ས་གླང་ལོ་གསར་པ་འདི་བཞད་པའི་སྐབས་ལ། འདས་པའི་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་ཞུ། ད་ལྟ་ཞུགས་པའི་བོད་མི་ཀུན་ལ་འཚམ་དྲི་དང་། ལོ་གསར་པ་འདིའི་ནང་ངེད་ཚོར་འཕྲད་རྒྱུའི་དཀའ་ངལ་དང་ངེད་ཚོའི་ལས་འགན་ལ་གདུང་སེམས་མཉམ་སྐྱེ་བྱ་རྒྱུ་ཡིན།
བོད་རྒྱལ་ལོ།
བོད་མི་དམངས་རྒྱལ་ལོ།
དྲ་གྲོགས་བསྟན་འཛིན་ལགས།
བརྗོད་པ་ཐུང་ངུ་ཞིག་གི་ནང་ལ་ཚིག་ནོར་མང་ཙམ་བསྲེས་དོན་ཅི།
ནོར་བཅོས།
འཚམ་དྲི། འཚམས་འདྲི།
ད་ལྟ་ཞུགས་པའི། ད་ལྟ་བཞུགས་པའི།
གདུང་སེམས་མཉམ་སྐྱེ། གདུང་སེམས་མཉམ་བསྐྱེད།
དོན་གྲུབ་བཀྲ་ཤིས་ཀྱིས་ནོར་བཅོས་བྱས་པ་དེའི་གྲས་ཀྱི་དང་པོ་འཚམ་དྲི་དང་འཚམས་འདྲིའི་སྐོར་ལ་འཚམ་འདི་བྱ་ཚིག་ཡིན་པ་འདྲ་བས་སའི་ཡང་འཇུག་གིས་འདས་ཚིག་སྟོན་པ་དང་སའི་ཡང་འཇུག་མེད་པས་ད་ལྟ་དང་མ་འོངས་སྟོན་པར་བྱས་ན་ཡིག་ནོར་ཡིན་དོན་མེད་པ་འདྲ། འདྲི་ཞེས་པ་འདི་ཡང་དྲི་བ་བཀོད་ལྟ་བུ་ལ་འའི་སྔོན་འཇུག་མེད་སྟབས་འའི་སྔོན་འཇུག་མེད་པ་ཙམ་གྱིས་ཡིག་ནོར་རེད་ཟེར་ག་ལ་ཐུབ།
གཉིས་པ་དེ་ཉེན་ཁ་ཆུང་བའི་ཡིག་ནོར་ཞིག་ཡིན་པ་བདེན་ངེས་རེད།
གསུམ་པ་དེ་སྐྱེ་དང་བསྐྱེད་གཉིས་གང་སྦྱར་ཡང་དོན་མི་འདྲ་བ་ཆེར་མེད་ཐོག་སྐྱེ་ཞེས་བརྗོད་ན་རང་ཤུགས་ཀྱིས་གདུང་སེམས་སྐྱེས་པ་ཞིག་ལ་གོ་བས་ནང་དོན་བསྐྱེད་ལས་ཀྱང་ཡག་པ་འདྲ།
སྤོབས་པས་བཤད་པ་བདེན་པ་རེད། ངེད་ཀྱིས་ཀྱང་དེ་ལྟར་བསམ་མྱོང་། འོན་ཀྱང་།
དྲི་དང་འདྲི་སོགས་བྱ་ཚིག་རང་རང་སོ་སོའི་སྐབས་སུ་དུས་ད་ལྟ་མ་འོངས་ཀྱི་སྐད་ཆ་མ་གཏོགས་དོན་གཅིག་རུང་། མིང་ཚིག་ཆགས་པའི་སྐབས་སུ་བེད་སྤྱོད་ཅུང་ལོགས་ཀ་ཡིན་པ་འདྲ།
དོན་གཅིག་པོའི་སྒང་ནས་བསམ་བློ་བཏང་ན། མིང་ཚིག་མང་པོ་བརྗེ་བསྒྱུར་བྱས་ཆོག་གི་སྙམ། འོན་ཀྱང་། དོན་སྟོན་ཐུབ་མིན་ལ་མ་བལྟས་པར་མིང་ཚིག་གི་གྲུབ་པ་ལ་ཡང་བསམ་བློ་གཏོང་ས་ཞིག་ཡོད་པ་འདྲ། དཔེར་ན། ྐློག་དེབ། བྐླགས་དེབ། བྐླག་དེབ། ྐློགས་དེབ། བསྐྱེད་མ། སྐྱེ་མ། སྐྱེད་མ། འཚོ་སྡོད། འཚོ་བསྡད། ལྟ་བུ་སོགས་ངེས་པར་དུ་བསམ་བློ་གཏོང་དགོས་ས་མང་གི་སྙམ།
ད་དེ་ཙམ་ཡིན། ཨ་རོ། དྲ་གྲོགས་གཞན་ཚོ་གང་ལ་བུད་སོང་ནི་རེད། ཚང་མས་ལོ་གསར་མེད་ཞེས་ཁ་ནས་ལབ་པ་མ་གཏོགས། རང་རང་ས་ན་ཁུ་སིམ་མེར་ལོ་གསར་གཏོང་གི་ཡོད་པ་འདྲ།
ང་ནི་འཛིན་ཁང་ཞིག་གི་ནང་ན་དེབ་ཁ་ཤས་ལ་མགོ་འཐོམས་ནས་བསྡད་ཡོད།
ལོ་གསར་བའི་ནང་འཇིག་རྟེན་ཡོངས་ལ་ཞི་བདེ་ཡོང་བར་ཤོག