ཞཱ་མིན་གྱིས་བརྩམས།
གངས་ལྷ་མོས་བསྒྱུར།
རྒྱལ་སྤྱིའི་སྤྱི་ཚོགས་ནས་ངུར་སྨིག་གི་ཆོས་གོས་གྱོན་པའི་རབ་བྱུང་གཉིས་བོད་མིའི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་མཉམ་དུ་མངོན་བཞིན་བྲེལ་འཚུབ་ཀྱི་རྣམ་པ་ཞིག་རྒྱུན་དུ་མཐོང་བཞིན་ཡོད།
དེའི་ནང་གི་གཅིག་ནི་ཚང་མས་རྒྱུས་མངའ་ཆེ་བའི་ཏཱ་ལའི་བླ་མ་མཆོག་རེད།ཁོང་བག་ཕེབས་འགྲོགས་བདེ་དང་ཡིད་དུ་འོངས་བའི་རང་གཤིས་ཀྱི་ནུས་སྟོབས་དེས་གང་ཟག་གཞན་རྣམས་ཁོང་གི་ཉེ་འཁྲིས་སུ་འཐེན་ཤུགས་ཤིག་གིས་འདུས་བཞིན་ཡོད་པར་བརྟེན།ཁོང་ནི་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་བཅས་ངོ་འཕྲོད་བདེ་བའི་མཚོན་རྟགས་ཤིག་སྟེ།འཛམ་གླིང་ཡོངས་ཀྱིས་གུས་བཀུ ར་དང་དད་མོས་བྱེད་ཡུལ།བཙན་བྱོལ་བོད་མི་རྣམས་ཀྱི་ནུས་མཐུ་ལྡན་པའི་མགོན་སྐྱབས་དང་ཆོས་སྲུང་མཁན་གྱི་སྲུང་མ་ལྟ་བུ་ཞིག་རེད།འོན་ཀྱང་མི་ཚང་མས་ཁོང་གི་འཁྲིས་སུ་ཡོད་པའི་གཅིག་མཚུངས་ཀྱི་བཙུན་པ་བགྲེས་པོ་གཞན་དེ་ཤེས་ཚོད་མ་རེད། ཁོང་ནི་བོད་བཙན་བྱོལ་སྲིད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རེད་ལ།བོད་གཞུང་གི་སྐབས་དགུ་བ་དང་བཅུ་པའི་བཀའ་ཤག་སྒྲིག་འཛུགས་ཀྱི་དབུ་འཁྲིད་རེད། དུས་མཚུངས་སུ་ཁོང་ནི་བོད་ཀྱི་རིག་གཞུང་དང་རྒྱ་གར་གྱི་རིག་གཞུང་ལ་བྱང་ཆུབ་པའི་མཚན་ཉིད་མཁས་དབང་དང།ཆོས་ལུགས་ཆེད་མཁས།སློབ་དཔོན་ཆེན་མོ་དང་རྒྱ་གར་གྱི་སྲིད་ཟུར་གྷན་ལྡིའི་རྗེས་འབྲངས་པ་ཞིག་རེད།
ཁྱད་འཕགས་ཀྱི་བཙུན་པ་དང་ཆབ་སྲིད་མཁས་དབང་གི་མཚན་སྙན་འདི་ཁོ་ནས་མི་རྣམས་ལ་གཟི་བརྗིད་ཀྱི་བག་ཆགས་ཤིག་བཞག་གི་ཡོད་པ་རེད།དེ་མིན་མཚན་ཉིད་རིག་པའི་ཁྱད་མཁས་དང་སློབ་དཔོན་ཆེན་མོའི་རྒྱབ་ལྗོངས་དེར་ལྷག་པར་གོང་བཀུར་བྱེད་འོས་ཤིག་གྱུར་ཡོད། དེར་བརྟེན་ངས་ཁོར་ཡུག་སྣ་ཚོགས་སུ་ཟམ་གདོང་རིན་པོ་ཆེ་ཐུག་འཕྲད་བྱུང་སྐབས་ཁོང་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཞེས་འབོད་ཀྱི་ཡོད་ལ།དེ་ནི་ང་རང་ཡང་སློབ་དཔོན་གྱི་མིང་ཡོད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད།
ངས་གུས་ཞབས་ཆེན་པོས་ཁོང་ལ་འཚམས་འདྲི་བྱེད་ཀྱི་ཡོད་།འོན་ཀྱང་གོང་ས་ཏཱ་ལའི་བླ་མ་ནང་བཞིན་གྱིས་ཉེ་པོའི་སྒོ་ནས་ཕྱག་བཏང་ཞིང་ཁ་བརྡ་བྱེད་མྱོང་མེད།ཕྱོགས་གཅིག་ནས་ངས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ཐད་ཤེས་རྟོག་གང་ཡང་མེད་པས་ཡིན་སྲིད་ཅིང། སོ་སོས་གོམས་གཤིས་འཆོལ་ནས་ཁོང་རྣམ་པར་གུས་ཞབས་མེད་པར་སོང་ན།ཤེས་ལྡན་མཆོག་ལ་གོང་བཀུར་མཚོན་ཐབས་མེད་པ་མ་ཟད།༸གོང་ས་ཏཱ་ལའི་བླ་མ་དང་བཀའ་བློན་ཁྲི་པའི་དད་དམངས་མདུན་ནས་ཁོང་རྣམས་ཀྱི་ཆོས་ལུགས་ཀྱི་གོམས་གཤིས་འཐུས་ཚང་མི་ཡོང་ན་ཉེས་སྐྱོན་དུ་སོང་ན་མི་ལེགས་སོ་སྙམ་པའི་འཚེར་སྣང་ཆེ་བས་ཡིན།
ཕྱོགས་གཞན་ཞིག་ནི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ནི་འགྲོ་འདུག་སྤྱོད་གསུམ་ཞི་འཇམ་དང། མི་ཚོགས་མང་ས་ནས་རྒྱུན་དུ་ཁེངས་སྐྱུང་དང་ཉམས་ཆུང་གི་རྣམ་པ་ལས། མི་ཚོས་མདུན་ནས་རུ་དཔུང་གིས་སྣེ་ཤེན་དང་རྒྱབ་ནས་དད་དམངས་ཀྱིས་མཉམ་རུབ་ཀྱི་རྣམ་པར་མི་སྤྲོ་བར་བརྟེན།ཉེ་ས་ནས་ཁོང་དང་ཐུག་འཕྲད་བྱ་བའི་གོ་སྐབས་ནི་དངོས་གནས་ཧ་ཅང་ཉུང་ཉུང་རེད།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་གོང་ས་མཆོག་གཅིག་རྗེས་གཅིག་འབྲང་གིས་གསང་བ་ལྐོག་གྱུར་གྱི་རྣམ་པ་ཞིག་ཐོན་གྱི་ཡོད།དེ་སྔོན་ཤེས་ཡོན་པས་ཁོང་གི་ཕྱོགས་ནས་ཁོང་སྒེར་གྱི་གནས་ཚུལ་འགའ་ཤེས་འདོད་བྱས་ཀྱང།ཟམ་གདོང་རིན་པོ་ཆེས་རྟག་ཏུ་བདག་དེ་ཙམ་གྱི་གལ་ཆེན་པོ་མ་རེད།གཙོ་བོ་བསམ་བློ་གལ་ཆེ།ཞེས་གསུངས་ནས་སྒེར་གྱི་སྐོར་རྩ་བ་ནས་གསུང་གི་མེད། ང་ཚོས་དཔེ་དེབ་ཁག་དང་དྲ་ལམ་གྱི་ངོ་སྤྲོད་ཐོག་ནས་ཤེས་རྟོག་བྱུང་བ་ལྟར་ན། ཁོང་ ༡༩༣༩ལོའི་ཟླ་༡༡ཚེས་༥ཉིན་དེང་གི་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བར་འཁྲུངས་ཤིང།དགུང་ལོ་ལྔའི་ཐོག་ཟམ་གདོང་རིན་པོ་ཆེའི་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་བྱས། ༡༩༥༩ ལོར་༸གོང་ས་མཆོག་དང་མཉམ་དུ་བཙན་བྱོལ་དུ་ཕེབས།
