མགོན་པོ་ཕྱག་གཉིས་པ།
༡ གྲོས་ཚོགས་ནང་། སྤྱི་འཐུས་མང་པོ་ཞིག་ནས་རང་རང་གི་བསམ་ཚུལ་གཙིགས་སུ་བཟུང་ནས་བཤད་པ་ལས་མི་མང་གི་བསམ་ཚུལ་རྣམས་ལ་བདག་པོ་རྒྱག་མཁན་ཕལ་ཆེར་མ་བྱུང་བ་བདེན་པ་རེད་འདུག
༢ གྲོས་ཚོགས་ནང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མང་མོས་གཏན་འབེབས་ལ་སྣང་མེད་རྡོག་རོལ་བཏང་བའང་བདེན་པ་རེད་འདུག
༣ གྲོས་ཚོགས་ནང་། མཐའ་མཇུག ༧གོང་ས་མཆོག་སྟེ་བོད་མི་སྒེར་བ་གཅིག་གི་དགོངས་ཚུལ་གཞིར་བཞག་ནས་ཐག་བཅད་པའང་བདེན་པ་རེད་འདུག
༤ སྤྱི་འཐུས་མང་ཆེ་བ་བོད་མི་མང་གི་སྤྱི་འཐུས་བྱེད་མ་ཐུབ་པར་༧གོང་ས་མཆོག་གི་སྒེར་འཐུས་གནང་བའང་བདེན་པ་རེད་འདུག
༥ གནས་སྟངས་དེས་སྤྱི་ཚོགས་ནང་བོད་མི་བསམ་ཡོད་མང་པོ་ཞིག་གི་འདོད་པ་ཁེངས་མེད་པའང་བདེན་པ་རེད་འདུག
༦ མི་མང་གི་འདོད་འདུན་ནི། ཆེས་ཆེ་བའི་སྟོབས་ཤུགས་ཡིན་པ་དང་། མི་མང་ལ་འདོད་པ་མེད་ཕྱིན་གཞུང་རྙིང་བ་རྫོགས་ཐུབ་པ་དང་། མི་མང་ལ་འདོད་པ་ཡོད་ཕྱིན་གཞུང་གསར་པ་འཛུགས་ཐུབ་པ་དེ་ནི་བདེན་པ་མཐར་ཐུག་པ་ཡིན་པ་དེའི་གོ་དོན། ༧གོང་ས་མཆོག་གིས་གཙོས་པའི་བཀའ་སྤྱི་གཉིས་ཀྱིས་མ་རྟོགས་པའང་བདེན་པ་རེད་འདུག
༧ བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས། མུ་མཐུད་དུ་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་སྲུང་འཛིན་གནང་གི་ཡིན་གསུངས་ནས་འགྱུར་མེད་དམ་བཅའ་བཞག་པའི་གསལ་བསྒྲགས་བསྐྱངས་པའང་བདེན་པ་རེད་འདུག
༨ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་། མཐོ་རྒྱལ་བ་རིན་པོ་ཆེ་ཡིན་ནའང་ཁོང་དང་བསམ་ཚུལ་མི་མཐུན་པ་བཤད་ས་ཡོད་པ་དེའང་བདེན་པ་རེད་འདུག
༩ རྒྱའི་བཙན་གནོན་འོག་ཚུད་པའི་བོད་ནང་། རྒྱས་ཅི་གསུངས་བཀའ་སྒྲུབ་ལས་གཏམ་ཚིག་གཅིག་བཤད་པའི་རང་དབང་མེད་པ་དེའང་བདེན་པ་རེད་འདུག
༡༠ རང་དབང་དང་དམངས་གཙོ་ཟེར་བའི་ཚིག་འདི་གཉིས་རྒྱལ་བ་རིན་པོ་ཆེ་ཆེས་དགའ་ས་ཞིག་དང་། རྒྱ་ནག་གུང་གཞུང་ལ་མཚོན་ན། ཆེས་སྡང་ས་དང་ཞེད་ས་ཞིག་ཡིན་པ་དེའང་བདེན་པ་རེད་འདུག
༡༡ མགོན་པོ་ཕྱག་གཉིས་པ་དེ་རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་བླ་མེད་དུ་ཡོད་པ་ཞིག་ཡིན་ནའང་བསམ་ཚུལ་མི་མཐུན་པ་རྣམས་ཁ་ཐུག་ཏུ་ཤོད་ཐུབ་མཁན་ཞིག་ཡིན་པ་དེའང་བདེན་པ་རེད་འདུག
༡༢ བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་མི་དགོས་བདེན་པ་ཉིད་རྒྱལ་གི་རེད།
