མེ་མདའི་ཁ་ནས་བཞག་པའི་(གྲོས་མཐུན་དོན་ཚན ༡༧ )ལ་མིང་རྟགས་བཀོད་པ་དང་(བོད་ཞི་བས་བཅིངས་འགྲོལ་)ཟེར་བ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་སྔ་སྣུར་དུ་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་ཟེར་བའི་གསར་འགོད་པས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་ཀྲུའུ་ཝེ་ཆོན་ལགས་སུ་བཅར་འདྲི་དོན་ཚན་དྲུག་ཞུས་འདུག དེ་རུ་འགལ་འདུ་དང་ཧམ་བཤད་ཆར་ལྟར་བབས་འདུག་པས། འདི་ག་བོད་གཞུང་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་དང་དྲ་ངོས་རྩོམ་སྒྲིག་པ་གཅིག་ལྕོགས་ལྕགས་ལོ་ཚང་བློ་བཟང་ཆོས་འབྱོར་གྱིས་སྐབས་དེའི་བསྒྱུར་དུ་མེད་པའི་བྱུང་རབས་ཐད་བཙན་བྱོལ་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་སུ་བཅར་འདྲི་ཞུས་ཡོད།
རྩོམ་སྒྲིག་པས། ཉིན་ཁ་ཤས་ཀྱི་རྗེས་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་དྲུག་བཅུ་ལོན་པར་རྒྱ་ནག་གུང་བྲན་གྱིས་དགའ་བསུ་བྱེད་པའི་འུར་གྱིས་གནམ་ས་ཁེངས་འདུག བཙན་འཛུལ་དེར་བོད་ཀྱི་ལོ་རྒྱུས་ནང་ངོས་འཛིན་གང་འདྲ་ཞིག་བྱེད་དགོས་པ་རེད་དམ།
བཀའ་བློན། རྒྱ་ནག་དམར་ཤོག་གིས་གོ་མིན་ཏང་གི་དབང་ཆ་འཕྲོག་ཟིན་མ་ཐག་ཕྱི་ལོ་ ༡༩༤༩ ཕྱི་ཟླ་ ༡༠ ཚེས་ ༡ ཉིན་པེ་ཅིང་རླུང་འཕྲིན་ཁང་ནས་མི་མང་བཅིངས་བཀྲོལ་དམག་གིས་བོད་དང་། ཤིན་ཅང་། ཧེ་ནན། ཐེ་ཝན་བཅས་ཚུད་རྒྱ་ནག་གི་ས་ཁུལ་རྣམས་བཅིངས་བཀྲོལ་གཏོང་དགོས་ཞེས་པའི་ཁྱབ་བསྒྲགས་བྱས་པ་རེད། ༡༩༥༠ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་དམག་དཔོན་ཝང་ཆི་མིའི་འགོ་འཁྲིད་འོག་བཅིངས་འགྲོལ་དམག་མི་ ༤༠༠༠༠ སྐོར་གྱིས་བོད་ཤར་ཕྱོགས་ཀྱི་མདོ་སྤྱིའི་བསྟི་གནས་ཆབ་མདོའི་ཕྱོགས་ནས་རྒོལ་འཛིངས་བྱས་ཏེ་བོད་དམག་ཉུང་ཤས་ལས་མེད་པ་བསད་ཅིང་ཕམ་ཉེས་བཏང་བ་དང་། ཕན་ནུས་ལྡན་པའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་མ་བྱུང་བ་བཅས་ལ་བརྟེན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་ནས་ ༡༩༥༡ ཟླ་ ༤ པའི་ནང་བོད་གཞུང་གི་སྐུ་ཚབ་མི་ལྔ་ཞིག་པེ་ཅིང་དུ་རྒྱ་ནག་དང་གྲོས་མོལ་བྱེད་དུ་བཏང་དགོས་བྱུང་ཞིང་། ཁོང་ཚོར་བོད་གཞུང་གི་ལངས་ཕྱོགས་ཇི་ཡིན་རྒྱ་ནག་ལ་གསལ་བཤད་དང་རྒྱ་ནག་གིས་དེར་ལན་ཅི་་བྱུང་གསན་རྒྱུའི་དབང་ཚད་ལས་ཐག་གཅོད་བྱེད་པའི་དབང་ཚད་གནང་མེད།
གྲོས་མཐུན་དོན་ཚན་ ༡༧ གྱི་སྐོར་གླེང་གཞི་ཙམ་ཡང་བྱུང་མེད་པས་གྲོས་མཐུན་འཇོག་རྒྱུའི་དབང་ཚད་དེ་བས་ཀྱང་སྤྲོད་སྟངས་མེད། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ནི་ལོ་དེའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་པེ་ཅིང་དུ་བོད་རྒྱའི་སྐུ་ཚབ་ལྷན་ཚོགས་གནང་བའི་ཐོག་རྒྱ་ཕྱོགས་ནས་གྲོས་མཐུན་གྱི་ཟིན་བྲིས་སྔོན་ནས་བཏབ་སྟེ་ཡོད་པ་ཞིག་དང་། དེ་བཙན་གྱིས་སྒྲོག་སྦྱང་བྱས་པ་ནས་བྱུང་བ་ཞིག་ཡིན།
