རོལ་དབྱངས་ནི་དུས་ཚོད་སྟོང་པའམ་ལྷོད་ལྷོད་ཡིན་པའི་སྐབས་ལ་ཉན་པའི་ཡིད་ཀྱི་འགྱུར་ཁུག་ཅིག་སྟེ། བདེ་བ་ནས་བདེ་བར་སིམ་ཐུབ་པའི་ཆོ་ག་ཞིག་རེད་ཅེས་བརྗོད་འདོད། གལ་སྲིད་བར་སེང་མེད་པའམ། རྟག་ཏུ་བྲེལ་འཚུབ་ཁོ་ན་ལས་མ་འདས་ན་ཡིད་གར་སིམ་པའི་རོལ་དབྱངས་ཤིག་ཉན་ཁོམ་ག་ལ་ཡོད།
རོལ་དབྱངས་ལ་སྐབས་རེ་རྐྱང་དཀྲོལ་རོལ་མོ་དང། སྐབས་རེ་མཉམ་དཀྲོལ་རོལ་མོ། ཡང་སྐབས་རེ་སྲོལ་རྒྱུན་རོལ་མོ་ཉན་ཆོག་ལ། སྐབས་རེ་དེང་དུས་ཀྱི་རོལ་མོ་དང། ཡང་་སྐབས་རེ་བྱ་བྱིའུ་ཚོས་དཀྲོལ་བའི་རོལ་མོ། སྐབས་རེ་ཤང་ཤང་ཆུ་མོས་དཀྲོལ་བའི་རོལ་དབྱངས་ཀྱང་ཉན་ཆོག
འོན་ཀྱང་། རོལ་དབྱངས་དཀྲོལ་བ་ཙམ་གྱིས་རྣར་སྙན་ཡིད་དབང་འཕྲོག་པ་ཞིག་ག་ལ་ཡོད། དེ་ནི་སྐྱེ་བོ་སོ་སོའི་ཁམས་དང་མོས་པར་རག་ལས་པ་ཞིག་ཡིན་པས། ལ་ལར་རོལ་དབྱངས་ཉན་པ་ཙམ་གྱིས་གར་མཁན་མཛེས་མའི་སྟངས་སྟབས་མིག་ལམ་དུ་མངོན་སུམ་འཆར་བ་དང། མཛེས་སྡུག་ལྡན་པའི་ལྷ་ཡི་ཞིང་ཁམས་ཀྱང་མངོན་སུམ་དུ་འཆར་བའང་ཡོང་སྲིད་ལ།
ལ་ལར་མི་སྙན་པ་དང་མི་སྐྱིད་པའི་འཆར་སྣང་ངམ་དྲག་ཆར་རླུང་འཚུབ་ཀྱིས་ཡིད་ཁམས་ཀྱི་གྲུ་གཟིངས་ཕར་གཡོ་ཚུར་གཡོ་བྱེད་པ་དང་མཚུངས་པ་ཡང་ཡོང་སྲིད།
རོལ་ཆ་བས་རང་ཉིད་ཀྱིས་འབུད་དཀྲོལ་བྱེད་པའི་རོལ་དབྱངས་དེ་ཡིད་བློའི་འགྱུར་ཁུག་དང་སྟབས་བསྟུན་ནས་དབུགས་ཀྱི་རྒྱུ་བ་དང་སོར་མོའི་འདུ་བྱེད་སྟངས་སྟབས་འགྱུར་བར་བྱེད་པ་ཡོད་ལ། སྐབས་རེ་སྐྱེ་བོ་གཞན་གྱི་དགའ་སྐྱོ་ཆགས་སྡང་དཔེ་རུ་བླངས་ནས་རོལ་དབྱངས་འབུད་དཀྲོལ་བྱེད་པའང་ཡོད། དེས་ན། རོལ་ཆ་བས་དཀྲོལ་བའི་རོལ་དབྱངས་ཐམས་ཅད་རོལ་ཆ་བའི་ཡིད་ཀྱི་འགྱུར་ཁུག་རེད་ཅེས་ཞུ་མི་སྤོབས།
འོན་ཀྱང་རོལ་ཆ་བ་ཞིག་ཡིན་ཕྱིན་ཆད། རོལ་དབྱངས་འབུད་དཀྲོལ་བྱེད་རྒྱུ་ནི་རང་ཉིད་ཀྱི་ལས་དབང་ཞིག་ཏུ་བརྩིས་ཏེ་དཀའ་ཁག་ཇི་འདྲ་ཞིག་འཕྲད་རུང། རོལ་དབྱངས་འབུད་དཀྲོལ་བྱེད་རྐྱང་བྱེད་པ་ལས། དེ་ལས་ཁ་བྲལ་རྒྱུའི་འདུན་པ་ཞིག་བློའི་ཟུར་ལའང་འཁོར་མི་སྲིད། ཡང་སྒོས་རོལ་དབྱངས་འབུལ་དཀྲོལ་བྱེད་རྒྱུ་ནི་རང་ཉིད་ཀྱི་གདམ་ང་ཉག་ཅིག་དང་རོལ་དབྱངས་ཇི་ཙམ་འབུད་