བདེན་པ་དུས་ནམ་ཡང་རྒྱལ་གི་མ་རེད་རྫུན་མ་རྒྱལ་གི་རེད། དེའི་མིང་ལ་ཆབ་སྲིད་ཟེར་བ་རེད། ཆོས་ལུགས་ཡིན་ན་བདེན་པ་རྒྱལ་དགོས་པ་རེད། ཆབ་སྲིད་ཡིན་ན་རྫུན་མ་རྒྱལ་གི་རེད། དེ་བས་ན་རྒྱ་བོད་གཉིས་ལས་རྒྱ་རྒྱལ་འགྲོ་བ་མངོན་སུམ་ཚད་གྲུབ་རེད། དེ་ནི་རྫུན་མ་རྒྱལ་བའི་དཔེ་མཚོན་རེད། བོད་ཕམ་པ་རེད། དེ་ནི་བདེན་པ་ཕམ་པའི་དཔེ་མཚོན་རེད།
བདེན་པ་མེད་པའི་སྨྱོ་གཏམ་ལུང་པ་གང་བགྲང་འདུག། རེ་རེ་བཞིན་དཔྱད་འོས་པ་མི་འདུག། དོན་སྙིང་ཁྱེད་རང་གི་གནས་ལུགས་མ་རྟོགས་པ་ནི་ཁྲིམས་བཟོ་ལྷན་ཚོགས་བོད་མི་མང་སྤྱི་འཐུས་ཡིན་པ་ལས་༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་གཉིས་མ་རེད་། ཉིན་ཆར་གྲོགས་ཚོགས་ཀྱི་བསྟན་ལ་ཕབ་པའི་བོད་མའི་སྒྲིག་འཛུགས་འབོད་པ་འདི་མ་འགྲིག་ན་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ལ་བཤད་ན་འོས་འཚམས་རེད། སྤྱིར་རང་དབང་ལུང་པའི་ནང་དངོས་ཡོད་གནས་ལུགས་ཡོད་ན་བཤད་ཆོག་གི་རེད། འོན་ཀྱང་སྤྱི་ཚོགས་ཀྱི་འགན་ཁུལ་མ་བྱེད་པར་དཀྲོག་གཏམ་ལུང་པ་གང་བཤད་ན་ཁྲིམས་དང་མཐུན་པ་མ་ཡིན་པས་ཐུགས་བསམ་བཞེད་དགོས། ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་གཞུང་གི་མིང་དོན་གཉིས་ཀ་ལ་དགའ་པོ་ཡོད་པ་མ་ཚད་བྱུང་ན་ཁ་ཡོད་དོན་ཐོག་ཏུ་ཡོད་པར་བོད་རང་དབང་བརྩོད་དགོས་ཀྱི་ཡོད། འདི་ཁ་ནས་བཤད་ཙམ་མ་ཡིན་པར་དོན་དམ་པའི་ལས་ལ་འཇུག་དགོས་པ་ཡིན་དཔེ་ན་༡༩༥༠ལོར་ཨ་འབྲུག་དཔའ་བོའི་དབུ་ཁྲིད་པའི་ཆོལ་གསུམ་དཔའ་རྟུལ་ཚོའི་རང་དབང་འཐབ་བརྩོད་གནང་བ་བཞིན་པ་མི་རིགས་ཀྱི་དོན་ཏུ་དྲག་པོའི་དམག་གི་ལས་འགུལ་སྤེལ་དགོས། དུས་མཚུང་༧རྒྱལ་བ་དོན་ཀྱི་བདག་པོའི་དབུ་ཁྲིད་འོག་བོད་གཞུང་གི་བོད་ཀྱི་གནད་དོན་རྒྱལ་སྤྱིའི་གནད་དོན་ཅན་དུ་བརྒྱུར་བ་བཞིན་བོད་མི་རིགས་ཀྱི་དོན་ཏུ་འཚེ་མེད་ཞི་བའི་འཐབ་བརྩོད་གནང་དགོས། གོ་སྐབས་ནང་བྱུང་ལ་རང་དབང་གི་ལས་འགུལ་མུ་མཐུད་བྱེད་དགོས།
༡༣ ཆོས་འཇིག་རྟེན་གཉིས་ལས་འཇིག་རྟེན་དབང་ཆེ་བ་ཡིན། ཆོས་ནི་འཇིག་རྟེན་པ་རྣམས་ལ་དགོས་མཁོའི་རྣམ་གྲངས་མང་པོ་ཞིག་ཡོད་པའི་ནང་གི་ཆ་ཤས་ཀྱི་ཆ་ཤས་སུ་གྱུར་པའི་དངོས་པོ་ཆུང་ཙག་ཅིག་ཡིན་པ་དེའང་བདེན་པ་རེད་འདུག
༡༤ འཛམ་གླིང་གི་ཕྱོགས་གང་ལ་བལྟས་ནའང་། མུན་ནག་གི་སྤྱི་ཚོགས་རེ་ཟུང་ལས་གཞན་ཆོས་དང་ཆབ་སྲིད་གཉིས་ལས་ཆབ་སྲིད་རྒྱལ་ཚར་ཡོད་པ་དེའང་བདེན་པ་རེད་འདུག
