ག་ལ་ལང་། །
བུ་མོ་དགའ་རེས་ཚུལ་འདིས་ཚིམས་དྲག་པས། །
ཁྱོད་ལ་རེ་དགོས་མེད་པའི་འདེངས་ཚོད་ཀྱིས། །
སྐྱེས་པ་མཐོང་དུས་ཁོང་དགོད་ཤོར་བ་སོགས། །
ཤིན་ཏུ་སྤོབས་པ་ཆེ་བའང་ཡོད་ཅེས་ཐོས། །
རིན་གོང་ཆེན་པོས་ཉོ་སྒྲུབ་མི་དགོས་ཤིང་། །
དཀའ་ངལ་ཆེན་པོས་སྲུང་སྐྱོབ་མི་དགོས་ལ། །
ངོ་ཚ་ཆེན་པོས་སྦས་སྐུངས་མི་དགོས་པར། །
འདོད་ཆགས་ཆེན་པོ་སེལ་ལ་མཛུབ་མོ་མཆོག
ཚུལ་འདིར་ནོར་བ་མཆིས་ན་སྒྲོལ་མ་མཚོར། །
མཐོལ་ཞིང་བཤགས་ལ་མྱོང་བ་དམར་ལྗེན་རིགས། །
ཆགས་ཆེན་རྣམས་ཀྱི་མིག་གི་དགའ་སྟོན་དུ། །
ཁ་བརྡའི་ནང་ན་གསུངས་པར་བསྐུལ་མ་འདེབས། །
ཚུལ་འདི་ཨ་ནེ་རྣམས་ཀྱི་གཅེས་ནོར་ཏེ། །
གྲྭ་པ་རྣམས་ཀྱི་རྒྱུན་གྱི་ཡི་དམ་ཀྱང་། །
གཞན་གྱིས་རྟོགས་ན་ངོ་ཚའི་མཆོག་ཡིན་ཕྱིར། །
ཤིན་ཏུ་གསང་བར་འོས་པའི་མན་ངག་ཅིག །
དོལ་སྨྱོན་གྱིས་བྲིས་པའི་སོར་སྔ་ཡི་བསྲུབས་སྟངས་དང་།།
མེ་དཀར་གྱིས་བྲིས་པའི་མཛུབ་མོ་ཡི་དཀྲུགས་སྟངས་གཉིས།།
སོར་མོ་ཡི་བྱེད་ལས་ཙམ་དུ་འདྲ་ན་ཡང་།།
མཐར་ཐུག་གི་ཐོབ་བྱ་ཡི་ཐད་ལ་ཁྱད་པར་ཆེ།།
རྒུན་ཆང་ཞིམ་པོ་ཁ་ལ་འདྲེན་དུས་མཛེས་མའི་ཞལ་རས་མིག་ལ་འཁོར། །
དྲི་མ་ཞིམ་པོ་སྣ་ལ་ཚོར་དུས་མཛེས་མའི་ཁ་རླངས་ཡིད་ལ་དྲན། །
ཧུབ་འཐེན་གཅིག་གིས་རྩལ་ཁམས་མ་ལུས་ལྷོད་དུ་སོང་བའི་སྣེ་མོ་ནས། །
དོལ་སྨྱོན་རྒད་པོ་སྨྱོ་ལུགས་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་འཁྲབ་འགོ་བཙུགས། །
རིན་ཆེན་རིལ་བུ་ཟས་སུ་བྱས་ཀྱང་ཟས་ཀྱི་ཡི་ག་ལོགས་ནས་ཐལ། །
འཕྲུལ་གྱི་མེ་ཐབ་བཅུ་ཁ་འབར་ཡང་སེམས་ཀྱི་ཁ་བ་བཞུར་མི་ཐུབ། །
ལུས་སེམས་གཉིས་ཀར་ཕོག་པའི་ནད་ལ་བཅོས་ཐབས་ཞེན་པ་ཤེས་པ་ནས། །
དོལ་སྨྱོན་རྒད་པོ་སྨྱོ་ལུགས་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་འཁྲབ་འགོ་བཙུགས། །
འབུམ་ཕྲག་རི་བའི་རིན་གོང་ཚང་ནོ་སེམས་ཀྱི་ཟུར་ནས་ཟབ་དུ་ཕྱིན། །
སུ་དང་གང་གིས་མི་རིག་ས་ནས་སོར་མོ་ལྔ་ལ་གྱེར་ནས་བསྡད། །
དར་མོར་བྱས་ནས་སོར་མོ་ལྔ་བོའི་ལས་ལ་ཞུགས་པའི་ཉིན་མོ་ནས། །
དོལ་སྨྱོན་རྒད་པོ་སྨྱོ་ལུགས་བརྒྱ་དང་བརྒྱད་ཅུའི་རྣམ་ཐར་འཁྲབ་འགོ་བཙུགས། །
བྱེ་བ་ས་ཡའི་ཉི་འོད་འཕྲོས་ཀྱང་སྨྱོན་པའི་འཇིག་རྟེན་ནག་འཐུམ་འཐུམ།།
བརྒྱ་རྩ་བརྒྱད་ཀྱི་ཟས་རིགས་བཤམས་རུང་སྨྱོན་པའི་ཡི་ག་ཞེ་མེར་མེར།།
འཁྲི་མ་འབུམ་གྱི་རྒུན་ཆང་བསྒྲིག་རུང་སྨྱོན་པའི་སེམས་ཁམས་གྲང་ཤུར་ཤུར།།
ཡོད་ཚད་ཁྱོད་ལ་ཤོར་བའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
ཕྱི་ཚུལ་མཛེས་པོའི་འཛུམ་ཞིག་ཤོར་རུང་འཛུམ་དེའི་ཁོངས་ན་ན་ཟུག་ཅིག།
མཐོང་སྣང་ཡོད་ཚད་ཁྱོད་ཀྱིས་ཁྱབ་རུང་ཁྱོད་ཀྱི་འཇིག་རྟེན་གཞན་པ་ཞིག།
རང་གིས་རང་ལ་ཇི་ཙམ་བཅུན་རུང་ཞེ་ཐང་ཆད་པའི་བྱ་བཞག་ཅིག།
ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
ཞོགས་པ་མིག་ཟུང་ཐོག་མར་ཕྱེ་དུས་དང་པོར་མཐོང་བ་ཁྱོད་རང་ཉིད།།
ཕྱི་དྲོ་མིག་ཟུང་དལ་གྱིས་བཙུམས་དུས་སེམས་ནས་དྲན་པ་ཁྱོད་རང་ཉིད།།
སེམས་དང་ཀླད་པའི་འཁོར་ཡུག་ཀུན་ལ་རིམ་གྱིས་ཁྱབ་པ་ཁྱོད་རང་ཉིད།།
ཡོད་ཚད་ཁྱོད་ལ་འཐིམ་པའི་ཉིན་ནས་སྨྱོན་པའི་རྣམ་ཐར་འཁྲབ་འགོ་ཚུགས།།
ཚུར་ལ་ཉོན་དང་མེ་ཏོག་དཀར་བོ་ལགས།།
གྲོ་གའི་འཛུར་བུ་གཅུས་པ་ལྟ་བུ་ཡི།།
ཀྱོང་ཀྱོང་རྣ་བ་ཟུང་གི་བུ་ག་རུ།།
ཚིག་གསུམ་བདུད་རྩིའི་ཐིག་གཅིག་གཏིགས་ན་འདོད།།
ཁ་བརྡ་སང་གི་དྲ་བའི་གསང་ལམ་ནས།།
བུ་མོའི་བརླ་ཤ་ཙམ་ལ་ཐུག་རེག་གི།།
མྱོང་བ་མེད་པའི་ཕོ་ཧྲེང་འགའ་ཞིག་གིས།།
སྤར་མོ་ལིངྒར་འཇུས་པའི་གཏམ་རྒྱུད་ཅིག།
སྙན་མོ་ཚིག་གི་ལམ་ནས་སྤེལ་བའི་ཚེ།།
དམུ་ཐག་རྒད་པོ་མི་དགོད་བསམ་ན་ཡང།།
དབྱུག་གུས་སྐུལ་བའི་རྫ་རྔ་ཇི་བཞིན་དུ།།
ཧ་ཧ་དགོད་པའི་སྒྲ་ཞིག་ངག་ནས་ཐལ།།
ཁྱོད་ཀྱིས་ང་ལ་བཏོན་པའི་དྲི་བ་དང།།
ཁྱོད་ཀྱིས་ང་ལ་བརྩེས་པའི་ཀུ་རེ་བཞིན།།
འུ་ཐུག་མཐོང་བའི་བལྟས་ངན་དགོད་སྒྲ་ཡིན།།
ཡ་མཚན་བསམ་པའི་སྙིང་རྗེའི་དགོད་སྒྲ་ཡིན།།
དེ་རིང་གསར་དུ་བརྙེད་པའི་ཐབས་ལམ་ཡིན།།
རང་གིས་ཚོད་ལྟ་བྱ་རྒྱུའི་འདུན་པ་སོགས།།
ཧ་ཧ་དགོད་པའི་རྒྱུ་མཚན་ད་དུང་མང།།
མཐོང་བས་ཧ་ཧའི་དགོད་སྒྲ་བསྒྲགས་པ་ཡིན།།
འོ། དྲ་གྲོགས་ཚོ།
ངས་གོང་དུ་མཆན་འདེབས་སྐབས་ཚིག་རྐང་ཐ་དེ་ཚིག་ལྷག་ཤོར་བ་རེད། དགོངས་དག་ཞུ།
དོལ་སྨྱོན་གྱི་རྩོམ་ཡིག་འདིར་མཆན་རྟགས་༡་འགོད་མཁན།
ལས་རླུང་ཟེར་བ་དེས་དོལ་སྨྱོན་ལ་སེམས་གསོ་དང་བསླབ་བྱ་གནང་སྟངས་ལ་བལྟས་ན།
ཁོ་ནི་ཀརྡོ་རབ་འབྱམས་པ་ཟེར་བ་ནང་བཞིན།
བརྩེ་དུང་རབ་འབྱམས་པ་ཟེར་བ་དེ་ཡིན་ས་རེད།
དོལ་སྨྱོན་ལགས་ཀྱི་ཐོལ་བྱུང་སྨྱོ་གླུ་རྣམས།།
མཐོང་བས་རྐྱེན་བྱས་ཁོང་གི་རྣམ་བསྡུས་ཤིག།
ཁ་བརྡ་དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ།།
ཉི་གཞོན་བུ་ཆུང་བདག་གིས་འབུལ་སྙིང་འདོད།།
དོལ་སྨྱོན་ངེད་གཉིས་གྲོགས་པོ་བཟང་པོ་ཡིན།།
ཁོང་ལ་མི་འདྲའི་ཁྱད་ཆོས་ཤིན་ཏུ་མང་།།
དམ་ཆོས་གསུངས་ན་མཁན་ཆེན་དམ་པ་ཡིན།།
མདོ་སྔགས་གཞུང་ལུགས་འཆད་ལ་ཐོགས་པ་མེད།།
རིག་གནས་གསུངས་ན་སློབ་དཔོན་ཆེན་པོ་ཡིན།།
སུམ་རྟགས་དག་གསུམ་འཆད་ལ་ཐོགས་པ་མེད།།
ཞིང་བཅུ་བསྒྲལ་ན་སྔགས་པ་ནུས་ལྡན་ཡིན།།
ཚེ་ཁྲུས་གནས་གསུམ་དགོངས་པ་འབྲལ་མེད་ཡིན།།
ཉམས་ལེན་བྱེད་ན་ཆོས་པ་ཡང་དག་ཡིན།།
ངེས་འབྱུང་སྐྱོ་ཤེས་རྒྱུད་དང་འབྲལ་མེད་ཡིན།།
སྨན་སྦྱོར་བྱེད་ན་སྨན་པ་མཁས་པ་ཡིན།།
སྨན་གཞུང་རྒྱུད་བཞི་ངག་ཐོག་ཤ་ར་ར།།
ཆབ་སྲིད་བཤད་ན་བཀའ་བློན་ཁྲི་པ་ཡིན།།
རྒྱལ་རབས་ལོ་རྒྱུས་ཚན་རིག་ཀུན་ལ་མཁས།།
སྙན་ངག་འབྲི་ན་ཀླུ་སྨྱོན་གཉིས་པ་ཡིན།།
རང་བྱུང་སོར་ལྔའི་བསྟན་བཅོས་ངོ་མཚར་ཆེ།།
ཆགས་གཏམ་སྨྲར་ལ་ཆགས་ཐོགས་ཡོད་མ་ཡིན།།
དགེ་ཆོས་འདོད་བསྟན་ཁ་ཏོན་ཆད་མེད་ཡིན།།
བརྩེ་དུང་གླེང་ན་སྨྱོན་པ་ཉག་གཅིག་ཡིན།།
དགོད་བཞིན་ངུ་བཞིན་སྣབས་ཆུ་འཕྱི་བཞིན་གླེང་།།
ཟས་ལ་རོལ་ན་ལྟོག་འདྲེ་མངོན་རྒྱུག་ཡིན།།
ཕོར་ཆེན་བརྒྱད་དགུ་གར་སོང་ཆ་མེད་ཡིན།།
ཉམ་ཆུང་མཐོང་ན་བྱང་སེམས་རློན་པ་ཡིན།།
རྒྱུ་ཚེགས་གཉིས་ཀྱིས་འགྲོ་དོན་བྱེད་ངེས་ཡིན།།
ཁོང་ཁྲོ་ལངས་ན་ཁྲོ་རྒྱལ་རྟ་མགྲིན་ཡིན།།
ལག་ན་གང་ཡོད་ས་ལ་བརྡབ་ངེས་ཡིན།།
ཆགས་པས་གཟིར་ན་བུ་མོ་བཙལ་ངེས་ཡིན།།
མ་ཐོབ་སོར་ལྔའི་བདེ་བ་མྱོང་ངེས་ཡིན།།
མཛེས་མ་འགུགས་ལ་ཕོ་སྒོ་ཅུང་ངན་ཡང་།།
ཀུན་ལ་སྨན་པའི་ཡོན་ཏན་མང་པོ་ཡོད།།
ལུས་བོང་མི་ཆེ་མི་ཆུང་འབྲིང་ཙམ་ཡོད།།
ཕོ་ལོ་བཅུ་ཕྲག་གསུམ་ལ་སླེབས་ཙམ་ཡིན།།
སྔར་འདྲེས་གྲོགས་ལ་ཕྱི་ཐག་རིང་པོ་ཡིན།།
ཕྱིས་འབྱུང་གྲོགས་ལ་བྱམས་བརྩེ་བྱེད་ངེས་ཡིན།།
དོལ་སྨྱོན་དོན་ལ་སྨྱོན་པ་མིན་མོད་ཀྱང་།།
སྨྱོ་ཚུལ་ཙམ་རེ་སྟོན་ས་འགའ་ཞིག་ཡོད།།
དེང་ཪབས་ཞབས་བྲོ་འཁྲབ་ཚེ་རྐང་ལག་སྨྱོ།།
སེམས་སོང་བུ་མོའི་ཆེད་དུ་སེམས་ཁམས་སྨྱོ།།
དཀར་གཙང་ཤོག་བུའི་སྟེང་དུ་སོར་གཉིས་སྨྱོ།།
ཁེར་རྐྱང་མལ་ཆས་ནང་དུ་སོར་ལྔ་སྨྱོ།།
སྨྱོན་པའི་ཡུལ་དང་རིགས་རུས་ཆོ་འབྲིང་སོགས།།
དགོས་པའི་དབང་གིས་རེ་ཞིག་གསང་བར་བྱ།།
ས་མ་ཡ། དགེའོ།།
ཉི་མ་གཞོན་ནུའི་རྩོམ་ཉི་མ་ཤར་ཤར་རེད་འདུག་ཐུགས་རྗེ་ཆེ།
ཁ་བརྡ་རིག་པའི་གླིང་གི།
ཁ་གསར་ཉི་མ་གཞོན་ནུས།།
ཁ་སེམས་མཐུན་པའི་དོལ་སྨྱོན།།
ཁ་ཁོག་མེད་པར་གླེང་འདུག།
ངག་ལ་རང་དབང་འབྱོར་ཞིང་།།
གྲོགས་ལ་རྒྱུས་མངའ་ཆེ་བའི།།
དྲ་གྲོགས་གཞོན་ནུ་ཁྱེད་ལ།།
ཕེབས་བསུ་བྱེད་དུ་ཡོང་ཡོད།།
སོར་ལྔའི་རྣམ་གཞག་འཆད་ལ།།
ཟླ་མེད་སྟོན་པ་དོལ་སྨྱོན།།
ཁྱེད་དང་ནང་ཚགས་ཡིན་ན།།
གདམས་པའི་བརྒྱུད་པ་ལོས་ཡོད།།
