གསར་འགྱུར་འདི་ལྟར་ན། ལེགས་ཉེས་གང་ལྟར་ཡང་། ལོ་རྒྱུས་ཀྱི་དོན་སྙིང་ངོ་མ་དེར་སླར་ཡང་ང་ཚོས་ངོས་ལེན་གསལ་བོ་ཞིག་མ་བྱས་པར་འགྲོ་གི་ཡོད་པ་འདྲ། གང་ཡིན་ཅེ་ན། གསར་འགྱུར་གྱི་ཁ བྱང་འདི་བདེན་པ་མ་རེད་ཟེར་མཁན་མང་པོ་ཡོད་སྲིད་པས་ཡིན།ད་ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་རྗེས་ནས་གསར་འགྱུར་གྱི་ཁ་བྱང་རིང་ཐུང་སྣ་ཚོགས་ཤིག་མཐོང་ལ། ང་ལ་མཚོན་ན་དེ་དག་གི་ནང་ནས་དགའ་སྡུག་དང་བདེན་རྫུན་གྱི་དབྱེ་བ་ཕྱེ་མ་ཐུབ་པར་ལྷག་པ་ནི་ཁ་བྱང་འདི་ཡིན།
ཚགས་པར་འདི་ངས་ཝན་ཁོ་ཝར་གྱི་མེ་འཁོར་འབབ་ཚིགས་ཤིག་ནས་ཁྱེར་ཡོང་བ་ཡིན། སྔས་མགོའི་ཟུར་ཅིག་ལ་བཞག་ནས་བསམ་བློ་བཏང་། བར་སྐབས་ཤིག་ནས་སེམས་ལ་འདི་ལྟར་ཡང་འཁོར། དོན་ངོ་མར་ད་ལོའི་འོས་བསྡུའི་སྐབས་ལ་ག་རེ་བྱུང་སོང་བ་རེད། ད་བར་གྱི་༼ཡར་ཞུ་མར་གནང་༽གི་བཀའ་མོལ་དེ་དག་གི་མདོ་དོན་ཁ་བྱང་འདིའི་ཆེད་དུ་ཡིན་ནམ། ཁ་སང་དེ་རིང་གི་དམིགས་བསལ་ཚོགས་ཆེན་དེ་ཡང་གསར་འགྱུར་གྱི་ཁ་བྱང་འདི་ལྟ་བུ་རེ་མི་འབྲི་རྒྱུའི་ཆེད་དུ་མ་རེད་དམ།
ངས་སོ་སོར་རྟིང་སྐུལ་ནན་མོ་འདི་ལྟར་བྱས། བསམ་བློ་གཏོང་རྒྱུར་སྐྲག་དགོས་གི་མ་རེད། མདོ་དོན་ད་ལོ་ག་རེ་བྱུང་བ་རེད། ཁོང་ཚོས་བཤད་པ་བཞིན། ཏཱ་ལའི་བླ་མའི་ཚབ་བདམས་པ་རེད་དམ། སོ་སོས་སོ་སོ་ནག་འདེད་ཅུང་བྱས་རྗེས་ཨུ་ཐུག་པའི་སྣང་བ་ཞིག་ཤར། གང་ཡིན་ཅེ་ན། ངས་ཁས་ལེན་བྱ་དགོས་བྱུང་སོང་བས་ཡིན། མ་མཐར་ཡང་གསར་འགྱུར་འདི་འབྲི་མཁན་དང་ཀློག་མཁན་ཚང་མས་ད་ནས་བཟུང་དེ་ལྟར་བསམ་བློ་གཏོང་གི་ཡོད་པ་རེད།
གལ་སྲིད་ཚགས་པར་འདིའི་རྩོམ་སྒྲིག་ཁང་ལ་ལན་ཞིག་འབྲི་དགོས་ཚེ། རྩོད་པ་དང་ནོར་བཅོས་ཀྱི་རེ་བ་མ་ཞུས་པར། གསལ་བཤད་འདི་འདྲ་ཞིག་བྱ་དགོས་པ་འདྲ། བདེན་པ་རེད། ཏཱ་ལའི་བླ་མའི་ཚབ་བདམས་པ་རེད། ཁོང་ནི་བཀའ་ཁྲི་བློ་བཟང་སེང་གེ་ལགས་རེད། ཡིན་ཡང་། ཁོང་ཏྰ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་བ་མ་རེད་ལ། ལྷག་པར་དུ་བར་སྐབས་ཤིག་ནས་བོད་པ་ཚོས་གླེང་བཞིན་པའི་མ་འདས་སྤྲུལ་སྐུ་དེ་མ་རེད། ཁོང་ང་ཚོས་བདམས་པའི་བོད་ཀྱི་དབུ་ཁྲིད་དེ་རེད། ལོ་རྒྱུས་ཐོག་གི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་འགན་གྱི་བརྒྱ་ཆ་ ༨༠ ད་ནས་ལོ་ཁ་ཤས་ཀྱི་རིང་ལ་ཁོང་གིས་འཁྱེར་དགོས་པ་རེད། ཅེས་ལབ་དགོས་པ་འདྲ། འགན་དེ་ཡང་བརྒྱ་ཆ་ ༨༠ ལབ་ན་ཏག་ཏག་བསྡད་ཡོད་ཀྱི་རེད་འདོད།