༡༥ རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་། བདེན་ལུང་པ་གཉིས་ལ་ཕུ་ཐག་རིང་ཟེར་བའི་གཏམ་དཔེ་དེའང་བདེན་པ་རེད་འདུག
༡༦ བདེན་པའི་དོན་མི་ཤེས་པ་ཚོས་བདེན་པ་ལ་བདེན་པར་མི་འཛིན་པ་དེའང་བདེན་པ་རེད་འདུག
དངོས་ཡོད་དང་མཐུན་ན་བདེན་པ་རྣམ་པརརྒྱལ།
དངོས་ཡོད་འགལ་ན་རྫུན་མ་རྣམ་པར་རྒྱལ།
ཐོབ་པའི་བྱ་དངོས་ཡོད་ཚད་བདེན་པ་ཡིན།
ཕམ་པའི་བྱ་དངོས་ཡོད་ཚད་རྫུན་པ་ཡིན།
གནས་ལུགས་མེད་པ་ཁྲི་སྟོང་ལས་་གནས་ལུགས་ལྡན་པ་རྐང་གཅིག་བདེན།
དེས་ན་བདེན་པ་རྒྱལ་དགོས་ན་་་མང་ཉུང་གི་ཁ་གྲངས་ཤོད་པ་ནི་བླུན་པོ་ཡིན།
ང་ཚོའི་བདེན་དོན་དེ་མང་ཉུང་གི་གྲངས་ཚད་ལ་བལྟས་ནས་འཇོག་དགོས་ཚེ་ང་ཚོར་བདེན་པ་ཡོད་པའི་ཉིན་མོ་ཞིག་འཆར་རྒྱུ་མེད།
ང་བདེན་ཁྱོད་རྫུན་ངག་ནས་དུང་ཕྱུར་གྲངས་སུ་ཟློས་ན་ཡང་
བདེན་པ་ནི་བདེན་པ་རང་ཡིན་པས་བྱ་དངོས་གི་ཆོས་ཉིད་ཁོ་ནས་ཐག་གཅོད་པ་ལས། གྲངས་དང་། སྟོབས་དང་། དབང་སོགས་ཀྱིས་ཐག་གཅོད་མི་ཐུབ།
ང་
གྲོས་ཚོགས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་བཙན་བྱོལ་བོད་མིའི་སྒྲིགས་སུ་བསྒྱུར་པ་བདེན་པ་རེད།
བཙན་བྱོལ་བོད་གཞུང་ཞེས་བཞག་ན་དགག་བྱ་ཡོད་པ་གསུངས་པ་ཙམ་ལས་རྒྱུ་མཚན་རྣམ་དག་གསུང་རྒྱུ་མེད་པ་བདེན་པ་རེད།( དེའི་རྒྱབ་ལ་རྒྱ་དམར་ནས་རྒྱ་གར་ལ་གནོད་ཤུགས་སྤྲད་དམ) མིས་དངོས་སུ་གནོད་ཤུགས་མ་སྤྲད་གོང་ནས་དོགས་པ་མངོན་བསུས་ཀྱི་བསྒྱུར་ན་ཐལ་ཆེ་བ་མ་ཡིན་ནམ། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚབ་ཏུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་བསྒྱུར་པ་བདེན་པ་རེད།
བདེན་པ་ཡོད་ཀྱང་ཤོད་ས་མེད་པའི་དུས་འདིར་སྨོན་འདུན་ཞུ་རྒྱུ་ཙམ་རེད།
༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བ་ཡོད་པ་ཕྱི་བསྡུ་བྱ་རྒྱུ་ཡིན་ཚུལ་བཤད་ཀྱང་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་དེ་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་བ་ཡོད་དམ།
༧གོང་ས་མཆོག་ནས་ཐུགས་བརྩེ་ཆེན་པོས་གངས་ལྗོངས་རང་དབང་མང་གཙོའི་གཞུང་ཞེས་གོ་དོན་གཏིང་ཟབ་ལ་གནད་དགག་ཡོད་པའི་མཚན་བཟང་དེ་འདྲ་བ་ཞིག་གནང་བར་གྲོས་ཚོགས་ནས་ནག་སུབ་བཏང་བ་དངོས་གནས་རེད། ད་ག་རེ་ཞུ་དགོས་སམ་གྱོང་ནི་བོད་མི་ས་ཡ་དྲུག་གི་རེད། སྐུ་ངོ་སྤྱི་འཐུས་རྣམ་པ་ནི་སྐུ་ངོ་རང་རེད།
འདིའི་ནང་དུ་བདེན་པ་གཅིག་ལས་མེད་པས་གྲོགས་པོའི་༼མནའ་༽ཟོས་ཚར་བཞག་པའི་བོད་མནའ་ཟན་ཟེར་བ་ཁྱེད་རེད་འདུག་ག།།