བདེ་བ་དྭངས་མའི་ཐིག་ལེ།།
ཪིན་ཐང་གཞལ་དུ་མེད་ཕྱིར།།
ཆོས་ལོག་སོར་ལྔའི་གདམས་པ།།
སྤེལ་ལ་བརྩོན་པར་མི་རིགས།།
བྷ་གར་ལིངྒས་བསྣུན་ན།།
འོད་གསལ་རང་ངོ་འཕྲོད་ཀྱང་།།
སོར་མོས་ཁུ་བ་འབྱིན་ན།།
ལུས་ཟུངས་འཆོར་བྱེད་ཙམ་ཡིན།།
ལུས་ལ་ལུས་ཟུངས་མེད་ན།།
སེམས་ལ་སྤོབས་པ་མི་ཡོང་།།
སེམས་ལ་སྤོབས་པ་མེད་ན།།
དོན་གཉིས་གང་ཡང་མི་འགྲུབ།།
མཛེས་མ་འགུག་འདོད་ཡོད་ན།།
ཁུ་བ་བསགས་ནས་ཞོག་དང་།།
ཕོ་སྒོ་ཡག་ཏུ་ཕྱིན་ནས།།
མཛེས་མས་རང་འཁོར་བྱས་འོང་།།
གཏམ་འཆལ་བཤད་ལ་དགའ་མཁན།།
ལས་མེད་ལས་རླུང་ང་ཡིན།།
དོན་མེད་ཚིག་གི་ཕེབས་བསུ།།
ཀུ་རེའི་ཚུལ་གྱིས་ཞུས་ཡིན། །
མེ་ཏོག་དཀར་པོས་གཙོ་སྐྱོང་འོག།
ཁ་བརྡའི་རྒྱལ་ཡོངས་ཚོགས་ཆེན་བསྡུས།།
ལས་རླུང་བློན་གྱིས་བཀའ་བགྲོས་བཞིན།།
མང་འོས་ཐག་གཅོད་འདི་ལྟར་བྱུང་། །
ཁ་བརྡ་ཚོགས་ཁང་ནང་དུ། །
མ་བསྐུལ་བྱོན་པའི་དགེ་སྐོས།།
དམུ་ཐག་དཀར་པོའི་མིང་དེ།།
ཇུས་གཏོགས་མཁན་པོ་བསྒྱུར་ཡོད།།
དོལ་སྨྱོན་མ་མཐོང་དོལ་སྨྱོན་མཐོང་།།
དོལ་སྨྱོན་ཁ་བརྡའི་གླིང་ནས་མཐོང་།།
དོལ་སྨྱོན་མ་སྨྱོས་དོལ་སྨྱོན་སྨྱོས།།
དོལ་སྨྱོན་ཀླུ་སྨྱོན་རྗེས་ནས་སྨྱོས།།
དོལ་སྨྱོན་མ་ཆགས་དོལ་སྨྱོན་ཆགས།།
དོལ་སྨྱོན་མཛེས་མའི་རྐུབ་ལ་ཆགས།།
དོལ་སྨྱོན་མ་གཡབ་དོལ་སྨྱོན་གཡབ།།
དོལ་སྨྱོན་སོར་ལྔའི་གཞང་ལ་གཡབ།།
དྲ་གྲོགས་མེ་ཏོག་དཀར་པོ་དང་། ལས་རླུང་རྣམས་གཉིས་ནས་གུས་པར་བསྔགས་བརྗོད་དང་དགའ་བསུ་བྱས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས། ཕྱིས་སུའང་དྲ་གྲོགས་རྒན་པ་ཁྱེད་རྣམས་ནས་གུས་པར་བཀའ་སློབ་ལམ་སྟོན་ཡང་ཡང་ཡོད་པ་མཁྱེན་མཁྱེན་མཁྱེན།
ཉི་མ་གཞོན་ནུ་ལགས།
མུན་པས་ཡོངས་སུ་བཏིབས་པའི་དོ་ར་ན།།
ཉི་མ་གཞོན་ནུ་ལན་ཅིག་ཤར་བའི་ཚེ།།
སེམས་ཟབ་སར་འཐིམས་པའི་མུན་པ་རྣམས།།
ལན་གཅིག་མི་མངོན་དབྱིངས་སུ་ཡལ་བར་བྱས།།
མི་མངོན་དབྱིངས་ན་བཞུགས་པའི་གྲོགས་པོ་ཁྱོད།།
མི་ལས་འདས་པའི་ལྷ་ཡི་རྣ་བ་འམ།།
ཡང་ན་ལྷ་ཡི་སྤྱན་སོགས་གང་ལྟར་ཡང་།།
ང་ཡི་སྐོར་ལ་རྒྱུས་མངའ་ཆེ་ཙམ་འདུག།
ཁ་བརྡའི་དྲ་ཚིག་འདི་ཡི་དོ་ར་ན།།
ད་བར་ཤར་མྱོང་མེད་པའི་ཉི་གཞོན་ཞིག།
དེ་རིང་ཤར་རིའི་རྩེ་ནས་འཕོས་ཙ་ན།།
བུང་བའི་ཚོགས་རྣམས་འཕུར་ལྡིང་བྱེད་ལ་བྲེལ།།
ཚིག་གི་བརྗོད་པ་རྣམས་ནི་དབྱངས་ཅན་ངག།
དོན་གྱི་གནས་ཚུལ་རྣམས་ནི་རི་བོང་རྭ།།
འོན་ཀྱང་འཇུག་གི་བརྗོད་པ་དེ་དག་ནི།།
ཁོ་བོའི་བློ་དང་གཅིག་ཏུ་མཐུན་ནས་འདུག།
ཉི་མ་གཞོན་ནུའི་ཉི་འོད་ཇེ་གསལ་རེད།།
ཉི་མ་གཞོན་ནུའི་སྙན་ཚིག་ཇེ་སྙན་རེད།།
ཉི་མ་གཞོན་ནུའི་སེམས་ཁམས་ཇེ་དྭངས་རེད།།
ཉི་མ་གཞོན་ནུའི་མཁྱེན་དཔྱོད་ཇེ་རྒྱས་རེད།།
དོལ་པོ་སྨྱོན་པའི་མུན་པའི་འཇིག་རྟེན་ལ།།
ཉི་མ་གཞོན་ནུའི་འོད་ཟེར་རབ་འཕྲོས་ནས།།
དགུ་རིམས་འཁྲིགས་པའི་མུན་པའི་ཡོལ་བ་དེ།།
མི་འགྱང་མྱུར་དུ་སེལ་བའི་རེ་སྨོན་ཞུ།།
ཨ་ལགས་ཀླུ་སྨྱོན་འདི་རུ་མི་བཞུགས་ཀྱང་།།
དོལ་སྨྱོན་སོགས་ཀྱི་ཞབས་པད་བརྟན་གྱུར་ན།།
ཁ་བརྡའི་གླེང་སྟེགས་དགའ་སྤྲོའི་ཁེངས་ངེས་རེད།།
ཁྱེད་རྣམས་སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག།
ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ།
ད་ནི་དོན་སྨྱོན་རྒད་པོའི་སེམས་ན་བུ་མོ་གང་ཞིག་ཡོད་པར་འདྲ། །
སོར་མོ་ལྔ་ཡི་གླེང་མཚམས་བཅད་དེ་ཁ་ལྕེ་གཞན་དུ་བསྒྱུར་ཚུལ་ལ། །
སྨྱོ་ལུགས་བརྒྱ་དང་བརྒྱད་ཅུའི་སྣེ་མོ་འཇོག་ན་འདོད་ཀྱིན་ཡོད་ས་རེད། །
སྨྱོན་པའི་སེམས་ནད་བཅོས་སུ་ཐུབ་པའི་སྨན་ཞིག་རེག་དེ་ཡོད་ན་ཐང་། །
ཉི་མ་གཞོན་ནུ་སྤྲིན་པས་མ་སྒྲིབ་ན།།
དོལ་པོ་སྨྱོན་པ་སྐུ་ཚེ་བརྟན་ངེས་ཡིན།།
ཉི་གཞོན་ནུའི་ཉི་ཟེར་མ་ཉམས་ན།།
ཁ་བརྡའི་གླེང་སྟེགས་དགའ་སྤྲོས་ཁེངས་ངེས་ཡིན།།
སོར་མོ་ལྔ་ཡི་སྒྱུ་རྩལ་གླེང་ན་མི་རབས་གསུམ་ལ་འདང་ངེས་རེད།།
སོར་མོ་ལྔ་ཡི་རིན་ཐང་གླེང་ན་རིན་ཆེན་འབུམ་ལ་བདོ་ངེས་རེད།།
སོར་མོ་ལྔ་ཡི་མཛེས་རྩལ་གླེང་ན་ཀུན་གྱིས་ཡིད་སྨོན་ཤོར་ངེས་རེད།།
སོར་མོ་ལྔ་ཡི་འཇུག་ཚུལ་གླེང་ན་ཀུན་གྱིས་འགྲམ་ཆུ་ལྡང་ངེས་རེད།།
དོལ་སྨྱོན་མི་སྨྱོ་དགུ་སྨྱོ་མཛེས་མའི་རྐུབ་ལ་སྨྱོ། །
ཨ་ཁུ་དོལ་སྨྱོན་མི་ཡུལ་ས་མཐའ་འཁྱམས་པའི་སྐབས། །
ཁ་བའི་བུ་མོ་རྣམས་ཀྱང་བྱེད་ཟོ་ཡག་ཏུ་ཕྱིན། །
དོལ་སྨྱོན་ལུས་ཀྱི་འདོད་པ་ཚང་མ་ཉམས་པའི་རྟགས།
དོལ་སྨྱོན་འཇིག་རྟེན་གནས་ལ་ལྷུང་བའི་སྐབས་ནས་བཟུང་། །
དགོན་དུ་བསྡད་པའི་སྐབས་དང་རྣམ་དཔྱོད་ཧེ་བག་ཤོར། །
དགེ་སྦྱོར་ཁ་འདོན་ཀུན་ཡང་དྲན་པ་ཚང་མ་བརྫེད། །
ཉིན་མཚན་དུས་དྲུག་བུ་མོའི་རྐུབ་གཡོགས་རྒྱུགས་འདོད་འདྲ། །
དོལ་སྨྱོན་ལ་སྐུ་རྩེད་ཚུལ་དུ་བྲིས་པ་དགེའོ།
བུ་མོ་གང་ཞིག་སེམས་ན་ཡོད་ཀྱང་སེམས་ཀྱི་ཕྱི་ནང་སྟོང་པ་རེད།།
སོར་ལྔའི་སྒྱུ་རྩལ་ཤོད་འདོད་ཡོད་ཀྱང་བརྗོད་གཞི་གཞན་ཞིག་འཁྲིགས་འཁྲིག་རེད།།
འཁོར་ཡུག་ཡོད་ཚད་སྨན་གྱིས་གཏམས་ཀྱང་སྨྱོན་པའི་ན་ཟུག་ཇེ་དུག་རེད།།
སྨྱོ་ལུགས་བརྒྱ་དང་བརྒྱད་ཅུས་མི་ཚད་གསུམ་བརྒྱ་བརྒྱད་ཅུར་སླེབས་ཉེན་འདུག།
མངའ་རིས་ཕོ་ཉ་ལགས།
མཛེས་མའི་རྐུབ་ནས་སྨྱོ་མེད།།
མཛངས་མའི་བཞིན་ནས་སྨྱོ་མེད།།
སེམས་སོང་བུ་མོའི་འགྲམས་ནས།།
སྨྱོ་བ་སངས་ཐབས་མི་འདུག།
བུ་མོའི་བྱད་གཟུགས་ཡག་རུང་།།
དོལ་སྨྱོན་ལུས་ཟུངས་ཉམས་རུང་།།
སེམས་སོང་བུ་མོ་དེ་ལས།།
གཞན་ཞིག་བསམ་རྒྱུ་མི་འདུག།
སེམས་ཀྱི་འཁོར་ཡུག་ཡོད་ཚད།།
སེམས་སོང་བུ་མོས་ཁྱབ་དུས།།
ཁ་བཏོན་དགེ་སྦྱོར་ཐམས་ཅད།།
གར་སོང་འདིར་སོང་མི་འདུག།
ཕོ་རབས་ཤིག་ལ་གཏམ་ཞིག་མེད་ན་ཆུང་བུ་མོས་ག་ལ་འདོད། །
བཤད་པའི་སྤོབས་པ་ཆེ་ཞིག་མེད་ན་སེམས་ཀྱི་ན་ཚ་དྭངས་ཐབས་མེད། །
འགྲོ་སོང་ཙ་ཙི་བཏང་རྒྱུ་མེད་ན་བུ་མོའི་སྟུ་ཙམ་མཐོང་བ་དཀའ། །
དོལ་སྨྱོན་རྒད་པོ་སྨྱོ་ནས་ཤི་ཡང་སུ་དང་གང་གིས་མཐོང་མ་ལ། །
དེ་ལས་གཞན་གྱིས་མི་རིག་ས་ནས་སོར་མོ་ལྔ་ལ་བསྟེན་བྱས་ཏེ། །
མཇེ་ངན་ནག་རིལ་ལྷོད་ཀྱིས་བཙུར་ནས་སེམས་ཀྱི་ན་ཚར་འེ་ཕན་ལྟོས། །
མཛེས་མ་ཞིག་ལ་རེ་བ་བརྒྱབས་ནས་དར་མའི་ལང་ཚོ་རྒས་མ་འཇུག །
སོར་མོ་ལྔ་ཡི་རྣམ་ཐར་བསྐྱུར་ནས་གཞན་ལ་མ་འབྲོས་དོལ་སྨྱོན་པ། །
ལས་རླུང་ལ་ཕུལ་བ།
བདེ་བ་དྭངས་མའི་ཐིག་ལེ།།
རིན་ཐང་ཆེ་བ་བདེན་ཡང་།།
སོར་ལྔས་སྲུབ་པའི་ཐབས་འདི།།
ལོག་ཆོས་ཡིན་པ་ཅིས་གྲུབ།།
བྷ་གར་ལིང་ག་བསྣུན་ནས།།
འོད་གསལ་རང་ངོ་འཕྲོད་ན།།
འཁོར་བའི་སེམས་ཅན་ཡོད་དགུ།།
སྔར་ནས་རང་ངོ་འཕྲོད་ཚོད།།
དམིགས་པའི་གདེང་དང་ལྡན་ན།།
ཡོད་ཚད་ཉམས་ལེན་གཞི་རྩ།།
དམིགས་པའི་གདེང་དང་བྲལ་ན།།
རིག་མའང་རིགས་ཀྱི་འབྱུང་ཁུངས།།
རང་གི་སོར་མོ་རིགས་ལྔ།།
མཁའ་འགྲོ་ལྔ་ཡི་རང་བཞིན།།
མཇའ་འོད་ཟེར་གྱི་ཀློང་ནས།།
བདེ་སྟོང་ཟུང་དུ་འཇུག་དགོས།།
ལིང་ག་ཐབས་ཀྱི་རང་བཞིན།།
སོར་ལྔ་ཤེས་རབ་རང་བཞིན།།
ཐབས་ཤེས་ཡ་མ་བྲལ་བར།།
གཏན་དུ་ཉམས་སུ་ལེན་དགོས།།
སྟོད་ནས་ཟ་བཅའ་མང་ན།།
འོག་ནས་འདོན་ལ་ཅིས་ཕངས་།།
ལུས་ཟུངས་འཛད་པའི་དོགས་པ།།
ང་ལ་གཏན་ནས་མི་འདུག།
ཁུ་བ་གསོག་རང་དྲགས་ན།།
ནད་མང་རྒྱུ་རུ་འགྱུར་ཞིང་།།
མིག་སོགས་དབང་པོར་གནོད་པ།།
གསོ་རིག་གཞུང་ནས་གསུངས་འདུག།
ཁུ་བ་གསོག་རང་དྲགས་ནས།
ནད་མང་རྒྱུ་རུ་འགྱུར་ན།
ང་ཡི་མིག་དབང་མི་གསལ།
ཁུ་གསོག་མང་དྲགས་ཡིན་ནམ།
སྡོམ་པ་སྲུངས་ཡུན་རིང་ངམ།
སྡོམ་འབུལ་དུས་འགྱངས་ཤོར་རམ།
སེམས་ནད་གསར་པས་གནོད་གྱིས།
དོལ་སྨྱོན་སྨྱོ་ལབ་མ་གསུངས།
རྩམ་དགའ་ཡི་ཨུ་ཚུགས་ཆེ་རབས་འདིས།།
དོལ་སྨྱོན་གྱི་ཉམས་མྱོང་ཤེས་པ་འདྲ།།
ཨུ་ཚུགས་ལ་རྫོགས་མཐའ་མི་འདུག་པས།།