༡༩༧༠ལོར་བོད་རྒྱུད་ནང་བསྟན་གྱི་འབུམས་རམ་པའི་ཚད་གཞི་ལྡན་པའི་དགེ་བཤེས་ཀྱི་མཚན་གནས་ཐོབ།དེ་སྔོན་རྡོ་རྗེ་གདན་ཝ་ར་ཎ་སའི་བོད་པའི་རིག་གཞུང་སློབ་ཆེན་གྱི་སློབ་སྤྱི་དང་མཐོ་རིམ་སློབ་སྟོན་པ་གནང་ནས་ལོ་ངོ་སུམ་ཅུ་འདས།༡༩༩༦ལོ་ནས་༢༠༠༡ལོ་བར་བོད་བཙན་བྱོལ་གཞུང་གི་སྤྱི་འཐུས་དང།དེ་རྗེས་སྤྱི་མོས་ཀྱི་འོས་ཐོབ་ནས་སྤྱི་འཐུས་ཚོགས་གཙོར་འོས་འདེམས་ བྱུང།༢༠༠༡ལོའི་ཟླ་༨ཚེས་༢༠ཉིན།ཁོང་སླར་མི་གྲངས་བརྒྱ་ཆ་༨༤།༥ཡིས་བཀའ་བློན་ཁྲི་པར་འདེམས་ཐོབ་བྱུང།དེ་བཞིན་བཀའ་ཁྲིའི་འགན་དབང་༢༠༠༡ལོ་བར་གནང།ལོ་དེའི་ཟླ་༧པའི་ཟླ་མཇུག་གམ་ཟླ་༨པའི་ཟླ་མགོར་དུས་ཡུན་རྫོགས་ནས་ཁོང་གི་དབང་ཆ་རྒྱུད་སྤྲོད་གནང་སྟེ་ཆེས་མཐོའི་དབང་ཆ་ནས་མར་བབས་ཀྱི་ཡོད་པའི་སྐོར་ཤེས་རྟོག་བྱུང།
ལོ་འདི་ནི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལོ་རྒྱུས་ཐོག་༸གོང་ས་ཏྰ་ལའི་བླ་མ་བཙན་བྱོལ་དུ་ཕེབས་དུས་ཀྱི་མི་གྲངས་ལྡབ་འགྱུར་སླེབས་པའི་ལོ་ཞིག་ཡིན།༸གོང་ས་མཆོག་གིས་ཆབ་སྲིད་ལ་ཐད་ཇུས་མེད་པར་ཁྱབ་བསྒྲགས་གནང་ཡོད་པ་རེད།
སློབ་དཔོན་ཟམ་གདོང་རིན་པོ་ཆེའང་བཀའ་ཁྲིའི་དུས་ཡུན་ཐེངས་གཉིས་རྫོགས་ནས་ཆབ་སྲིད་ཀྱི་དབང་ཆ་ནས་ཕྱི་འཐེན་གནང་གི་རེད།ཟླ་༤པའི་ཚེས་༢༧ཉིན་འོས་འདེམས་ཀྱི་གྲུབ་འབྲས་སྤྱི་བསྒྲགས་བྱས་རྗེས་ང་ཚོས་བཙན་བྱོལ་སྲིད་གཞུང་གི་ཆབ་སྲིད་དབང་ཆ་དེ་སྐྱ་བོས་འཛིན་རྒྱུ་དང།ཡང་ན་གཙོ་ཆེ་བ་གཞིས་ཆགས་ཁག་ཏུ་འཚར་ལོངས་བྱུང་ཞིང།ནུབ་ཕྱོགས་ཀྱི་སློབ་གསོ་ཐོབ་པའི་མི་རབས་གསར་པས་དམ་འཛིན་བྱ་རྒྱུ་ཡིན་པར་མཐོང་ཐུབ།
སློབ་གསོའི་གསོ་སྐྱོང་དང་ཆོས་ལུགས་རྒྱུད་འཛིན་གྱི་སྲོལ་རྒྱུན་ཐོག་བཙན་བྱོལ་བོད་མི་ཡུ་ཐེ་མི་རིགས་དང་ཧ་ཅང་འདྲ་མཚུངས་ཡོད་པར་བརྟེན།གསར་སྐྱེས་ཀྱི་བོད་མིའི་ཆབ་སྲིད་མཁས་དབང་ནང་ཡོ་རོབ་དང་ཨ་རིའི་སྐད་གྲགས་ཅན་གྱི་མཐོ་སློབ་ནས་གསོ་སྐྱོང་བྱས་པའི་ཁྲིམས་རྩོད་པ་ཉུང་ཉུང་མིན།བཙན་བྱོལ་སྲིད་གཞུང་འདི་གཟན་ཤམ་ཐག་གྱོན་པའི་རབ་བྱུང་ནས་ཕྱི་ལུགས་ ཀྱི་ཆས་གོས་སྤྲས་པའི་ཁྲིམས་དཔོན་གྱི་ལག་ཏུ་བརྒྱུད་ཡོང་དུས།སྲིད་འཛིན་གྱི་བསམ་སྤྱོད་དང་ལུགས་སྲོལ།དེ་བཞིན་སྲིད་ཇུས་འགྱུར་ལྡོག་གང་འདྲ་འབྱུང་མིན་ནི་ངས་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་རེ་སྒུག་དང་ནན་ཏན་གྱིས་ལྟ་ཞིབ་དགོས་པའི་ཕྱོགས་རེད།
བོད་བཙན་བྱོལ་གཞུང་ལ་འགྱུར་ལྡོག་ཆེན་པོ་འདི་འདྲ་ཞིག་འགྲོ་བཞིན་པའི་སྐབས་འདིར་ང་རང་ཁོར་ཡུག་དེར་དངོས་སུ་ཞུགས་པའི་གོ་སྐབས་བྱུང་ཞིང།གནས་དོན་ཆེན་པོ་དེ་དངོས་སུ་མཐོང་ཐུབ་པའང་བྱུང།
ན་ནིང་ཟླ་༡༡་པར།ང་དང་བྱང་ཨ་རིའི་ལྟ་སྐོར་ཚོགས་པ་ཞིག་དང་མཉམ་བཙན་བྱོལ་གཞུང་ཆགས་སའི་རྒྱ་གར་རྡ་རམ་ས་ལར་འབྱོར་ནས་ཁུལ་དེའི་བོད་མི་ཚོས་འོས་འདེམས་ཀྱི་གོ་རིམ་མཐོང་ཞིང།སྲིད་གཞུང་དང་སྤྱི་འཐུས་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱང་བྱུང།དེ་བཞིན་སྲིད་གཞུང་གི་ཞབས་ཞུ་བ་ཡོངས་དང་བགྲོ་གླེང་གིས་ཕན་ཚུན་འབྲེལ་བ་ཡོང་བའི་གོ་སྐབས་བྱུ ང་ཡོད་པ་རེད།དེའི་ནང་ངས་ཆེས་བརྗེད་པར་དཀའ་བ་དེ་ནི་བཀའ་བློན་གྱི་ཁང་ཆུང་ཐོག་བརྩེགས་སྟེང་གི་སྐུ་མགྲོན་སྣེ་ལེན་ཁང་དུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་མཇལ་འཕྲད་དང་ཁ་བརྡའི་སྐོར་ཡིན།
དེ་ནི་༢༠༡༠ལོའི་ཟླ་༡༡ཚེས་༡༡ཉིན་རྒྱབ་ཆུ་ཚོད་བཞི་པའི་ཐོག་རེད།ང་དང་བྱང་ཨ་རི་ནས་ཡོང་བའི་གྲོགས་པོ་གསུམ་དང་མཉམ་བཀའ་ཁྲི་མཇལ་བར་སོང།ཁོང་གི་སྐུ་མགྲོན་སྣེ་ལེན་ཁང་ཆུང་དེ་ནི་གྲུབ་བཞིའི་གཞུང་ལས་ཁང་ཞིག་རེད་འདུགཕྱོགས་བཞིའི་སྒེའུ་ཁུང་ཡོངས་ངང་དཀར་མདོག་གི་སྒེའུ་རས་ཐུག་པོ་བཀལ་འདུག་ལ།ཉི་འོད་ནང་དུ་འཕྲོ་ཐུབ་ཀྱི་མི་འདུགཁང་པའི་སྒྲིག་ཆས་ཡོང ས་ཅུང་རྙིང་པའི་མདོག་མངོན་པ་དང།ང་ཚོ་བསྡད་སའི་ཁུག་ཀྱོག་གཉིས་ཀྱི་མདུན་ལྕོག་སྒང་སངས་རྒྱས་ཀྱི་སྐུ་འདྲ་དང།འགྱིག་གི་མེ་ཏོག་དྲན་རྟེན་ལག་རྟགས་ཀྱིས་ཁེངས་འདུག ཁུག་ཀྱོག་གཞན་ཞིག་གི་གྱང་ཐོག་༸གོང་ས་མཆོག་གི་སྐུ་པར་བཀལ་ཞིང་དངས་གཙང་གི་ཁ་དར་གྱིས་བཀླུབས་འདུགདེ་མིན་ཁུག་ཀྱོག་གཞན་ཞིག་གི་གྱང་ཐོག་རྒྱ་གར་གྱི་སྲིད་བློན་གྷིན་ལྡིའི་པར་བཀལ་ཡོད། མཚོན་མདོག་ལྔ་ལྡན་གྱི་རླུང་རྟ་ཞིག་གྱང་གི་ཁུག་སོ་ཞིག་ལ་བཀལ་ཞིང། དེའི་ཐོག་བོད་འདི་རྟག་བརྟན་ཤོག་ཅེས་བྲིས་འདུག
དབུ་སྐྲ་དུང་ལྟར་དཀར་བའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྐུ་ལུས་ལ་ངུར་སྨིག་གི་གཟན་ཤམ་བཀླུབས་ཤིང་ཐུགས་རྩེ་གཅིག་སྒྲིལ་གྱིས་མི་རེ་རེའི་གནས་ཚུལ་དང་དྲི་བ་ཡོངས་ཉན་ནས་བཞུགས།སྐབས་འགར་ཁོང་གི་ངོ་ནས་ནན་ཏན་ཆེ་པོ་མངོན་ཞིང།སྐབས་རེར་འཛུམ་མདང་གིས་ཁེངས་ནས་ཡོད།འོན་ཀྱང་ག་དུས་ཡིན་ཡང་ཁོང་ནི་ཞི་ལྷོད་བག་ཕེབས་ངང་གནས་ཤིང་སྤྱན་གཉིས་དང་ཞལ་རས་ གཉིས་ལ་གཟི་འོད་ཀྱིས་ཁྱབ་ནས་ཡོད་པ་རེད།