ཁ་སང་ཀུན་གླེང་ལས་རིམ་ནང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་བོད་གཞུང་གི་མིང་བོད་མིའི་སྒྲིགས་འཛུགས་སུ་བསྒྱུར་དགོས་དོན་གསུངས་བཤད་འདི་འདྲ་ཞིག་གནང་སོང་། ཁོང་གི་ནད་འདྲ་མ་སོང་ན་ནད་རྟག་ད་ལྟ་ནས་ཐོན་སྡོད་ཡོད་པས་སྔོན་མགོག་གི་ཆེད་དུ་ཡིན་ཟེར་། འོན་ཀྱང་བོད་གཞུང་ནད་ལ་དཔེ་བཞག་ནས་ནད་རྟག་ག་རེ་ཐོན་ཡོད་མེད་ཚོགས་གཙོ་མཆོག་གི་གཏམ་བཤད་ཁ་གསལ་གང་ཡང་མ་གནང་བ་འདི་མང་ཚོགས་འགོ་རྨོངས་པའི་གཏམ་བཤད་ཡ་མཚན་ཆེ་བ་ཞིག་ཆགས་མི་འདུག་གམ། དེ་བཞིན་དེ་སྔོན་ཟིན་བྲིས་ཚོགས་ཆུང་གི་ད་ལྟ་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་བོད་གཞུང་དང་འབྲེལ་བའི་ཁ་ཆུ་གཉིས་ཡོད་པ་བཤད་འདུག། ཁ་ཆུ་དེ་གཉིས་ཡོད་པའི་རྒྱུ་མཚན་གྱི་བོད་གཞུང་བོད་མིའི་སྒྲིགས་འཛུགས་སུ་བསྒྱུར་དགོས་དོན་བཤད་པ་ཡིན་ན་ཁ་ཆུ་དེ་གཉིས་མང་ཚོགས་ཀྱི་ཤེས་གལ་ཆེ་པོ་ཡོད་པས་ཁ་ཆུ་གཉིས་གསལ་པོ་བཤད་དགོས་ངེས་རེད་དེ་བཤད་མི་འདུག། དེ་བརྟན་ད་སྐབས་མང་ཚོགས་ནང་འདིའི་སྐོར་སྐད་ཆ་འདྲ་མིན་ཡོང་གི་འདུག་ལ་རེ་འགས་བཤད་ན་ཁ་ཆུ་གཅིག་དོལ་རྒྱལ་ཚོགས་པས་བོད་གཞུང་རྒྱ་གར་ཁྲིམས་ཁང་ནང་བཞག་པ་དེ་དང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་ཡོངས་སློབ་གྲར་སྒེར་བདག་ཅན་དུ་བསྒྱུར་སྐབས་བོད་གཞུང་ཁྲིམས་ཁང་གི་ཐག་གཅོག་ལ་ངོ་རྒོར་བྱེད་དེ་མཐར་ཁོ་པས་བོད་གཞུང་རྒྱ་གར་ཁྲིམས་ཁང་དུ་བཞག་པ་འདི་གཉིས་རེད་ཟེར་།
མགོན་པོ་ཕྱག་གཉིས་པ་དང་མཇལ་བས་དགའ་ཡོད། སྔོན་མའི་ཁ་བརྡ་ཚང་གི་སྐུ་མགྲོན་རྙིང་བ་ཞིག་རེད། དེ་ནས་བདེན་པ་བཅུ་གཉིས་པོ་དང་ཡུམ་དུམ་པ་བཅུ་གཉིས་པོ་དོ་མཉམ་བྱས་ཏེ་རྩོམ་ཡིག་སྤེལ་བ་མཐོང་བས་དགའ་ཡོད།
སྔོན་གྱི་དུས་སུ་མཛད་པ་བཅུ་གཉིས་དད། །
བར་གྱི་དུས་སུ་གསུང་རབས་བཅུ་གཉིས་བཀླགས། །
ད་ལྟའི་དུས་སུ་བདེན་པ་བཅུ་གཉིས་བསྒྲགས། །
སྐྱིད་པའི་ཟླ་བ་བཅུ་གཉིས་ག་དུས་ཤར། །
ང་ཚོས་ཇི་ལྟར་བདེན་པ་བརྗོད་ཀྱང་བདེན་པ་བདག་པོ་རྒྱག་མཁན་ཞིག་ཡོད་པ་མ་རེད། དེང་དུས་བདེན་པ་ལས་རྫུན་པ་རྒྱལ་གྱི་ཡོད་པ་དཔེར་ན་རྒྱ་ནག་དམར་ཕྱོགས་ཚང་ལ་ལྟོས་དང་དེ་ཉིན་རེ་བཞིན་འཛམ་གླིང་མི་མང་ལ་མགོ་སྐོར་བྱེད་བཞིན་ཡོད་པ་སོགས་ཆུ་ཙག་ཞིག་བརྗོད་ན་ཉེ་སྔོན་ས་འགུལ་བྱུང་ས་ཡེ་ཤུལ་སོགས་སུ་སྔོན་མ་མི་མང་སྐྱོས་མ་རག་གི་ས་ཆ་ཡག་པོ་ཡོད་པ་ཚང་མ་གཞུང་གི་བླང་ནས་ཁོང་ཚོ་ས་ཆ་ཁུག་ཅོག་དེ་འདྲ་ལ་བཞག་ནས་རྒྱ་མི་མང་