སྨྱོན་པ་ངས་མི་བཤད་རང་བཤད་རེད།།
དང་པོ་བཟུང་སྟངས་ཀྱི་ཐད་ནས་ཤོད།།
འགའ་ཞིག་ནི་སྨྱུ་གུའི་འཛིན་སྟངས་བྱེད།།
འགའ་ཞིག་ནི་ཐ་མག་འཛིན་སྟངས་བྱེད།།
འགའ་ཞིག་ནི་རྐང་གླིང་འཛིན་སྟངས་བྱེད།།
འགའ་ཞིག་ནི་རྔ་དབྱུག་འཛིན་སྟངས་བྱེད།།
རེ་འགས་ནི་མཛུབ་གཉིས་བར་ནས་འཛིན།།
རེ་འགས་ནི་མཛུབ་གསུམ་བར་ནས་འཛིན།།
རེ་འགས་ནི་ལྔ་པོས་འཛིན་པའང་ཡོད།།
དེ་དག་ནི་རང་རང་གོམས་ཕྱོགས་ཡིན།།
རེ་ཟུང་གིས་སྟེང་ནས་བཟུང་ན་བདེ།།
རེ་ཟུང་གིས་འོག་ནས་བཟུང་ན་བདེ།།
རེ་ཟུང་གིས་གཡས་ནས་བཟུང་ན་བདེ།།
རེ་ཟུང་གིས་གཡོན་ནས་བཟུང་ན་བདེ།།
ལ་ལས་ནི་དམ་པོར་འཐམས་ནས་འཛིན།།
ལ་ལས་ནི་ལྷོད་ཀྱིས་གློད་ནས་འཛིན།།
ལ་ལས་ནི་དམ་ལྷོད་བར་མར་འཛིན།།
ལ་ལས་ནི་བཏང་སྙོམས་བཞག་ནས་འཛིན།།
འགའ་ཞིག་གིས་གཡས་པ་ཁོ་ནས་འཛིན།།
འགའ་ཞིག་གིས་གཡོན་པ་ཁོ་ནས་འཛིན།།
འགའ་ཞི་གིས་གཡས་གཡོན་སྤེལ་མར་འཛིན།།
འགའ་ཞིག་གིས་གཉིས་ཀས་འཛིན་པའང་ཡོད།།
འཛིན་ཚུལ་ལ་རྣམ་གྲངས་མང་མཆིས་ཀྱང་།།
ཅི་ལྟར་དུ་བདེ་བ་དེ་གས་ཆོག།
གང་ལྟར་དུ་བདེ་བ་དེ་གས་ཆོག།
མཐའ་གཅིག་ཏུ་ངེས་པ་ཡོད་མ་ཡིན།།
སོར་ལྔའི་བདེ་བ་ལས་འཛིན་ཚུལ་གྱི་ལེའུ་སྟེ་དང་པོའོ།། །།
འཛིན་སྟངས་ལ་རྣམ་གྲངས་མང་ནོ་ལྟོས། །
དོལ་སྨྱོན་པས་ཅི་ལྟར་འཛིན་རྒྱུ་ཡོད། །
འཛིན་དུས་ཀྱི་ཚོར་བ་ག་འདྲ་འདུག །
ལུས་སེམས་ལ་བདེ་བ་འདུག་གམ། །
ད་ནི་སོར་ལྔ་ཡི་བདེ་བ་ལས། །
སོར་མོ་ཡིས་འཇུག་སྟངས་རེ་རེའི། །
སྒྱུ་རྩལ་གྱི་ནུས་པ་ཡི་སྐོར་གྱི། །
ལེའུ་གཉིས་པ་ཡི་འགོ་ནས་ཕྲིས། །
སླབདཔོན་ཀརྡོ་ལགས།
ཁུ་བ་གསོག་རང་དྲགས་ན།།
ནད་མང་རྒྱུ་རུ་འགྱུར་བ།།
ཕྲན་གྱི་སྨྱོ་གཏམ་མ་ཡིན།
གསོ་རིག་གཞུང་ནས་གསུངས་འདུག།
ཁུ་བ་གསོག་རང་དྲགས་ནས།།
མིག་ཟུང་ན་བ་ཡིན་ནམ།།
རྒྱུ་རྐྱེན་གཞན་ཡང་ཡོད་སྲིད།།
སྨན་པར་ལན་ཅིག་སྟེན་རོགས།།
སྡོམ་པ་བསྲུང་ན་དེས་མཆོག།
ཡོན་ཏན་ཀུན་གྱི་གཞི་རྩ།
སྡོམ་པ་ཕུལ་ནའང་ལོས་འགྲིག།
འདོད་ཡོན་ཀུན་གྱི་འཆོག་གྱུར།།
སེམས་ལ་ལྷོད་ལ་བབས་ནས།།
ཐུགས་བསམ་ལེགས་པར་བཞེས་དང་།།
ད་ལྟའི་ཐག་གཅོད་ཡོད་ཚད།།
ཁྱེད་རང་ལག་ན་ལོས་ཡོད།།
སོར་ལྔས་དཀྲོགས་པའི་གདམས་པ།།
དོལ་སྨྱོན་ཟེར་བས་བསྟན་སོང་།།
སོར་ལྔས་དཀྲུགས་པའི་རྣམ་བཞག།
མེ་ཏོག་དཀར་པོས་བཤད་སོང་།།
རྩམ་དགའ་ཟེར་བའི་རྗེས་འཇུག།
དགའ་དད་སྤྲོ་བས་གཟིར་ནས།།
རང་གི་སོར་མོ་དེ་ཡང་།།
ལས་མེད་མིན་པར་ཤེས་འདུག།
དུས་རབས་སྔོན་མའི་ནང་ནས།།
ནུབ་ཕྱོགས་ནོར་གྱི་གླིང་དུ།།
མཚན་མཐུན་ཆགས་སྤྱོད་ཟེར་བ།།
དར་སོ་རིམ་གྱིས་བྱུང་སོང་།།
ཡུལ་ཁྲིམས་ཤོག་བུའི་ངོས་ལ།།
རིགས་མཐུན་གཉེན་བསྒྲིགས་བྱེད་པའི།།
ལྟས་ངན་བྱ་བ་དེར་ཡང་།།
ཆོག་མཆན་ཐོབ་ནས་ཡོད་དུས།།
ཆོས་ལྡན་བོད་ཡུལ་འདི་ནས།།
སོར་མོའི་གཉེན་བསྒྲིགས་བྱེད་པའི།།
ལྟས་ངན་མུན་པ་ནག་པོ།།
ཕྱོགས་བཅུར་ཁྱབ་ཉེན་འདུག་གོ།
སོར་མོའི་གཉེན་བསྒྲིགས་བྱེད་པའི་་་ཞེས་པ་དེ་
སོར་མོར་གཉེན་བསྒྲིགས་བྱེད་པའི།། ཞེས་བཅོས་ནས་ཀློགས་རོགས།
ཁེར་རྐྱང་ལིང་ག་དམར་བོ་ལ།།
སོར་མོ་ལྔ་བོས་བཙན་འཕུལ་གྱིས།།
ཀླད་ཁྲག་སྣ་ཆུ་ས་ལ་བཤོས།།
མི་མིན་རོ་མིན་བྱས་པ་དེ།།
རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་ལ།།
ཕ་མེས་སྲོལ་དང་མི་མཐུན་པས།།
དེ་རིང་ཁ་བརྡའི་ཁྲིམས་ར་ནས།།
ཁ་སྤུ་ཅན་གྱི་ཨ་མ་དང།།
དབང་པོ་གཅིག་པའི་ཨ་ཕ་སོགས།།
ཉམས་མྱོང་རྒན་པོའི་མདུན་ས་ནས།།
དཀར་ནག་དབྱེ་བ་མ་བྱས་ན།།
དམུ་ཐག་རྒད་པོས་ཟས་མ་ཟ།།
ཁ་བརྡའི་དྲ་ཚིགས་ནང།།
ཁོག་ལ་འབབ་རྒྱུ་མེད།།
ཁ་ལ་རང་འདུག་མེད།།
ཀུན་ལ་ཉན་རྒྱུ་མེད།།
ཁ་བརྡའི་དྲ་ཚིགས་འདི།།
ཁ་རྐུབ་བཤད་ས་ཡིན།།
ལས་མེད་ཚོགས་ས་ཡིན།།
དུས་ཚོད་གཏང་ས་ཡིན།།
ཁ་བརྡའི་དྲ་ཚིགས་འདི།།
ཞེ་འཁོན་བཤད་ས་ཡིན།།
ངོ་ཚ་གྲོལ་ས་ཡིན།།
ཚང་མ་སྦས་ས་ཡིན།།
ད་བདེ་མོ་བྱོས།
རྗེས་སུ་ཡང་ང་ཚོས་འབོག་མགོ་རེ་གྱོན་ནས་མཇལ་ཡོང།
དྲ་གྲོགས་བཟང་པོ་དོན་སྨྱོན་ལས་རླུང་ཟུང་།།
མ་རྩོད་གུས་པར་སྙན་དབང་ཡུད་ཙམ་གཏོད།།
ཁྱེད་གཉིས་ཐུགས་ལ་འབབ་མིན་མ་འཚལ་ཡང་།།
ཉི་མ་གཞོན་ནུས་བསམ་བཟང་བར་བ་བྱེད།།
ཟས་དང་ཁྲག་གི་དྭངས་མ་ལས་གྲུབ་པའི།།
བྱང་སེམས་དཀར་པོ་ཐིག་པ་གཅིག་ཙམ་ཞིག།།
ཕྱི་རུ་ཤོར་ན་ཚེ་དང་ལང་ཚོ་ལ།།
གནོད་པ་ཡོད་པས་ལས་རླུང་གསུངས་པ་བདེན།།
དབང་མེད་ཆགས་པས་གཟིར་ཚེ་སྤྱི་བོ་ནས།།
ཐིག་ལེ་དཀར་པོ་རིམ་བཞིན་མར་འབབ་སྟེ།།
གསང་གནས་སླེབས་མཚམས་ཕྱིར་ལྡོག་མ་ནུས་ན།།
ནད་མང་རྒྱུ་རུ་འགྱུར་བས་དོལ་སྨྱོན་བདེན།།
དེས་ན་མཐའ་གཉིས་སྤངས་པ་དབུ་མའི་ལམ།།
ཚིག་ཉུང་དོན་ཆེ་གདམས་པ་ཟབ་མོ་ཞིག།།
ཁུང་ལྡན་བསྟན་བཅོས་ཤིག་ལས་གསུངས་པ་དེ།།
བརྩེ་བའི་སེམས་ཀྱིས་འདི་རུ་འགོད་པར་བྱ།།
དེ་ལས།
ལུས་བཅུད་ཐིག་ལེ་མ་ཉམས་བསྲུང་བ་གལ།།
གལ་ཏེ་ཅིས་ཀྱང་བསྲུང་བར་མི་ནུས་ན།།
དྲོད་མ་ཡལ་བར་བཏུང་ན་ཤིན་ཏུ་ལེགས།།
དེ་ཉིད་རང་བྱུང་བཅུད་ལེན་ཡང་དག་ཡིན།།
ཞེས་གསུངས་སོ།།
ལག་ལེན་བྱེད་འདོད་ཡོད་མེད་ཁྱེད་གཉིས་དགོངས།།
དེ་མིན་ཁྱེད་གཉིས་འོད་གསལ་འཆརཚུལ་སོགས།།
རྩོད་པར་བསམ་ཚུལ་མང་པོ་ཞུ་འདོད་མོད།།
དེ་དག་སྔགས་གཞུང་དག་དང་ཆེས་འབྲེལ་བས།།
གསང་སྔགས་ཁྲོམ་བསྒྲགས་བྱེད་པའི་སྤོབས་པ་བྲལ།།
དགེའོ།།
ཉེ་ཆར་གསར་དུ་འབྱོར་བའི།།
དྲ་གྲོགས་ཉི་མ་གཞོན་ནུ།།
མཇལ་བའི་འཚམས་འདྲི་ཙམ་ལས།།
དོལ་སྨྱོན་ལས་རླུང་ནང་བཞིན།།
ཁ་ཡག་ངོ་བསྟོད་བྱས་ན།།
ཁྱོད་སེམས་སྤྲོ་བར་ངེས་ཀྱང།།
བསྟོད་པ་བྱེད་རྒྱུ་སྔ་ན།།
བསྟོད་པའི་མཐའ་ནས་ཕངས་ཡོང།།
སྨད་པ་རྒྱུན་དུ་བྱས་ན།།
མཛའ་འབྲེལ་དགེ་བའི་གེགས་ཡིན།།
རྒྱུ་མཚན་གཉིས་ལ་བསམ་ནས།།
བཏང་སྙོམས་ཚིག་གིས་བསུས་ཡིན།།
ཉི་མ་གཞོན་ནུའི་ཟེར་ནས།།
མྱུར་ལམ་གསང་བའི་ཚིག་ཟུར།།
ཅུང་ཟད་སྨོས་ཙམ་བྱས་པ།།
ཁ་བརྡའི་ནང་གི་བཅུད་རེད།།
དམུ་ཐག་དཀར་པོ་ལགས།
གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ།།
གང་དུ་སྡོད་ཀྱང་དགོས་མཛའ་མི་འཚོལ་ཞིང་།།
སུ་དང་འགྲོག་ཀྱང་མི་མཛའ་མི་འཁོན་པར།།
རང་ཚུགས་འཛིན་པ་ཁོ་བོས་སྙིང་གཏམས་ཡིན།།
ཅེས་པ་འདི་ཁྱེད་ཀྱི་ཉམས་ལེན་སྙིང་པོ་ཡིན་པ་འདྲ།
ཁྱེད་ཀྱིས་གསུངས་པ་བདེན་པ་རེད་ལགས།
ཐུགས་རྗེ་ཆེ་ཞུ།
གསར་འབྱོར་ཉི་མ་གཞོན་ནུ་འབོད་པ་འདིས།།
ཀུན་ལ་གུས་ལུགས་སྟོན་པའི་རྣམ་འགྱུར་འདི།།
མཐོང་ན་རང་ཉིད་གསར་འབྱོར་ཡིན་དུས་སམ།།
གཤིས་བཟང་བོད་པ་ཡིན་དུས་དྲན་དུ་བཅུག།
མགོ་བདེ་དྲན་འཕྲུལ་བྱེད་རེས་འགྲན་པའི་ཡུལ།།
རང་རྒྱལ་གཞན་ཕམ་ལྐོག་ནས་རྩོད་པའི་གནས།།
རྡ་རམ་ས་སོགས་མི་ཡུལ་འགྲིམས་པའི་དུས།།
ཉི་མ་གཞོན་ནུ་ཁྱེད་འདྲ་མཐོང་རྒྱུ་དཀོན།།
ང་ཡིན་ངས་འཇོན་ཟེར་ལ་མི་ངོ་ཚ།།
ང་དང་ངའི་ཕྱོགས་རྩོད་ལ་སྤོབས་པ་ཆེ།།
ཆོས་ལུགས་ཆོལ་ཁའི་དབྱེ་འབྱེད་ཚུན་ཆད་ནས།།
འཐེན་ཁྱེར་ཕྱོགས་རེས་བྱེད་ལ་མཁས་མཛངས་མང་།།
དེ་ལྟའི་ཡུལ་དང་མི་ཡི་འཁོར་ཚོགས་ནང་།།
ཅི་ཙམ་འགྲིམས་ཀྱང་སྐྱོན་གྱིས་མ་གོས་པ།།
ཡ་རབས་བོད་མིའི་གཤིས་ལྡན་རིག་བཟང་ཁྱོས།།
བཀའ་གདམས་དམ་པའི་རྣམ་ཐར་རྒྱུན་འཁྱོངས་མཛོད།།
གང་ན་ཡོད་དང་སུ་ཡིན་མི་ཤེས་ཀྱང་།།
སྙན་འགྱུར་ངག་སྒོ་ཡངས་པོའི་འབྲི་རྩལ་དང་།།
ཚུལ་ལྡན་བོད་མིའི་ཁྱད་ཆོས་མངོན་པ་འདི།།
ངས་ཁྱེད་ཕེབས་བསུ་བྱེད་ལ་སྤྲོ་བའི་རྒྱུ།།
ཉི་མ་གཞོན་ནུ་ལ།
ཁྱེད་ཀྱི་མཐའ་མའི་མཆན་དེ་མ་མཐོང་གོང་།།
ངས་གཅིག་བྲིས་ནས་ཡར་ལ་བཀོད་ཚར་འདུག།
ལུང་དེ་མཐོང་བ་འདྲ་ཡང་མི་དྲན་པས།།
གསང་བ་མིན་ན་ངོ་སྤྲོད་ཅུང་ཤིག་གྱིས།།
རྡོ་རྗེའི་ལུས་ཀྱི་སྦས་བཤད་གདམས་པའི་གནད།།