བོད་པའི་ཆོས་ལུགས་དབུ་འཁྲིད་གྲངས་མེད་དང་མཇལ་འཕྲད་བྱས་པའི་རྒྱུད་རིམ་ནང་ངས་རྟག་ཏུ་ཁོང་རྣམས་ཀྱི་སེམས་ནང་གི་དགའ་སྤྲོའི་སྣང་བ་ཞིག་ཞལ་རས་ནས་མངོན་བཞིན་པ་ཚོར་གྱི་ཡོད་།ཁོང་རྣམ་པ་ནི་འཛུམ་གྱིས་རྒྱན་པ་ཤ་སྟག་རེད།ནང་སེམས་ཀྱི་འོད་སྣང་དེ་སྤྱན་གཉིས་བརྒྱུད་དེ། ཁོང་རྣམས་ཀྱི་སྤྱན་ནས་གཟི་འོད་ཅིག་རྒྱུན་དུ་འཕྲོ་བཞིན་ཡོད།
ངས་ཟམ་གདོང་རིན་པོ་ཆེས་གཞན་གྱི་སྐད་ཆ་གསན་པ་དང།ཡང་ན་བསམ་བློ་གཏོང་བཞིན་པའི་སྐབས་ཁོང་གི་ཕྱག་གཡོན་པའི་ཕྱོགས་ཀྱི་གཡག་གི་འདྲ་གཟུགས་ཆུང་ཆུང་དེ་དང་། གཡག་དེའི་སྒལ་པར་བཀལ་བའི་རྡོག་ཕྲེས་ལ་རེག་ཙམ་རེག་ཙམ་གནང་དུས་།ངའི་སེམས་ནང་བགྲེས་པོ་ཁོང་ནི་ས་མཐོའི་གཡག་རྒོད་ཅིག་དང་མཚུངས་ཤིང།ཕྲག་པར་བོད་ཀྱི་ལོ་རྒྱུས་ཀྱི་ལས་དབང་དེའི་རྡོག་ཕྲེས་ལྕི་མོ་དེ་ཁྱེར་ཡོད་ཅེས་བསམ་བྱུང།
སྐབས་འགར་ངས་སླར་ཡང་བགྲེས་པོ་ཁོང་གིས་ཐུགས་ལའང་ང་རང་གཡག་ཕྲུག་འདི་ལྟར་ནམ་ཡང་རྡོག་ཕྲེས་ལྕི་མོ་ཞིག་འཁྱེར་འདོད་མེད།ངས་འཆིང་ཐག་འདི་དོར་ནས་བསམ་བློའི་གླིང་ཆེན་དུ་རང་དབང་གི་སྒོ་ནས་འཕུར་ལྡིང་བྱ་རྒྱུ་ཡིན། ཞེས་བསམ་བཞིན་ཡོད་དམ་སྙམ།
བོད་བཙན་བྱོལ་གཞུང་འདིས་གལ་ཆེའི་དབང་ཆ་བརྗེ་བསྒྱུར་བྱེད་བཞིན་པ་རེད།ངས་ཁོང་ད་ལྟའི་ཆར་གྱི་སེམས་ཁམས་ཤེས་འདོད་ཡོད།ངས་ཁྱེད་ཀྱིས་རྗེས་རབས་རྒྱུན་འཛིན་པར་བསྐུལ་མ་འདྲ་ཡོད་དམ།དཔེར་ན་རྗེས་རབས་པ་དེ་དབང་ཆའི་རྟ་ལ་ཞོན་རྗེས་ཕར་ཙམ་བསྐྱེལ་མ་བྱ་བ་སོགས།ཅེས་དྲིས།
ཟམ་གདོང་རིན་པོ་ཆེས་ཡུན་ཙམ་རྗེས་ནས་ང་ཚོར།ང་རང་བྱང་ཨ་རིར་འཚམས་འདྲིར་བཅར་དུས་མ་འོངས་བཀའ་ཁྲིའི་འོས་མི་ཞིག་གིས་བདག་ལ་མ་འོངས་པར་ཁོང་གལ་ཏེ་རྗེས་འཛིན་པ་ཆགས་ན་བཅོལ་དགོས་པའི་གཏམ་འདྲ་དང་བཀའ་སློབ་འདྲ་ཡོད་མེད་དྲིས་བྱུང།ངས་ཁོ་ལ་གལ་ཏེ་ཁྱོད་རང་མ་འོངས་རྗེས་འཛིན་པ་གྱུར་ཚར་བ་ཡིན་ཚེ་ཁྱོད་ཀྱིས་གཤམ་གྱི་འཆར་གཞི་དང་བཀོད་བསྒྲིག་ག་རེ་དགོས་མིན་ཤེས་ཚར་བ་རེད།གལ་ཏེ་ཁྱོད་ཀྱིས་དེ་དག་ཤེས་ཀྱི་མེད་ན་ཁྱོད་རང་ལ་གོ་གནས་འདི་འཚམ་པོ་མེད།གལ་ཏེ་ཁྱོད་རང་མ་འོངས་བཀའ་ཁྲི་ཆགས་པ་ཡིན་ན།མི་མང་ཚོས་ཁྱོད་ལ་ཡིད་ཆེས་ཡོད་པར་མཚོན་ཡོད་སྟབས་ངས་དེར་ཇུས་གཏོགས་འཕྲད་ཀྱི་མ་རེད་།དེར་བརྟེན།ངས་ཁྱོད་ལ་བཤད་རྒྱུ་གང་ཡང་མེད།ཅེས་བཤད་པ་ཡིན།ཞེས་གསུངས་བྱུང།
ངས་ཁྱེད་ཀྱི་འདས་སོང་གི་ཆབ་སྲིད་ཉམས་མྱོང་དེ་དག་ནི་ཕུན་སུམ་ཚོགས་པའི་མ་རྩ་ཞིག་རེད།ཁྱེད་སློབ་དཔོན་ཆེན་མོ་ཞིག་ཡིན་པའི་ངོས་ནས་དང།ངའང་སློབ་དཔོན་ཞིག་ཡིན་པའི་ངོས་ནས་ངས་ཤེས་འདོད་པ་ནི།ཁྱེད་རང་དབང་སྒོ་ནས་ཕྱིར་དོན་རྗེས་ཁྱེད་ཀྱི་མཛད་རྣམ་ཞིག་བྲིས་ཏེ་ལོ་རྒྱུས་དང་བསམ་གཞིགས་དེ་དག་རྗེས་རབས་པར་བཞག་བསམ་གྱི་ཡོད་དམ།ཞེས་བྲིས། ཟམ་གདོང་རིན་པོ་ཆེས་ང་ལ་ཕྱི་དྲན་གྱི་ལོ་རྒྱུས་འབྲི་རྩོམ་བྱ་བསམ་པ་གང་ཡང་མེད།མི་མང་པོས་ང་ལ་དེའི་སྐོར་བསམ་འཆར་དང་རེ་འདུན་བཏོན་མྱོང་ཡོད།ངས་གལ་ཏེ་གང་ཟག་ཅིག་གིས་ངའི་སྐོར་གྱི་ལོ་རྒྱུས་དུམ་ཞིག་འབྲི་འདོད་ཡོད་ཚེ་།དཔེར་ན་ངའི་སློབ་བུ་ཚོས་དེ་ལྟར་བྱ་འདོད་ཡོད་ན་ངས་ངོ་རྒོལ་བྱེད་ཀྱི་མ་རེད།འོན་ཀྱང་ང་རང་སྒེར་ངོས་ནས་ཕྱི་དྲན་གྱི་ལོ་རྒྱུས་འབྲི་ མི་སྲིད་པ་རེད། ཅེས་གསུངས།
ངས་སླར་ཡང་ཁོང་ལ།གལ་ཏེ་ད་ལྟའི་ཆར་ཁྱེད་ཀྱིས་སྨོན་ལམ་འདེབས་པའི་དབང་དུ་བཏང་ན་དབང་ཆ་ནས་ཕྱིར་འཕོས་རྗེས་ཁྱེད་ཀྱིས་ཅི་ཞིག་གནང་འདོད་དམ།ཞེས་དྲིས།
ཟམ་གདོང་རིན་པོ་ཆེས་དལ་བུའི་ངང་ནས་ང་ལ་ཁོང་གི་སེམས་ཀྱི་རེ་འདུན་གསུང་བྱུང། དེ་རྗེས་ཁོང་གི་ཕྱག་རོགས་དང་བཙན་བྱོལ་གཞུང་གི་མཐོ་རིམ་དཔོན་བློན་གྱིས་ང་ལ་ཁོ་ཚོའི་ཤེས་རྟོགས་ལྟར་ན་དེ་ནི་ཟམ་གདོང་རིན་པོ་ཆེས་ཐོག་མར་མི་གཞན་ལ་ཁོང་གི་མ་འོངས་པའི་འཆར་གཞི་བརྗོད་པ་ཡིན་སྲིད་ཟེར།ཁོང་གིས་ང་ནི་རབ་བྱུང་བགྲེས་པོ་ཞིག་ཡིན།ཆབ་སྲིད་ལ་དོ་སྣང་མེད།ང་ཚོའི་ཆོས་ལུགས་ནང་མི་ཞིག་ལོ་དྲུག་ཅུའི་མཚམས་སུ་སླེབས་དུས་ཚེ་གཅིག་དང།དེ་བསམ་བློའི་ཉམས་ལེན་དང་འབད་ཕྱོགས་སུ་ལེགས་སྐྱེས་ཕུལ་ཚར་བ་རེད།ངའང་ལོ་དྲུག་ཅུའི་རྗེས་སུ་༸གོང་ས་མཆོག་གིས་ངས་དམངས་ཀྱིས་འོས་འདེམས་བྱས་པའི་གྲུབ་འབྲས་ལ་ངོས་ལེན་ཐོག་ནས་བཙན་བྱོལ་གཞུང་དུ་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་ཞུགས་དགོས་གསུངས་བྱུང།སྒེར་གྱི་འབད་ཡུལ་དང་དམངས་ཀྱི་ཁེ་ཕན་དབར་ནས་ངས་བཙན་བྱོལ་བོད་མི་མང་ཆེར་གྱི་འདོད་དོན་ལ་ དང་ལེན་བྱས་ཏེ་བཀའ་ཁྲི་སྐབས་གཉིས་ནང་ལོ་བཅུ་ལྷག་བྱས་པ་ཡིན།ད་ལྟའི་ཆར་ངས་དབང་ཆ་བརྩིས་སྤྲོད་བྱེད་པའི་དུས་སུ་སླེབས་ཡོད་།ཅེས་གསུངས།