ད་ནས་བཟུང་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་འབྲི་གི་མ་རེད། རྒྱལ་སྤྱིའི་གསར་ཁང་ཁག་ནས་འདི་ལ་འགྱུར་བ་བཏང་ཚར་འདུག སྔོན་ཆད་ཡིན་ན་ ༼spiritual and political Leader༽ ཅེས་འབྲི་གི་ཡོད་རུང་། ཉེ་ཆར་ནས་ ༼political༽ ཅེས་དེ་བླངས་ཚར་འདུག
རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་དམིགས་བསལ་ཚོགས་ཆེན་གྱི་ཞུ་སྐུལ་དང་པོ་སྟེ། བོད་མིའི་དབུ་ཁྲིད་ཀྱི་མཚན་གནས་ཙམ་ལ་ཡང་ཞལ་བཞེས་གནང་མི་འདུག་ཅེས་གསར་འགྱུར་བརྒྱུད་ལམ་ལ་ཁྱབ་ཡོང་གི་འདུག
ཡིན་ཡང་། བློ་ཕམ་པ་ཞིག་ལ། སྔོན་ཆད་ཨེ་པེ་དང་རོའུ་ཊར་ལ་སོགས་པའི་གསར་འགྱུར་གྱི་མཇུག་དེར། ང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཏེ། ༼ཏཱ་ལའི་བླ་མ་མཆོག་ནི་ ༡༩༥༩ ལོའི་རྒྱ་རྒོལ་ལ་ཕམ་ཁ་བྱུང་རྗེས་ཁོང་གི་རྗེས་འཇུག་པ་སྟོང་ཕྲག་ཁ་ཤས་དང་བཅས་བྲོས་བྱོལ་ལ་ཕེབས་ཏེ། རྒྱ་གར་བྱང་ཕྱོགས་ཀྱི་ངྷ་རམ་ས་ལར་བཙན་བྱོལ་བོད་མིའི་སྲིད་གཞུང་བཙུགས་ནས་བཞུགས་ཡོད་པ་རེད།༽ ཅེས་པ་དེ་ཡང་བླངས་འདུག སྔོན་ཆད་བོད་དོན་དང་འབྲེལ་བའི་གསར་འགྱུར་ཕལ་ཆེ་བའི་མཇུག་ཏུ་ཚིག་བརྗོད་འདི་ཡོད་རུང་། ཉེ་ཆར་ནས་གསར་འགྱུར་ཁ་ཤས་བཀླགས་སྐབས་ཚིག་དུམ་འདི་བླངས་འདུག་པ་མཐོང་། འདི་ནི་བློ་ཕམ་ལྟ་བུ་ཞིག་ཏུ་གྱུར།
རེད། ལུང་རིགས་ལགས། དེ་འདྲ་རེད། གནས་སྐབས་རིང་སེམས་འཚབ་དང་བློ་ཕམ་ཡོང་འདོག་ཁ་བོ་རེད། ཡིན་ཡང་བློ་ཕམ་འདིས་ཡུན་རིང་གི་དུས་ཚོད་ནང་ང་ཚོར་མ་ཁར་སོ་བཅངས་པའི་བློ་ཁོག་སྩལ་ཡོད་རེད། ད་བོད་མི་་ཚོས་རང་འགན་རང་གིས་འཁུར་དགོས་པའི་དུས་ལ་སླེབས་ཡོད་པ་ཡེ་ཤེས་སྤྱན་གྱིས་གཟིགས་པ་རེད། ད་དུང་ཡང་འདི་མུར་ཡུན་ནས་ཡུན་དུ་འགོར་ན་ཉིན་མ་གཅིག་ང་ཚོའི་མགོ་ཐོག་ལ་གངས་ཏེ་སེ་བཞིན་གྱི་རྡོག་ཕྲེས་དེ་ལྗིད་ཏིག་སེ་ལྷུང་དུས་ཐབས་ཤེས་གཞན་ག་རེ་ཡོད་རེད།