རྩ་རླུང་ཐིག་ལེ་འཆི་བ་འོད་གསལ་སོགས།།
གསང་བར་འོས་ཞེས་གསུང་བ་ཁྱོད་བདེན་ཡང་།།
ང་ལ་བསྒྲགས་རྒྱུའི་གདམས་པ་དེ་འདྲ་མེད།།
ཟག་བཅས་ཕུང་པོ་ལྔས་གྲུབ་མི་ལུས་ཀྱི།།
མངལ་ཆགས་བུ་འགྲུབ་བྱེད་པའི་ཁུ་བ་འདི།།
ཟུངས་བདུན་མཐའ་མ་ཁུ་བའི་སྙིགས་མ་ལས།།
དྭངས་མ་མདངས་སམ་བླ་ཞེས་འབོད་ཡུལ་མིན།།
དམུ་ཐག་དཀར་པོས་ཟ་མ་མ་ཟོས་རུང་།།
ལས་རླུང་རྒན་པོས་ཁས་ལེན་མ་བྱས་རུང་།།
མེ་ཏོག་དཀར་པོ་དང་བ་ཆེ་ཚུལ་དང་།།
དོལ་པོ་སྨྱོན་པ་ཉམས་མྱོང་ཆེ་ལུགས་དང་།།
རྩམ་ཟན་ཕོ་ཉ་དད་པ་ཆེ་རབ་སོགས།།
གང་ལ་བལྟས་ཀྱང་རྟེན་འབྲེལ་འགྲིགས་འདུག་པས།།
མི་འགྱང་ལེའུ་གཉིས་པ་འབྲི་ངེས་ཡོད།།
དྲ་གྲོགས་ལས་རླུང་ནས་གུས་པར་ཡང་ཡང་བསྔགས་བརྗོད་བྱས་པ་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་བ་ལགས།
སྐུ་ཉིད་ཀྱིས་གསུངས་པའི་སྙིང་གཏམ་རྣམས་གུས་པས་ནམ་ཡང་བརྗེད་མི་སྲིད།
འོ་གུས་ཞབས་དང་དྲང་ཚིགས་མ་བསྟན་ན།
བོད་པ་མ་རེད་ཟེར་ས་རེད།
དེའི་རྐྱེན་གྱིས་ཀུན་གྱི་ཐོག་མར།
དྲ་གྲོགས་ཡོངས་ལ་མགོ་བསྒུར་ཞིང་འདུད་དོ།། གྲོགས་སུ་བཀུར་རོ།།
ད་སྐབས་དོན་ནི། ལས་རླུང་ལགས་ཀྱིས།
རྡོ་རྗེའི་ལུས་དང། རྩ་རླུང་ཐིག་ལེ། མཆི་བ་འོད་གསལ།
ཞེས་ཟབ་མོ་ནང་དོན་གྱི་ཟབ་གནད་ནས་འཇུས་ཏེ་བཏོན་ཡོང་གི་འདུག
ངག་འཆལ་བཤད་དེ་སྡོད་པའི་དུས་ཚོད་མ་རེད།
ཕྱག་དང་ཡིག་བརྒྱ་སོགས་འབུམ་ཚར་རེ་བསགས་ཐབས་བྱས་ཏེ།
ཟབ་ཆོས་ཉན་ན་དགའ་ས་རེད།
ཡིན་ནའང་སྐུ་ཞབས་ལས་རླུང་ལགས་ཀྱིས།
ལུས་ཟུངས་བདུན་གྱི་ཐ་མར་གང་འཚམ་ཕྱི་བརྡར་བྱས་ཏེ།
ཞིབ་ཆ་དང་སྡོམ་ཚིག་ཅིག་བཞག་པ་ལ།
ཅུང་ཟད་དཔྱད་པར་བྱ་སྟེ །( ལུས་ཟུངས་བདུན་གྱི་ཐ་མ་ཁུ་བའི་སྙིགས་མ་ལས།
དྭངས་མ་མདངས་སམ་བླ་ཞེས་འབོད་ཡུལ་དེ་མིན་ནོ།།)
ཞེས་ཐག་གཅོད་གཙང་མར་གནང་བ་ནི།
གནས་སྐབས་ཚད་མ་དང་གཞུང་ཁུངས་གཉིས་དང་ཅུང་ཟད་མི་མཐུན་པའི་ཉམས་ཤིག་སྣང།
གང་ཞེ་ན། ལུས་ཟུངས་བདུན་གྱི་ཐ་མ་ལ་དྭངས་མ་མདངས་དང་སྙིགས་མ་ཁུ་བ་གཉིས་ཡོད་པས།
ཟུངས་བདུན་གྱི་ཐ་མ་ཟེར་བ་དེ་གཉིས་ཀའི་སྤྱི་མིང་ཡིན་པས། ཁུ་བའམ་སྙིགས་མ་ཁོ་ནར་ཐག་བཅད་ན་ཨེ་འགྲིག་སྙམ། དེ་ལྟར་ཁས་བླངས་ན།
འོན་ལུས་ཟུངས་བདུན་གྱི་ཐ་མ་ཡིན་ན་སྙིགས་མ་ཡིན་པས་ཁྱབ་པར་ཐལ།
འདོད་པའི་ཕྱིར། འདོད་ན། མདངས་ཆོས་ཅན། སྙིགས་མ་ཡིན་པར་ཐལ། ལུས་ཟུངས་བདུན་གྱི་ཐ་ཡིན་པའི་ཕྱིར།
ཁྱབ་པ་མ་བྱུང་ཟེར་ན། ལུས་ཟུངས་བདུན་གྱི་ཐ་མ་ཁུ་བའི་སྙིགས་མ་ལས། དྭངས་མ་མདངས་སམ་བླ་ཞེས་འབོད་ཡུལ་དེ་མིན་ནོ།། ཞེས་རྩ་བའི་གསུངས་དོན་དང་ཞིབ་ཆ་འཐད་པའི་ཕྱིར་ཞེ་ན།
ལས་རླུང་ལགས་ཀྱིས།
སྣང་ཆུང་དུ་མི་གཏོང་བར་ལན་ཞིག་གནང་བར་རེ་བ་དང་ཡིད་ཆེས་ཞུ།
ཉི་མ་གཞོན་ནུ་ལགས།
སྐུ་ཉིད་ཀྱིས།
༼དབང་མེད་ཆགས་པས་གཟིར་ཚེ་སྤྱི་བོ་ནས།།
ཐིག་ལེ་དཀར་པོ་རིམ་བཞིན་མར་འབབ་སྟེ།།༽
ཇི་སྐད་གསུངས་པའི་དོན་ལ་གཞིག་པ་ན།།
ཁུ་བའི་གནས་ས་སྤྱི་བོ་ཁོ་ན་འམ།།
དེ་མིན་ལུས་ཀྱི་ཆ་ཤས་གང་དུ་གནས།།
ཡང་ན་ཆ་ཤས་ཡོངས་ལ་ཁྱབ་ནས་ཡོད།།
ཉིད་ཀྱིས་ཁ་གསལ་ལན་ཞིག་གསུང་རོགས་ཞུ།།
གཞན་ཡང་།
ཚིག་ཉུང་དོན་ཆེ་གདམ་ངག་ཟབ་མོ་ཡི།།
ཁུངས་ལྡན་བསྟན་བཅོས་མཚན་ལ་ཅི་ཞིག་ཟེར།།
དགེ་ཆོས་ཆེན་པོའི་འདོད་པའི་བསྟན་བཅོས་ནང་།།
དེ་དང་མཚུངས་པའི་ལེགས་བཤད་གཏམ་ཞིག་འདུག།
རྗེ་ཟུར་མཁར་བ་བློ་གྲོས་རྒྱལ་པོས།
རོ་ནུས་ཡོན་ཏན་ཞུ་རྗེས་ཀུན།།
ཚང་བའི་སྨན་གཅིག་ཡོད་དམ་མེད།།
ཡོད་ན་ཚ་གྲང་གཉིས་ཀའི་ནད།།
དེ་ཉིད་གཅིག་བུས་སེལ་བར་ནུས།།
ཚ་བསིལ་གོ་ས་གཅིག་ཉིད་དུ།།
ཚོགས་ན་འགལ་བ་ཇི་ལྟར་བརྩི།།
འོན་ཏེ་ཨ་རུ་ར་ཉིད་ལ།།
ཐམས་ཅད་ཚང་བར་མི་འདོད་དམ།།
ཞེས་གལ་གནད་ཆེ་བའི་དྲི་བ་འདི་ལ་དྲ་གྲོགས་དོལ་སྨྱོན། ལས་རླུང། མེ་ཏོག་དཀར་བོ། ཉི་མ་གཞོན་ནུས་སོགས་འདིར་འཛོམས་དྲ་གྲོགས་རྣམས་ཀྱིས་རང་རང་གི་བློ་སྒོར་འཆར་ཚུལ་གྱི་ལེགས་སྐྱེས་རེ་གནང་རོགས་ཞུ།
དོལ་སྨྱོན་ལགས།
ཁུ་བ་ནི་སྤྱི་བོར་གནས་ཤིང་ཆགས་པ་སྤྱོད་པའི་ཚེ་ན་སྤྱི་བོ་ནས་གསང་གནས་སུ་བབ་སྟེ་ཕྱིར་བདོན་ཡོང་གི་ཡོད།
སྐྱེས་པ་རྣམས་ལ་ཐིག་ལེ་བབ་ཞིང་བུད་མེད་རྣམས་ལ་ཟླ་མཚན་ཞེས་ཟླ་ཁྲག་འབབ་སྲོལ་ཡོད་འདུག
འོན་ཀྱང་སྐྱེས་པ་རྣམས་ལ་སྣ་ཁྲག་འབབ་པ་དེ་ཡང་ནད་གདོན་མིན་ཅིང་རང་བྱུང་གི་ཁྲག་གསང་གནས་ནས་མི་འབབ་པར་སྣ་ནས་དོན་པར་གསུངས།
རྒྱུ་མཚན་ནི་སྐྱེས་པ་རྣམས་ཀྱི་རྩ་གསུམ་ལས་གཡས་དཀར་གྱི་རྩ་དེ་ཉིད་གསང་གནས་སུ་ཟུག་ཅིང་གཡོན་དམར་གྱི་རྩ་དེ་ཉིད་གྱེན་དུ་འཁྱོག་པ་ཞིག་ཡོད་པར་གསུངས།
བུད་མེད་རྣམས་ཀྱི་རྩ་གཡོན་དམར་ཉིད་གསང་གནས་སུ་ཟུག་ཅིང་གཡས་དཀར་ཉིད་གྱེན་དུ་འཁྱོག་པའི་རྒྱུ་མཚན་ནོ།
སྤྱིར་ཁུ་བའམ་ཐིག་ལེར་རྙིགས་མ་ལུས་གཟུང་གི་ཐིག་ལེ་དང་དྭངས་མ་སེམས་ཀྱི་ཐིག་ལེ་གཉིས་སུ་ཡོད་ཅིང།
དྭངས་མ་ནི་འདིར་སྐབས་སུ་མི་བབ་པས་མི་བཤད།
རྙིགས་མ་ནི་ལུས་ཀྱི་བཅུད་དུ་སྨིན་ཅིང་དེ་ཡང་ས་ཡི་དྭངས་མ་རུས་པ་དང་རུས་པའི་དྭངས་མ་རྐང་རྐང་གི་དྭངས་མ་ཀླད་པ་ཀླད་པའི་དྭངས་མ་ཐིག་ལེ་ཡིན་པར་བཤད་ཡོད།
རྒྱུ་མཚན་དེ་ལ་བརྟེན་ནས་ལུས་ཀྱི་གཟུང་བཅུད་ཤོར་དྲགས་ན་མིག་མི་གསལ་བ་དང་ཀླད་པར་སྐྱོན་ཤོར་བ་དང་མགོ་སྐྲ་དཀར་པོར་འགྱུར་བ་སོགས་འབྱུང་ངོ།
གསང་བའི་གནས་སུ་གྱུར་ཚེ་རྩ་གསུམ་ལྷར།
མི་འཆབ་སེམས་ཀྱིས་གཏིང་ནས་འགྱོད་ཅིང་མཐོལ།
ཆགས་པའི་གདུང་བར་སྨན་རེའི་འཆལ་བའི་གཏམ།
པུལ་བའི་དགེ་བས་རྒྱལ་སྲས་འཁྲུངས་པར་ཤོག
དམུ་ཐག་དཀར་པོ་ལགས།
དེ་ཡོད་དང་ཡོད།
ནད་བརྒྱ་སྨན་གཅིག་ཅེས་བྱ་དང།
དཀར་པོ་ཆིག་ཐུབ་ཅེས་པའི་སྨན་སོགས་ལ་དེ་འདྲའི་ནུས་པ་མེད་ན་ཚ་གྲང་གི་ནད་ཀུན་སེལ་བར་མིན་པས་སོ།
དགོངས་དག་ཁྱེད་ཀྱིས་དྲིས་ཡུལ་དུ་མ་གྱུར་བཞིན་དུ་དྲིས་ལན་བཏབས་པར།
དོལ་སྨྱོན་ལས་རླུང་གཉིས་ཀྱི་ཞབས་དྲུང་དུ།།
ཉི་མ་གཞོན་ནུས་དྲིས་པའི་ལན་འདི་འབུལ།།
ང་ཡིས་དྲང་པའི་ལུང་དངོས་ཚིག་ལྷུག་ཡིན།།
ཚིག་རྐང་འགྲིག་ཕྱིར་ཚིགས་བཅད་བདག་གིས་བྱས།།
དེ་ནི་འཇམ་མགོན་བླ་མ་མི་ཕམ་པའི།།
གསུང་འབུམ་ཙ་པོད་སྣ་ཚོགས་སྒྲུབ་ཐབས་ལས།།
བཅུད་ལེན་ཆ་ལག་ཟ་མ་ཏོག་ཅེས་དང་།།
ར་ས་ཡཱ་ནའི་ལག་ལེན་གཉིས་ནང་ཡོད།།
དེ་མིན་ཁུ་བ་གང་དུ་གནས་མིན་ལ།།
ལ་སྟོད་བུ་ཡིས་གསུངས་པ་ཇི་བཞིན་ཡིན།།
ད་དུང་དེ་ལ་ཁུངས་ལུང་དགོས་ངེས་ན།།
ཀུན་མཁྱེན་གཉིས་པ་འཇིག་མེད་གླིང་པ་ཡི།།
སྦས་དོན་ཐབས་ལམ་འབྲུ་འབྲེལ་ནང་ན་གསལ།།
སྤྱི་བོ་ནས་བཟུང་རིམ་བཞིན་རྩ་འཁོར་ལྔར།།
དབབ་བཟུང་དེ་ནས་ཕྱིར་ལ་ལྡོག་ཚུལ་སོགས།།
མིང་ཡང་དེ་ཀུན་འདི་རུ་སྤྲོ་བྱ་མིན།།
ས་མ་ཡ་རྒྱ་རྒྱ་རྒྱ། དགེའོ།།
དམུ་ཐག་ལགས། ཉིད་ཀྱིས་མཐོང་ཆེན་ཐོག་ངེད་ལ་དྲི་བ་ཞིག་གནང་སོང་སྟེ་དེའི་སྐོར་ང་ལ་རྒྱུས་མངའ་གང་ཡང་མེད། དགོངས་དག
དོལ་སྨྱོན་ལགས། སྤྱིར་ཁུ་བ་དེ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་ལུས་ཡོངས་ལ་ཁྱབ་ནས་གནས་པ་ཞིག་མིན་ནམ། འདོད་པས་མེས་ཁུ་བ་བཞུ་བའང་གསང་གནས་སུ་བབས་པའི་ཚེ་ལུས་ཀྱི་ཡ་མཐའ་སྤྱི་བོ་ཡིན་པས་ན་དེ་ནས་བབས་ཟེར་སྙམ། དེའི་རྒྱུ་མཚན་གཅིག་ནི་ཁུ་བ་ཁྲག་གི་དྭངས་མར་བཤད་པས་ཁྲག་དེ་ལུས་ཡོངས་ལ་ཁྱབ་པ་ཞིག་མིན་ནམ་ལགས།
གསར་དུ་བཞད་པའི་ཉི་མ་གཞོན་ལགས། །
སྔོན་མའི་རྡོ་རྗེ་ངང་དཀར་མ་ཡིན་ནམ། །
དྲ་གྲོགས་ཚོ།
ཡང་བྱུས་གཏོགས་མཁན་པོའམ་དམུ་ཐག་དཀར་པོ་ཕེབས་ནས་གང་སར་བྱུས་གཏོགས་བྱས་འདུག ལྟོས་དང་། གྲ་རྒན་ཞིག་གམ་ཡང་ན་གྲ་ཟུར་ཞིག་ཡིན་ས་རེད། ཆོས་རའི་ནང་གི་རྣམ་འགྱུར་སྟོན་གྱི་འདུག
འབེན་མ་མཐོང་གོང་ནས་ཤོག་བུའི་མདའ་ངན་ཞིག་ངའི་ཐོག་ཏུ་འཕངས་ནས་འདི་ལྟར་བཤད་འདུག