དེ་ལ་བོད་ཀྱི་སྐུ་ཚབ་རྣམ་པས་ངོས་ལེན་རྩ་བ་ནས་གནང་མེད། དེའི་རྗེས་བསྒྱུར་བཅོས་ཀྱིས་ཟིན་བྲིས་ཤིག་བཏོན་པར་ཡང་ངོས་ལེན་རྩ་བ་ནས་གནང་མེད་ལ་དབང་ཚད་ཀྱང་མེད། ངོས་ལེན་མ་བྱས་པའི་དབང་གིས་རྒྱའི་སྐུ་ཚབ་གཙོ་བོ་ལི་ཝུ་ཧན་དང་། ཀྲང་ཅིང་ཨུ་གཉིས་ནས་ཚིག་རྩུབ་དང་། ཚེ་སྲོག་ལ་འཇིགས་སྐུལ་སོགས་ཀྱི་འོག་བཙོན་པ་ལྟར་བཀག་ཉར་དང་། བོད་གཞུང་ལ་དགོངས་སྐོར་ཙམ་ཞུ་བའི་གོ་སྐབས་མ་སྤྲད་པའི་ཐོག་གྲོས་མཐུན་དེར་མིང་རྟགས་འགོད་ཀྱི་ཡིན་ནམ། ཡང་ན་རྒྱལ་ས་ལྷ་སར་ལམ་སེང་དཔུང་འཇུག་བྱེད་དགོས་མིན་གྱི་གདམ་ཁ་གཏོང་དུ་བཅུག་ཁར། དེའི་འགན་ཡང་ཁྱེད་ཚོར་ཡོད་ཅེས་འཇིགས་སྐུལ་ཚད་ལས་བརྒལ་བ་བྱས་ཡོད།
གནས་སྟངས་དེའི་འོག་ཟླ་ ༥ ཚེས་ ༢༣ ཉིན་བོད་གཞུང་ལ་སྙན་སེང་ཙམ་ཡང་ཞུ་དབང་མེད་པར་གྲོས་མཐུན་དེར་པེ་ཅིང་དུ་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་སྐུ་ཚབ་ཚོའི་དམ་ཕྲུག་རྫུན་བཟོ་བྱས་ཏེ་རྒྱ་ནག་དབུས་གཞུང་དང་། བོད་ས་གནས་སྲིད་གཞུང་དབར་གྱི་༼ བོད་ཞི་བའི་བཅིངས་བཀྲོལ་འབྱུང་ཐབས་ཀྱི་གྲོས་མཐུན་༽ཟེར་བ་དེ་ནོན་དུ་བཅུག་ཡོད། ཆབས་གཅིག་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་བཞག་པའི་གསལ་བསྒྲགས་ཞིག་ཀྱང་བྱས་པ་རེད།
གྲོས་མཐུན་འཇོག་སྟངས་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པ་ནི། ཆིངས་ཡིག་ཐད་ཀྱི་ཁྲིམས་ཡིག་ལྟར་ན་རྒྱལ་སྤྱིའི་གྲོས་མཐུན་ཁག་ལ་ཁྱབ་པའི་ཁྲིམས་ལུགས་ནི། ཆིངས་དོན་གྱི་འགན་འཁུར་ཁག་རྨང་གཞི་ཆིངས་ཡིག་འཇོག་མཁན་ཕན་ཚུན་ཚང་མས་རང་དབང་དང་མོས་མཐུན་ཡོད་པར་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་པའི་རྩ་འཛིན་དེ་གཞི་རྩར་འཛིན་དགོས་ཤིང་། ཁྲིམས་མཐུན་དུ་བརྩི་ཆོག་མིན་གྱི་མེད་དུ་མི་རུང་བའི་ཆ་རྐྱེན་ཡང་རང་དབང་གི་སྒོ་ནས་མོས་མཐུན་ཡོད་དགོས་པ་དེ་ཡིན་པ་ལས། དཔུང་ཤུགས་དང་འཇིགས་སྐུལ་བའི་མེ་མདའི་འོག་བཙན་འཇོག་བྱས་པའི་གྲོས་མཐུན་ལ་ཁྲིམས་ཀྱི་ནུས་པ་རྩ་བ་ནས་མེད་ལ། ལྷག་པར་ཆིངས་ཡིག་འཇོག་མཁན་སྐུ་ཚབ་ཙམ་དུ་མ་ཟད། རྒྱལ་ཁབ་དང་དེའི་མི་རིགས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་དང་དཔུང་ཤུགས་བེད་སྤྱད་ནས་བཞག་པའི་ཆིངས་ཡིག་ལ་ཁྲིམས་ཀྱི་ནུས་པ་དེ་བས་ཀྱང་མེད།
ད་ལྟའི་སྐབས་ཉེས་ཅན་དཔང་མཐོ་བའི་དུས་སྐབས་ཤིག་ཀྱང་ཡིན་པས་བྱ་ཐབས་དབེན་པ་མ་གཏོགས་རྒྱལ་སྤྱིའི་ཁྲིམས་ཀྱི་ནག་ཉེས་ཕོགས་མི་འོས་པ་ཅི་ཡང་མེད། དེ་བས་ན་བོད་གཞུང་གིས་གྲོས་མཐུན་དེ་ལ་ཁས་ལེན་བྱ་ཐབས་མེད་ལ་རྒྱ་ཕྱོགས་ནས་ཀྱང་ལག་བསྟར་བྱེད་པའི་གནས་སྟངས་རྩ་བ་ནས་མེད།
