རིག་འཛིན།
གཞན་ཡུལ་འགྲིམ་པའི་སྤུན་ཟླ།།
ཁ་བའི་ལྗོངས་ལ་ལོག་འགྲོ།།
གཞིས་བཞུགས་བོད་རིགས་སྤུན་ཟླས།།
གཡུལ་སའི་ཁྲོད་ལ་སྒུག་ཡོད།།
རང་ཡུལ་བྲལ་བའི་བོད་ཕྲུག།།
རང་ཡུལ་ཕྱོགས་ལ་ལོག་འགྲོ།།
མདོ་དབུས་ཁམས་གསུམ་སྤུན་ཟླས།།
ང་ཚོ་དྲན་ནས་སྒུག་ཡོད།།
གཞིས་བྱེས་བོད་མིའི་བར་ལ།།
ལེ་བར་སྟོང་གིས་ཆོད་ཡང་།།
དམ་ཚིག་སེམས་ཀྱི་ཁ་བཏགས།།
རྟག་ཏུ་དཀར་གཙང་གནས་ཡོད།།
གཞིས་བཞུགས་བོད་རིགས་སྤུན་ཟླས།།
ལུས་སེམས་བདེ་ལ་བཞུགས་རོགས།།
བྱེས་སྡོད་གཞུང་མང་གཉིས་ཀྱིས།།
རིང་མིན་ཡུལ་ལ་ལོག་ཡོང་།།
གཞིས་བྱེས་སྤུན་ཟླ་ང་ཚོ།།
སེམས་པ་ཞུམ་པ་མ་གནང་།།
བདེ་བའི་ལྷན་འཛོམས་ཉི་མ།།
གངས་ཅན་ལྗོངས་ལ་ཤར་ཡོང་།།
དམར་པོ་རྒྱ་ཡི་ཆེད་དུ། བོད་གཞུང་བསྡུ་གསོག་སྐྱོན་གི། །གཞིས་བཞུགས་བོད་མིའི་སྙིང་སྟོབས། །འཁྱགས་རོམ་བྲག་ལ་སྦྱར་སོང་། །ད་ནི་སྔ་ཕྱི་མ་གཏོགས། །རྒྱ་ཡུལ་འགྲིམ་རྒྱུ་རེད་ན། །གཞིས་བཞུགས་བོད་མི་རྣམས་དང་། །ལྷན་དུ་འཛོམས་པ་ལོས་ཡོང་།
ཀློག་ཟིན་ཡིན་བདེ་བོ་ཞིག་བཀོད་འདུག
བརྩེ་བའི་ཡབ་ཡུམ་བྲལ་ནས།
མི་ཡུལ་གྱར་པའི་དྭ་ཕྲུག
སྐྱོ་གདུང་མིག་གི་མཆི་མས།
ལུས་སེམས་གཉིས་ཀ་བརྡུངས་སོང་།
དཀར་གཙང་ཤོག་བུའི་ངོས་ལ།
ནག་པོའི་ཡི་གེ་བྲིས་ནས།
ལུས་སེམས་བདེ་ཐང་ཡིན་པའི།
བཅོས་མའི་འཕྲིན་གཏམ་བསྐུར་ཡོད།
ཨ་ཞང་སྡུག་རྩུབ་ཆེ་ཡང་།
འཛམ་གླིང་འགྱུར་ལྡོག་མང་བས།
རིང་མིན་དམར་པོའི་དྲག་སྤྱོད།
འཇིག་པའི་དུས་ལ་འགུགས་ཡོད།