“ལུས་ཟུངས་བདུན་གྱི་ཐ་མ་ལ་དྭངས་མ་མདངས་དང་སྙིགས་མ་ཁུ་བ་གཉིས་ཡོད་པས།
ཟུངས་བདུན་གྱི་ཐ་མ་ཟེར་བ་དེ་གཉིས་ཀའི་སྤྱི་མིང་ཡིན་པས། ཁུ་བའམ་སྙིགས་མ་ཁོ་ནར་ཐག་བཅད་ན་ཨེ་འགྲིག་སྙམ། དེ་ལྟར་ཁས་བླངས་ན།
འོན་ལུས་ཟུངས་བདུན་གྱི་ཐ་མ་ཡིན་ན་སྙིགས་མ་ཡིན་པས་ཁྱབ་པར་ཐལ།
འདོད་པའི་ཕྱིར། འདོད་ན། མདངས་ཆོས་ཅན། སྙིགས་མ་ཡིན་པར་ཐལ། ལུས་ཟུངས་བདུན་གྱི་ཐ་ཡིན་པའི་ཕྱིར།
ཁྱབ་པ་མ་བྱུང་ཟེར་ན། ལུས་ཟུངས་བདུན་གྱི་ཐ་མ་ཁུ་བའི་སྙིགས་མ་ལས། དྭངས་མ་མདངས་སམ་བླ་ཞེས་འབོད་ཡུལ་དེ་མིན་ནོ།། ཞེས་རྩ་བའི་གསུངས་དོན་དང་ཞིབ་ཆ་འཐད་པའི་ཕྱིར་ཞེ་ན།
ལས་རླུང་ལགས་ཀྱིས།
སྣང་ཆུང་དུ་མི་གཏོང་བར་ལན་ཞིག་གནང་བར་རེ་བ་དང་ཡིད་ཆེས་ཞུ།”
ཞེས་པར་བལྟས་ན་ངའི་རྩ་བའི་དམ་བཅའ་མ་ཤེས་པའམ།
ཡང་ན་སྐབས་འདིའི་གནད་འགག་ཅིག་བཀྲོལ་མི་འདུག་པས་གསལ་བཤད་བྱེད་རྒྱུར།
ངས་ལུས་ཟུངས་བདུན་གྱི་མཐའ་མ་ཁུ་བ་དེ་སྙིགས་མ་རེད་ཅེས་བཤད་མེད་ལ་བསམ་ཡང་མ་མྱོང་།
ལུས་ཟུངས་བདུན་ནི། དྭངས་མ་དང་། ཁྲག ཤ ཚིལ། རུས་པ། རྐང་། ཁུ་བ་བཅས་ལ་ཟེར་ཞིང་སྐབས་དེའི་ཁུ་བ་ནི་མངལ་འཛིན་པའི་ཁུ་བ་དང་ཁུ་བའི་དྭངས་མ་མདངས་ཟེར་བ་དེ་གཉིས་ཀྱི་འབྱུང་ཁུངས་སམ་རྒྱུའི་ངོ་བོར་གནས་ཡོད་པ་ལས།
སྐྱེས་བུ་ཕལ་པས་རྒྱུན་ལྡན་འཁྲིག་སྤྱོད་སྐབས་ཕྱིར་འཕོ་ཞིང་མངལ་འཛིན་པའི་སྙིགས་མའི་ཁུ་བ་དེ་དང་དྭངས་མའམ་ལུས་ཀྱི་མདངས་གཉིས་གང་ཡང་མ་རེད། དེ་ལྟར་ཡིན་ན། ཁྲག་ཀྱང་མཁྲིས་ཁུ་དང་ཤ་གཉིས་ཀ་ཡིན་པར་འགྱུར་བའི་སྐྱོན་ཡོད་པ་དེ་དང་གཅིག་མཚུངས་ཡིན་པས་རྟོགས་སླ།
སྤྱིར་ལུས་ཟུངས་བདུན་པ་ཁུ་བ་དེ་ཡང་དྭངས་སྙིགས་གཉིས་སུ་ཕྱེ་ན་དེའི་དྭངས་མ་མདངས་ཡིན་པ་དང་དེའི་སྙིགས་མ་ཕྱིར་འབྱིན་ཞིང་མངལ་འཛིན་པའི་ཁུ་བ། གོང་དུ་ཉི་མ་གཞོན་ནུས་མ་གྲང་གོང་འཐུང་ཐུབ་ན་རང་བྱུང་གི་བཅུད་ལེན་མཆོག་ཏུ་གྱུར་པ་ཞིག་ཡིན་ལུགས་ལུང་ཞིག་དྲངས་ནས་བཤད་པ་དེ་རེད།
ངས་སྐབས་འདིར་གླེང་འདོད་པ་ནི་ཕྱིར་འཕོ་བའི་ཁུ་བ་མ་གྲང་གོང་འཐུང་ཐུབ་ན་བཅུད་ལེན་རེད་ཅེས་པའི་ལུང་དེ་སྒྲ་ཇི་བཞིན་པ་ཞིག་ཡིན་མིན་དང་། ལུས་ཟུངས་དྭངས་སྙིགས་བྱས་པའི་སྙིགས་མ་མཐའ་མ་ཁུ་བ་ལ་དེ་འདྲའི་བཅུད་ལེན་གྱི་ནུས་པ་ཡོད་མེད་ཅུང་དཔྱད་གཞི་ཞིག་ཏུ་མཐོང་གི་ཡོད་པས། བྱུང་ན་དམུ་ཐག་དཀར་པོ་སོགས་ཀྱིས་དེའི་སྐོར་ལ་ལུང་རིགས་གཉིས་ཀ་ལྡན་པའི་གླེང་མོལ་རེ་བྱེད་རོགས་གྱིས།
དམུ་ཐག་དཀར་པོ་ལགས།
གུས་པས་སྐུ་ཉིད་ཀྱིས་དྲི་བ་ལ་ལན་འདེབས་ཐབས་བྲལ།
གང་ཡིན་ཞེ་ན། གུས་པས་གསོ་བ་རིག་པ་ལ་སྦྱང་བརྩོན་རྩ་བ་ནས་བྱེད་མ་མྱོང་ལགས།
དགོངས་འགལ་མེད་པ་མཁྱེན། ཐུགས་རྗེ་ཆེ།
སྐབས་འདིར་མང་པོ་ཞིག་གིས་རྩ་རླུང་ཐིག་ལེའི་ཡ་གྱལ་ཐིག་ལེ་དང་། མངལ་འཛིན་པའི་ཁུ་བ་གཉིས་ངོ་བོ་གཅིག་ཏུ་བལྟས་ནས་གླེང་གི་འདུག དེའི་ཐད་ལྷན་རྒྱས་ནས་ཞིབ་ཆ་བྱས་ན་ཡག་ས་མ་རེད་དམ།
ཨོ་ཨོ། ལས་རླུང་གིས་ཡག་པོ་ཞིག་བཤད་གི་འདུག་ག
ལུས་ཀྱི་ཟུངས་ཕྲག་དྭངས་མའི་ཡང་སྙིང་ཁུ་བ་འདི་ཉིད་འབབ་སྟངས་ལ། །
བྱང་སེམས་མངའ་བའི་སྐྱེས་མཆོག་དམ་པས་སྤྱི་གཙུག་དབུས་ནས་ཡར་འདྲེན་གནང་། །
དེང་གི་བླ་མ་གྲྭ་བ་དག་ལ་རྨི་ལམ་སྐྱིད་པོའི་ཞིང་ནས་འཐོར། །
གང་ལྟར་ཁུ་བ་བཀག་རྒྱུ་མང་ན་ནད་ལ་འགྲོ་ཚུལ་ཀུན་གྱིས་གླེང་། །
མེ་ཏོག་དཀར་པོ་ལགས།
དག་ཆར་ཅུང་ཙམ་ཐུགས་ཞིབ་གནང་རོགས།
བཤད་གི་་་་་ཟེར་བའི་གི་འདི་་་་ད་དུང་མིག་དང་རྣ་བར་མི་བདེ་བ་ཞིག་རེད།
ལས་རླུང་ལགས། ག་ལེར་ག་ལེར་གོམས་འགྲོ་གི་རེད། དང་པོ་ང་ལའང་ཚོར་བ་དེ་བྱུང་། ད་ལྟ་བསམ་དུས་འདིའི་སྐབས་ཀྱི་གི་དེ་ཟེར་དང་འདུག་བར་གྱི་སུམ་རྟགས་ནང་མེད་པའི་ཕྲད་ཅིག་རེད། ཨི་ལྡན་གྱི་ཕྲད་མ་རེད། དེ་ཡིན་ན་དེ་གཉིས་རྒྱུ་མཚན་གང་རུང་གིས་འབྲེལ་དགོས་པ་ལ་དེ་འབྲེལ་མེད་པས་སོ། །
ལེའུ་གཉིས་པ།
བསྲུབས་ཚུལ་བཤད་པ།།
འོ་ཞོ་ཉ་ཤ་སྒོང་ང་ལ་སོགས་པ།།
རོ་ཙའི་ཟས་ལ་ཅི་འདོད་རོལ་པའི་མཐར།།
གྲོགས་མེར་ཁེར་རྐྱང་ཁང་ཆུང་གྲུ་བཞིའི་ནང་།།
རང་གི་གྱོན་ཆས་རང་གིས་ཕུད་པར་བྱ།།
དེ་ནས་རྒྱ་བོད་འབྲུག་སོགས་གང་ཡང་རུང་།།
ཡིད་ལ་རབ་ཏུ་འབབ་པའི་མཛེས་མ་ཞིག།།
མིག་གི་དཀར་ནག་ཚུན་ཡང་མ་འདྲེས་པར།།
རང་དང་མཉམ་དུ་འཁྱུད་པ་བསྒོམ་པར་བྱ།།
དེ་ནས་ཉལ་ལང་སྤྱོད་ལམ་ཅི་བདེ་ངང་།།
ལག་པ་གཡས་གཡོན་གང་རུང་སོར་མོ་ལྔས།།
སྙིང་བརྩེ་སྤུན་ཆུང་ཁོང་ལ་འཆིང་བྱས་ནས།།
དལ་མྱུར་སེམས་ཚོར་བསྟུན་གྱིན་བསྲུབས་པར་བྱ།།
བསྲུབས་ཚུལ་འདི་ལ་རྣམ་གྲངས་མང་པོ་འདུག།།
འགའ་ཞིག་ཡར་ལ་ལང་ནས་བསྲུབས་བཞིན་འདུག།།
འགའ་ཞིག་མར་ལ་ཉལ་ནས་བསྲུབས་བཞིན་འདུག།།
འགའ་རེས་འགྲོ་ཞོར་སྡོད་ཞོར་བསྲུབས་བཞིན་འདུག།།
བདེ་བ་བསྐྱེད་ལ་ཐབས་ལམ་མང་པོ་འདུག།།
འགའ་རེ་མཆིལ་མ་འདེབས་ནས་བསྲུབས་ལ་དགའ།།
འགའ་རེ་མར་ལོ་བྱུགས་ནས་བསྲུབས་ལ་སྤྲོ།།
འགའ་ཞིག་སྐྲ་འཁྲུད་བླུག་ནས་བསྲུབས་ན་སྐྱིད།།
ལུས་ཀྱི་རྣམ་འགྱུར་མི་འདྲ་མང་པོ་འདུག།།
ཁ་ཤས་ཤིག་གི་ཀི་བསྭོ་སྒྲོགས་བཞིན་བསྲུབས།།
ཁ་ཤས་ཤིག་གི་ངུ་འབོད་བྱེད་བཞིན་བསྲུབས།།
རེ་ཟུང་གིས་ནི་དབུགས་རིང་གཏོང་བཞིན་བསྲུབས།།
བསྲུབས་སའི་གནས་ལ་ཁྱད་པར་མང་པོ་མཐོང་།།
རྟ་པ་འགའ་རེས་རྟ་རྒྱུགས་བྱེད་ཞོར་བསྲུབས།།
གཞོན་ནུ་རྣམས་ཀྱིས་ཁྲུས་ཁང་ནང་ན་བསྲུབས།།
མི་རྐྱང་ཚོས་ནི་བརྙན་འཕྲུལ་བལྟ་བཞིན་བསྲུབས།།
དེ་ལྟར་བསྲུབས་ཚུལ་འདི་ལ་བསླབས་བྱས་ནས།།
དོན་སྨྱོན་བསྟན་བཅོས་ཡང་ཡང་ཀློག་གྱུར་ན།།
ཁྱེད་ཀྱང་མི་རིང་བུ་མོར་མི་རེ་བར།།
རང་བྱུང་སོར་ལྔའི་བདེ་བས་ཚིམ་ངེས་སོ།།
རང་བྱུང་སོར་ལྔའི་བསྟན་བཅོས་ལས་བསྲུབས་ཚུལ་བཤད་པའི་ལེའུ་སྟེ་གཉིས་པའོ།།
དགེའོ།
འདིར་གུས་པས་བསྡུས་པ་ཞིག་ཉམ་མཚར་དུ་བྲིས་པ་ཡིན།
རྒྱས་པ་བསྟན་བཅོས་རྩོམ་པ་པོ་རང་ནས་འབྲི་ངེས་རེད། ཧ་ཧ་ཧ།
ཟླ་བ་འཆར་བའི་དུས་འདིར།།
ཉི་མ་གཞོན་ནུ་ཤར་འདུག།
རྒྱུ་རྐྱེན་གང་ཡིན་མི་ཤེས།།
དང་པོ་བཀླག་རྒྱུ་ཡིན་ནོ།།
ད་ཉལ་རན་སོང་། གཟིམ་མལ་བདེ་དྲ་གྲོགས་རྣམ་པ། དེ་རིང་རྒྱོ་ཞིག་རྒྱག་ཡིན་པས་ཐང་ཆད་སོང་།
མེ་ཏོག་དཀར་པོ་ལགས།
ལུང་རིགས་ཀྱི་ཁུངས་མེད་ཅིང་གསར་གཏོད་ཀྱི་སྤུས་མི་དག་པའི་བཤད་ཡམས་ཙམ་ལ་མགོ་རྨོངས་ནས་རང་ཅག་བོད་མི་རིགས་འདིའི་གཅེས་པའི་སྲོག་དང་གཉིས་སུ་མེད་པའི་བརྡ་སྤྲོད་རྣམ་བཞག་གི་འགྲིག་སྲོལ་དང་འགལ་བའི་་་་་་་་གི་་་་་་་སྒྲ་འདི་བེད་སྤྱོད་བྱེད་མཚམས་འཇོག་རོགས། མཁྱེན་གསལ་བཞིན་་་་དྲ་བ་འདི་ཁྱེད་དང་ང་ཙམ་གྱི་འབྲི་དེབ་མིན་ཙང་འདི་རིགས་གང་བྱུང་བྲིས་ན་བོད་སྐད་ཡིག་རྒྱུན་གནས་ལ་ཕན་ལས་གནོད་གཞིར་འགྲོ་སྲིད་པས་གང་གཟབ་གནང་འཚལ།
དུས་འཁོར་གྱི་གཞུང་ལུགས་རྣམས་སུ། དཔྲལ་བའི་རྩ་འཁོར་གྱི་དབུས་ན་སད་པའི་གནས་སྐབས་བསྐྱེད་པ་ལུས་ཀྱི་ཐིག་ལེ། མགྲིན་པ་ན་རྨི་ལམ་གྱི་གནས་སྐབས་བསྐྱེད་པ་ངག་གི་ཐིག་ལེ། སྙིང་ག་ན་གཉིད་ཀྱི་གནས་སྐབས་བསྐྱེད་པ་སེམས་ཀྱི་ཐིག་ལེ། ལྟེ་བ་ན་བཞི་པའི་གནས་སྐབས་བསྐྱེད་པ་ཡེ་ཤེས་ཀྱི་ཐིག་ལེ་སོགས་དང་། ཡང་ལྟེ་བར་སད་པའི་གནས་སྐབས་བསྐྱེད་པ་ལུས་ཀྱི་ཐིག་ལེ། གསང་བ་རྡོ་རྗེ་ནོར་བུའི་རྩ་བར་རྨི་ལམ་གྱི་གནས་སྐབས་བསྐྱེད་པ་ངག་གི་ཐིག་ལེ། ནོར་བུའི་དབུས་སུ་གཉིད་ཀྱི་གནས་སྐབས་བསྐྱེད་པ་སེམས་ཀྱི་ཐིག་ལེ། ནོར་བུའི་རྩེ་མོར་བཞི་བའི་གནས་སྐབས་བསྐྱེད་པ་ཡེ་ཤེས་ཀྱི་ཐིག་ལེ་སོགས་གསུངས་འདུག་པ་དང་། ཡང་ཐིག་ལེ་རེ་རེ་སྟེང་ན་ཤིན་ཏུ་ཕྲ་བའི་རླུང་སེམས་རེ་ཡོད་པར་བཤད་པ་དང་། ཡང་ཐིག་ལེའི་ཚད་དེ་ཡུངས་ཀར་གྱི་ཚད་ཙམ་དུ་གསུངས་པ་སོགས་ལ་དཔག་ན། གོང་གི་རྩ་རླུང་ཐིག་ལེ་གསུམ་གྱི་ནང་ཚན་ཐིག་ལེ་དང་། མངལ་འཛིན་པའི་ཁུ་བ་གཉིས་རྦད་དེ་ཐ་དད་ཡིན་ཚོད།