ད་དུང་ཁས་ལེན་མེད་པའི་དཔེ་མཚོན་གསལ་བོ་ཞིག་ནི། ཕྱི་ལོ་ ༡༩༥༢ ཕྱི་ཟླ་ ༤ ཚེས་ ༦ ཉིན་སྲིད་འཛིན་མའོ་ཙེ་ཏུང་གིས་སྲིད་ཚབ་རྣམ་གཉིས་ཙམ་མིན་པར་ཏཱ་ལེ་དང་ཏཱ་ལའི་ཤོག་ཁག་མང་ཆེ་བས་གྲོས་མཐུན་དེ་ཁས་ལེན་ལག་བསྟར་བྱེད་འདོད་མི་འདུག ད་ལྟའི་ཆར་ང་ཚོས་གྲོས་མཐུན་གྱི་དོན་ཚན་ཆ་ཚང་ལག་ལེན་བསྟར་རྒྱུའི་དངོས་པོའི་རྨང་གཞི་གང་ཡང་མེད། དེ་བཞིན་ང་ཚོར་མི་མང་དཀྱུས་མ་དང་སྐུ་དྲག་ནང་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞི་གང་ཡང་མེད། ཅེས་གསལ་པོར་མི་མང་དཀྱུས་མ་དང་མཐོ་རིམ་གཉིས་ཀའི་ནང་རྒྱབ་སྐྱོར་མེད་ཚུལ་གསུངས་ཡོད།
འདི་ལྟར་རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེར་བོད་གཞུང་དང་མི་མང་ནས་ཁས་ལེན་བྱས་པ་མེད་གཤིས། རྒྱ་དམར་རང་ཉིད་ནས་ཀྱང་དེའི་དོན་ཚན་ཁག་བརྡལ་བཤིག་གིས་འགལ་འདས་བྱས་པ་བཅས། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་ཤིང་གསུང་གླེང་གནང་རྒྱུའི་རང་དབང་ཐོབ་མཚམས། ༡༩༥༩ ལོའི་ཟླ་ ༦ ཚེས་ ༢༠ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་ཁས་ལེན་མེད་པའི་གཞུང་འབྲེལ་གྱི་ཡོངས་ཁྱབ་གསལ་བསྒྲགས་དང་སྦྲགས་དོན་ཚན་བཅུ་བདུན་ཟེར་བ་དེ་བོད་གཞུང་དང་མི་མང་ལ་གོ་མཚོན་གྱི་སྡིག་རའི་འོག་བཞག་ཏུ་བཅུག་པའི་བྱ་སྤྱོད་ཀྱང་རྒྱལ་སྤྱིའི་མདུན་དུ་དམར་བརྗེན་མཐིལ་བཏོན་ཟིན་པ་ཞིག་ཀྱང་ཡིན་པ་དང་། རྒྱ་ཕྱོགས་ནས་རང་ཉིད་ཀྱིས་རྫུན་བཟོ་བྱས་པའི་ཡིག་ཆར་སོ་སོ་རང་གིས་བརྡལ་གཤིག་བཏང་ཟིན་པ་ཞིག་ལ་ལོ་དྲུག་ཅུ་འཁོར་བའི་དགའ་བསུ་བྱེད་པ་ནི་རི་བོང་གི་རྭ་རྒྱལ་མཚན་དུ་བསྒྲེང་རྒྱུ་ཡིན་ཟེར་བ་དང་ཅིས་མི་མཚུངས།།
རྩོམ་སྒྲིག་པས ། གྲོས་མཐུན་གྱི་འབྲུ་དོན་རྒྱ་ནག་རང་ཉིད་ཀྱིས་བརྡལ་བཤིག་བཏང་བ་༧གོང་ས་མཆོག་གིས་ཁྱབ་བསྒྲགས་བྱས་པར་རྒྱ་ནག་གཞུང་མ་དགའ་འདར་ཟུག་ཤོར་དོན་ཅི་ཞིག་ཡིན་ནམ།
བཀའ་བློན། མི་རིགས་སུ་ཞིག་ལ་གནོད་པ་དང་འཚེ་བ་མེད་པར་རང་གི་ས་ཆར་ཞི་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བ་ལས་ལྷག་པའི་བདེ་སྐྱིད་ཅིག་མེད། སེམས་པའི་ཞི་བདེའི་རྒྱལ་ཁབ་ཅིག་ལ་ངན་གཡོ་དང་འཇིགས་སྐུལ་སྡིག་ར་བཅས་པའི་སྒོ་ནས་བཙན་བཟུང་བྱས་པ། དང་ཐོག་ངག་འཇམ་གཡོ་འཁྲུལ་གྱིས་བོད་མི་རིགས་ཀྱི་སྤུན་ཟླ་ཡིན་ཚུལ་སོགས་སྨྲས་ཤིང་། དོན་དངོས་མི་སྤྱོད་ལས་འདས་པའི་བྱ་ཐབས་སྤྱད་ནས་རྒྱ་འོག་འཇུག་ཐབས་བྱས་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁ་འགེབ་ཆེད་མེ་མདའི་ཁ་ཡི་གྲོས་མཐུན་ལ་མིང་རྟགས་བཀོད་དུ་བཅུག་པ། དེ་ལྟའི་རྫུན་དང་རུལ་སུངས་ཀི་བྱ་སྤྱོད་དེ་ལ་ཅུང་ཙམ་གནས་མ་ཐུབ་པར་གྲོས་མཐུན་གྱི་འབྲུ་དོན་རང་ངོས་ནས་བརྡལ་བཤིག་བཏང་བར་བརྟེན། ༧གོང་ས་མཆོག་ནས་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་ཀྱིས་མཐིལ་བཏོན་གནང་བ་ནི་རྒྱ་ནག་གཞུང་གི་ཆེས་མཐོའི་འགོ་འཁྲིད་རྣམས་ངོ་ཚ་ཁ་སྐྱེངས་ཀྱིས་མ་དགའ་འདར་ཟུག་ཤོར་གཞི་དངོས་གནས་དེ་ཡིན།
