ཐོག་མར་ཁ་བརྡ་དྲ་རྒྱས་༼ནུབ་གླིང་གི་བོད་༽གསར་འཕྲིན་འདི་ཁ་བརྡ་དྲ་རྒྱའི་ཐོག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། གཞན་གསར་འཕྲིན་འདིའི་སྐོར་ལ་དོ་སྣང་དང་དགོངས་ཚུལ་གསུངས་མཁན་ཡོངས་ལ་ཡང་བཀའ་དྲིན་ཆེ་ཞུ།
ཞུ་སྙིང་ནི། རང་ཅག་གི་གཅེས་ནོར་བོད་ཀྱི་ཡི་གེའི་གནས་སྟངས་ནི་ཧ་ཅང་ཉག་ཕྲ་ཞིང་བེད་མེད་དུ་འགྱུར་བཞིན་པ་དང་། ལྷག་པར་དུ་ཉེ་བའི་ཆར་བོད་ནང་དུ་བོད་ཡིག་སྐོར་ལ་སྲིད་བྱུས་གསར་པ་ཞིག་ཡོང་པའི་རྐྱེན་བྱས། བོད་ཀྱི་སྐད་ཡིག་འདི་རང་ཉིད་ཀྱི་སྲོག་ལས་གཅེས་པའི་བོད་ནང་གི་སློབ་མ་མང་པོ་ཞིག་གིས་སྐད་ཡིག་རང་དབང་དགོས་པའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད། འདིར་བྱེས་གྱར་བ་རང་ཉིད་བོད་ཀྱི་ཡི་གེ་ལ་དགའ་ཞིང་དུངས་ལ། བོད་ཡིག་འདི་ས་སྒང་ཟླུམ་པོ་འདིའི་ཐོག་མི་མངོན་པར་འགྱུར་བར་མ་བཟོད་སྟབས། རང་ཉིད་ཀྱི་དུས་ཚོད་དང་འགྲོ་གྲོན་བཏང་ཏེ་བོད་ཀྱི་ཡི་གེ་སྲུང་སྐྱོབ་དང་དར་སྤེལ། བོད་ཡིག་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ཆེད། ནུབ་གླིང་ནང་གནས་སྡོད་བྱེད་པའི་བོད་མིའི་གནས་ཚུལ་དང་། བོད་ཀྱི་རིག་གཞུང་བསྟི་གནས། བོད་དང་འབྲེལ་བ་ཡོད་པའི་གལ་གནད་ཁག བོད་མིའི་འཚོ་བའི་སྐོར་སོགས བོད་ཕྱི་ནང་གཉིས་སུ་ངོ་སྤྲོད་བྱ་རྒྱུ་དམིགས་ཡུལ་བཅངས་ནས་ ༼ནུབ་གླིང་གི་བོད་༽ཅེས་པའི་གསར་འཕྲིན་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད། རང་ཉིད་ཀྱི་རེ་བ་ལ་གསར་འཕྲིན་འདི་བརྒྱུད་ནུབ་གླིང་དུ་གནས་པའི་བོད་སྐོར་ཤེས་རྟོགས་ཐུབ་པའི་རེ་བ་དང་། རང་མི་རིགས་གང་དུ་གནས་ཀྱང་བོད་ཡིག་འདི་ཡང་མི་ཉམས་རྒྱུད་འཛིན་དང་ཚེ་སྲོག་གི་དབུགས་བརྒྱུད་མ་ཆད་པ་ཞིག་བྱུང་ན་སྙམ་པའི་ཀུན་སློང་ཉག་ཅིག་ཡིན། དེ་བས་ནུབ་གླིང་ནང་གནས་པའི་རྩོམ་པ་པོ་ཡོངས་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། རང་ཉིད་ལས་གང་དུ་གཏོགས་ཀྱང་རང་གི་ཁོར་ཡུག་ཏུ་བོད་ཀྱི་ཆོས་ཚོགས་དང་། བོད་ཀྱི་རིག་གཞུང་བསྟི་གནས། བོད་སྐད་ཡིག་གི་ལས་རིམ། ནུབ་གླིང་ནང་བོད་མི་སྒེར་བ་ཡི་འཚོ་བ་དང་གནས་སྟངས་སོགས་བོད་ཡིག་ཐོག་ངོ་སྤྲོད་གནང་འདོད་ཡོད་ཚེ། གློག་འཕྲིན་ཐོག་རྩོམ་ཡིག་བསྐུར་རྒྱུ་མཁྱེན་ཞུ།