འོན་ཀྱང་མངལ་འཛིན་ཁུ་བ་དེ་བུ་ག་དང་ཡན་ལག་གང་ཡང་རུང་པས་ཕྱུང་ན་རྩ་བའི་ཐིག་ལེ་ཉམས་པའམ་དམ་ཚིག་ཉམས་པའི་ཉེས་པ་ཡོད་པ་འདྲ་སྟེ། གསང་སྔགས་མ་བརྒྱུད་ནས་བཤད་པའི་དམ་ཚིག་ལ། ཀུནྡ་མི་འབྱིན་ཚངས་སྤྱོད་བསྟེན།། གསུངས་པའི་ཀུནྡ་ནི་མངལ་འཛིན་པའི་ཁུ་བ་ཡིན་པས་སོ།
འདིར་གསང་སྒྲོག་གི་ཉེས་པར་མ་འཛེམས་པར་མཆན་བཀོད་པ་ནི། ཆོས་པ་ཞིག་ཡིན་ན་ཁུ་བ་ཕྱུང་ན་གསང་པ་སྔགས་ཀྱི་ཉེས་པ་མེད་ལས་ཆེ་སྙམ་པ་འགོག་པའི་ཕྱིར་དུ་ཡིན། སོ་ཐར་སྡོམ་པ་ལ་ཞུ་མ་དགོས་པ་རེད།
སྔར་བོད་ན་རྟོགས་པ་མཐོན་པོ་ཡིན་ཟེར་མཁན་གྱི་སྔགས་པ་མང་པོ་ཞིག་མངལ་འཛིན་གྱི་ཁུ་བ་བཏང་བ་ཉེས་པར་མི་བརྩི་མཁན་དེ་འདྲ་ཡོད་པ་ཡིན་ཚོད། འོན་ཀྱང་ཆོས་བཞིན་སྤྱོད་པ་དག་གིས་སྡོམ་ཞིག་རྒྱབ་ཡོད་པ་ནི། མེ་ཏོག་བཅུད་ལེན་སྐྱག་པ་ཆེ་རེ་ལྟོས།། ཐིག་ལེ་ཡར་འདྲེན་བུ་མོ་མང་རེ་ལྟོས།། ཟེར་ནས་ཟུར་ཟ་གནང་ཡོད་པ་རེད་ཟེར།
འདི་ནི་ཀུན་སློང་ལ་རག་ལས་ཏེ། སྒྲ་སྒྱུར་མར་པ་སོགས་སྔགས་འཆང་ཆེན་པོ་དག་གིས་སྲས་བསྐྱེད་དེ་བསྟན་པ་འཛིན་སྐྱོང་གནང་དུ་བཅུག་པ་ལ་ཉེས་པ་མེད་ལུགས་ཐུའུ་བཀན་ཆོས་ཀྱི་རྡོ་རྗེ་སོགས་ཀྱིས་ཡང་ཡང་མ་གསུངས་སམ། དེ་བཞིན་བྱང་སེམས་འཁོར་སྒྱུར་གྱིས་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་སྲས་སྟོང་སོགས་བསྐྲུན་པ་ཡང་ཉེས་པ་ཡོད་པར་མ་གསུངས་པའི་སྟེང་དུ། །ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་པ་འདི་ཡང་ང་ཚོར་ལན་བརྒྱ་ཕྲག་བརྒལ་བ་ཞིག་རྗེས་ཟློས་མ་བྱས་སམ། མགོ་འཁྲུགས་ས་ནི་ཀུནྡ་ལྟ་བུའི་བྱང་སེམས་དོར་ཞེས་པའི་བྱང་སེམས་ནི་གང་ལ་བྱེད་དགོས་མ་ཤེས་པའི་སྟེང་དུ་ཡོད་འདུག དེ་མིན་ན་སྔགས་ཀྱི་ཉམས་ལེན་གྱི་སྐབས་སུ་རིག་མའི་བྷ་གར་བྱང་སེམས་འདོར་མི་འདོར་གཉིས་ཀ་ཡོད་པས་བྱང་སེམས་འདོར་བ་གསང་སྔགས་ཀྱི་ཉེས་པར་བརྩི་བ་ནི་འདོར་མི་རུང་བའི་དུས་ཚོད་དེར་དོར་ན་ཉེས་པར་བརྩི་བ་ལ་བྱེད་ཀྱི། དུས་དང་གནས་སྐབས་ཐམས་ཅད་དུ་ནི་མ་ཡིན་ནོ།།གསང་སྒྲོགས་ཀྱི་ཉེས་པ་འབྱུང་སྲིད་ཀྱང་དུས་དབང་གིས་དབང་མ་ཐོབ་ཞིག་དྲ་ངོས་འདིར་ཕལ་ཆེར་དཀོན་པས་ཨེ་དྲགས་བསམ་མོ།།
ད་དུང་རྣལ་འབྱོར་བ་ཚོས་གསང་དབང་གི་སྐབས་སུ་བྱང་སེམས་དཀར་དམར་མྱང་དགོས་པས་ཕྱིར་མ་དོར་ན་མྱོང་སྟངས་ཤིག་གང་ན་ཡོད། འདི་ནི་མགོ་འབུས་ཙམ་ཞིག་ཡིན་ལ་ཞིབ་ཏུ་བརྗོད་ན་ཉེས་པ་ཆེའོ།།
ཡིན་ཡང་ཀློང་བརྡོལ་བླ་མས་སྒྱུ་ལུས་གྲུབ་པའི་རྟགས་ནམ་མཁར་འཕུར་བ་ཙམ་མེད་པར་རིག་མ་ལ་སྤྱོད་པར་མ་རངས་པའི་ཚུལ་གྱིས་རྒྱལ་བ་ཚངས་དབྱངས་པ་དང་སླེ་ལུང་བཞད་རྡོར་སོགས་ལ་བཀའ་བཀྱོན་འཇམ་པོ་རེ་གནང་བ་ཁོང་གི་གསུང་འབུམ་དུ་གསལ།
བྱང་སེམས་དཀར་དམར་མྱང་། འདི་ནི་བདེ་བས་མྱང་པ་རེད་དམ་ལྕེ་ཡིས་མྱང་པ་རེད། བྱང་སེམས་དཀར་དམར་ནི་གོང་དུ་བཤད་པའི་རྩ་རླུང་ཐིག་ལེ་ནང་གི་ཐིག་ལེ་ལ་ཟེར་གྱི། མངལ་བསྐྱེད་ཁུ་བ་ལ་ག་ལ་ཟེར། གལ་ཏེ་ཁུ་བ་ལ་ཟེར་ན། སྒོམ་པ་པོ་གཅིག་ལ་ཐིག་ལེ་དཀར་དམར་གཉིས་ཀ་ག་ཅི་ལྟར་ཡོད། གལ་ཏེ་སྒོམ་པ་པོ་དེ་ཕོ་ཡིན་པ་གཞིར་བཞག་ནས་་ཁུ་བ་དམར་པོ་ཐོན་ན་ནད་རྟགས་ཡིན་གྱི་ཉམས་ལེན་གྱི་རྟགས་ཞིག་ག་ལ་ཡིན།
དུས་འཁོར་རྒྱུད་སོགས་ན་ཁམས་དཀར་དམར་གྱི་ངོས་འཛིན་འདི་ལྟར་རེད། མགྲིན་པ་ལྟེ་བ་གསང་གནས་རྣམས་ན་ཁམས་དཀར་པོ་ཤས་ཆུང་དམར་པོ་ཤས་ཆེ། སྤྱི་བོ་ནོར་བུའི་དབུས་མའི་མར་སྣ་རྣམས་ན་ཁམས་དམར་པོ་ཤས་ཆུང་དཀར་པོ་ཤས་ཆེ། ལྟེ་བའི་དམར་ཆ་ནི་དམར་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། སྤྱི་བོའི་དཀར་ཆ་ནི་དཀར་པོ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། སྙིང་གར་ནི་ཁམས་དཀར་དམར་ཆ་མཉམ་དུ་གནས་སོ། ཞེས་གསུངས། ཐིག་ལེ་འདི་དག་གི་རྣམ་བཞག་བཤད་པ་ན་བཀོད་པ་བྱང་སེམས་ཀྱི་རྣམ་བཞག་བཤད་པ་ཞེས་ལྕང་སྐྱ་སོགས་ཀྱི་གསུངས་འདུག་པས། བྱང་སེམས་ཟེར་བ་དེ་རྩ་རླུང་ཐིག་ལེ་ནང་ཚན་ཐིག་ལེ་ཡིན་པ་ལས། གསང་སྣེ་ནས་བཞུར་བའི་ཁུ་བ་ལ་བཤད་པའི་ཁུངས་ཞིག་ཡོད་ན་འགོད་རོགས།
དེ་བས་ན་དཔལ་གསང་པ་འདུས་པ་སོགས་ནས་གསུངས་པའི་ཡས་བབས་མས་བརྟན་སོགས་ཀྱི་དགའ་བ་བཅུ་དྲུག་མྱང་པ་ལ་བྱང་སེམས་མྱང་པ་ཟེར་གྱི། ཁུ་བ་མར་བཏོན་ནས་ཕོ་མོ་གཉིས་ཀའི་ཁ་ནང་དུ་བླངས་ནས་ལྕེ་ཡིས་ལྡག་པ་ལ་བྱང་སེམས་མྱང་ག་ལ་ཟེར་སྙམ་མོད།
གྲོགས་ཀླུ་སྨྱོན་ལ་དྲི་བ་ནི། ༼སྒྲ་སྒྱུར་མར་པ་སོགས་སྔགས་འཆང་ཆེན་པོ་དག་གིས་སྲས་བསྐྱེད་དེ་བསྟན་པ་འཛིན་སྐྱོང་གནང་དུ་བཅུག་པ་ལ་ཉེས་པ་མེད་ལུགས་ཐུའུ་བཀན་ཆོས་ཀྱི་རྡོ་རྗེ་སོགས་ཀྱིས་ཡང་ཡང་མ་གསུངས་སམ། ༽འདི་འདྲ་ཞིག་ཐུའུ་བཀན་བླ་མའི་གསུང་གང་ཞིག་ན་འདུག མདོ་ན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་བྱང་སེམས་ལ་གནང་པའི་ལུས་ངག་གི་ལས་ཡིན་ན་ཡང་། དེས་མཐུས་དམྱལ་བར་འཕངས་ལོ་བརྡབ་ཙམ་ཞིག་སྐྱེས་ཡོད་པར་གསུངས། ཉེས་པ་རྩ་ནས་མེད་ན་དེད་དཔོན་སྙིང་རྗེ་ཅན་དམྱལ་བར་སྐྱེས་པའི་རྒྱུ་གང་ཞིག སངས་རྒྱས་བསྟན་པའི་སྤྱི་འགྲོས་འདི་འདྲ་ཐུའུ་བཀན་བླ་མས་བསྒྱུར་བཅོས་བཏང་ནས་སྔགས་གསར་མའི་གྲུབ་ཐོབ་རྣམས་ལ་དམིགས་བསལ་ཞིག་གསུངས་མི་སྲིད་སྙམ།
ངས་དམ་བཅའི་ཚུལ་དུ་བཤད་ན། ཁོང་ཁྲོ་ཟ་ཚེ་ཐོད་པའི་སྟེང་ནས་འབུར་དུ་ཐོན་པའི་རྩ་དེ་རྩ་རླུང་ཐིག་ལེ་ནང་གི་རྩ་མ་རེད། གྲོད་པ་མ་བདེ་ན་རྐུབ་ནས་ཤོར་བའི་འོག་རླུང་དེ་རྩ་རླུང་ཐིག་ལེ་ནང་གི་རླུང་མ་རེད། ཆགས་པ་སྤྱོད་ཚེ་གསང་སྣེ་ནས་ཐོན་པའི་ཁུ་བ་དེ་རྩ་རླུང་ཐིག་ལེ་ནང་གི་ཐིག་ལེ་མ་རེད་ཅེས་ཞུ་བཞིན་ཡོད། གནོད་བྱེད་གཏོང་ན་ལུང་ཁ་གསལ་བཀོད་རྗེས་དེ་ནས་གནོད་བྱེད་ཐོངས།
བླ་རྒན། རང་སྲོག་འབེན་དུ་བཙུགས་ཏེ་ས་མང་རའི་རོང་འབྲོག་གི་ཁྱི་ཁ་གཙེས་ནས་གྲོང་ཆོག་ལ་ལོ་དེ་སྙེད་ཅིག་བརྒྱུགས་ན་ཡང་ད་དུང་”བྱང་སེམས་ལྕེ་ལ་བཞག་པ་མྱངས་པ་ལས་གསང་བའི་དབང་ཐོབ་”ཅེས་པའི་ཚིག་ཙམ་ཡང་ཡིད་ངོར་མེད་པ་དེ་ལས་ཐབས་སྡུག་ཅིག་གང་ན་ཡོད། གོང་གི་ཚིག་འདི་ཙམ་ཡང་མ་མཐོང་བར་དཔྱད་ན་གྲོང་ཆོག་ནས་ཉིན་མཚན་མེད་པར་ཁ་གདངས་མྱིག་གཅེར་ཏེ་འབྲོག་མོ་ཚོའི་རྐུབ་དང་རོང་མོ་ཚོའི་འདོམ་ལ་བལྟས་པ་ལས་བླ་མེད་རྒྱུད་སྡེ་ཚོའི་དཔེ་ཆའི་ཁ་ཕྱེ་མྱོང་ས་མ་རེད། གལ་སྲིད་དམྱལ་བ་ཟེར་བ་ཞིག་ཡོད་ན་ངེད་གཉིས་མི་འགྲོ་སུ་འགྲོ་ཨང་། དཀོར་ནག་ཐུ་བཏུམས་ལོ་དེ་སྙེད་ཅིག་ལ་བྱས་ནས། “དཀོར་ནག་ཐུ་བཏུམས་”ནི་ངའི་ཕ་ཡུལ་གྱི་རོང་འབྲོག་ཚོས་གྲྭ་པ་གྲོང་ཆོག་ནས་ཅི་ཡང་འདོན་རྒྱུ་མེད་པའམ་མི་འདོན་པར་ཞི་མོ་ཚོའི་རྐུབ་དང་འདོམ་རྐྱང་རྐྱང་ལ་བལྟས་ནས་སྡོད་མཁན་ཚོར་གཤེ་བའི་ཚིག་ཅིག་རེད།
ཐུའུ་བཀན་ཆོས་ཀྱི་རྡོ་རྗེའི་གསུང་ནོར་བུ་ཀེ་ཏ་ཀའི་བྱི་དོར་ཞེས་པ་དེར་ལྟོས་དང་། གོས་དཀར་ལྕང་ལོའི་སྡེ་ལ་ཅི་ཙམ་ཞིག་གདེང་འཇོག་བྱས་འདུག དམིགས་བསལ་མར་པ་དང་བསོད་ནམས་རྩེ་མོ་སོགས་ལ་འགྲན་ཟླ་མེད་པའི་བསྔགས་བརྗོད་གནང་འདུག་པས། གལ་སྲིད་ཁོང་རྣམ་པ་ཁྱེད་ཀྱིས་བཤད་པ་བཞིན་ཐིག་ལེ་དོར་བའི་ཉེས་ཅན་དམ་རྩ་ལྟུང་གི་རྐྱལ་བ་ཞིག་ཡིན་ན་དེ་ལྟར་བསྟོད་མི་ཤེས་པ་ཞིག་རེད། བླ་རྒན། གསང་སྔགས་ཀྱི་གཞུང་ལ་ད་དུང་ཞིབ་ཏུ་ལྟོས། རིམ་ལྔ་གསལ་སྒྲོན་སོགས་དཔེ་ཆ་གཞན་མེད་ཀྱང་རྗེའི་སྔགས་རིམ་ཆེན་མོ་མེད་ན་ཞབས་འདྲེན་རེད། རྗེས་མར་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་འབུམ་རེར་ལྟོས་དང་གསང་སྔགས་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་མང་པོ་ཞིག་ཞལ་གསལ་གོ་བདེའི་ངང་གསུངས་འདུག་པས། རང་རེ་ལྟ་བུའི་ཤེས་རབ་དམན་ཞིང་དུས་ཚོད་ཀློག་པ་ཐོས་བསམ་གྱི་བྱ་བར་ཁ་བྲལ་བའི་དྲེད་པོ་དག་ལ་ཕན་རླབས་ཧ་ཅང་ཆེ་བར་མཐོང་།