༧གོང་ས་༧ཏཱ་ལའི་བླ་མས་གྲོས་མཐུན་ཁས་ལེན་རྒྱུའི་གསལ་བསྒྲགས་སྤེལ་བ་དང་། མའོ་ཀྲུའུ་ཞིར་བོད་ས་གནས་སྲིད་གཞུང་དང་དེ་བཞིན་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས་གྲོས་མཐུན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ། ཞེས་སོགས་གློག་འཕྲིན་ཕུལ་ལུགས་ཟེར་བ་ནི། མའོ་མཆོག་གི་གསུངས་བཏུས་ནས་ནང་གི་དོན་གནད་གོང་དུ་ཟུར་འདོན་བྱས་པ་དེ་དང་ཡོངས་སུ་འགལ་བ་ཞིག་བློན་ཆེན་ཀྲུའུ་ཝེ་ཆོན་ནས་གསར་འགོད་པར་སྐྱག་རྫུན་བཤད་འདུག། སྲིད་འཛིན་མའོ་ཡི་རྩོམ་བཏུས་དེ་ནི་བོད་རྒྱ་གཉིས་ནང་རྒྱ་ཁྱབ་ཏུ་བཀྲམས་ཤིང་སློབ་སྦྱོང་བྱེད་དུ་འཇུག་པའི་གལ་ཆེའི་ཡིག་ཆ་ཞིག་ཡིན་ཁུལ་ཡང་། དེ་ལ་བཟོ་བཅོས་དང་། རྩོམ་བཏུས་དེའི་ནང་གསུངས་པ་དེ་ལ་བདེན་པ་མིན་པའི་སྐྱོན་འཛུགས་མཐའ་གཅིག་ཏུ་བྱས་པ་དང་གཉིས་སུ་མེད་པས་འཐབ་ཕྱོགས་གཅིག་གྱུར་གྱི་གཙོ་འཛིན་རྣམ་པས་མ་གོ་མ་ཐོས་པའི་ངང་དུ་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་ཉེས་པ་མེད་པར་འཇོག་པ་ནི་ཡ་མཚན་པ་དང་། ཡང་ན་དུད་འགྲོ་ཡིན་ཡང་རིགས་མཐུན་ཁྱུ་གཅིག་ཏུ་གནས་པའི་དཔེ་བཞིན་ཆེས་ཧ་ལས་རྒྱུ་ཞིག་ཀྱང་མིན་ཆོག
རྩོམ་སྒྲིག་པས། དབུ་མའི་ལམ་གྱི་དགོངས་དོན་བརྒྱུད་རྒྱ་ནག་དང་གྲོས་མོལ་བྱས་པ་རྒྱ་ནག་གཞུང་གིས་གོ་བ་ཁྱོན་ནས་མ་ལོན་ཁུལ་གྱིས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་ཨུ་ཚུགས་རྒྱབ་ནས་བཤད་དགོས་དོན་ག་རེ་ཡིན་ནམ་བསམ་གྱི་འདུག།
བཀའ་བློན། དེ་ནི་དེ་སྔའི་འབྲེལ་མོལ་གྱི་ཁོར་ཡུག་ལ་གནོད་གཞི་ཆེད་མངགས་བཟོ་འདོད་དང་དོན་སྙིང་ལྡན་པའི་གྲོས་བསྡུར་བྱ་འདོད་མེད་པའི་རྣམ་པ་གསལ་པོ་དང་། རྒྱལ་སྤྱིའི་མང་ཚོགས་མགོ་བོ་རྨོངས་གཞི་དང་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་ཨུ་ཚུགས་བྱེད་པ་ཇི་བཞིན་བོད་ཀྱི་གནད་དོན་འགྲིག་ཆགས་འཚོལ་རྒྱུའི་ཆོད་སེམས་མེད་པ་ཞིག་ཡིན་པ་གསལ་པོ་རེད། དེ་ནི་ཁོ་རང་ཚོའི་མགོ་འཁྲིད་ནང་དབང་ཆའི་འཐབ་རྩོད་འོག་འཆམ་མཐུན་མེད་པ་དང་། དཔོན་རིགས་འགའ་ཞིག་ལ་བོད་དོན་འགྲིགས་ཆག་བྱུང་ན་སོ་སོའི་ད་ལྟའི་གནས་བབ་ཅི་འགྱུར་ལ་སེམས་འཚབ་ཆེན་པོ་ཡོད་པ་དངོས་སུ་མཚོན་ཐུབ་པ་ཡིན།
ཇི་ཙམ་གྱི་གོ་བརྡ་ཁ་ཞེ་གཉིས་མེད་ཀྱིས་སྤྲད་པ་དང་རྒྱལ་སྤྱིའི་ཐོག་ཡོངས་ཁྱབ་བཟོས་ཟིན་པ་ཞིག་ལ་ད་དུང་དོགས་པ་དང་ལོག་འགྲེལ་བྱེད་པ་ནི། རང་ཉིད་གཡོ་སྒྱུ་ཁྲམ་གསུམ་གྱི་དབང་དུ་གྱུར་ཟིན་པའི་བློ་མིག་གིས་གཞན་ལའང་དེ་ལྟར་ལྟ་སྟངས་ཉག་ཅིག་རེད་ལ། དངོས་ཡོད་གནས་ཚུལ་ཤེས་བཞིན་དུ་མ་ཤེས་ཁུལ་བྱེད་པ་ནི། རྒྱ་གར་གྱི་ཁ་དཔེར། “གཉིད་ལོག་པ་བསླང་རྒྱུར་མི་དཀའ་ཡང་།། གཉིད་རྫུན་མ་ལོག་མཁན་བསླང་རྒྱུར་དཀའ།།” ཟེར་བ་དང་གཅིག་ཏུ་ངོས་འཛིན་བྱས་ཆོག