ངས་ཟམ་གདོང་རིན་པོ་ཆེས་དེ་སྔོན་རྒྱ་གར་དབུས་ཕྱོགས་རྡོ་རྗེ་གདན་དུ་ཤེས་ཡོན་དང་ཆོས་ལུགས་ཀྱི་བརྗོད་གཞིའི་ཐོག་ཞིབ་འཇུག་གནང་མྱོང་བ་ཤེས་ཡོད་པར་བརྟེན།ཁོང་ཧི་མ་ལ་ཡའི་རི་གྲོང་འདི་ཁ་བྲལ་ཏེ་རྒྱ་གར་སྤང་ཐང་ཐོག་ཕྱིར་ཕེབས་སྲིད་དམ་སྙམ་ཡོད།
དེའི་སྐོར་ཁོང་གིས་མུ་མཐུད་དུ་གསུངས་དོན།ངའི་གྲོགས་པོ་ཞིག་ལ་བཤད་ཚར་བ་ཡིན།ཁོས་ང་ལ་རྡ་སའི་རི་གཤམ་ཏུ་ས་ཁང་པ་ཆུང་ཆུང་ཞིག་བརྒྱབ་རྒྱུ་བྱས་ཚར།དབང་ཆ་ནས་ཕྱིར་འཕོས་རྗེས་ང་ས་ཁང་ཆུང་ཆུང་ནང་སྤོས་ནས་དེར་འཚོ་བ་བསྐྱེལ་རྒྱུ་ཡིན།ངས་གྲོགས་པོར་བསྐུལ་ཚར།ང་རང་ཤ་གཟུགས་འདི་དང་བྲལ་རྗེས །ས་ཁང་ཆུང་ངུ་དེ་མར་བསློག་ནས་ཐང་བདེ་བཟོས་རྗེས་ཤུལ་ཏོག་ཙམ་ཡང་མ་ལུས་པར་བྱོས་ལ།མི་གཞན་གྱིས་ང་རང་དེར་བསྡད་མྱོང་བར་མ་ཤེས་པར་གྱིས་།ཅེས་བཤད་ཚར།ཞེས་གསུངས་པ་དང། ཁོང་གི་མུ་མཐུད་དེ་གསུངས་དོན།
ས་ཁང་ཆུང་ངུ་དེའི་ནང་ངས་ལས་དོན་གཅིག་བསྒྲུབ་བསམ་ཡོད།དེ་ནི་བོད་བརྒྱུད་ནང་བསྟན་གྱི་གལ་འགངས་ཆེ་ཤོས་ཀྱི་ཆོས་དཔེ་བཀའ་འགྱུར་ལ་རྩོམ་སྒྲིག་དང་དཀར་ཆགས་བསྒྲིག་རྒྱུ་དེ་རེད། ཤེས་དགོས་པ་ཞིག་ལ་བཀའ་འགྱུར་ལ་ཤོ་ལོ་ཀ་༡༠༨ ཡོད་པ་དང། ལེའུ་སྟོང་ལ་ཉེ། ངའི་ཚེ་གཅིག་གི་དུས་ཚོད་བེད་སྤྱོད་ཀྱང་མཇུག་བསྒྲིལ་ཐབས་དཀའ་མོ་ཆགས་སྲིད།འོན་ཀྱང་གལ་ཏེ་ངས་སྒྲོམ་གཞི་དང་དཀར་ཆགས་བསྒྲིག་ཚར་ན་རྗེས་རབས་པ་ཚོས་ཀྱང་མུ་མཐུད་བྱ་བཞག་དེ་རྒྱུན་མཐུད་ཀྱིས་ལེགས་འགྲུབ་བྱ་ཆོགས་ཀྱི་རེད།
ཟམ་གདོང་རིན་པོ་ཆེས་ས་ཁང་ཆུང་ངུའི་རེ་འདུན་དེས་ངས་ས་ཁང་ཆུང་ངུ་གཞན་ཞིག་གི་ལོ་རྒྱུས་དྲན་བྱུང།ལོ་ངོ་སྟོང་ཕྲག་གཅིག་དང་དྲུག་སྟོང་གི་སྔ་རོལ་ན་ནུབ་ཡུལ་དུ་འཕགས་པ་ཞིག་གིས་ཁུ་ནུ་རི་རྒྱུད་ཀྱི་བྱང་ཕྱོགས་ཁྲང་ཨན་ཕྱིར་རྩ་ཁང་ཞིག་བརྒྱབ།རྒྱ་ནག་ནུབ་བྱང་རྒྱལ་རབས་སྐབས་སུ་ཁོང་གི་ཁྱིམ་རྒྱུད་ཉམས་ཉེས་སོང་ནས་དགྲ་བོས་ཁོང་དབུས་ཁུལ་དུ་བཙན་ཁྲིད་བྱས།ཡང་དེ་རྗེས་ཆིང་མཇུག་མའི་རྒྱལ་རབས་ཀྱི་དབང་འཛིན་པས་ཁྲང་ཨན་གྲོང་དུ་ཕྱིར་གདན་དྲངས།སྐབས་དེར་དགུང་ལོ་ལྔ་ཅུ་ང་བརྒྱད་ཟིན་པའི་ལའོ་ཁྱིམ་རྒྱུད་ནས་རྒྱ་ནག་གི་ལོ་རྒྱུས་ཐོག་ཆེས་རྒྱ་ཆེའི་དཔེ་ཆ་ལོ་ཙྭ་བྱ་བའི་ལས་དོན་དེ་འགོ་བཙུགས་ནས་ལོ་ངོ་བཅུ་གྲངས་རྗེས་སུ་འདས་གྲོངས་སུ་གྱུར།བྱ་བཞག་དེས་རྒྱ་ནག་ཏུ་ནང་ཆོས་ཀྱི་ལོ་རྒྱུས་ཐོག་ནམ་ཡང་བསུབ་ཐབས་བྲ ལ་བའི་ལེགས་སྐྱེས་ཤིག་ཕུལ་ཡོད་པ་རེད། ཁོང་གིས་ལོ་ཙ་མཛད་པའི་ཕར་ཕྱིན་དང། རྡོ་རྗེ་ཐིགས་པ།སོགས་ནི་ནང་ཆོས་ཆོས་བརྒྱུད་ཁག་གི་གལ་ཆེའི་དཔེ་ཆ་གྱུར་ཞིང།ལོ་རྒྱུས་སུ་གྲགས་པ་འབར་བའི་ལེགས་བཤད་སྣ་ཚོགས་བཞག་ཡོད་པ་་དཔེར་ན།་ངོ་བོ་ཙམ་གྱིས་སེམས་མི་འགུལ།གཟུགས་སྒྲ་དྲི་རོ་རེག་བྱར་སེམས་མི་ཆགས།ཆོས་སྟོང་པ་ཉིད་དུ་མཐོང་ཞིང།སངས་རྒྱས་ནི་སྐྱེ་བ་མེད་ཅིང་ཤི་བའང་མེད་པར་བརྟེན།ཡོད་པ་ཚང་མ་སྟོང་ཞིང།མཐོང་བ་མཐའ་དག་དེ་བཞིན་སྟོང།དེ་ནི ་སངས་རྒྱས་བསྟན་པ་ཡིན།ཞེས་ཚིག་འདི་དག་གི་ཐོག་ནས་ང་ཚོས་ཟམ་གདོང་རིན་པོ་ཆེས་དབང་ཆའི་གོ་གནས་ཀྱི་ལྟེ་བ་ནས་ཕྱིར་འཕོས་སྐབས་ཀྱི་སེམས་ཁམས་མྱོང་ཐུབ།
ང་རང་རྡ་ས་ནས་ཁ་བྲལ་ཏེ་ལོ་ཕྱེད་ཙམ་སོང།ཟམ་གདོང་རིན་པོ་ཆེའི་བཀའ་ཁྲིའི་གོ་གནས་ཡོད་པ་ཞིག་ནས་དཔོན་གནས་མེད་པའི་སངས་རྒྱས་རྗེས་འབྲངས་ཀྱི་དགེ་སློང་ཞིག་འགྱུར་གྱི་རེད།ཁོང་གི་སྐད་ཆ་དེ་དག་ངའི་བློ་ཡུལ་དུ་རྒྱུན་རིང་འཁོར་གྱི་འདུགའོན་ཀྱང་ཁོང་གིས་དད་འདུན་རྒྱུད་བསྒྲགས་གནང་བ་དེ་ནི་སྔར་བའི་སྟོབས་ཤུགས་ལྡན་པ་ཞིག་གྱུར་ཏེ།དེས་ང་ལ་གནོན་ཤུགས་ སྤྲད་བཞིན་འཇིག་རྟེན་པ་རྣམས་ལ་ཁོང་གི་སྐོར་ཅིག་འབྲི་དགོས་པའི་སྐུལ་མ་ཤུགས་ཆེར་སྟེར་གྱི་འདུག ངས་དུས་དང་རྣམ་པ་ཀུན་དུ་ང་རང་རྡ་སར་ཡོད་པའི་ཉིན་མོ་དེ་དག་ཕྱིར་དྲན་བྱེད་བཅུག་གི་ཡོད།ངས་དུས་དང་རྣམ་པ་ཀུན་དུ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཡིན་པའི་ངོས་ནས་ང་དང་ཆེས་མཐའ་མའི་མཇལ་འཕྲད་དེ་དྲན་གསོ་བྱེད་ཀྱི་ཡོད།ངས་མ་འོངས་པའི་ཉིན་ཞིག་ཁོང་གི་ས་ཁང་ཆུང་ཆུང་མཇལ་ཐུབ་པའི་སྨོན་ལམ་འདེབས་པ་ཡིན།