དོ་དགོང་ཅི་ཡང་མི་དགོས་ན། །རིགས་མ་རྒན་མོ་སྙིང་རེ་རྗེ།
ཡང་ན་མཁས་བླངས་དམ་བཅའ་བཞིན། །ངུར་སྨྲིག་གོས་བཟང་རྒྱུན་དུ་བསྣབས། །ཡང་ན་སྔགས་རྒན་རྟུལ་བཞུགས་ཀྱིས། །དོ་དགོང་རིགས་མའི་རུམ་དུ་ཕེབས། །
ཡ་ཡ་ད་ངས་ཁྱོད་ལ་དྲི་བ་ཞིག་འདྲི་ཨ་ལགས། རིམ་ལྔ་གསལ་སྒྲོན་གྱི་གསལ་བར་བྱེད་རྒྱུའི་རིམ་པ་ལྔ་བོ་གཅིག་ཤོད་དང་། འདི་རྗེའི་རིན་པོ་ཆེའི་སྔགས་གཞུང་གང་ཞིག་གསུང་ན་ཡང་རིམ་པ་ལྔ་བོ་འདི་སྤྱིའི་ཆིངས་རེད་ཟེར་ནས་བཤད་བཞིན་འདུག ད་རིམ་པ་ལྔ་བོ་དེ་གཅིག་ཤོད་དང་།
དེ་མིན་སྔར་གྲོང་ཆོག་ལ་སོང་ནས་འབྲོག་མོ་ཚོས་རིལ་མས་བརྒྱབ་ནོ་དང་། རོང་མོ་ཚོས་མིག་བཙུམས་རྒྱབ་ནོ་དེ་ཚོ་འཆི་ཁ་ཡང་གསལ་ལེར་ཤར་ནས་ཡག་པོ་ཅིག་མིག་བཙུམས་བཅུགས་ས་མ་རེད། ང་ད་གྲོང་ཆོག་ལ་འགྲོ་རྒྱུར་དགའ་ནི་རེད། གྲོང་ཆོག་ལ་སོང་ན་དགའ་ས་ཁ་ཤས་ཡོད། ཁ་ལ་ཞིམ་པོ་སྤྲད་ན་དགའ། འདོན་རྟ་དབྱངས་ལ་གྱེར་ན་དགའ། ཆོས་མེད་དབྱངས་ལ་དགའ་ཟེར་བ་དེ་ཡིན་རྒྱུ་རེད། བྱི་མོ་ཚོས་ཁ་གཙོག་བཤད་ན་དགའ། རྒད་པོ་ཚོས་ཆོས་བཤད་རྒྱབ་ན་དགའ། ཡོང་ཁ་སྐུ་ཡོན་ཆེན་པོ་སྤྲད་ན་དགའ། འདི་དག་ནི་གྲོང་ཆོག་ལ་སོང་པའི་དགའ་བ་དག་ཡིན།
བླ་རྒན་འདི་གྲངས་ཅན་པ་ཞིག་གི་རྣམ་ཤེས་ཡིན་ས་རེད། འདི་ཁ་ཏོག་དཀར་དམར་གྱི་བན་ཆུང་ཞིག་དང་འདྲ་བར་གྲངས་འདྲེན་ཞིག་གིས་མ་ལོངས་པར་བསྡད་ཡོད་ནོ།
རིམ་ལྔའི་གྲངས་འདྲེན་ཙམ་ཞིག་ནི། ངག་དབེན་དང་གཅིག སེམས་དབེན་དང་གཉིས། སྒྱུ་ལུས་དང་གསུམ། འོད་གསལ་དང་བཞི། ཟུང་འཇུག་དང་ལྔ་བོ་མ་ཡིན་ནམ། རྗེའི་གསང་འདུས་སྨོན་ལམ་གྱི་ནང་དུ་རིམ་པ་རེ་རེའི་ཁྱད་ཆོས་སྤྱི་ལྡོག་མ་རེ་ངོ་སྤྲོད་གནང་ཡོད་པས་དེ་ལ་ལྟོས་དང་ཚིག་ཙམ་གྱི་གོ་བ་ཐན་ཐུན་རེ་སྐྱེ་ན་ཐང་། སྤྱིར་བཏང་རིམ་པ་ལྔ་བོ་འདི་ནི་རྒྱུད་སྡེ་ཀུན་གྱི་སྤྱི་ཆིངས་ཤིག་ཡིན་མིན་མི་ཤེས་ཏེ་རྗེ་རང་ཉིད་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་འཆད་དུས་ཀྱི་ས་བཅད་ཆེན་པོ་ལེན་སྟངས་ཤིག་ཡིན་པ་འདྲ།
བཀུར་འོས་དྲ་གྲོགས་རྣམས་ཀྱིས།
དོན་དང་ལྡན་པའི་གླེང་ཆོག་གསར་བ་ཞིག་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ།
གོང་གི་རིམ་པ་ལྔ་བོ་འདིའི་སྐོར་ལ་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་འབུམ་ནང་དུ་ཧ་ལས་པའི་འགྲེལ་བཤད་གོ་བདེ་བོ་བསྐྱོན་འདུག དཔེར་ན་དག་པའི་སྒྱུ་ལུས་དང་མ་དག་པའི་སྒྱུ་ལུས། མཚོན་བྱ་དོན་གྱི་འོད་གསལ་དང་མཚོན་བྱེད་དཔེ་ཡི་འོད་གསལ་སོགས། ཨཨཨ། ད་ཡོད་ཡ།
ད་ང་ཉི་མ་དྲོ་ས་ཞིག་ཏུ་སོང་ནས་ཨ་རིའི་མཁའ་འགྲོ་མ་རྣམས་ཀྱི་རྐུབ་དང་མྱོས་བུམ་ལ་མཇལ་ཁ་བྱིན་རླབས་ཞུ་དགོས་སོང་། བླ་རྒན་ཁ་ནང་ན་སོ་མེད་པ་ཞིག་གི་ཁ་སློང་བཞིན་འདུག་ན་མི་འདོད་ཀི
ཀླུ་སྨྱོན་རིན་པོ་ཆེ་དང་གཞོན་ནུ་ཟླ་མེད་ལགས། རིམ་པ་ལྔ་འདི་རྒྱུད་སྡེ་ཐམས་ཅད་ཀྱི་སྤྱི་ཆིངས་རེད་ཟེར་བ་རྗེ་རིན་པོ་ཆེའི་ལུགས་ཡིན་ན་འདྲ་མིན་ན་འདྲ། གང་ལྟར་མ་ཁྱབ་པ་ཞིག་ཡོད་ས་མ་རེད། གང་ཡིན་ཞེ་ན་སྒྱུ་ལུས་ཀྱིས་གཙོ་བོ་བསྐྱེད་རིམ་བཤད་པ་དང་གཟུགས་སྐུ་འགྲུབ་བྱེད། འོད་གསལ་གྱིས་རྫོགས་རིམ་གཙོ་བོར་སྟོན་པ་དང་དེས་ཆོས་སྐུ་འགྲུབ་བྱེད་ཡིན། སྐུ་གཉིས་འགྲུབ་པ་ལས་ལྷག་ཅིག་མདོ་སྔགས་གང་ན་ཡང་མེད་པས་སོ།
དྲི་ཞིམ་མཆོད་རྫས་མེ་ཏོག་དཀར་པོ་ལགས།།
ཉི་མ་གཞོན་ནུའི་ཉི་གསར་ཟེར་གསར་པ་ཡིན།།
རྡོ་རྗེ་ངང་དཀར་ཞེས་པ་གོ་མྱོང་མེད།།
མི་ཞིག་རེད་དམ་ཡང་ན་ཅ་ལག་ཅིག།
ཁྱོད་ཀྱིས་འདི་ལྟར་སླ་བྱས་བྱེད་པ་ཅི་ཡིན། ༼སྤྱིར་བཏང་རིམ་པ་ལྔ་བོ་འདི་ནི་རྒྱུད་སྡེ་ཀུན་གྱི་སྤྱི་ཆིངས་ཤིག་ཡིན་མིན་མི་ཤེས་ཏེ་རྗེ་རང་ཉིད་ཀྱིས་དཔལ་གསང་བ་འདུས་པའི་རྒྱུད་འཆད་དུས་ཀྱི་ས་བཅད་ཆེན་པོ་ལེན་སྟངས་ཤིག་ཡིན་པ་འདྲ།༽ཟེར་འདུག རིམ་པ་ལྔ་བོ་དེ་ས་བཅད་ལ་བཤད་པ་ཡིན་ན་རིམ་ལྔ་གསལ་སྒྲོན་གྱི་རྩ་བའི་ས་བཅད་ལ་དྲུག་ཡོད་པ་རེད། གལས་སྒྲོན་རང་ལས། འདི་འཆད་པ་ལ་དྲུག རྒྱུད་གཉིས་ཀྱི་རྣམ་པར་བཞག་པ། འདུས་པའི་ཆེ་བ་བརྗོད་པ། དེའི་དགོངས་པ་འགྲེལ་བའི་རིམ་པ། འཕགས་སྐོར་གྱི་གཞུང་གི་གྲངས། དེའི་མན་ངག་བོད་དུ་འགྱུར་ཚུལ། གདམས་པ་རིན་པོ་ཆེ་དངོས་ཀྱི་དོན་ནོ་ཅེས་གསུངས་པས་ས་བཅད་ལ་བཤད་ན་མི་འགྲིག ཡང་༼ངག་དབེན་དང་གཅིག སེམས་དབེན་དང་གཉིས། སྒྱུ་ལུས་དང་གསུམ། འོད་གསལ་དང་བཞི། ཟུང་འཇུག་དང་ལྔ་བོ་མ་ཡིན་ནམ། ༽ཟེར་འདུག འདི་ཡང་གསང་འདུས་སྨོན་ལམ་ལ་ཁ་འཕངས་ནས་བཤད་ན་ཡང་སྨོན་ལམ་ནས་བཤད་པའི་ལས་བཞི་མན་ཆད་ནས་བརྩི་ན། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་།། འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག། ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ།། སྤྱོད་པ་གསུམ་དང་བཅས་པ་འགྲུབ་པར་ཤོག། ཅེས་པས་རིམ་ལྔའི་མིང་ཙམ་མ་གཏོགས་མེད་ལ། དེའི་མན་ཆད་ནས་བརྩི་ན་གོང་གི་ཁྱེད་ཀྱི་བགྲང་པ་དེས་མི་ཚད་པར། ༡ ལུགས་འབྱུང་ལྡོག་གི་དགའ་བཞི། ༢༽ ལུས་དབེན། ༣༽ མི་ཤིགས་པའི་ཐིག་ལེ། ༤༽ ངག་དབེན། ༥ འོད་གསལ། ༦ སེམས་དབེན། ༧ སྒྱུ་ལུས། ༨༽ སྤྲོས་བཅས་སྤྲོད་མེད་རྣམས་ཚིག་བཅད་རེ་རེས་བཤད་པ་ལས། ཁ་ཤས་རིམ་ངའི་ཁུངས་སུ་ཁྱེད་ཀྱི་བགྲང་ལ་ཁ་ཤས་མ་བགྲངས་པའི་རྒྱུ་མཚན་གང་ཡིན།
ཁྱོད་ཀྱི་རིམ་བརྒྱད་ལ་ཆ་རྒྱུས་མེད། ཡོངས་གྲགས་རིམ་ལྔ་བགྲང་སྟངས་འདི་ཙམ་རེད། ཡང་མིན་ན་ངེད་གཉིས་སུ་མགྱོགས་བྱས་ནས་དགའ་ལྡན་དུ་སོང་སྟེ་རྗེ་བླ་མར་བཀའ་འདྲི་ཞུ། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་སོགས་ནི་དུས་འཁོར་སོགས་ནས་བཤད་པའི་སྦྱོར་བ་ཡན་ལག་དྲུག་ཡིན་པ་ཤེས་ཀ
སྟོན་ལོ་སེར་པོའི་ལྗིད་ལས་སྙི་བའི་ཁེར་རྐྱང་སེམས་པ་གྲང་མོ་འདི།།
དཔྱིད་རླུང་བསིལ་མོའི་དཔལ་དང་བསྡོངས་ནས་གྲུ་ཁ་གང་ན་གཡོ་བཞིན་འདུག།
དབྱར་གྱི་ཕོ་ཉའི་མགྲིན་དབྱངས་སྙན་མོ་རྣ་བའི་བུ་གར་སིམ་ན་ཡང་།།
རྒུན་གསུམ་བཞུར་བའི་ཆུ་འཁྱགས་གསེབ་ན་སྨྱོན་པའི་སེམས་པ་གྲང་ཤུར་ཤུར།།
སེམས་ཀྱི་གཏིང་ན་ནད་ཅིག་ཕོག་དུས་སྨྱོན་པའི་འཇིག་རྟེན་མུན་པས་བསྒྲིབས།།
ཀླད་པའི་དབང་པོར་གདོན་ཞིག་འཛུལ་དུས་སྨྱོན་པའི་འཁོར་ཡུག་མུ་གེས་བཅོམས།།
སེམས་དང་བསམ་པའི་ཁྱེར་གསོ་ཡོད་ཚད་ཁྱོད་ལ་འཆས་པའི་ཉིན་མོ་ནས།།
སྨྱོན་པའི་འཇིག་རྟེན་མཛེས་པོ་དེ་ཡང་སད་ཀྱིས་བཅོམས་པའི་མེ་ཏོག་བཞིན།།
ཁེར་རྐྱང་ངུས་པའི་མིག་ཆུའི་ཐིགས་པ་ཡར་ཀླུང་གཙང་པོའི་རྒྱུན་ལ་འདྲེས།།
སེམས་ཀྱི་གཏིང་ནས་ཤོར་བའི་དབུགས་རིང་སྟོན་འཇུག་དྲག་པོའི་རླུང་ལ་འགྲན།།
ཁུ་སིམ་ཞིང་ནས་གཏོར་བའི་སྐྱོ་གདུང་དགུང་སྔོན་ཐོན་པོའི་དབྱིངས་ལ་འཐིམ།།
སེམས་ཀྱི་སྐྱོ་བ་གཟུགས་སུ་གྲུབ་ན་སྟོང་གསུམ་འདི་ཡང་སྣོད་དུ་ཆུང་།།
སེམས་ཀྱི་ཕྱི་ནང་ཁྱོད་ཀྱིས་ཁྱབ་དུས་ང་ནི་འདབ་ཆགས་གཤོག་ཟད་ཅིག།
ཀླད་པའི་འཁོར་ཡུག་ཁྱོད་ཀྱིས་གཏམས་དུས་ང་ནི་སྐམ་སའི་ཉ་མོ་ཞིག།
ཕུགས་འདུན་ཡོད་ཚད་ཁྱོད་ལ་བཅོལ་དུས་ང་ནི་བསམ་མེད་བྱིས་པ་ཞིག།
བྱ་བཞག་ཐམས་ཅད་རྡུལ་དང་འདྲེས་དུས་ང་ནི་སྨྱོན་པ་ངོ་མ་ཞིག།
ང་ཡི་མཐོང་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་མཐོང་ཚད་གཞན་པ་ཞིག།
ང་ཡི་བསམ་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་བསམ་ཚད་གཞན་པ་ཞིག།
ང་ཡི་རེ་ལྟོས་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་རེ་ལྟོས་གཞན་པ་ཞིག།
ང་ཡི་ཡོད་ཚད་ཁྱོད་རང་ཡིན་ཡང་ཁྱོད་ཀྱི་ཡོད་ཚད་གཞན་པ་ཞིག།