པོ་དེར་འབྱོར་ཡོད་པ་དེ་ཚོ་ས་ཆ་དེ་རུ་བཞན་ནས་བོད་མི་ཚོ་ལ་མཐོང་ཆུང་བྱེད་བཞིན་ཡོད་པར་མ་ཟད་ད་དུང་ལོ་གཉིས་ཀྱི་རྗེས་ནས་ཁང་པ་ལ་ཡང་རིན་སྤྲོད་དགོས་སོགས་བརྗོད་ཡོད་པ་རེད། འཛམ་གླིང་མི་མང་ལ་ང་ཚོའི་ཡེ་ཤུལ་གསར་པ་འཛུགས་སྐྲུན་བྱེད་བཞིན་ཡོད་སོགས་མགོ་སྐོར་གཏོང་བཞིན་ཡོད་པ་རེད། དེ་ལ་གཟིགས་དང་བདེན་པ་རྒྱལ་གྱི་འདུག་གམ་རྫུན་པ་རྒྱལ་གྱི་འདུག་འདི་ན་ལྟ་ས་ཡོད་པ་འདྲ།
འདིར་ཕེབས་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། ལྷག་པར་དུ། ངའི་ཕ་ཡུལ་གཅིག་པ་ཨ་རིག་དགེ་མཐོང་དང་། གྲོགས་པོ་རྙིང་བ་རྨ་ཆུའི་སྐལ་བཟང་མིན་ནམ། ཁྱེད་གཉིས་འདིར་མཐོང་བར་དམིགས་བསལ་དགའ་བོ་བྱུང་། ཨ་རིག་དགེ་མཐོང་གི་རྩོམ་ཁ་ཁེར་རེ་ཀློག་པའི་གོ་སྐབས་བྱུང་། རྩོམ་ལ་བལྟས་ན། མྱི་སྐྱིད་པོ་ཟིག་ཡིན་ས་རེད།
བདེན་པའི་དོན་ལ་གཅིག་ཏུ་འབད་པ་ན།། སྐྱིད་པའི་ཟླ་བ་བཅུ་གཉིས་མགྱོགས་པོར་འཆར།།
བདེན་པ་བདེན་དུ་མ་མཐོང་རྨོངས་བསྡད་ན།། སྡུག་གི་ལོ་ཟླ་མང་པོ་བརྩེགས་མར་འཕེལ།།
མཛད་པ་བཅུ་གཉིས་སྲིད་ལ་དགོས་པ་མེད།། གསུང་རབ་བཅུ་གཉིས་སྲིད་ལ་ཕན་ཐོགས་མེད།།
འཇིག་རྟེན་མི་ཡི་ཁྱིམ་སྲིད་སྐྱོང་ཐབས་དང་། སྲིད་དང་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་དང་།།
དགྲ་འདུལ་གཉེན་སྐྱོང་མཚན་དང་སྙན་གྲགས་སོགས།། དོན་དུ་གཉེར་སྐབས་ཆོས་འདི་དུག་དང་འདྲ།།
ཀྲུའུ་ཞི་མའོ་ཡིས་བཤད་པ་བདེན་པར་མཐོང་།། སྤྱིར་ན་སྨན་དང་དུག་ཅེས་དབྱེ་བ་མེད།། སྐབས་རེར་སྨན་ཡང་དུག་ཡིན།། སྐབས་རེར་དུག་ཀྱང་སྨན་དུ་འགྲོ།།
སྲིད་ལ་ཆོས་དུག་ཕོགས་ན་སྲིད་ཀྱི་ངོ་བོ་དུག་ཏུ་འགྱུར།། ཆོས་ལ་སྲིད་དུག་ཕོགས་ན་ཆོས་ཀྱང་དུག་གི་ངོ་བོར་འཕེལ།། ཆོས་སྲིད་གཉིས་ཀ་དུག་འགྱུར་ཆོས་སྲིད་ཟུང་འབྲེལ་སྤང་བ་ན།། ཆོས་སྲིད་གཉིས་ཀྱི་དཔལ་ཡོན་འཕེལ་ཞིང་མི་སྨོན་རང་རང་སྐྱིད།། དེ་མིན་ཕར་ཕྱོགས་མི་གསོད་ཁྲག་སྦྱོར་བྱེད་པའི་སྐབས།། ཚུར་ཕྱོགས་ཚད་མེད་ཡོན་ཏན་བགྲངས་ཕྱིན་ན།། རང་དབང་ཞེས་པ་ད་རུང་རྒྱང་ཐག་རིང་།། ཕར་ཕྱོགས་དམྱལ་བ་མནར་མེད་མྱོང་བ་དེ།། ཕྱི་རུ་ཚོར་ཤུགས་ཆེན་པོས་མི་གསུངས་པར།། ག་དུས་ཡིན་ན་བཞད་མོ་འཚེར་འཚེར་ངང་།། དཀའ་ངལ་སྐབས་སུ་ཆོས་ཀྱིས་ཕན་གི་ཞེས།། ཕེབས་ན་གཞན་གྱིས་བསྟོད་ངག་རག་སྲིད་ཀྱང་།། རྒྱག་སྤྱིའི་སྟེང་དུ་ལག་ཡོང་ཨེ་ཡོད་ལ།།