ད་ལྟ་བར་དུ་ EXILE TIBET GOVERNMENT ཞེས་གསར་འགྱུར་ཁག་ཏུ་ཐོན་དུས་དགྲ་བོ་རྒྱ་དམར་གྱིས་བོད་དེ་ཁྲིམས་མེད་ལུང་མེད་ཀྱིས་བཙན་བཟུང་བྱས་པ་མཚོན་གྱི་ཡོད་ཀྱང་། ད་ཆ་ EXILE TIBET COMMUNITY. མིང་འདིས་གང་མཚོན་གྱི་འདུག་གམ སྐུ་གཉེན་མཁས་རང་དྲག་ནས་གསེར་སྐུ་རག་ལ་བཏང་སོང་། ༧གོང་ས་མཆོག་ནས་བཅའ་ཁྲིམས་བསྒྱུར་བཅོས་ཐད་བྲེལ་བ་མེད་པར་དུས་ཚོད་མང་ཙམ་གཏོང་དགོས་པའི་བཀའ་སློབ་ཕེབས་ཀྱང་། སྐུ་ངོ་སྤྱི་འཐུས་རྣམ་པས་བོད་རྒྱལ་ཡོངས་ཚོགས་ཆེན་གྱི་མི་མང་གི་བསམ་ཚུལ་ལ་སྣང་ཆུང་ཁྱད་དུ་སད་ནས་ཐབས་སྡུག་གི་ལས་ངན་དེ་འདྲ་བརྩམས་སོང་། སང་ཉིན་ཁྱོད་ཚོས་བོད་མི་ས་ཡ་དྲུག་ལ་གདོང་པ་བསྟན་ནུས་སམ།
ལུང་རིགས་ཀྱིས་ཀྱང་འདི་ལྟར་བཤད་ཡོང་དུས་་་་་་་་་་་་་་ང་ངོ་མ་ཧ་ལས་ཐལ། སྐྱུར་རྩི་ཡང་ཁོང་འདྲ་བ་ཞིག་མིན་པར་སྨོན་་་་་་་་་་་་་་་་་་་་
ལུང་རིགས་ལགས་ཁམས་བཟང་ནུབ་ཕྱོགས་སུ་བདེ་སྐྱིད་ཅི་འདྲ་འདུག ཉིད་ནུབ་ཕྱོགས་སུ་ཕེབས་རྗེས་འདིར་མི་མང་པོ་ཞིག་སེམས་པ་འཁྱག་ལ་སྦྱར་ཐལ། རེད་ཡ་ཉིད་ཀྱི་གསུངས་པ་ཇི་བཞིན་དེང་གསར་ཤོག་ཁག་ཏུ་བདེན་མིན་གྱི་གནས་ཚུལ་མང་ལ། སེམས་ནང་ཚུད་དཀའ་བའི་གནས་ཚུལ་ནི་གཅིག་ཞུགས་གཅིག་རེད། འོན་ཀྱང་ངས་བསམ་པར་བློ་སེང་ནི་༸གོང་ས་མཆོག་གི་ཆབ་མཚོན་ཞིག་རེད་ཟེར་ན་སེམས་ནང་ཚུད་ཐབས་དབེན། ཉིད་ཀྱི་གསུང་པ་ལྟར་བརྒྱ་ཆ་ ༨༠ རེད་ཟེར་ཡང་ཅུང་ཧམ་པ་ཚ་བ་ཞིག་ཏུ་མཐོང་། ད་ཆ་༸གོང་ས་མཆོག་གི་སྐུ་དབང་ནི་མང་གཙོའི་ཀ་བ་གསུམ་ལ་མགོ་བཤའ་སྐྱོན་ཡོད་པས་དེར་རྟེན་བློ་སེང་སོགས་བཀའ་བཤག་ལྷན་ཁང་ནས་བརྒྱ་ཆ་ ༤༠ ཆབ་མཚོན་བྱས་ན་དེ་བཞིན་གྲོས་ཚོགས་ནས་བརྒྱ་ཆ་ ༣༠ དང་། ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་བརྒྱ་ཆ ༣༠ བྱེད་དགོས་པ་སྣང་བསམ་ཚུལ་ཙམ་ཡིན།
དེ་རིང་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་སྤྱི་འཐུས་རྣམ་པས་དམ་བཅའ་བཞགས་སོང་།དཔེར་ན། བདག