ང་ཨ་རི་ཕྱིར་སླེབས་རྗེས་སླར་ཞིང་ཅཱ་ཕོར་སློབ་གཉེར་སོང་།དུས་དེར་ཡང་ངས་ས་ཁང་ཆུང་ཆུང་དེའི་རྒྱབ་ཀྱི་བདེན་དོན་ཞིག་རྙེད་ཐབས་བྱས།ངས་མཚན་ཉིད་མཁས་དབང་དང།ཆོས་ལུགས་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་བརྩམས་པའི་དཔེ་དེབ་(The Uncompromising Truth for a Compromised World,2006ཅེས་པ་དེ་བཀླགས་པ་ཡིན་ལ།ངའི་འབད་འབུངས་བྱེད་སའི་མདུན་ལམ་ཞིག་བསྙེག་ཐབས་བྱས།དཔེ་དེབ་དེའི་མདུན་ངོས་སུ་ཁོང་གི་སྙན་ངག་ཅིག་ཡོད་པ་དེ་རྒྱ་བསྒྱུར་བྱས་པ་དང།སྙན་ངག་དེས་ང་ཚོར་ས་ཁང་ཆུང་ཆུང་དང་དེའི་ཁང་བདག་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོང་སྲིད་ཀྱི་རེད།
སྒེར་སེམས་བྲལ་ཞིང་གཞན་ཕན་ཡིད་འོང་གི་ཁམས་སུ་མ་འབྱོར་ཡང།གཞན་ལ་གནོན་བྱེད་གསང་བ་ལྐོག་གྱུར་གྱི་བློ་བསྐྱེད་སྤུ་ཙམ་མེད།འགྲོ་བ་རིགས་དྲུག་གི་ཆེད་དུ་བོད་ཀྱི་རང་དབང་འབད་པ་དེ་ཆོས་བཞིན་ཡོང་ཐབས་ནི།ང་ཚོ་རང་ངོས་སུ་ཡོད་པ་ལས།གཞན་ཕྱོགས་ནས་འཚོལ་དགོས་དོན་མེད།
ཐོག་མར་རྣམ་འབྱོར་འདིའི་བསམ་བློ་ཁ་བ་གངས་ཅན་ལྗོངས་ནས་འབུས་པ་ཡིན།འོན་ཀྱང་ཁོང་གི་བློ་གྲོས་དེས་ང་དང་འགྲོགས་ནས་རྒྱ་གར་འཕགས་ཡུལ་དུ་མི་ཚེ་ཕྱེད་ཙམ་སོང།ང་རང་སངས་རྒྱས་ཆོས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བའི་འཚོ་བའི་ནང་གོམས་པ་སྤོས་པ་ཡིན།འོན་ཀྱང་འཇིག་རྟེན་པའི་ལས་དབང་གིས་ང་རང་ཆབ་སྲིད་ཀྱི་མཚོ་མོར་གཡུག་ཡོད་པ་རེད།
དབང་ཤུགས་ཀྱི་མཐོ་ཚད་ལ་འབད་པ་མེད་ཅིང། དགྲ་རྒོལ་གཉེན་སྐྱོང་གི་བསམ་བློའང་མེད། ང་སྟེ།འཇིག་རྟེན་ནས་ཡུན་ཙམ་འཁྱམ་པའི་མགྲོན་པོ་ཞིགཆབ་སྲིད་ནས་ཐོབ་རེ་གང་ཡང་མེད། ཁ་ནས་ཚིག་འདི་དག་བརྗོད་ཅིང། གནམ་འོག་ཞི་འཇགས་ཡོང་ཕྱིར་ཁོ་ནར་སྨོན།
༢༠༡༡ཟླ ༤ ཚེས་ ༢༤ཉིན།ཤིང་ཅཱ་ཕོ་ནས།
གཡུ་ཞུན་དྲ་བ་ནས་བླངས།
བཀའ་འགྱུར་ལ་ཤོ་ལོ་ཀ་༡༠༨མ་རེད་གླེགས་བམ་༡༠༨རེད།
ལོ་ངོ་སྟོང་ཕྲག་གཅིག་དང་དྲུག་སྟོང་གི་སྔ་རོལ་ཡིན་རྒྱུ་མ་རེད་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ཡིན་སྲིད།
གངས་ལྷ་མོ་ལགས་ཀྱིས་དེ་རིང་རྩོམ་ཡིག་གོ་རྒྱུ་ཡོད་པ་ཞིག་སྒྱུར་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་དྲི་བ་ཆུང་ཆུང་གཉིས་ཡོད་པས་ལན་འདེབས་ཡོང་བཞུ།
༡། རྩོམ་པ་པོ་དེ་ངོ་སྤྲོད་གནང་ཐུབ་ན་དགེ་མཚན་ཆེ་བས། ཁྱེད་ཀྱིས་ཁོང་ངོ་སྤྲོད་གནང་རྒྱུའི་རེ་བ་ཆེ།
༢། མཁས་དབང་ཟམ་གདོང་རིན་པོ་ཆེའི་ཕྱག་དེབ་ The uncompromsing truth for a compromised world. 2006 ཞེས་པའི་བརྗོད་དོན་གཅོ་བོ་གང་ཡིན་ནམ། ཕྱག་དེབ་དེའི་བརྗོད་བྱ་དང་། རྩོམ་ལུས། སྐད་ཡིག རྩོམ་མཁན། རྩོམ་སྟངས་སོགས་ངོ་སྤྲོད་གནང་སྐྱོངས་ཡོང་བ་ཞུ།
ཟམ་གདོང་བླ་མ་དངོས་གནས་མིང་དོན་མཚུངས་པའི་མཁས་པ་ཞིག་དང་ཚུལ་ཁྲིམས་གཙང་བའི་དགེ་སློང་རྣམ་
དག་ཞིག་རེད། བོད་ཀྱི་བསྟན་པ་ཆབ་སྲིད་ལ་བྱས་རྗེས་རླབས་པོ་ཆེ་འཇོག་གནས་མཛད་ཡོད།
འོན་ཀྱང་ཁོང་མཁས་པ་ཡིན་པ་ཙམ་གྱིས་ཁོང་ལ་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་ན་ནོར་འཁྲུལ་
ནང་གི་ནོར་འཁྲུལ་རེད། ཁོང་གིས་དེ་སྔོན་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་རྙིང་པ་བཞི་བཅུ་ལྷག་གིས་ཕུལ་བའི་བདེ་སྡུག་སྙན་
ཞུ་རྩིས་མེད་བཏང་བའི་རྐྱེན་གྱིས་སློབ་གླིང་དེར་གནས་སྟངས་ཧ་ཅང་སྐྱོ་བའི་སྐབས་ནས་དཀའ་ངལ་ལ་གདོང་ལེན་
བྱེད་མཁན་གྱི་སྐུ་ངོ་བྱམས་པ་ལགས་ཀྱིས་གཙོས་པའི་དགེ་ལས་རྙིང་པ་སུམ་ཅུ་ལྷག་མི་འདོད་བཞིན་དུ་སྔ་རྗེས་སུ་སློབ་
གླིང་དེ་ནས་རྩ་དགོངས་སུ་སོང་ཡོད་པ་རེད།
(འོན་ཀྱང་ཁོང་གིས་གཞུང་དངུལ་འབུམ་ཕྲག་ལྐོག་ཟོས་བྱེད་མཁན་གཞུང་ཞབས་ངན་རུལ་བ་ཀོང་ཙ་བསྟན་འཛིན་(ཨ་རིའི་ནེའུ་ཇ་སིར་གནས་སྡོད)མིང་ཅན་དང་དེ་སྔོན་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཟོ་གྲྭ་ཁག་གི་
མགོ་འཛིན་དེ་ཚོས་གཞུང་དངུལ་ལྐོག་ཟོས་བྱས་ཏེ་བོད་གཞུང་ལ་དཔལ་འབྱོར་གྱི་གྱོང་གུན་ཧིར་སྒོར་འབུམ་ཕྲག་འགའ་བཟོས་ཡོད་
ཀྱང་བཟོ་གྲྭ་ཁག་སྒོ་རྒྱབ་པ་དང་ཡང་ན་བཟོ་གྲྭ་སྒེར་བདག་ཅན་དུ་བསྒྱུར་བ་ལས་གཞུང་ཞབས་ངན་རུལ་བ་དེ་ཚོའི་ལུས་ཀྱི་བ་སྤུ་ཙམ་
ལའང་གཡོ་འགུལ་བཏང་ཐུབ་མེད་པ་རེད།།
དབུ་སྐྲ་དུང་ལྟར་དཀར་ཞིང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ནམ་ཡང་སྲུབ་ཐབས་བྲལ་བའི་ཤཱཀྱའི་དགེ་སློང་ཁོང་གིས་དགོངས་འཆར་དེ་དག་མཇལ་དུས་དངོས་མ་དད་སེམས་ཁོལ་བའི་རྒྱུ་རང་རེད།