དགའ་སྡུག་ཚོར་བ་ཅན་གྱི་སྐུ་ཚབ་དེ།། དགའ་སྡུག་ཚོར་བ་ཅན་གྱིས་བྱས་ན་བཟང་།། མི་ཡི་སྐུ་ཚབ་ལྷ་ཡིས་མི་ཡོང་ལ།། ལྷ་ཡི་སྐུ་ཚབ་ཀྱང་མི་ཡིས་ག་ལ་ཡོང་།། ལྷ་མི་དབྱེ་བ་སོ་སོར་ཕྱེ་གྱིས་ལ།། ལྷ་ཡི་རིགས་རྣམས་ལྷ་གནས་སྙོགས་ལ་ཕྱིན།། མི་ཡི་རིགས་རྣམས་མི་སྲོལ་འཛིན་དུ་ཤོག། མི་ཡིས་ལྷ་ལ་མཆོད་བཀུར་བྱེད་པར་ཤོག། ལྷ་ཡིས་མི་ལ་ཐུགས་རྗེས་གཟིགས་པར་ཤོག། ལྷ་ཡིས་མི་ཡི་ཁྱིམ་ལས་མི་བྱེད་ཤོག། མི་ཡིས་ལྷ་ཡི་གསུང་སྐད་མི་བཀྱོན་ཤོག།
སློབ་དཔོན་ཀརྡོའི་ཚིགས་བཅད་གཅིག་ཙམ་གྱིས།། སེམས་ཀྱི་འཆར་སྒོ་ཕྱི་ལ་འཕྲོས་ནས་ཐལ།། མཛུབ་མོ་ལྔ་བོ་གོ་རར་མ་འདུས་ད།། བསམ་ན་གོ་རྒྱུ་ཅན་གྱི་སྐད་ཆ་ཡིན།། མྱང་ན་བྲོ་བ་ཅན་གྱི་ཟ་མ་ཡིན།།
བོད་མིའི་སེམས་ཀྱི་དཔའ་ངར་ཇེ་རྒོད་རེད།།
བོད་དོན་རྩོད་པའི་རྣོ་ངར་ཇེ་ཆེ་རེད།།
བོད་ཀྱི་གནད་དོན་རིན་གོང་ཇེ་ཁུག་རེད།།
བོད་དོན་ཚོང་མཁན་མི་ནི་ཇེ་མང་རེད།།
བོད་གཞུང་འགོ་འཛིན་བློ་ཁོག་ཇེ་ཉུང་རེད།།
བོད་དོན་ཚོང་བའི་རླུང་རྟ་ཡར་འགྲོ་རེད།།
རླུང་རྟ་ཡར་འགྲོ་ཡིན་པའི་སྤྱོད་སྟངས་འདིས།།
བོད་དཔོན་གྲས་ནས་བོད་དོན་ཚོང་མཁན་བྱུང་།།
ཚོང་པའི་ལས་ཀྱི་བྱ་སྤྱོད་ཟློས་གར་འདིས།།
མགོ་འབངས་བློ་སྣ་མི་མཐུན་བྱེད་སྒོ་སྟེ།།
བོད་མིའི་ཁྲོད་དུ་མི་མཐུན་དགལ་ཟླ་སློང་།།
གྲོས་ལ་གྲོས་སྡུར་མེད་པ་བོད་གཞུང་ལུགས།།
མི་མང་ངག་ལ་མི་ཉན་ཟམ་གདོང་གཤིས།།
མགོ་བདེ་རང་རློམས་ཆེ་བའི་བྱ་སྤྱོད་ཀྱིས།།
བོད་ཀྱི་གཞུང་ནི་སྒྲིག་འཛུགས་ངོ་བོ་གྱུར།།
སྒྲིག་འཛུགས་ངོ་བོ་གང་དུ་འགྱུར་མིན་ནི།།
སྟོབས་ཆེན་རྒྱ་རིགས་ཆེན་པོར་དབང་བས་ན།།
བོད་ཀྱི་ཚེ་སྲོག་རླུང་ནང་མར་མེ་རེད།།
མགོན་པོ་ཕྱག་གཉིས་པའི་སྐད་ཆ་བདེན་པ་དང་མཐུན་ཞིང་བོད་མིའི་ཁྲོད་དུ་ཁོང་འདྲ་བའི་སྐད་ཆ་བཤད་ཐུབ་མཁན་ཡོད་པའི་དགའ་བའི་གནས་སུ་ཁུམས།
མགོན་པོ་ཕྱག་གཉིས་པ་ཁྱེད་ལ་ཕྱག་གཉིས་ལས་ལྷག་པའི་ཕྱག་སྟོང་འབྱུང་བར་ཤོག བྱུང་ནས་ཀྱང་བོད་ཀྱི་བདེ་དོན་ཆེད་གོང་གི་བརྩོམ་ཡིག་འདྲ་བ་མུ་མཐུད་ནས་སྤེལ་བར་ཤོག།
བདེན་པ་བཅུ་གཉིས་པོ་དེ་དག་ཚང་མ་བདེན་པ་མ་རེད། རྒྱུ་མཚན་བདེན་པ་བཅུ་གཉིས་པོའི་ནང་ན་མ་རྟགས་མ་དཔྱད་པའི་སེམས་ཚོར་མང་པོ་འདུག དེ་དག་གི་ནང་ནས་ཁྱེད་རང་གི་གསུངས་པའི་བདེན་པ་ ༡ ༢ ༥་དེ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་གཙང་མ་ཡོད། ཁྱེད་རང་གི་བཤད་ཀྱིན་པའི་བདེན་པ་འདི་དག་གི་མགོ་ཁུངས་སྤྱི་འཐུས་གྲོས་ཚོགས་ལས་གཞན་པའི་འགྲོ་ས་ཞིག་མི་འདུག མ་གཞི་བོད་གཞུང་གི་སྤྱི་འཐུས་གཙོས་པའི་ལས་བྱེད་ཚང་མས་ལས་དོན་ཅི་ཞིག་སྒྲུབ་རུང་ལག་ཕྱིས་ཞིག་མཁོ་བ་དངོས་ཡོད་རེད། དེའི་རྐྱེན་ད་ཐེངས་ཡང་གོང་ས་མཆོག་གི་མགོ་ལ་ལག་པ་ཕྱིས་འདུག་གའ