རྩོམ་སྒྲིག་པས། ཐོག་མ་མའོ་ཙེ་ཏུང་གི་སྐབས་བོད་ལ་དཔུང་འཇུག་བྱེད་འཆར་ཡོད་པ་ནས་བཟུང་བོད་ཀྱི་དམིགས་བསལ་གནས་བབ་ངོས་ལེན་བྱེད་ཀྱི་ཡོད་པ་དང་། ཤེས་ཀྱི་ཡོད་པ་ཡིག་ངག་གཉིས་སུ་གསལ་བོ་བསྟན་ཡོད་པ་རེད། ཡིན་ནའང་ཁ་སང་ཀྲུའུ་ཝེ་ཆོན་གྱིས་འབྲེལ་མེད་དོན་ཚན་བཞི་བཀོད་ནས་དམིགས་བསལ་གནས་བབ་དེ་ཡོངས་སུ་འགྲེལ་ལོག་རྒྱབ་འདུག ཁྱེད་ཀྱིས་ལྟོས་ན་ཁོང་ཚོས་དེ་ལྟར་ལོ་རྒྱུས་ལ་འཁྱོག་བཤད་བྱས་པའི་ཉེས་པ་ག་རེ་ཕོག་གི་རེད་དམ།
བཀའ་བློན། ངས་གོང་དུ་བཤད་པ་ལྟར། ཁོང་ཚོ་ལོ་རྒྱུས་ལ་བཟོ་བཅོས་བྱེད་རྒྱུར་ཅི་མི་སྙམ་པའི་བློ་ཁོག་ཅིག་ཡོད་པ་ནི། བོད་ཀྱི་གནད་དོན་བསྐྲུན་ཐབས་ཀྱི་རིམ་པ་ཚང་མ་རྫུན་བཟོ་དང་རུལ་སུངས་རྐྱང་རྐྱང་ཡིན་སོང་བས་རེད། དེང་སང་རང་གིས་བཟོས་པའི་ལོ་རྒྱུས་རང་གིས་ཁས་མི་ལེན་པ་ནི་གཅིག་བྱས་ན་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གྱིས་མ་གཟིགས་པ་ཡིན་རྒྱུ་རེད། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། མཐོ་སྒང་གི་ས་ཆ་ཧྲིལ་བོར་མུ་འབྲེལ་ནས་ཆགས་པའི་གདོད་མའི་མི་རིགས་ཀྱི་གནས་བབ། སྐད་དང་ཤེས་རིག བློ་གྲོས་དང་མཁས་མཛངས་ཀྱིས་རང་རྐྱ་འཕེལ་བའི་གནས་བབ་གསུམ་ནི་ནམ་ཞར་ཡང་འགྱུར་རེ་མེད་པ་ནི་”དངོས་ཐོག་བདེན་འཚོལ་”ཟེར་བས་གསལ་བཤད་བྱས་ཡོད་ལ། ད་ཐེངས་ཀྱང་ནན་བརྗོད་བྱེད་འདོད་བྱུང་།
འཐབ་ཕྱོགས་གཅིག་གྱུར་པ་ཀྲུའུ་ཝེ་ཆོན་གྱིས་འབྲེལ་མེད་དོན་ཚན་བཞི་བཀོད་ནས་བོད་ཀྱི་དམིགས་བསལ་གནས་བབ་ལ་ལོག་འགྲེལ་བྱས་པ་ནི། སླར་ཡང་རྒྱ་ནག་གཞུང་གི་”ཁུངས་མེད་ཆེན་པོ་བཞི་”རུ་གྱུར་འདུག་པ་སྟེ། དེ་ཡང་བོད་ཀྱི་ས་ཆེན་པོར་གྲང་ངར་ཆེ་བས་འགྲོ་བ་མི་གནས་སྡོད་མི་ཐུབ་ཚུལ་དང་། བོད་སར་རང་བྱུང་གཏེར་ཁའི་ཐོན་ཁུངས་མེད་པས་རྒྱ་ནག་གཞུང་གིས་བོད་ས་ནས་འོར་འདྲེན་གང་ཡང་བྱས་མེད་ཚུལ། ༧གོང་ས་མཆོག་གིས་བཙན་བྱོལ་དུ་བོད་མི་མང་གི་བདེ་དོན་མ་གླེང་བར་རྒྱ་ནག་ཁ་ཕྲལ་གྱི་སྟོབས་ཤུགས་ལ་ལག་སྦྲེལ་བྱས་ཚུལ། རྒྱ་མོ་རྐང་དོ་མ་ཟེར་བ་སོགས་ཀྱི་གནམ་འོག་ཏུ་བྱུང་མ་མྱོང་བའི་རྒྱ་ནག་གི་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་གཡོ་འགེབ་ཀྱིས་བོད་ཀྱི་སྔ་མོའི་ལམ་ལུགས་ལ་སྐྱོན་སྣ་རེ་འཚོལ་བ་དག་ནི། སྐྱག་རྫུན་ལན་བརྒྱར་སྨྲ་བའི་རང་ལུགས་སུ་འགྲིག་ན་མ་གཏོགས། ལོ་རྒྱུས་དང་དངོས་ཡོད་གཉིས་ཀར་མཐུན་ཐབས་རྩ་ནས་མེད་པ་ཞིག་ཡིན། དེ་བས་ངས་བློན་ཆེན་ཀྲུའུ་ཝེ་ཆོན་ལ་”མི་རྒན་པོས་རྫུན་གཏམ་བཤད་རྒྱུ་མང་དྲག་ན་འཆི་ཁར་སེམས་པ་འཚབ་ཡོང་”ཅེས་དྲན་སྐུལ་བྱེད་རྒྱུ་ཡིན།
རྩོམ་སྒྲིག་པས། ༧གོང་ས་མཆོག་གི་དབུ་མའི་ལམ་ནི་རྒྱ་བོད་གཉིས་ཕན་གྱི་འབབ་སྟེགས་ཤིག་རེད་ལ། འབབ་སྟེགས་དེ་འཚེ་མེད་ཞི་བའི་ལམ་ཁོ་ན་བརྒྱུད་སྒྲུབ་ཀྱི་ཡོད་པ་ཁ་ཞེ་གཉིས་མེད་རེད། ཡིན་ནའང་། ཀྲུའུ་ཝེ་ཆོན་གྱིས་འཚེ་མེད་ཞི་བ་དོན་དམ་པ་བ་མ་རེད། འཚེ་བ་བྱེད་པའི་ནུས་ཤུགས་འདང་ངེས་མེད་པས་འཚེ་མེད་ཞི་བ་བཤད་ཀྱི་འདུག་ཚུལ་གསུང་འདུག འདི་ནི་ལོ་རྒྱུས་ལ་འགན་ཁུར་བ་ཞིག་རེད་དམ། ཡང་ན་རྒྱ་ནག་གི་མངོན་འདོད་ངོ་མ་དེ་བོད་མི་མང་གིས་ག་རེ་བྱེད་དགོས་ཀྱི་ཡོད་དམ།
