ཚེ་རིང་བསམ་འགྲུབ།
ངའི་ཡོད་ཚད་ཀྱི་ཡོད་ཚད་མཇུག་ལྡོག་སོང་བ་ངས་ད་དུང་ཡང་ཧ་གོ་མི་འདུག གཅིག་བྱས་ན་ང་རང་ལྟ་བ་མཁྲེགས་པོ་ཞིག་དང་ཡང་ན་ཀླད་རྙིང་མཁྲེགས་བཟུང་པ་ཞིག་ཡིན་སྲིད།
གང་ ལྟར་བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་རྫོགས་པ་ནས་བཟུང་ངས་བོད་རང་བཙན་ཡིན་སྐབས་ ཀྱི་རྒྱལ་ཁབ་ཀྱི་མིང་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་གཞུང་ཐམ་དང་རྒྱལ་གླུ་ དེ་ཚོ་རེ་རེ་བཞིན་རང་ཉིད་ཀྱི་མིག་མདུན་ནས་ཡལ་འགྲོ་བ་དེ་མཐོང་དུས་ཕངས་སེམས་ དང་དངངས་སྐྲག་གཅིག་ཅར་དུ་སྐྱེས་ནས་རྒྱ་དམར་གྱི་བེད་སྤྱོད་གཏོང་བཞིན་པའི་ མིང་ཚིག་དང་བོད་ནང་གི་ལུས་སྲོག་བ ློས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དེ་ཚོ་རེ་རེ་བཞིན་རང་ཉིད་ མིག་མདུན་དུ་འཁོརཡོང་བ་མ་ཟད།་་སྐབས་འཚོལ་རིང་ལུགས་པ་དག་ལ་གོ་སྐབས་དེ་རག་ སོང་བསམ་པའི་ཚོར་བ་རང་ཤུགས་ཀྱིས་ཡོང་གི་འདུག་གང་ལྟར་ངས་མི་ཚོགས་མདུན་ལ་ འགྲོ་བའི་གོམ་སྒྲ་དེ་ངས་མ་ཐོས་པ་གང་ཡིན་ནམ་ཞེས་རང་གིས་རང་ལ་འཁང་ར་དང་ བསྒྲགས་ཟུར་ཟ་ཡང་བྱེད་མྱོང་ཡོད།་་སྐབས་རེ་ངས་མེས་པོའི་ཁྲག་རྗེས་དེད་མི་ཐུབ་པ་ག་རེ་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་ཡང་ཐེངས་མང་ འདོན་མྱོང་ཡོད།ད་ལྟ་ངས་སེམས་ཕམ་དང་ཡིད་ཕྲིང་ཞིན་དུ་ལོ་ངོ་༣༠༠ལྷག་གི་ལོ་ རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དང་གཞུང་ཐམ་དེར་སྐྱེལ་མ་བྱེད་རྒྱུ་ ལས་གཞན་གྱི་གདམ་ག་བྱེད་རྒྱུ་གང་ཡང་ལྷག་མི་འདུག
ངའི་ཡོད་ཚད་ཀྱི་ཡོད་ཚད་མཇུག་ལྡོག་སོང་བ་ངས་ད་བར་ཧ་གོ་མི་འདུག
ཚེ་རིང་བསམ་འགྲུབ་ལགས། ཐུགས་ཁག་མེད། དེ་འདྲ་བ་བོད་མི་རེ་ཟུང་ལས་ཚང་མར་ཡོད། ང་ཚོས་མི་རབས་མང་པོ་ནས་ནང་ཁུལ་མཐུན་བསྒྲིལ་མེད་པས་ཐ་མ་འདི་རེད། མི་ལོ་སུམ་བརྒྱ་བརྒལ་བའི་ལོ་རྒྱུས་ལྡན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་དེ་འཇུག་སྒྲིལ་བར་ངོས་འཛིན་ཞུ་གི་མེད། དེ་༧གོང་ས་མཆོག་ནས་མི་མང་ལ་མར་གནང་བ་ཡིན་པས་མི་མང་དང་འདྲེས་ནས་ཡོད། ང་ཚོས་ད་ནས་ནང་ཁུལ་གཅིག་བསྒྲིལ་གྱིས་༧གོང་ས་མཆོག་གི་ལམ་སྟོན་གནང་བའི་གཞུང་ལམ་ཐོག་ཤར་སྐྱོད་བྱས་ན་བདེན་པའི་མཐའ་ཞིག་གསལ་ངེས་སོ།
ཤིན་ཏུ་བདེན་ནོ།
རེད་ཡ། རང་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་དོར་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་ལ་ངོ་ཡང་གནོང་གི་འདུག
ཡིན་ནའང་ད་ཅི་དྲག།
བོད་ཀྱི་རྒྱལ་གླུའི་ནང་། གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཟེར་རྒྱུའི་ཚབ་ཏུ་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཁྲི་ལོར་བརྟན་པར་ཤོག་ ཟེར་ནས་ལོ་ངོ་ཁྲི་ཁྲག་ནས་ཁྲི་ཁྲག་གི་བར་དུ་སྐྱབས་བཅོལ་རང་ལ་སྡོད། སྤྱི་འཐུས་ཀྱི་མིང་འཁྱེར་བའི་སྐྱེ་བོ་འགའ་ཡིས་ཡར་༸གོང་ས་མཆོག་དང་མར་མི་དམངས་ཀྱི་བསམ་ཚུལ་གང་ལའང་བརྩི་མི་དགོས་པ་སྣང་བ་གང་ཤར་རེད། སྤྱི་འཐུས་མི་དམངས་ཀྱི་ངོ་ཚབ་ཡིན་ན། མི་དམངས་ཀྱི་བསམ་ཚུལ་ངོ་མ་རྟོག་པ་བྱེད་དགོས།
འུར་ཁང་དེ་འུ་རུ་ཚ་་ཞིང་་དྲན་རྒྱུ་རྒོད་པ་ལ། ང་ཚོས་དེ་བརྗེད་པ་རེད་སྐྱབས་བཅོལ་བོད་མིའི་སྒྲིགས་འཛུགས་དབུ་འཕང་གུང་ལ་རེག རྒྱ་བལ་འབྲུག་གསུམ་གཞིས་ཆགས་ཀུན་ལ་བདེ་སྐྱིད་དགའ་སྟོན་རྫོགས་ལྡན་དཔལ་ལ་རོལ། ཞེས་བཀོད་གནང་ཡོང་བའི་སྤྱི་འཐུས་ལ་སྙན་ཞུ་འབུལ་རྒྱུ་ཡིན།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།
ལོང་ཤོག་་་་་་་་་་་རྒྱ་འོག་ལ་འགྲོ་མི་འདོད་པའི་བོད་མི་རྣམ
ང་ཚོའི་ཤ་དང་ཁྲག་གིས་བོད་རྒྱལ་ཁབ་ཆེན་པོའི་
མི་རིགས་ལ་ཉེན་ཁ་ཆེན་པོའི་དུས་ལ་སླེབས
སྤུན་ཟླ་ཡོངས་ཀྱི་དགྲ་བོའི་མེ་སྒྱོགས་ལ་མ་འཇིགས་པར་མདུན་དུ་བསྐྱོད
མདུན་དུ་སྐྱོད་ མདུན་དུ་བསྐྱོད།