གངས་ཅན་རི་བོ་གྲང་རླུང་གཏོར་དུས་སྙིང་སྟོབས་ཆུ་འཛིན་དགུང་ནས་འཁྲིགས།།
ཕྱག་ན་པདྨོའི་མཛད་ཕྲིན་སྦྲང་ཆར་མཐའ་གྲུ་ཡངས་པོར་འབེབས་པའི་ཚེ།།
ཟམ་གདོང་བླ་མའི་ཐུགས་བསྐྱེད་ཉི་གཞོན་གང་གི་མཛད་པའི་རམ་འདེགས་གྱུར།།
ང་དང་ང་ཅག་གངས་ཅན་ཕོ་མོས་ཁྱེད་ཉིད་བཀའ་དྲིན་སྙིང་ལ་འཆང་།།
མ་འོངས་ལོ་ཟླ་རིང་མོའི་ཁྲོད་དུ་ཁྱེད་ཀྱི་བྱམས་བརྩེའི་སྤྱན་ཟུང་གིས།།
ཁ་བ་རི་པའི་ལས་དབང་སྐྱུར་མོ་སྐད་ཅིག་ཙམ་ཡང་མི་གློད་པར།།
སྙིང་ལ་བརྣགས་པའི་འདོད་དོན་ཟབ་མོ་མངོན་དུ་མ་གྱུར་དེ་སྲིད་དུ།།
གང་གི་བླང་དོར་བདུད་རྩིའི་ཟེགས་མ་ཡང་ཡང་འབེབས་པའི་བཀའ་དྲིན་གཟིགས།།
བོད་མི་རིགས་ཀྱི་དཔའ་བོ།
རླབས་ཆེན་གྱི་དེད་དཔོན།
གོང་ས་མཆོག་གི་སྤྱན་སྲས།
དོན་དམ་པའི་ཆོས་པ།
ཀུན་མཁྱེན་ཐུབ་པ་ཆེན་པོའི་ཐུགས་སྲས།
ངེད་གདོང་དམར་བའི་ལོ་རྒྱུས་ཀྱི་རྡོ་རིང་།
འབྱུང་འགྱུར་གྱི་བུ་རབས་ཚོའི་ཡབ་ཆེན་ཏེ།
ཟམ་གདོང་བླ་མ་ནི། འཛམ་གླིང་གི་ཞི་བདེ་དང་། སྤྱི་ཚོགས་ཀྱི་བདེ་རྩ་ལ་ནམ་ཡང་མཁོ་ལ། བོད་མི་རིགས་དང་ནམ་ཡང་ཁ་བྲལ་ཐབས་མེད་པས། ཁྱེད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་རྒྱལ་ལོ།།
ས་ཁང་ཅུང་ཆུང་ཡིན་རྒྱུ་མ་རེད་བླ་བྲང་ཆུང་ཆུང་ཡིན་རྒྱུ་རེད།
མིས་བཤད་པ་ལྟར་ན་ཁོང་གིས་ནོར་བུ་གླིང་ཁ་དང་ཉེ་བའི་སར་ཁང་པ་སྤུས་ལེགས་ཤིག་བཞེངས་ཀྱི་ཡོད་པར་གོ་བྱུང།
དེ་ཡང་འགའ་ཞིག་གིས་ཟེར་ན་དེ་རྒྱ་གར་གཞུང་གིས་རྒྱབ་ཀྱི་ཡོད་རེད་ཟེར།
གང་ལྟར་ཁོང་རང་གིས་ང་ལ་གསུངས་པ་ལྟར་ན།
ཆབ་སྲིད་ཀྱི་ལས་འགན་འཁྱུར་རྗེས་ཁང་པ་དེར་སྡོད་འདོད་ཡོད།
ཁོང་གི་གཟིམ་ཁང་དེར་གཟིམ་ཆུང་ཞིག་དང་གཡོས་ཚང་གཅིག་ཞབས་ཕྱི་འདུག་ས་ཞིག་བཅས་ཡོད་རབས་གོ་བྱུང།
གཞན་ཡང་ཁོང་གིས་གསུངས་ན་རྗེས་སོར་བོན་གྱི་དཔེ་མཛོད་ཞིག་ཏུ་སླེབས་ནས་དེར་ཞིན་འཇུག་འདྲ་བྱད་རྩིས་ཡོད་ཅེས་གསུངས་བྱུང།
གང་ལྟར་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་ང་ཚོས་ཤེས་ཐུབ།
མ་གཞི་ནས་གཅིག་ནས་སྐུ་ཡོན་དང་གཉིས་ནས་འཇིག་རྟེན་ལ་མཁས་པ་གསུམ་ནས་དེ་སྔར་སློབ་སྤྱི་དང་སློབ་དགེ་ལས་སོགས་ཤེས་ཡོན་སྡེ་ཚན་ཁག་ཏུ་ཕྱག་ལས་གནང་བ་ལ་བརྟེན་ནས་དེ་དག་ནས་ཚལ་ལོང་བྱུང་བའི་གཞོན་སྐྱེས་ཕོ་མོ་མང་པོས་བཀུར་བསྟི་ཆེན་པོ་ཞུས་པ་སོགས་དབང་ཐང་ཀྱང་རིམ་གྱིས་ཇེ་མཐོ་ནས་ཇེ་མཐོར་སོན་ཐུབ་པ་རེད།
ང་ནི་ཁོང་ལ་གུས་བཀུར་བླ་ན་མེད་པ་ཡོད།
ཞིབ་འཇུག་བྱེད་རྩིས་ཡོད་ཅེས་པར་བཅོས་རོགས་ཤར་གཏོང་བྱས་པར་ཡིག་ནོར་མང་པོ་ཤོར་ཡོད་པར་དགོངས་འགལ་མེད་པ་ཞུ།
ས་ཁང་ཅུང་ཆུང་ཟམ་གདོང་བླ་མ་བླ་བྲང་ཆུང་ཆུང་གཟིམ་ཁང་དེར་གཟིམ་ཆུང་བཅས་ལ་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་ན་ནོར་འཁྲུལ་རེད།
ཟམ་གདོང་བླ་མ་མཁས་པ་དང་ཆབ་སྲིད་པ། བོད་མིར་ཕན་ཐོགས་སྒྲུབ་མཁན། བོད་ཀྱི་ལོ་རྒྱུས་ཁྲོད་ནམ་ཡང་གཟེངས་སུ་ཐོན་པའི་རྡོ་རིང་འགྱུར་མེད་ཅིག་ཡིན་པའི་ངོས་ལེན་རྣམ་དག་ཡོད། འོན་ཀྱང་དགེ་སློང་རྣམ་དག་དང་། རབ་བྱུང་རྣམ་དག སྐྱབས་སུ་འགྲོ་ཡུལ་སོགས་རེ་ཞིག་བཞག་ན་ལེགས་ངེས། དེ་ནི་ཁོང་ལ་སྐྱོན་ཆེ་བས་རྒྱུ་མཚན་མིན་པར་མདོ་སྔགས་ཀྱི་གཞུང་ཆེན་ཁག་གི་ནང་དུ་མིང་དེ་ལྟར་བཏགས་པ་ལ་ཚད་དང་མཚན་ཉིད་ངེས་ཅན་ཞིག་གསུངས་ཡོད་པ་དེ་རྒྱུ་མཚན་དུ་བཟུང་དགོས་པ་ལས། རང་ཉིད་གང་ལ་དགའ་བ་དེ་ལ་ཆོས་སྲིད་གཉིས་ཀྱི་ལེགས་ཆ་ཡོངས་རྫོགས་བཀལ་ན་གང་ནས་འགྲིག བོད་མིའིཁ་སྐད། བསྟོད་མི་ཤེས་མཁན་གྱིས་བསྟོད་པ་བས། །སྨད་མི་ཤེས་མཁན་གྱིས་སྨད་ན་བཟང་། །ཞེས་པ་ལྟར་འགྱུར་ཉེན་ཡོད་པ་མ་ཟད། རྣམ་དཔྱོད་ཀྱི་ཁོངས་ཡངས་ཤིང་ཕྱོགས་ཞེན་གྱི་དྲི་མའི་མ་གོས་པ་ཞིག་དགོས་གལ་ཤིན་ཏུ་ཆེ། ཕྱིར་ཆབ་སྲིད་དང་མཐུན་པའི་བསྟོད་པ་ཁག་ནི་ཆོས་དང་འགལ་ཞིང་། ཆོས་དང་མཐུན་པའི་བསྟོད་པ་ཁག་ནི་ཆབ་སྲིད་འགལ་ནས་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་ནི་སངས་རྒྱས་ཀྱིས་ཆོས་དེ་འཁོར་བའི་གཉེན་པོར་གསུངས་པས་རེད།།
རང་གི་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན།།
སྤངས་ནས་ནགས་སུ་ཞི་བ་བརྙེས་མཛད་པའི།།
སྟོན་པ་མཆོག་དེའི་རྗེས་འཇུག་རྣལ་མ་ཞིག།
སྙིགས་མའི་དུས་འདིར་རྙེད་པ་ཅང་སྲིད་དམ།།
ལུང་རིགས་སྟོང་གི་མཚོན་ཆ་མ་སྒྲིགས་ལ།།
ཕྱོགས་ཞེན་ཚིག་གིས་འཇིགས་སྐུལ་མ་གནང་བར།།
སྟོན་པ་མཆོག་དེའི་རྣམ་པར་ཐར་པ་ལ།།
དྲངས་པོར་དཔྱད་ན་འཁོར་བའི་དྲི་མ་དབེན།།