ནུབ་གླིང་དུ་གནས་སྡོད་བྱེད་པའི་བོད་མི་སུ་ཡིན་གསར་འཕྲིན་འདི་ཀློག་འདོད་ཡོད་ཚེ། གློག་འཕྲིན་ཁ་བྱང་ tibetinwest@gmail.com འདིའི་ཐོག་རང་ཉིད་ཀྱི་སྡོད་སའི་ཁ་བྱང་བསྐུར་ན། འདི་ཕྱོགས་ནས་དུས་ཐོག་གསར་འཕྲིན་བསྐུར་ངེས་ཡིན།
ཚེ་རིང་དོན་གྲུབ་ནས།
ལས་རིགས་ཞེས་པ་མིན་ནམ་སྙམ།
ད་ཡང་སྨྱུག་རྩལ་ཐེབས་ཆག་དེ་ངོམ་ས་ཞིག་རག་བྱུང་བས་ངོ་མ་དགའ་བ་ཞིག་རེད། གང་མགྱོགས་ཁྱེད་ཅག་ལ་རྩོམ་ཉོག་སྐོར་ཞིག་བསྐུར་ངེས་ཡིན།
ཁྱེད་ཅག་གིས་ངལ་བ་བརྒྱ་ཕྲག་ཁུར་དུ་བསླངས་ནས། ནུབ་གླིང་གི་བོད། གསར་འཕྲིན་གསར་བ་ཞིག་འགྲེམས་སྤེལ་གནང་བར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།
ད་ཡིན་ན་ངས་ལག་པ་གོག་ཏོ་འདི་ལ་འགུལ་བསྐྱོད་བཏང་ནས་རྩོམ་ཐུང་ཐེབ་ཆག་དེ་འདྲ་བསྐུར་ངེས་ཡིན།
སྐྱེས་པ་གལ་ཆེ་ཡང་། གསོན་པ་དེ་བས་གལ་ཆེ། ནུབ་གླིང་གི་བོད་སྐུ་ཚེ་བརྟན་གྱུར་ཅིག
ཚེ་རིང་དོན་གྲུབ་༼འགྲུབ༽ལགས། ནུབ་གླིང་གི་བོད། ཅེས་པའི་གསར་འཕྲིན་ཞིག་སྤེལ་བར་དགའ་བསུ་ཞུ། གཤམ་དུ་ཚིག་ཁ་ཤས་སྐོར་ཞུ་ན་འདོད། ༡ བོད་སྐད་ཡིག་གི་ལས་རིམ་ཞེས་པར་ཀླུ་སྨྱོན་གྱིས་གསུངས་བཞིན་ལས་རིགས་ཞེས་གསུང་ན་ཐད་ཀར་གོ་དོན་འདུག་མོད། ལས་རིམ་ཞེས་གསུང་ཚེ་་དོན་ལོག་པར་ཞིག་ཏུ་མི་འདོད། དེ་ལས་བོད་སྐད་ཡིག་ཞེས་ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་སྒྲ་མེད་པར་ཉེས་ཚབ་ཆེ་བ་མཐོང་། སྤྱིར་བོད་སྐད་ཡིག་ཞེས་ཚིག་སྦོར་དེ་བོད་ནང་ནས་བཀོལ་སྤྱོད་མང་བ་གནང་གི་འདུག། དེ་ནི་མ་དག་རྒྱུན་འབྱམས་སོང་བ་ཞིག་ཏུ་མཐོང་། གློག་འཕྲིན་ཐག་རྩོམ་ཡིག་བསྐུར་༼སྐུར༽རྒྱུ་མཁྱེན་ཞུ། མི་མངོན་པར་༼པ༽འགྱུར་བར བཅས་ལ་ཐུགས་བཟབ་གནང་དགོས། དེ་བཞིན་དེང་སྐབས་འབྲེལ་སྒྲ་དང་བྱེད་སྒྲ་སྦྱོར་ཚུལ་སྐོར་ཡུལ་སྐདདམ་ཁ་སྐད་ཀྱིས་དབང་དུ་གྱུར་ནས་སུམ་རྟགས་ཀྱི་ཁྲིམས་ལས་བརྒལ་ནས་སྤྱོད་བཞིན་པ་རིགས་སུ་མི་འགྱུར་བར་སྨོན།
ངས་ལས་རིགས་ཞེས་པ་ནི་ལས་གང་དུ་གཏོགས་ཀྱང་ཞེས་པ་དེར་དམིགས་ནས་བརྗོད་པ་ཡིན།
བོད་ཡིག་བེད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་ཐབས་ཆེད། ཅེས་པའི་བེད་སྤྱོད་ཅེས་པའི་ཚིག་ལ་དཔྱད་པ། བོད་ནུབ་ཕྱོགས་ལ་དྭགས་པས་བྱེད་ཅེས་པ། གནའ་བོའི་འབོད་སྟངས་བཞིན་དུ་འབོད་པ་ཡ་སྒྲ་མ་འཐོན་པར་བེད་ཅེས་པ་བེད་སྤྱོད་ཅེས་པ་དེ་བྱེད་སྤྱོད་ཡིན་ཞེས་ལ་དྭགས་པ་རིག་གནས་ལ་