དཀྲོལ་བྱེད་པ་དེ་ཙམ་གྱིས་བློ་ཁ་ཚིམས་པ་ཞིག་ཀྱང་ཡིན་ངེས། དེས་རང་ཉིད་ཀྱི་ཡིད་ཁམས་ལ་ཐོབ་མི་ཐུབ་པའི་བདེ་སྐྱིད་ཅིག་ཀྱང་རང་བཞིན་གྱིས་ཡོང་གི་ཡོད་པས། རོལ་ཆ་བས་རོལ་དབྱངས་དང་ཁ་ཡེ་ནས་བྲལ་མི་སྲིད།
ལྷག་པར་དུ་རང་ཉིད་ཀྱིས་འབུད་དཀྲོལ་བྱས་པའི་རོལ་དབྱངས་དེས་སྐྱེ་བོའི་ཡིད་ལ་བདེ་བ་ཞིག་སྦྱིན་ཐུབ་རེ་བྱེད་པ་ནི། རོལ་ཆ་བ་སྤྱིའི་ཐུན་མོང་གི་བསམ་འདུན་ཡིན་རྒྱུ་རེད། དེས་ན་ང་ཚོ་ཚང་མས་རོལ་ཆ་བར་རམ་འདེགས་གང་ལེགས་བྱས་ཏེ་འབྱུང་འགྱུར་ཡིད་ཁམས་ཀྱི་འཇིག་རྟེན་སྟེང། རྣར་སྙན་ཡིད་དབང་འཕྲོག་པའི་རོལ་དབྱངས་ཀྱིས་བྱུར་བུར་ཁེངས་ཏེ།
ཉན་པ་པོའི་རང་རང་གི་མོས་ཁམས་ལ་གཞིགས་པའི་རོལ་དབྱངས་གང་འདོད་འདོད་དུ་ཉན་ཐུབ་པའི་སྨོན་འདུན་ཞིག་སེམས་གཏིང་ནས་ཞུ་སྙིང་འདོད་ལགས།
རྫིང་བུ་དེ་ཀ་ལེ་སྨིན་སྒྲོལ་ལ་ཡོད་མ་རེད་པས།
ངའི་ཆུང་དུས་ན་ཆུང་བྱིས་པའི་གླུ་གཞས་འདི་ལ་རོལ་དབྱངས་གསར་པ་ཅིག་བཟོ་རོགས་གནོངས་དང་།
གནམ་ལ་གནམ་གྲུ་འགྲོ་བགྱིད།
གནམ་ལ་གནམ་གྲུ་འགྲོ་བགྱིད།
གསེར་གྱི་གནམ་གྲུ་འགྲོ་བགྱིད།
གསེར་གྱི་གནམ་གྲུ་འགྲོ་བགྱིད།
གསེར་གྱི་གནམ་གྲུའི་ནང་ལ།
གསེར་གྱི་གནམ་གྲུའི་ནང་ལ།
ཡིད་བཞིན་ནོར་བུ་བཞུགས་ཡོད།
ཡིད་བཞིན་ནོར་བུ་བཞུགས་ཡོད།
ས་ལ་མོ་ཊ་འགྲོ་བགྱིད།
ས་ལ་མོ་ཊ་འགྲོ་བགྱིད།
གཡུ་ཡི་མོ་ཊ་འགྲོ་བགྱིད།
གཡུ་ཡི་མོ་ཊ་འགྲོ་བགྱིད།
གཡུ་ཡི་མོ་ཊའི་ནང་ལ།
གཡུ་ཡི་མོ་ཊའི་ནང་ལ།
ཡིད་བཞིན་ནོར་བུ་བཞུགས་ཡོད།
ཡིད་བཞིན་ནོར་བུ་བཞུགས་ཡོད།
ཀྲིང་སྒྲ་ཀྲིང་སྒྲ་ཀྲིང་སྒྲ།
ཀྲིང་ཀྲིང་ཀྲིང་ཀྲིང་ཀྲིང་ཀྲིང་།
གྲིང་གྲིང་གྲིང་གྲིང་གྲིང་གྲིང་།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ལྟ་བུ་ཞིག་དགོས་འདུག
རེད་འདུག་བྱ་རྒྱལ་རྒོད་པོ་ལགས། གུས་མོས་རྩོམ་སྒྲིག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སློབ་དཔོན་ཀརྡོ་ལགས། ཁྱེད་ཀྱིས་བཀའ་མངགས་གནང་བ་བཞིན་གུས་མོས་དབྱངས་རྟ་བདུན་ལ་བརྟེན་ནས་བྱིས་པར་མཚམས་པའི་རོལ་དབྱངས་གསར་པ་ཞིག་སྒྲིག་ཆོག