བདག་སྤྱི་འཐུས་ཀརྨ་ཆོས་འཕེལ་ཞེས་བགྱིད་པ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་འཐུས་མིར་འོས་འདེམས་བྱུང་བ་ལགས་ན་ད་ནས་བཟུང་གཞིས་ཆགས་ཁག་ཏུ་མ་རྨྲོས་པའི་ལོ་ཏོག་མང་དུ་བཏབ་ནས་གླང་པོ་ཆེའི་གནོད་པ་ཉུང་དུ་གཏོང་བ་དང་། དེ་སྔོན་གྲོས་ཚོགས་ནང་འཁྲུགས་པ་བརྒྱབ་པའི་དབང་གིས་དབུས་གཙང་ནས་འགྱངས་འབུད་བཏང་ཡང་། ད་ལན་བཀའ་རྒྱུད་ནས་མི་ཚེ་གསར་པ་གནང་བྱུང་བ་བཞིན་སླད་ཕྱིན་སྔར་བྱས་འགྱོད་སེམས་ཀྱིས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་གཞིས་བཞུགས་བོད་མི་བཞིན་ཕ་རྒན་སྤྲེའུ་དང་མ་རྒན་བྲག་སྲིན་མོའི་བུ་ཕྲུག་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་བགྱིད་རྒྱུའི་མཆོག་གསུམ་སྤང་བཙུགས་ཀྱིས་དམ་བཅའ་བརྟན་པོར་འཇོགས་རྒྱུ་ཡིན།
ལུང་རིགས་རྒྱལ་ལགས། གསར་འགྱུར་དེར་སེབས་ཚབ་བྱས་དགོས་དོན་མི་འདུག། དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་གནང་བ་འདི་ཕུགས་རྒྱང་རིང་པོའི་ལམ་སྟོན་ཙམ་མ་ཟད་འཛམ་གླིང་ནང་འཇུག་སྒྲིག་ཟིན་པའི་རྒྱལ་པོའི་ལམ་ལུགས་དང་སྐུ་དྲག་རིང་ལུགས་སོགས་ལ་ཞེན་ཆགས་མ་གནང་བར་དམངས་གཙོ་ཚད་ལྡན་ཞིག་གནང་བ་རེད་། དེ་ཡང་༧རྒྱལ་བའི་ཐུགས་དགོངས་ལྟར་བོད་རིགས་རྒྱ་ཆེར་མང་ཚོགས་ནས་འོས་འདེབས་གནང་བའི་བཀའ་ཁྲི་ཐོག་མ་སློབ་དཔོན་ཟམ་དགོང་རིན་པོ་ཆེ་ནི་ཡོངས་གྲགས་སུ་རྒྱལ་བ་གཉིས་པ་ལྟར་བུ་ཆོས་སྲིད་རིག་གནས་སོགས་མཁྱིན་ཡོན་གང་ཅིའི་ཐད་བོད་ཆོལ་ཁ་གསུམ་ནང་བྱུང་མྱོང་མེད་པ་འམ་འགྲན་ཟླ་མེད་པའི་སྐྱེས་བུ་ཆེ་པོ་ཁོང་རེད་། དངོས་གནས་༧རྒྱལ་བ་དོན་ཀྱི་བདག་པོ་ཕྱག་འོག་ཏུ་བླ་མ་མཁས་དབང་འདི་འདྲ་ཞིག་ཕེབས་པ་དེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་རྒྱུད་ནང་བསྟན་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་།
ཁྱེད་རྣམས་ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས།
གང་ལགས་ཟེར་ན། སེམས་ཁྲལ་བྱས་ནས་ཕན་ཐོགས་མེད་པ་གསལ་པོ་བྱུང་མ་སོང་ངམ།
སྤྱི་འཐུས་ལྷན་ཚོགས་འདིས་མི་མང་གི་བསམ་འཆར་ལ་བརྩི་མི་དགོས་པ་འདིས་གསལ་པོར་ཤེས།
དེ་ལས་ཐུགས་ལྷོད་ཙམ་གནང་ནས་བཞུགས། རང་བཙན་ནས་བཙན་བྱོལ། བཙན་བྱོལ་ནས་སྐྱབས་བཅོལ། སྐྱབས་བཅོལ་ནས་རྒྱ་གར་བོད་པ།
གཞིས་བྱེས་བོད་མི་དདང་། རྒྱ་ནག་གི་བོད་མི་དང་། རྒྱ་གར་གྱི་བོད་མི་ཟེར་རྒྱ་ཨེ།