༡༧ ༧གོང་ས་མཆོག་ནས་ཐ་སྙད་གང་ཞིག་བཟང་མིན་ལ་དགོངས་ཚུལ་གསུངས་པ་མ་ཟད་ཁོང་གི་དགོངས་པར་འཕྲོད་པའི་ཐ་སྙད་དེ་གྲོས་ཚོགས་ལ་མར་གནང་བ་དེའང་བདེན་པ་རེད་འདུག
༡༨ ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐྱར་དུ་ཡར་ཁ་པར་བཏང་ནས་ཐ་སྙད་དེར་སྐྱར་དུ་འགྱུར་བ་ཕྱིན་པའང་བདེན་པ་རེད་འདུག
༡༩ གྲོས་ཚོགས་ནང་། ༧གོང་ས་མཆོག་ནས་སྩལ་གནང་བའི་ཐ་སྙད་དེ། སྤྱན་རས་གཟིགས་ཀྱི་མར་དངོས་གྲུབ་ཅིག་གནང་བ་དང་མཚུངས་པར་བལྟས་ནས་དེའི་ཐོག་གཏན་འཁེལ་བ་དེའང་བདེན་པ་རེད་འདུག
༢༠ ཟམ་གདོང་རིན་པོ་ཆེར་བོད་གཞུང་ཞེས་པའི་ཚིག་འདིར་འགྱུར་བ་མ་བཏང་ན་འབྱུང་འགྱུར་རྙོག་གཞིར་འཕྲད་སྲིད་པའི་རྣམ་རྟོག་ཡོད་པ་ཁོང་་གི་གསལ་བཤད་ལས་ཤེས་པ་དང་། མ་གཞི་ཐོག་མའི་ཟིན་བྲིས་འདེབས་མཁན་གྱི་གྲས་ཡིན་པ་། དེ་དུས་ནས་བོད་གཞུང་ལ་འགྱུར་བཏང་ཚར་ཡོད་པ་འདི་དག་ཀྱང་བདེན་པ་རེད་འདུག
༢༡ རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་གཏན་འབེབས་དེ་བྱིས་པའི་ཁ་ཀློང་པ་ལྟ་བུ་ཞིག་ཏུ་ཆགས་པའང་བདེན་པ་རེད་འདུག
༢༢ བོད་ཀྱི་ཤེས་ལྡན་མི་སྣ་དང་རང་དབང་འཐབ་རྩོད་པ་མང་པོ་ཞིག་བྱིས་པ་ངུ་ཤོར་བ་ལྟ་བུ་ཞིག་ཏུ་ཆགས་པ་དེའང་བདེན་པ་རེད་འདུག
༢༣ མཐར་ཟམ་གདོང་རིན་པོ་ཆེས། གསལ་བཤད་མི་དགོས་སར་གསལ་བཤད་འདྲ་ཆགས་པོ་རིང་པོ་ཞིག་གནང་བ་དང་། རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་དགོངས་ཚུལ་ལ་སྣང་མེད་དུ་ཇི་ལྟར་ཕྱིན་པའི་གསལ་བཤད་གནང་དགོས་སར་གསལ་བཤད་མ་གནང་བར་གཡོལ་ཕྱིན་པ་དེའང་བདེན་པ་རེད་འདུག
༢༤ བོད་གཞུང་ཞེས་པ་དེ་བརྟན་པོ་ཚུགས་ཐུབ་ཅིག་ཡོང་དགོས་ན་གཙོ་བོ་བོད་མི་དམངས་ལ་རྒྱབ་རྩ་གཏུགས་དགོས་པ་དེ་མ་ཤེས་སྣང་མེད་དུ་ཕྱིན་ནས། དུས་ནས་དུས་སུ་འགྱུར་བ་འགྲོ་ཆོག་ཅིང་ཚུགས་ཐུབ་མིན་པའི་ཁྲིམས་ཡིག་ཅིག་རྒྱབ་དཔུང་དུ་བཟུང་བ་དེའང་བདེན་པ་རེད་འདུག
༢༥ བོད་མི་དམངས་ཀྱི་བསམ་ཚུལ་རྒྱབ་དཔུང་དུ་ཁྱེར་བ་ཡིན་ན་བོད་གཞུང་སྒོ་རྒྱབ་ཀྱང་རང་གནོང་དང་འགྱོད་པ་སྐྱེ་མི་དགོས་པ་མ་ཤེས་པ་དེའང་བདེན་པ་རེད་འདུག
༢༦ ཟམ་གདོང་རིན་པོ་ཆེར་ཡོན་ཏན་བླ་མེད་ལྡན་རབས་བཤད་ཀྱང་། བོད་སྤྱི་པའི་ཐོག་བསམ་ཚུལ་ཡག་པོ་མེད་པ་བདེན་
པ་རེད།