མཁས་པ། པཎ་ཆེན་སྐུ་གོང་མ་༡༩༥༧ལོར་རྒྱ་གར་གནས་གཟིགས་སུ་བྱོན་སྐབས་གསུང་སྐད་སྒྱུར་བ་པོ། རྒན་བཀྲ་ཤིས་རབ་རྒྱས་ཀྱིས་བེད་སྤྱོད་ཅེས་པ་བྱེད་སྤྱོད་ཅེས་ཡིན་གསུངས་སོང་། བྱེད་སྤྱོད་ཅེས་པའི་བྱེད་ལ་གོ་བ་ཡོད་པ་ཁྱེད་ཚང་མས་མཁྱེན་ངེས་ལ། བེད་སྤྱོད་ཅེས་པ་འི་བེད་ལ་དོན་དག་ཅི་ཡོད་དམ།
བེད་སྤྱོད་ཅེས་པར་འགའ་ཞིག་གིས་དེ་འདྲའི་འབྲི་སྟངས་ནི་རྦད་དེ་ནོར་བ་རེད་ཟེར།
འོ་ན་གང་ལྟར་འབྲི་དགོས་ཟེར་ན།
བེད་གཅོད་ཅེས་འབྲི་དགོས་རེད་ཟེར་བ་ཞིག་ངོས་ནས་མཐོང་བྱུང།
བེད་སྤྱོད་ཅེས་པར་བྱེད་སྤྱོད་ཅེས་འབྲི་དགོས་པའི་བསམ་ཚུལ་ལ་དེ་ཙམ་གྱིས་རྒྱུ་མཚན་མ་མཐོང།
བྱེད་སྤྱོད་ཅེས་པ་ནི་བྱ་བ་དང་བྱེད་པའི་སྐབས་ནས་འོང་པ་ཞིག་ཡིན་ཞིང་
བྱེད་སྤྱོད་ཅེས་པ་ནི་ལས་བྱེད་སྟངས་ཞིག་གིས་སྤྱོད་ལམ་ལས་བེད་སྤྱོད་ཀྱི་དོན་དང་ནམ་ཡང་མི་མཚུངས།
བེད་སྤྱོད་ཅེས་པ་ནི་ཅ་དངོས་ལས་སོགས་རང་གིས་ལོངས་སུ་སྤྱོད་བྱའི་དངོས་པོ་ཞིག་ལ་གོ་དགོས།
དཔེར་ན།
སྨྱུག་གུ་འདི་ང་ལ་བེད་སྤྱོད་ཡག་པོ་བྱུང་སོང།
ཟེར་བ་ལྟར་རེད།
སྨྱུག་གུ་འདི་ང་ལ་བྱེད་སྤྱོད་ཡག་པོ་བྱུང་སོང་ཟེར་བར་གོ་རྒྱུ་གང་ཡང་མི་འདུག
ཉེར་སྤྱད། ཉེ་བར་སྤྱད་བྱ། སྤྱོད་བྱེད། སྤྱད་ཟིན། སྤྱོད་ཅིག
ལོངས་སུ་སྤྱད་སྤྱོད་སྤྱད་སྤྱོད་ཅིག་གམ་ཁ་སྐད་དུ
བེད། སྤྱད་སྤྱོད་སྤྱད་སྤྱོད་ཅིག
ཉེར་སྤྱད། ཉེ་བར་སྤྱད་བྱ། སྤྱོད་བྱེད། སྤྱད་ཟིན། སྤྱོད་ཅིག
ལོངས་སུ་སྤྱད་སྤྱོད་སྤྱད་སྤྱོད་ཅིག
བེད། སྤྱད་སྤྱོད་སྤྱད་སྤྱོད་ཅིག
ངེད་ཚོའི་ཁ་སྐད་དུ། སྐུལ་ཚིག་ལ་ཆོད་ཀྱི་སྒྲ་ཁོ་ན་ཡིན།
བེད་མེད་བེད་སྤྱོད་གཏོང་བ་མཁས་པའི་ལུགས། །
བེད་སྤྱོད་ཚབ་དུ་བེད་གཅོད་བྱེད་སྤྱོད་དུ། །
སྔར་དུས་ཤོད་པ་བདེན་སྲིད་ད་ལྟའི་དུས། །
བེད་མེད་བརྡ་རོ་རྙིང་པ་དུར་དུ་སྦོས། །
མང་ཆེ་བས། བེད་སྤྱོད་ལ་བཀོལ་སྤྱོད་ཅེས་ཀྱང་བྱ། ང་ཅག་གི་ཁ་སྐད་དུ། བཀོལ་ཟེར། རྟ་བཀོལ་ཏེ་ལ་རྒྱབ་པ་ཡིན། མཛོ་བཀོལ་ཏེ་ཞིང་རྨོས། ཞེས་པ་ལྟ་བུ།
བེད་སྤྱོད་ཀྱི་ཚབ་ཏུ་བཀོལ་ཅེས་པ་བོད་ནུབ་ཕྱོགས་པའི་ཁ་སྐད་དུ་མ་ཟད་ཆོས་སྐད། བོད་རིག་གཞུང་སྐད་དུ་ཡང་མཐོང་སྟེ། བྱང་ཆུབ་སྤྱོད་འཇུག་ལས།
མིའོ་ཅོག་གི་ལུས་འདི་ནི།
བཀོལ་བར་བྱ་བ་ཉིད་དུ་ཟད། ༥།༦༦
བྲན་གཡོག་བཀོལ་ཏུ་མི་གཏུབ་ལའང་། ༥།༦༨
དབྱུག་པ་ལ་སོགས་དངོས་བཀོལ་ཏེ། ༦།༤༡