དྲ་གྲོགས་རྣམས་ལ་ངལ་གསོ་བའི་ཚིགས་བཅད་ཅིག་ཕུལ་བ་ཡིན་ཡང་།
ངལ་གསོ་ཐེབས་མིན་མི་ཤེས།
སྐབས་དོན་གྱི་གླེང་གཞི་དང་མི་འབྲེལ་རུང་།
ཚོར་དུ་སྐྱེན་མོ་ཞིག་གི་འདུག་ཏུ་མི་འཇུག་པས།
འདི་ལྟར་མི་འབྲི་ཐབས་མེད་རེད།
གསང་སྔགས་བླ་མའི་གཞུང་ལུགས་ཟབ་མོར་སྦྱངས་མྱོང་མེད་པའི་ང་འདྲ་ལ། །
ཕན་པའི་ལེགས་བཤད་ཁུངས་ལུང་དང་བཅས་ལྷུག་པར་སྒྲོགས་པའི་དྲིན་ཅན་ཚོར། །
གསེར་དང་དངུལ་གྱི་མཆོད་པ་མེད་ཀྱང་ལག་གི་ཁ་བཏགས་དཀར་བོ་འདི། །
སེམས་ཀྱི་དགའ་སྤྲོར་མཚོན་པའི་སླད་དུ་གུས་ཕྱག་དང་བཅས་འཕུལ་བ་དགེ། །
གོང་གི་ཕྲན་གྱི་མཆན་བུ་ལ་ཡིག་ནོར་འགའ་ཞིག་ཤོར་འདུག་པས།
དྲ་གྲོགས་ཚོར་སེམས་གཏིང་ནས་དགོངས་དག་ཞུ།
ལས༵་ཀྱི་རླུང༵་གིས་རྒྱབ་ནས་བདས་ནས་ཟུང་།།
སྤྱི་བོའི་དམུ༵་ཐག༵་དཀར༵་པོ༵་ཆད་ནས་ཟུང་།།
ཉི༵་མ༵་གཞོ༵ན་ནུ༵འི་འོད་ཟེར་ཉམས་ནས་ཟུང་།།
ང་ཡི་འཇིག་རྟེན་ཡོད་ཚད་གྲང་ཤུར་ཤུར།།
མེ༵་ཏོ༵ག་དཀར༵་པོ༵འི་དྲི་ངད་ཡལ་ནས་ཟུང་།།
རྩ༵མ་པ་བཟང་པོར་དག༵འ་བ་བརླགས་ནས་ཟུང་།།
ཀླུ༵་རྒྱལ་སྨྱོ༵ན་པའི་ཁ་རླངས་ཕོག་ནས་ཟུང་།།
ང་ཡི་འཇིག་རྟེན་ཡོད་ཚད་གྲང་ཤུར་ཤུར།།
གཞོན༵་ནུ༵འི་ལང་ཚོ་ཟླ༵་མེད༵་ཉམས་ནས་ཟུང་།།
ནུས་པའི་སྤོབས༵་པ༵་མཐའ༵་ཡས༵་ཟད་ནས་ཟུང་།།
སེམས་དང་ཀླད་པར་སྐྱུར༵་རྩི༵་ལང་ནས་ཟུང་།།
ང་ཡི་འཇིག་རྟེན་ཡོད་ཚད་གྲང་ཤུར་ཤུར།།
གྲོགས་པོ་དོལ་སྨྱོན་སྐྱོ་གླུ་མ་ལེན་དང་།།
ཉི་མ་གཞོན་ནུའི་བརྩེ་ཟེར་ཉམས་མི་སྲིད།།
འོན་ཀྱང་དོན་ཆེན་བྱ་བ་རྣ་ཚོགས་ཀྱི།།
དབང་གིས་རྟག་ཏུ་འདི་རུ་འཛོམས་ཐབས་བྲལ།།
དྲ་གྲོགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
གཞན་གྱིས་བསྟོད་སྨད་ཅི་ལྟར་བྱས་ཀྱང་རུང་། །
སོར་མོ་ལྔ་ཡི་ལེའུ་མུ་མཐུད་ཕྲིས། །
སེམས་ཤུགས་མ་ཆགས་དོལ་སྨྱོན་ལོ་ལོ། །
རྩམ་དགའི་སེམས་ཀྱིས་ཀློག་འདོད་ཇེ་ཆེ་རེད། །
དེ་སྔར་སོར་ལྔའི་འཇུག་སྟངས་དམར་བརྗེན་དུ། །
བསྟན་པའི་སྙན་ངག་ཁུ་བྱུག་ལས་དྲངས་པའི། །
བསྟན་བཅོས་སུ་དང་གང་གིས་མ་བྲིས་བར། །
ཐབས་དང་ཤེས་རབ་སྦྲེལ་ནས་ཕྲིས་ཤིག་ཀྱེ། །
ཉི་གཞོན་ལགས།
སྐྱོ་གླུ་མི་ལེན་རང་ལེན།།
སེམས་པ་མུན་པས་བསྒྲིབས་སོང་།།
ཉི་འོད་ཇི་ཙམ་འཕྲོས་ཀྱང་།།
མུན་པ་སངས་ཐབས་མི་འདུག།
རྩམ་དགའ་ལགས།
སོར་ལྔའི་དམར་འཁྲིད་ལག་ལེན་མང་མཆིས་རུང་།།
ད་ལྟ་སེམས་ཀྱི་ཕྱི་ནང་སྨུག་པས་བཏུམས།།
ནམ་ཞིག་སྨུག་པ་སངས་པའི་དུས་བྱུང་ཚེ།།
སོར་ལྔའི་བསྟན་བཅོས་རི་ཙམ་བརྩིགས་ངེས་ཡིན།།
རེ་ཞིག་སོར་ལྔའི་འབྲི་མཚམས་འཇོག་འདོད་ན། །
གང་དགའ་ཅི་དགའ་གནང་ནས་ཕེབས་དང་ཆོག །
མི་རིང་སྔོན་མེད་སྙན་ཚིག་རྩོམ་འདིའི་སྣེར།
སྐྱོངས་པའི་རེ་བ་སེམས་ཀྱིས་གཏིང་ནས་ཞུ། །
རིང་ནས་འདྲིས་པའི་དྲ་གྲོགས་རྩམ་དགའ་ལགས།།
གནས་སྐབས་རྒྱུ་རྐྱེན་བྱ་བ་སྣ་ཚོགས་ཀྱིས།།
རྩོམ་ཡིག་འབྲི་དང་མཆན་བུ་འདེབས་ལ་སོགས།།
བྱ་བ་ཀུན་ལ་ཞེན་པ་ལོག་ནས་འདུག།
ནམ་ཞིག་ཞེན་པ་དྭངས་པའི་དུས་བྱུང་ཚེ།།
ཁ་བརྡའི་གླིང་གར་འཕག་འཚགས་རྒྱག་ངེས་ཡིན།།
སོར་མོ་ལྔ་ཡི་བསྟན་བཅོས་འབྲི་ངེས་ཡིན།།
དྲ་གྲོགས་བཟང་པོའི་ཐུགས་ལ་དེ་ལྟར་ཞོགས།།
སེམས་ཀྱི་ནད་འདི་སངས་བར་མ་གྱུར་ན།།
སེམས་ཀྱི་ཕྱི་ནང་ཐམས་ཅད་སྟོང་པ་རེད།།
སེམས་ལ་དབང་བའི་དུས་ཤིག་མི་འདུག་པས།།
སེམས་ནད་མྱུར་དུ་གྲོལ་བའི་སྨོན་ལམ་ཞུ།།
སྙན་ངག་པ་ཡི་སེམས་ཁམས་རྨས་པས་བྱ་དགོས་ཀུན་ལ་ཞེན་པ་ལོག །
འདོད་ཆགས་ཅན་ལ་འདོད་པ་ལངས་ན་ཨ་ཅེ་ཡིན་ཡང་འཐམ་ན་འདོད། །
ཆབ་སྲིད་པ་ལ་གོ་སྐབས་བྱུང་ན་ཨ་ཕ་ཡིན་ཡང་དབང་དུ་བསྡུར། །
ཐམས་ཅད་སྒྱུ་མའི་གཤིས་སུ་གྲུབ་ན་སྨྱོ་བས་ཅི་ཡང་ཕན་པ་དཀའ། །
བྱ་བཞག་ཀུན་ལ་ཞེན་པ་ལོག་རུང་སེམས་ཀྱི་ཞེན་པ་ཇེ་ཆེ་རེད།།
ཐམས་ཅད་སྒྱུ་མའི་གཤིས་སུ་གྲུབ་རུང་སྒྱུ་མའི་རྣམ་སྤྲུལ་ཇེ་ཡག་རེད།།
རྣམ་འགྱུར་མཛེས་པོའི་ཡོ་ལང་ཁྲོད་ན་སྨྱོན་པའི་ལྡིང་སྐོར་ཇེ་ཆེ་རེད།།
ཞེན་པ་ལྕི་མོའི་གཏིང་རུམ་ཞིག་ན་སྐྱོ་བའི་མིག་ཆུ་ཁྲོམ་ཁྲོམ་རེད།།
ཁྱོད་ཅི་ཞིག་མི་འདོད་ན་ཉིད་ཀྱི་བསམ་ཚུལ་ཅི་ཞིག་གི་ཆེད་དུ་བཀོད་པ་ཡིན་ནམ
གྲོགས་པོ་ལགས།
རྗེས་ལུད་དུ་ཕྱིན་མེད་ན་
ཁྱོད་ཀྱི་བཀོད་པའི་གཏམ་དེ་ལ་དངོས་སུ་སེམས་ནང་དཀའ་ངལ་ཞིག་ཡོད་པའི་འདྲ།
འོན་ཀྱང་ཁྱོད་ཀྱི་སེམས་ནང་རུས་སྦལ་བརྩོན་འགྲུས་ལྟར་འབད་བརྩོན་བྱས་ན།
ནམ་ཞིག་ཁྱོད་ལ་དགོས་པའི་………………………..དེ་རྗེས་སུ་ཞུས་མཆོག།
གྲོགས་པོ་ལགས།
ངས་འདི་ནས་བསམ་ཚུལ་བཀོད་པ་རྣམས་ནི།
མུན་པས་ཡོངས་སུ་བཏུམས་པའི་སེམས་ཁམས་སྙོམ་པོ་འདི་ལ་ངལ་གསོ་ཅུང་ཙམ་ཞིག་ཐོབ་པའི་ཆེད་དུ་ཡིན་ལ།
བཞུད་དཀའ་བའི་ཆུ་ཚོད་རིང་མོ་འདི་རྫོགས་མྱུར་བའི་ཆེད་དུ་ཡིན་ལགས།
གྲོགས་པོ་ལགས།
གལ་སྲིད་ངས་འདོད་ན་ང་ཡི་འདོད་པ་དེ་སྒྲུབ་སླ་མོ་ཞིག་རེད།
དེ་ལ་དཀའ་ངལ་དེ་ཙམ་མེད།
འོན་དེའི་ལྟག་རྒྱག་ན་བརྗོད་དཀའ་བའི་གནས་ཚུལ་མང་པོ་རི་ལྟར་བརྩིགས་འདུག་པས།
ང་ཡི་འབད་པ་དང་བརྩོན་ཐམས་ཅད་དོན་མེད་རེད།
ད་ནི་རང་སེམས་རང་གིས་བཅུན་ཏེ་འོད་སྟོང་ལྡན་པའི་གཞུང་ལམ་སྟེང་ཁེར་རྐྱང་གི་འགྲུལ་བཞུད་ལ་ཐེངས་གཅིག་འགྲོ་ན་འདོད་བྱུང་།
དལ་སྨྱོན་ལགས།
འཇིགས་རྟེན་ནང་དུ་ཁྱོད་དང་འདྲ་བ་མང་ཡང།
ངས་བྱེད་ཐུབ་ཞེས་བརྗོད་མཁན་མང་པོ་འདུག
ཡིན་ཡང་དངོས་སུ་བྱས་དུས་ལུས་ཀྱི་སྤུ་ཡར་ལངས་ནས་
བྱས་ཐབས་མེད་པ་ལྷག་གི་འདུག་ ཁྱོད་རང་གཅིག་ཡིན་ས་རེད།
མུན་པས་བཏུམས་པའི་ཚིག་འདི།
ཁྱོད་ལ་གོ་གམ་ཡང་ན་སུ་ལ་གོ
འོན་ཀྱང་སེམས་ལ་སྡུག་བསྔལ་ཡོད་པ་དངོས་ནས་རེད་འདུག
བྱས་ན་བརྩོན་ཨ་་་་་་་་་་་་་་་་་་་་་་་་་་་་་་་དལ་སྨྱོན་ལགས།
བོད་སྤྲང་པོ་ལགས།
མུན་པས་ཡོངས་སུ་བཏུམས་པ་ནི་ང་དང་ང་ཡི་འཇིག་རྟེན་ཁོ་ན་ཡིན།
གཞན་གྱི་འཇིག་རྟེན་ན་ད་ལྟ་བདེ་སྐྱིད་ཀྱི་ཉི་མ་འཆར་བཞིན་པ་རེད།
ང་ཡི་རེ་བ་དང་འདུན་མ་ཐམས་ཅད་བརླགས་ཚར་དུས།
ད་ལྟ་སྟོང་འདང་གི་ཀློང་ན་ཡིད་ཆད་ཀྱིས་ལུས་ནས་ཡོད།
ངས་བྱེད་ཐུབ་པ་དང་ངས་བྱེད་ནུས་པ་ནི་སྙིང་སྡུག་གི་ཞལ་རས་དྲན་ནུས་པ་ཙམ་རེད།
དལ་སྨྱོན་ལགས།
འ་ཛི་
བྱས་ན་ངས་ཞུས་པ་ཚང་མ་འགྲིགས་འདུག
ཁྱོད་ལ་སྡུག་བསྔལ་ཡོད་པ་བདེན་ནོ།
ཡིན་ན་དེ་ལ་བྱས་རྒྱུ་མང་ངོ།
ཁྱོད་ལ་ནི་བརྩེ་བ་ཡོད་པ་ནི་ངས་མི་ཤེས།
ཁྱོད་བློ་སེམས་མཐུན་པའི་གྲོགས་ཡོད་མེད་མི་ཤེས།
ཉིན་མོ་ཟས་མཉམ་ཟ་གྲོགས་ཡོད་མེད་མི་ཤེས།
མཚན་མོ་ཉལ་དུས་བློ་གྲོགས་ཞལ་རས་འཁོར་རྒྱུ་ཡོད་པས་སྙིང་སྡུག་ཞིག་ཡོད་པ་མཁྱེན་བྱུང།
མཛེས་མ་ཐམས་ཅད་མཛེས་མ་མིན།
རང་སེམས་ཤོར་བ་མཛེས་མ་ཡིན།
གལ་ཏེ་ཁྱོད་ཀྱི་མཛེས་མ་ཡིན་ན།
རྡོ་ལ་རི་མོ་བཀོད་པ་ནང་བཞིན་ཡོད་དམ།
ཡང་ན་ནམ་མཁའི་རླུང་ལྟར་ཡོད་དམ།
ད་ལྟ་མདུན་དུ་ཡོད་ན།
ཕྱག་དེ་དམ་པོ་ཟིམ་ནས།
མཆུ་ལ་འོ་གཅིག་བྱེད་དོ་
ང་ནི་སུ་ཡིན་མིན་ཤེས།
ཁྱོད་མཛེས་བདག་པོ་རྒྱབ་རོགས།
སྤྱང་ཀི་ལག་ཏུ་ཤོར་དུས།
གཅིག་ཀྱང་ཐར་པ་མི་གཏོང།
རང་ལ་ཡོད་པའི་ནོར་བུ།
གཞན་གྱི་ལག་འོག་ཤོར་ན།
སེམས་ལ་སྡུག་བསྔལ་ག་ཚོད།
རང་གི་མི་ཤེས་མ་རེད།
བོད་ཀྱི་སྤྲང་པོའི་བསླབ་བྱ།
ཡག་ན་སེམས་ལ་བཞག་གོ།
སྡུག་ན་གང་གནང་ཁྱོད་འདོད།
དེ་རིང་དེ་ཙམ་ཡིན་ནོ་་་་་་་་་་་་་་་་་་་་་་་་་་་་་་་་་་དལ་སྨྱོན་ལགས་ཤུགས་རྒྱབ་ཨ་་་་་་་་་་་་་་་་་་་ཧི་ཧི་ཧི་་་་་་་་་་་་་་
བོད། སྤྲང་པོ་ལགས།
གལ་ཏེ་ཁྱེད་ཀྱིས་ང་ཡི་གནས་ཚུལ་ཚང་མ་ཤེས་འདོད་ན།
ཁ་བརྡ་དྲ་ཚིགས་ཀྱི་སྔོན་གྱི་རྩོམ་ཡིག་ཁག་ནང་གཟིགས་དང་།
ངས་གནས་སྟངས་དེ་དང་འབྲེལ་བའི་རྩོལ་འཆལ་མང་ཙམ་སྤེལ་ཡོད།
ཉིད་ལ་དུས་ཚོད་ན་ངེས་པར་དུ་གཟིགས་རོགས།
དེ་ནས་བསམ་ཚུལ་ཞིག་གསུང་རོགས།