བཀའ་བློན། ཡིད་ཆེས་ནི་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་གཞི་རྩ་ཡིན་ལ། རྒྱལ་ཁབ་ནས་ཁྱིམ་ཚང་བར་གྱི་མིའི་སྤྱི་ཚོགས་ཧྲིལ་བོར་ཡིད་ཆེས་ཡོད་ན་ད་གཟོད་བདེ་སྐྱིད་དང་རང་དབང་ཡོད་པ་ཡིན། ༧གོང་ས་མཆོག་གིས་གསུངས་པའི་ཁེར་སྡོད་དང་རྟེན་རེས་ཞིབ་བསྡུར་བྱེད་པའི་རིག་པའི་གཞུང་ལུགས་ནི་མིའི་སྤྱི་ཚོགས་ཙམ་དུ་མ་ཟད་འགྲོ་བ་ཡོངས་ཀྱི་འཚོ་གནས་འཆའ་ཐུབ་ཀྱི་མ་གདན་ལྟ་བུར་གྱུར་ཡོད། དེ་བཞིན་བོད་དང་རྒྱ་ནག་གཉིས་ཀྱང་ས་ཆེན་པོར་འཚོ་བ་བསྐྱལ་བའི་འགྲོ་བ་ཞིག་དང་ལྷག་པར་དུ་ཁྱིམ་མཚེས་ཀྱིས་ས་བབ་ཉེ་འབྲེལ་ལ་སོང་། ༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་༽ཟེར་བ་ཐོན་པ་ནས་བྱུང་བའི་བོད་ཀྱི་དཀའ་ངལ་ལ་༧གོང་ས་མཆོག་གིས་དུས་ཚོད་གང་དུའང་འཚེ་མེད་ཞི་བ་ཁོ་ནས་སེལ་ཐབས་གནང་ཡོད་པ་རྒྱལ་སྤྱིའི་གཟུ་བོར་གནས་པའི་སྐྱེ་བོ་ཀུན་ལ་གསལ་པོ་རེད། སྐད་ཆ་ཐབས་རྡུག་འདིའི་དབང་དུ་བྱས་ནའང་། འཚེ་བ་ཅན་གྱི་ལས་ལ་འཇུག་རྒྱུར་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ལྟ་བུའི་སྟོབས་འབྱོར་མི་དགོས་པ་བྱུང་མ་ཐག་པའི་པེན་ལ་ཏན་གྱི་གནས་ཚུལ་ནས་གསལ་བོ་ཤེས་གསལ་རེད། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་དང་མི་གྲངས་དུང་ཕྱུར་མང་པོའི་བདེ་སྡུག་དང་ཐད་འབྲེལ་ཡོད་པའི་ཆ་ནས། མིའི་རིགས་ཀྱི་མངོན་འདོད་དང་བརྩེ་བ་གཞི་མར་བཞག་པའི་དབུ་ཁྲིད་རིགས་ལམ་ཞིག་དགོས་པ་གལ་གནད་ཆེ་ཞིང་། ཡིད་ཆེས་དང་འུ་ཐུག་གིས་གནས་ཚུལ་ག་རེ་ཡིན་ཡང་བསྐྲུན་ངེས་པའི་གནས་ལུགས་ལ་བསམ་བློ་གཏོང་ཐུབ་པ་ཡིན་ན། མིའི་ཁ་ནས་གང་བཤད་སེམས་ལ་ཤར་གྱི་ཡོད་མེད་ཀྱི་ཞེད་སྣང་དང་འུ་ཐུག་པའི་བཀའ་མོལ་འདི་འདྲ་གནང་སྲིད་ཀྱི་མ་རེད། འདི་ནི་གཅིག་བྱས་ན་བློན་ཆེན་ཁོ་རང་ཉིད་ཀྱི་བསམ་ཚུལ་ཞིག་ཐལ་སོང་བ་ཡིན་སྲིད་པ་རེད།
རྩོམ་སྒྲིག་པས། ཐེངས་འདིར་བཀའ་བློན་མཆོག་གི་བཅར་འདྲི་དང་ལེན་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༢༠༡༡། ༠༥། ༢༠། ཉིན་གངས་ཅན་སྐྱིད་གཤོངས་ནས།
བམ་ཀློག་ཅིག་བྱས་པ་ཡིན། ཀླད་པ་རྟུལ་བོ་འདི་ལ་ལམ་སྟོན་འདྲ་ཞིག་བྱས་སོང་། ད་ནི་ཁ་འགུལ་སྟངས་ཤིག་ཤེས་སོང་། གོམ་པ་སྤོ་སྟངས་ཤིག་ཀྱང་ཤེས་སོང་། གནད་འགག་ཆེན་པོ་འདི་ལྟར་གསུངས་བ་དགའ་བྱུང་།
སྐུ་ངོ་དང་རྩོམ་སྒྲིག་པ་གཉིས་ཐུགས་རྗེ་ཆེ།
དྲ་འབུ་ཞེ་ནག་འདྲེ་མགོ་རྡོ་མགྱོགས་པ་ལ། ལྷན་རྒྱས་ལ་དོགས་གཅོད་དང་མ་གསལ་བ་ཡོད་ན་རྗོད་བྱར་མཛུབ་མོ་བཙུགས་ནས་དྲི་བ་ཆར་ལྟར་འཇོ་བར་ཞུ།
ཤར་ཕྱོགས་ཁུག་རྟས་ཡག་པོ་བྲིས་ཤག་ཡིན།
ཞིབ་ཀློག་བྱེད་ཐུབ་མ་སོང།
རྗེས་སུ་རིམ་པས་ཞིབ་ཀློག་བྱ་རྒྱུ་ཡིན།
དྲྭ་གྲོགས་ཁྱེད་རྣམ་པར་འདྲི་རྒྱུར།