ཁྱོད་ཀྱི་བཤད་སྟངས་་ལ་བལྟས་ནས་ཡོང་ན་་གོང་ས་མཆོག་ཀྱང་དགེ་སློང་རྣམ་དག་མ་ཡིན་པར་འགྱུར་་ཏེ།
རང་གི་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན།།
སྤངས་ནས་ནགས་སུ་ཞི་བ་བརྙེས་མཛད་པའི།།
སྟོན་པ་མཆོག་དེའི་རྗེས་འཇུག་རྣལ་མ་ཞིག།
སྙིགས་མའི་དུས་འདིར་རྙེད་པ་ཅང་སྲིད་དམ།།
སྤྱིར་ན་སྣིགས་མ་ལྔ་དུས་དེར་་དགེ་སློང་རྣམ་དག་ཙིག་མེད་པ་ནི་མ་ཡིན་ཏེ་དུལ་བ་ལས་་ཕམ་པས་མི་འགོས་ཞིང་རང་བཞྀན་གྱི་ཁ་ན་མ་མཏོ་བ་ལ་འཛེམས་་པ་དེ་དགེ་སློང་རྣམ་དག་གེ་ཚདལ་འཇོག་ན་མི་འགྲིགས་པ་མེད་དོ།
ཚེ་རིང་ནད་མེད་ཤོག་་ད་དུང་ཆབ་སྲིད་ལ་ལག་པ་མ་བསྲེང་ན་ངས་འདོད་ཀི་ཁོང་དང་ཞབས་ཞུ་སོགས་ལ་
འདུག་རྟེན་གྱི་ཕྱོགས་ལ་ང་ལ་སེམས་ཁྲལ་མེད་་་ད་བར་དུ་ཟླ་ཕོགས་གསུམ་བླངས་ནས་བཞུགས་པ་རེད་
རེ་བ་ཞིག་ཡོད་པ་ནི་ཁོང་དང་ཝར་ཎའི་བོད་དགེ་གཅིག་་གཉིས་བརྗེས་ན་མ་འོངས་པ་ན་ཝ་ཎར་ཡང་
དོན་དང་ལྡན་པའི་བོད་ཀྱི་མཐོ་སློབ་ངོ་མ་ཞིག་ལ་འགྱུར་སྲིད་།
རེ་རེ་རྒྱུ་མཚན་གཞན་མེད་པར་༧སྐྱབས་མགོན་མཆོག་ལ་ཚད་བཙུག་ནས་རང་དབང་སྨྲ་བརྗོད་ཀྱི་སྒོ་མོ་འགོག་ཐབས་བྱེད་པ་འདི་བོད་མི་ཤེས་མེད་མང་པོའི་གོམས་གཤིས་སུ་འཇགས་ཡོད། རྒྱུ་མཚན་བརྗོད་ན་བཤད་ཤེས་ཀྱང་ཉན་མི་ཤེས་པས་ད་ནི་ཁྱེད་རང་རྒྱལ་ཁ་ཐོབ་པར་མོས་མཛོད།།
དབུ་ལོ་དུང་གི་མདོག་དུ་མ་གྱུར་བར། །
དབུ་མའི་ལམ་བཟུང་ཞི་བདེའི་དེད་དཔོན་ལ། །
དབུ་གཙུག་རྒྱུན་ཏུ་བརྟེན་པའི་དགེ་བའི་བཤེས། །
དབུ་དཀར་འདི་འདྲ་ཡོད་ན་རེ་རེའི་ཆོག །
ཟམ་གདོང་རིན་པོ་ཆེ་ལ་པདྨ་གེ་སར་ནས
ཁྱོད་ཀྱི་བཤད་སྟངས་ལ་བལྟས་ནས་ཡོང་ན་༧གོང་ས་མཆོག་ཀྱང་དགེ་སློང་རྣམ་དག་ཅིག་མ་ཡིན་པར་འགྱུར་ཏེ།
རང་གི་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན།།
སྤངས་ནས་ནགས་སུ་ཞི་བ་བརྙེས་མཛད་པའི།།
སྟོན་པ་མཆོག་དེའི་རྗེས་འཇུག་རྣལ་མ་ཞིག།
སྙིགས་མའི་དུས་འདིར་རྙེད་པ་ཅང་སྲིད་དམ།།
སྤྱིར་ན་སྙིགས་མ་ལྔ་དུས་དེར་དགེ་སློང་རྣམ་དག་ཅིག་མེད་པ་ནི་མ་ཡིན་ཏེ་དམ་ཆོས༼འདུལ་བ་ལུང་ལས༽
ཕམ་པས་མ་འགོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམས་པ་དགེ་སློང་རྣམ་དག་གི་མཚན་ཚད་ལ་བཞག་ན་མི་འགྲིགས་པ་མེད་དོ།
གཞི་གྲུབ་ན་དངོས་པ་ཡིན་པས་ཁྱབ་པར་འདོད་མཁན་ཁྱོད་ལ་འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན་དུ་བཞག་ན་ཁྱོད་ཀྱི་དམ་བཅའ་ལ་གནོད་པའི་རྒྱུ་མཚན་གྱིས་སྨྲ་བརྗོད་རང་དབང་འགོག་ཐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། ཁྱོད་ལ་ལན་འདེབས་བྱེད་རྒྱུའི་སྤོབས་པས་མི་འདང་བ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ལས་མ་འདས།དེ་བས་ཁྱོད་ཀྱིས་རྒྱུ་མཚན་ཡང་དག་་གི་སྒོ་ནས་འགག་བཞག་བྱེད་དགོས་པ་ལས་མ་ཤེས་ཤེས་ཁུལ་དང་མི་འཇོན་འཇོག་མདོག་མ་བྱས་ན་བཟང་།
སྤྱིར་ན་ཆོས་རྣམ་དག་ཅིག་དང་དགེ་སློང་རྣམ་དག་ཅིག་བྱེད་པ་ལ་རི་ཁྲོད་འགྲིམས་དགོས་པའི་ཁྱབ་པ་ཨེ་
ཡོད།
གྲུབ་ན་ཁྱིམ་དུ་གནས་ནའང་ཐར་པ་ཡོད།། འཕགས་བོད་རྒྱལ་བློན་མར་པ་ལོ་ཙཱ་བཞིན།།
མི་གྲུབ་རི་མགོར་གནས་ཀྱང་དམྱཌྷལ་བའི་རྒྱུ།། འཕྱི་བ་ས་ཡི་ཁུང་བུར་མཚམས་བཅད་བཞིན།།
ཞེས་པའི་ཚིགས་བཅད་དེ་ལ་གོ་བ་ཡང་དག་པ་ཞིག་ལོན་ཐབས་གྱིས།
བཙན་པོའི་སྙིང་སྟོབས་དགུང་དུ་འདེགས་མཁན། དགེ་སློང་རིག་པའི་དཔའ་བོ། མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་གུས་བས་བསྟོད། མིག་རྒྱང་རིང་བའི་སར་ནས་རྩོད་རྙོག་འདུམ་འགྲིག་གི་དགོངས་པ་ནམ་མཁའ་ལྟར་ཡངས་པ་བཙུན་པ་ཟམ་གདོང་རིན་པོ་ཆེ་ལ་ཕྱག་གསུམ་འཚལ། བླང་དོར་གྱི་རྣམ་དབྱེ་ལ་མ་རྨོངས་པའི་སློབ་སྟོན་པ་ཆེན་པོ། གཉིས་ཕན་དབུ་མའི་ལམ་གྱི་སྲོལ་འཛིན་པ་ཆེན་པོ། ཁྱེད་ཀྱི་བཟང་པོའི་ཡོན་ཏན་རི་ལྟར་བརྟན་ཅིང་ཁྱེད་ཀྱི་མཛད་པ་དྲི་མས་མ་གོས། ཁྱེད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།།
ཟམ་གདོང་བླ་མ་དངོས་གནས་མིང་དོན་མཚུངས་པའི་མཁས་པ་ཞིག་དང་ཚུལ་ཁྲིམས་གཙང་བའི་དགེ་སློང་རྣམ་
དག་ཞིག་རེད། བོད་ཀྱི་བསྟན་པ་ཆབ་སྲིད་ལ་བྱས་རྗེས་རླབས་པོ་ཆེ་འཇོག་གནས་མཛད་ཡོད།
འོན་ཀྱང་ཁོང་མཁས་པ་ཡིན་པ་ཙམ་གྱིས་ཁོང་ལ་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་པར་བསམ་ན་ནོར་འཁྲུལ་
ནང་གི་ནོར་འཁྲུལ་རེད། ཁོང་གིས་དེ་སྔོན་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་རྙིང་པ་བཞི་བཅུ་ལྷག་གིས་ཕུལ་བའི་བདེ་སྡུག་སྙན་