སློབ་དཔོན་ལགས་སུ་འདྲི་རྒྱུ། ཁྱོད་ཀྱི་བྱིས་གླུ་འདི་སྲོལ་རྒྱུན་གྱི་བྱིས་གླུ་ཞིག་རེད་དམ། ཡང་ན་ཁྱོད་ཀྱིས་གསར་རྩོམ་གནང་བ་ཞིག་ཡིན་ནམ།
སྐལ་བཟང་ཉི་མ་ལགས།
བྱིས་པའི་གླུ་གཞས་འདི་ནི། བཙན་བྱོལ་བོད་མིའི་ཁྲོད་དུ། སྤྱི་ལོ་༦༠དང་༧༠འི་ནང་ལ་དར་ཟིན་པའི་སྲོལ་རྒྱུན་གྱི་བྱིས་པའི་གླུ་ཞིག་རེད་ཟེར་ན་འགྲིགས། འོན་ཀྱང་དེང་སང་ཡུ་ཊུབ་སོགས་ནང་གོ་རྒྱ་ཐོས་རྒྱུ་མེད་ཙང་། རང་གིས་གང་དྲན་པ་དེ་མཆན་བུར་བཞག་པ་ཡིན་ལགས། བོད་ཕྲུག་བྱིས་པ་ཚོར་སློབ་འདོད་ཡོད་ན། གཞས་ཀྱི་གདངས་ཀྱང་གསལ་པོར་དྲན་བཞིན་འདུག་ན་འགའ་ཞིག་ལ་མཁོ་ཚེ་kardorime@gmail.com or skype ID:karma.dorje1ཐོག་ལ་འབྲེལ་བ་གནོངས་རོགས། བོད་སྐད་དང་བོད་གཞས་དར་རྒྱས་ཤོག །
སློབ་དཔོན་ལགས་ནས་གནས་ཚུལ་མཁོ་འདོན་གནང་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ།
བཀུར་འོས་སློབ་དཔོན་ཀརྡོ་ལགས། གོང་གི་གཞས་ཚིག་དེར་བཟོ་བཅོས་འདི་འདྲ་ཞིག་བརྒྱབ་ན་འགྲིག་གམ།
པོ་ཏ་ལ་ལ་ཕེབས་སོང།
ནམ་མཁའ་ཡར་ལ་ལྟས་པས།།
གསེར་གྱི་མོ་ཊ་འགྲོ་གིས།།
གསེར་གྱི་མོ་ཊའི་ནང་ལ།།
༸གོང་ས་སྐྱབས་མགོན་ཆེན་པོ།།
ས་གཞི་མ་ལ་ལྟས་པས།།
གཡུ་ཡི་མོ་ཊ་འགྲོ་གིས།།
གཡུ་ཡི་མོ་ཊའི་ནང་ལ།།
པན་ཆེན་ཆོས་ཀྱི་ཉི་མ།།
གང་དུ་ཕེབས་སོང་ལྟས་པས།།
རང་ཡུལ་བོད་ལ་ཕེབས་སོང།།
བོད་འབངས་ས་ཡ་དྲུག་གིས།།
ཕེབས་བསུ་གནང་གིན་བཞུགས་འདུག
ལྷོ་ཁའི་གནམ་ཐང་སྒང་ནས།།
ཕོ་བྲང་པོ་ཏ་ལ་བར།།
གདུང་དང་རྒྱ་གླིང་བསྣམས་ནས།།
སེར་སྦྲེང་སྒྲིག་ནས་བཞུགས་འདུག
དགེ་འདུན་ཆོས་ཀྱི་ཉི་མས།།
མཇལ་དར་དཀར་ཞིང་གཙང་བ།།
དད་གུས་སྤྲོ་གསུམ་ངང་ནས།།
༸གོང་ས་མཆོག་ལ་ཕུལ་སོང།།
༸གོང་ས་སྐྱབས་མགོན་མཆོག་ནས།།
མཇལ་དར་ཕྱག་གིས་བཞེས་ཏེ།།
ཆོས་ཀྱི་ཉི་མའི་དབུ་ལ།།
ཕྱག་དབང་གནང་གིན་བཞུགས་སོང།།
དེ་ནས་བོད་འབངས་ཡོངས་ལ།།
ཕྱག་གིས་གཡབ་མོ་གནང་དུས།།
ཕྱག་འདྲེན་བླ་ཆེན་མང་པོའི།།
དབུས་སུ་ལྷན་ནེར་མཇལ་བྱུང།།
སྒྱུ་སྐར་ཚོགས་ཀྱིས་བསྐོར་བའི།།
བཅོ་ལྔའི་ཟླ་བ་བཞིན་དུ།།
༸གོང་ས་སྐྱབས་མགོན་ལྷན་རྒྱས།།
པོ་ཏ་ལ་ལ་ཕེབས་སོང།།
༸གོང་ས་སྐྱབས་མགོན་ལྷན་རྒྱས།།
པོ་ཏ་ལ་ལ་ཕེབས་སོང།།