ངོས་ལ་་་APPLE་COMPUTER MACINTOSH HD་རེད་དེང་རབས་ཐོན་གསར་ཀྱི་ཀློག་ཀླད་ཅིག་ཡིན་དེར་སྨོན་ལམ་བོད་ཡིག་ཡུ་ནི་ཀོཌ་བཅུག་ཡོད་དེ་ཡི་ནང་དུ་བོད་ཡིག་
(ཛ)་རྐྱང་པ་ཞིག་རྩ་བ་ནས་འབྲི་ཐུབ་ཀྱི་མི་འདུག་ཅིང་དེ་ཡི་ནང་དུ་འདི་ལྟར་ཤར་གྱི་འདུག་(ཛ)་ཡི་གནས་སུ་(དྷ)
ཁྱེད་རྣམ་པས་དགོངས་ཀྱི་ཡོད་ན་ལམ་སྟོན་ཞིག་གནང་རོགས།
རྒན་སྨོན་ལམ་ཁོང་འདིར་དྲ་རྒྱར་ཉུལ་རྒྱུ་ཡོད་ཚེ་བཀའ་སློབ་ལམ་སྟོན་ཅིག་གནང་རོགས་ཞུ་བཞིན་ཡོད།
དྲུག་བཅུ་ཡིན་ནམ་དྲུག་ཅུ་ཡིན།
བཅུ།
བཅུ་གཅིག
ཉི་ཤུ།
རྩ་གཅིག
སུམ་ཅུ།
སོ་གཅིག
བཞི་བཅུ།
ཞེ་གཅིག
ང་བཅུ།
ང་གཅིག
“དྲུག་ཅུ།”
རེ་གཅིག
དོན་ཅུ།
དོན་གཅིག
བརྒྱད་ཅུ།
གྱ་གཅིག
དགུ་བཅུ།
གོ་གཅིག
བརྒྱ།
མེ་མདའི་འོག་ནས་ཆིངས་ཡིག་བཞག་པ་ཡིན་ས་མ་རེད་ད། གང་ལགས་ཤེ་ན། སྐབས་དེ་དུས་ཁམས་པ་ཚོའི་གླུ་ཚིག་འདི་ལྟར་བཏང་འདུག རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། རྡ་ཡང་ཡང་ཆར་པ་འབབ་འབབ་རེད། དེ་ཡི་ཚེ། དེ་ཡི་དུས་དེ་ལྟར་བྱུང་བ་མ་ཟད། ད་ལྟའང་རང་རེའི་གཞིས་ཆགས་ཁག་ཏུ་བོད་ཀྱི་དགོན་པ་ཚོའི་གནས་སྟངས་ཡང་དེ་བཞིན་འགྱུར་ཉེན་ཆེ་བའི་གནས་སུ་གྱར་བཞིན་འདུག་ན། སྔར་རྒྱ་བོད་ཀྱི་ལོ་རྒྱུས་ལ་ཞིབ་པར་བསམ་ནས་གཟབ་གལ་ཆེ།
གྲོས་ཆོད་འདི་ལ་རྒྱ་ཕྱོགས་ནས་བཙན་དབང་བཏང་བ་རེད་ཟེར་བཤད་ན་འགྲིག དེ་མིན་མགོ་སྐོར་སོགས་བཏང་ཚུལ་ཤོད་ཡོང་ན་ཉོབ་འགྲོ་གི་འདུག གཞན་གྱིས་མགོ་སྐོར་གཏོང་དུས་རང་ཉིད་བླུན་པོ་ཡིན་པའི་རྟགས་རེད། མ་གཞི་ནས་དུས་དེང་སང་ཡང་དེ་འདྲ་རེད།
སྲིད་ཀྱི་སྣེ་ལ་འགྲོ་མཁན་དེ་ཚོར་ཇུས་དགོས་གི་རེད། ག་དུས་ཡིན་ན་ཡང་ལྷག་བསམ་རྣམ་དག་དེ་འགྲོ་གི་མ་རེད། སྐབས་འདིར་ངས་བློན་པོ་མགར་ཡིད་ལ་ཤར་ཡོང་གིས། ཁོང་གིས་ཇུས་ཀྱིས་ཐང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་གི་རྒྱལ་བློན་འཁོར་དང་བཅས་པའི་ཡིད་སེམས་ཚུར་འགུག་ཐུབ་པ་བྱུང་བ་རེད།
ཨ་་ཨ་་ཨ་་ད་ཡིན་ན་་་ཅིག་གིས་མགོ་སྲོ་སོང་་་མིག་གིས་རྫུན་ཤོད་སོང་་་ རང་གིས་རང་ཉིད་མིའི་ཚབ་ཏུ་མི་འཇོག་པ་འདི་ག་རེ་ཡིན་ནམ།
འདོད་ལྷ་ཁམས་པས་བཤད་པ་བདེན་འདུག
བཙན་དབང་བཏངས་པ་རེད་ཟེར་ན་ཅུང་འགྲིག་པ་རེད།
དེ་ཡིས་ཀྱང་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་དཔའ་དང་བློ་སྟོབས་མེད་པར་བསྟན་མི་འདུག་གམ།
རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དམངས་ཕལ་པས་རང་སྲོག་བློས་གཏོང་ཐུབ་པར་ཆབ་སྲིད་ཀྱི་དབུ་ཁྲིད་པ་ཚོས་ཅིའི་ཕྱིར་བློས་མ་བཏངས་པ་རེད།
མགོ་སྐོར་བཏངས་ན་དོན་ཚན་བཅུ་བདུན་ལ་ཕྱག་རྟགས་རྒྱབ་དགོས་བྱུང་ན་དེ་ནི་བོད་མིའི་ཆབ་སྲིད་པའི་དབུ་ཁྲིད་པ་དེ་དག་ལ་རྣམ་དཔྱོད་ཀྱི་བློ་གྲོས་མེད་པར་བསྟན་འདུག