ཞུ་རྩིས་མེད་བཏང་བའི་རྐྱེན་གྱིས་སློབ་གླིང་དེར་གནས་སྟངས་ཧ་ཅང་སྐྱོ་བའི་སྐབས་ནས་དཀའ་ངལ་ལ་གདོང་ལེན་
བྱེད་མཁན་གྱི་སྐུ་ངོ་བྱམས་པ་ལགས་ཀྱིས་གཙོས་པའི་དགེ་ལས་རྙིང་པ་སུམ་ཅུ་ལྷག་མི་འདོད་བཞིན་དུ་སྔ་རྗེས་སུ་སློབ་
གླིང་དེ་ནས་རྩ་དགོངས་སུ་འགྲོ་དགོསབྱུང་ཡོད་པ་རེད།
(འོན་ཀྱང་ཁོང་གིས་གཞུང་དངུལ་འབུམ་ཕྲག་ལྐོག་ཟོས་བྱེད་མཁན་གཞུང་ཞབས་ངན་རུལ་བ་ཀོང་ཙ་བསྟན་འཛིན་(ཨ་རིའི་ནེའུ་ཇ་སིར་གནས་སྡོད)མིང་ཅན་དང་དེ་སྔོན་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་བཟོ་གྲྭ་ཁག་གི་
མགོ་འཛིན་དེ་ཚོས་གཞུང་དངུལ་ལྐོག་ཟོས་བྱས་ཏེ་བོད་གཞུང་ལ་དཔལ་འབྱོར་གྱི་གྱོང་གུན་ཧིར་སྒོར་འབུམ་ཕྲག་འགའ་བཟོས་ཡོད་
ཀྱང་བཟོ་གྲྭ་ཁག་སྒོ་རྒྱབ་པ་དང་ཡང་ན་བཟོ་གྲྭ་སྒེར་བདག་ཅན་དུ་བསྒྱུར་བ་ལས་གཞུང་ཞབས་ངན་རུལ་བ་དེ་ཚོའི་ལུས་ཀྱི་བ་སྤུ་ཙམ་
ལའང་གཡོ་བསྒུལ་གཏོང་ཐུབ་མེད་པ་རེད།།
།མཛུབ་མོ་གཞན་ལ་བཙུགས་ནས་ཡང་ལྕིའི་ཚད། །འཇལ་ལ་དགའ་བ་འཁྲེལ་མེད་མིག་ལོང་ཅན།
།མཛུབ་མོ་ནང་ལ་བཀུགས་ནས་རང་ངོ་ལ། །སྡིག་མོ་བགྱིད་ཞིང་གནོངས་ཚོགས་བཤགས་པར་མཛོད།
ཤེས་འཇོན་ལྷག་བསམ་ལྡན་པའི་བླ་མ་ཁོང་འདྲ་བ་རེ་རེ་ཡོད་པ་ནི། ངེད་བཙན་བྱོལ་བོད་མིའི་གཟི་བརྗིད་རེད།
ད་ལྟ་ཁོང་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་གྱིས་བརྩི་བཀུར་ཞུ་བ་མ་ཟད། གནས་ཡུལ་རྒྱ་གར་གཞུང་དམངས་གཙོས་འཛམ་གླིང་ནང་བོད་དོན་དོ་སྣང་གནང་མཁན་ཕལ་ཆེ་བས་གུས་བཀུར་ཆེ་བསྟོད་ཞུ་བཞིན་ཡོད་པས། ད་དུང་ཁོང་གི་མཛད་འཕྲིན་མཁའ་ལ་ཁྱབ་ཅིང་། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།།
ཕྱོགས་ལྷུང་དང་རྣམ་དོག་གི་བཙོག་དྲིས་ཡོངས་སུ་སྦགས་པའི་སྐྱེ་བོ་ཀླད་མེད་འགས་ཁུག་ནས་ཐན་སྐད་ཇི་ལྟར་སྒྲོག་ཀྱང་ཅོལ་ཆུང་ངལ་བའི་རྒྱུ་ལས་གཞན་ཅི་ཡོད།།
ཟམ་གདོང་བླ་མ་རྒྱལ་གྱུར་ཅིག
སློབ་དཔོན་ཐུགས་རྗེ་ཆེན་པོས།
བོད་ལ་དྲིན་བྱས་ཀྱང་དྲིན་མི་ཚོར།
གསུངས་པ་དེ་ཁྱོད་ཚོ་འདྲ་བར་གོ་དགོས།
དྲང་པོར་བཤད་ན་མི་མི་དགའ།། རྒྱུག་པ་འཁྱེར་ན་ཁྱི་མི་དགའ།།
སྤྱིར་ན་སྐྱོན་ཅི་ཡང་མེད་པའི་མི་ཞིག་དང་ཡོན་ཏན་ཅི་ཡང་མེད་པའི་མི་ཞིག་འཇིག་རྟེན་འདི་ན་ཤིན་ཏུ་དཀོན། བདེན་པ་དང་འཚེ་བ་མེད་པ་ཡང་དག་པའི་མང་གཙོ་བཅས་ཡིན་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཤིག་གི་ནང་དྲང་བདེན་གྱི་སྐད་ཆ་བཤད་ན་སྐྱེ་བོ་ཀླད་མེད་དེ་ཚོའི་རྣ་བར་མི་འགྲོ་བར་ཡ་མཚན་རྒྱུ་ཅི་ཡོད། ཧ་ཧ་སྙིང་རྗེ། ཁྱོད་ཚོས་མཁས་དབང་དགེ་འདུན་ཆོས་འཕེལ་དང་། མཁས་དབང་ནམ་མཁའི་ནོར་བུ། མཁས་དབང་འཇམ་དབྱངས་ནོར་བུ་སོགས་ཕྱིར་འབུད་དང་དམར་གསོད་བཏང་ཚར་བ་མ་རེད་དམ།
ད་དུང་དྲང་བདེན་གྱི་མེ་ལྕེ་གསོད་རྒྱུར་ལུས་པ་འགའ་འདུག་ག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཟམ་གདོང་བླ་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ནི་ཡིན་མི་སྲིད།། ཕྱོགས་ལྷུང་ཅན་གྱི་སྐྱེ་བོ་ཞ་ལོང་ཁྱོད་ཚོས་རང་ལྟ་མཆོག་འཛིན་གྱིས་དངོས་ཡོད་གནས་ཚུལ་ཅི་ཡང་མི་རྟོགས་པར་མུན་ནག་མདའ་འཕེན་བྱེད་པ་ནི་ཡ་ང་སྙིང་རྗེ་སྐྱེ་དགོས་པའི་ཡུལ་ཞིག་རེད།། དེ་བས་ཁྱོད་ཚོས་ཁ་སྟོང་པ་ཉུང་ཙམ་བཤད་ནས་ས་གནས་ས་ཐོག་ (TTS ) ལ་ཞིབ་འཇུག་དང་ཡ་ང་སྙིང་རྗེ་སྐྱེ་དགོས་དེ་གའི་དགེ་ལས་རྙིང་པ་(མི་ལོ་ངོ་བཅུ་གྲངས་ལྷག་བོད་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྒྲུབ་མྱོང་མཁན་)རྣམས་ལ་བཅར་འདྲི་བྱས་ན་བདེན་པ་ར་འཕྲོད་ཐུབ་ངེས་ཡིན།།
ད་དུང་ཞུ་རྒྱུར། ཟམ་གདོང་བླ་མས་ཀོང་ཙ་བསྟན་འཛིན་མིང་ཅན་གྱིས་གཞུང་དངུལ་(ཨ་སྒོར་འབུམ་ཕྲག)ལྐོག་ཟོས་བྱས་པ་དང་།(གཞུང་དངུལ་བེད་སྤྱོད་བྱས་ཏེ་ཨ་རིར་གནས་སྡོད) དཔལའབྱོར་ལས་ཁུངས་ཀྱི་འགོ་འཛིན་དེ་ཚོར་བོད་གཞུང་ལ་དཔལ་འབྱོར་གྱི་གྱོང་གུན་ཧིན་སྒོར་འབུམ་ཕྲག་མང་པོ་བཟོས་པ་བཅས་ལ་ཉེས་ཆད་གང་གཏོང་ཐུབ་ཡོད་དམ།(གཞུང་དངུལ་བེད་སྤྱོད་བྱས་ཏེ་ཨ་རི་དང་ཡོ་རོབ་ལ་གནས་སྤོ་བྱས་ཡོད།)
ད་ཆ་ཁོང་ཚོ་རྐང་བརྐྱང་་ལག་བརྐྱང་དང་བློ་བདེ་བག་ཕེབས་ངང་གནས་ཡོད་པ་ཞ་ལོང་ཁྱོད་ཚོས་ག་ལ་ཤེས།
མདོར་ན།
བཙན་པོའི་རིགས་ལ་བསྟོད་ཅིང་བསྙེན་པར་བྱེད།
དམན་པའི་རིགས་ལ་སྡིག་ཅིང་ཐུབ་ཚོད་གཏོང་།
བར་པ་རྣམས་ལ་མཛའ་ཞིང་བསྟུན་མཁས་པ།
འདི་ནི་ཟམ་གདོང་བླ་མའི་འཇོན་ཐང་དངོས།