ཆབ་སྲིད་པ་ཚོ་ནམ་ཡང་དྲང་བདེན་དང་ཆོས་འདུལ་བའི་གཞུང་ནས་བཤད་པ་ལྟར་ལས་རྒྱུ་འབྲས་བློ་གཏད་ལས་སོགས་ཀྱིས་རྒྱུད་བརླན་ན་མི་དམངས་ཀྱི་སྣེ་འཁྲིད་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡོང་ཐུབ་དཀའ།
དེས་ཕྱིར་ཆོས་སྲིད་ཟུང་འབྲེལ་འབྱུང་མི་ཐུབ་པར་བཤད།
བཙན་དབང་བཏངས་ནས་ས་རྟགས་རྒྱབ་དགོས་བྱུང་ཟེར་བ་དེ་ལའང་མནོ་བསམ་ལེགས་པོར་བཏངས་ཚེ་ཅུང་ཁྱད་མཚར་ཅིག་རེད།
འོན་ཀྱང་དད་པ་དང་དག་སྣང་གི་དབང་གིས་བཞག་པ་ཡིན་ན་དེས་ཆོག་དེ་མིན་རྒྱལ་ཁབ་ཀྱི་དོན་དུ་ཇི་ལྟར་བཙན་དབང་བཏངས་ཀྱང་རང་སྲོག་ལ་ཐུག་ཀྱང་ས་རྟགས་མ་རྒྱབ་ཚེ་ཁོང་ཚོར་བྱེད་རྒྱུ་གང་ཡང་མེད།
ཆབ་སྲིད་ཟེར་བ། བོད་ཀྱི་གཏམ་དཔེར། མི་ངན་ནང་དུ་བསྡད་དེ། ཇུས་ངན་ཕྱི་ལ་འདིང་དགོས་ཟེར་བ་ལྟར་ཞིག་དགོས།
བོད་པའི་མཛད་གཙོ་དེ་ཚོ་ལ་སྤྱི་དོན་དུ་བློ་ཁོག་ཅིག་ཀྱང་མེད་པ་མ་མཁྱེན་ནམ།
རང་དོན་དུ་མངའ་འབངས་ལ་སྡུག་རྒུ་སྣ་ཚོགས་གཏད་པ་ལ་བློ་བསྐྱེད་ཧ་ཅང་ཆེ།
མི་འདི་ཚོ་ལ་དངུལ་སྤྲོད་མདོག་གིས་མགོ་སྐོར་བཏང་ཡོད་ལ།
མེ་མདས་འཇིགས་སྐུལ་ཡང་བྱས་ཡོད། བོད་བཙོང་མཁན་མི་མང་མ་ཡིན་ལ།
བློ་གྲྭ་ཡང་མ་ཡིན། འོ་ན་སུ་རེད་ཅེ་ན། གཞུང་ཞབས་ཆེ་རྒུ་རྒྱུ་ནོར་ལ་སྨྱོ་ཡོད་དེ་དག་རེད།
མིག་ལགས།
བློ་གྲྭ་ཟེར་བ་གང་ལ་གོའམ། ཕལ་ཆེར་སློབ་གྲྭ་བ་ཡིན་རྒྱུ་རེད། དྲ་ཐོག་ལ་དངོས་མིང་མེད་པར་གཞན་ལ་ཁ་གཏོང་རྒྱུར་གོམས་པ་དེ་ཁྱེད་ཀྱི་གཤིས་ངན་ཡིན་རུང་། ཁ་གཏོང་དུས་རྒྱུ་མཚན་ལྡན་པ་དང། སུམ་རྟགས་དག་སྙན་སྡེབ་སོགས་ལ་སློབ་སྦྱོང་ཡག་པོ་གནང་ནས་འབྲི་དགོས། ད་ལྟའི་གནས་སྟངས་དེ་འདྲ་གཅིག་ལས་མེད་ན་དྲ་ཐོག་ལ་མ་ཡོང་ནས་དཔེ་སྟོན་སློབ་གྲྭར་ཕེབས་ན་ལེགས། དེ་ནི་ངའི་སེམས་སྟེང་ནས་ཁྱེད་ལ་མཁོ་བའི་ཁ་ཏ་བསླབ་བྱ་ཡིན།
མིང་མེད་དྲ་འབུ་རྣམས་ཕེབས་པར་དགའ། ཨ་ལ་ཀུ་རེ་ཡིན།
སློབ་དཔོན་ཀ་རྡོས་ལམ་སྟོན་བྱས་པ་ཐུགས་རྗེ་ཆེ། ཕན་བྱུང་། ཁ་སང་ཚེས་ ༢༣ ཉིན་གཞུང་འབྲེལ་དྲ་བ་དང་རང་དབང་གསར་ཤོག་སོགས་སུ་འགོད་སྐབས་ངས་དེ་དག་བཅོས་ཡོད། འདང་དགོང་ཁ་བརྡར་གཏོང་དུས། མ་ཡིག་ཅུང་རྙིང་པ་དེ་བཏང་འདུག
ལ་སྟོད་བུའི་དྲི་བ་དེ་ཤེས་ཀྱི་མི་འདུག ང་ཚོས་ནོན་སྟངས་TCRC ཡིག་གཟུགས་ནས་ཧི་གཟུགས་རྒྱག་གི་ཡོད། འདིའི་སྐོར་ལ་ཅང་མི་ཤེས། ང་ཚོའི་འདིར་ཛ་དེ་Shift+d རེད།
དབྱངས་བུ་ལགས། ཐུགས་རྗེ་ཆེ། སློབ་གྲྭ་མ་རེད་བླ་གྲྭ་རེད། ང་ལ་ལམ་སྟོན་གནང་མཁན་དེ་དྲ་འབུ་ཁྱོད་ལྟ་བུ་ཞིན་མིན་ན་སུ་ཡིན།
ཧ་ཧ་ཧ་བློ་ཁོག་འདུག
སྐུལ་སྟེགས་མཐོ་པོ་སྟེང་གི་སྐུ་ངོ་དེ་ཚོས་རང་དོན་ལྐོག་ནས་ཏག་ཏག་བཟོས་དང་ཡི་ད་བོད་ནས་འབྱོར་བའི་དེ་ཚོ་ཁ་རྒྱག་པ་བཤད་ནས་སྡད་པ་ལས་གསར་འབྱོར་ཚོའི་ལམ་ཁ་འགོག་ཨེ་ཐུབ་ཀ་ཐབས་ལམ་འཚོལ་ནས་ཡོད་ནི་རེད་མ་གཏོགས་མི་རིགས་དང་རྒྱལ་ཁབ་ཁ་ནས་གླེང་བཞིན་སེམས་ནས་དོར་བའི་སྐུ་ངོ་དེ་དག་ལ་སུན་ནི་ཞིག་རེད་ཡ
ཚང་མས་འདི་ལ་གཟིགས་རོགས་གནང་། http://www.ntdtv.com/xtr/b5/2011/05/28/a537953.html.-