༢༧ ཟམ་གདོང་རིན་པོ་ཆེས་གཙོས་དགའ་ལྡན་ཕོ་བྲང་གིས་དབུ་འཁྲིད་པའི་གཞུང་དེའི་སྙན་པོ་ཇི་ལྟར་བཤད་ཀྱང་།
དོན་དུ་བོད་གངས་ཅན་དེ་སྐྱེལ་ས་གཅིག་ལ་བསྐྱེལ་ཡོད་པའང་བདེན་པ་རེད།
༄༅། །རྒྱལ་གཞུང་མེད་ན་སྒྲིག་འཛུགས་ང་ཚོས་ཀྱང་འཛུག་ཐུབ། མཚོན་དཔེ་བཅུ་གཉིས་པ།
རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་གཞུང་མེད་པ་ཡིན་ན་བོད་མིའི་སྒྲིག་འཛུག་ནི་བོད་མི་སུས་བཙུག་ཀྱང་ཆོག ༧གོང་ས་མཆོག་དགོངས་པ་ཞུས་ཀྱང་ཆོག་དེ་སྒེར་གྱི་སྐུ་དབང་རེད། དགའ་ལྡན་ཕོ་བྲང་གི་མིང་བསྒྱུར་ཀྱང་ཆོག་དེ་ཆོས་རྒྱུན་ཞིག་གི་མཚན་རེད། གཞུང་སྔ་མས་ཕྱི་མར་དབང་ཆ་སྤྲད་ན་ཁྲིམས་མཐུན་རེད། སྔ་ཕྱི་འབྲེལ་བ་མེད་པ་ཡིན་ན་སྔོན་གྱི་ལོ་རྒྱུས་སྟེང་གི་ཆིང་ཡིག་ཚང་མ་ནུས་མེད་ཆགས་རྒྱུ་རེད། གཞུང་གསར་བ་དེ་སྒྲིག་འཛུག་ཅིག་ལས་གཞུང་གི་མིང་དོན་མཚོན་ཐུབ་པ་མེད་ན་བོད་མིའི་སྒྲིག་འཛུག་གཞན་ཡང་ཡོད་ཆོག་རྒྱུ་རེད། གཞུང་མེད་པའི་བཀའ་བློན་ཁྲི་བ་དེ་སུ་ཞིག་གི་བློན་པོ་རེད། སུས་ཁས་ལེན། ༼༡༽བོད་མིའི་སྒྲིག་འཛུག་སྣ་ཚོགས་འབྱུང་ངེས། ཆོལ་ཁ་གསུམ་གྱིས་སྒྲིག་འཛུག་རེ་བཙུག་ན་དེ་བོད་མི་མིན་པར་སུས་ཀྱང་སྒྲུབ་ཐུབ་པ་དཀའ། ༼༢༽བོད་མིའི་རྒྱལ་སྤྱིའི་སྒྲིག་འཛུག ཉག་རོང་རྒྱ་རུ་ཚང་དང་སྡེ་དགེ་ཨ་སྡུག་ཚང་ལྟ་བུ་འཛམ་གླིང་རྒྱལ་ཁབ་སོ་སོར་ཉེའབྲེལ་གྱིས་ཁྱབ་ཡོད་པ་ཞིག་གིས་རྒྱལ་ཁབ་སོ་སོ་ནས་མི་རེ་བསྡུས་ཏེ་འཛུག་ཐུབ། ༼༣༽བོད་ལྗོངས་སྤྱིའི་སྒྲིག་འཛུག བོད་ལྗོངས་ཁུལ་སོ་སོ་ན་ཉེ་འབྲེལ་ཡོད་པའི་ཟུར་ཁང་ཚང་ལྟ་བུས་འཛུག་ཐུབ། ༼༤༽ཡོངས་རྫོགས་བོད་མིའི་སྒྲིག་འཛུག ཨ་མདོ་རྔ་བའི་ཚོང་པ་ལྟ་བུ་བོད་མདོ་དབུས་ཀྱི་ས་ཁུལ་སོ་སོ་ན་ཚོང་བྱེད་པ་རྣམས་ཀྱིས་འཛུག་ཐུབ། ༼༥༽བོད་མིའི་མཛའ་སྦྲེལ་སྒྲིག་འཛུག འཛམ་གླིང་སོ་སོར་ཡོད་པའི་གྲོགས་པོ་རྣམས་བསྡུས་ཏེ་རང་དབང་ཚོགས་པ་ཞིག་བཙུག་ཀྱང་རུང་། ༼༦༽བོད་མིའི་བདེན་དོན་སྒྲིག་འཛུག རྡ་ས་མ་ཡིན་པའི་བོད་ས་གནས་ཁོལ་བུའི་སྐུ་ཚབ་ཚོགས་པ་བཙུག་སྟེ་རང་ངོས་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཆོག ༼༧༽བོད་མིའི་བཀའ་བློན་སྒྲིག་འཛུག སྔོན་གྱི་བཀའ་བློན་རྙིང་པའི་རིགས་ཆིག་སྒྲིལ་གྱིས་ཚོགས་པ་བཙུག་སྟེ་གཞུང་འབྲེལ་བྱེད་ཆོག ༼༨༽ཆུ་སྒང་སྒྲིག་འཛུག སྔོན་གྱི་ལོ་རྒྱུས་རྙིང་པའི་རྗེས་འབྲངས་སྟེ་ཆུ་བཞི་སྒང་དྲུག་གི་མི་རྒྱུད་ཀྱིས་སྔར་གྱི་འབྲེལ་ལམ་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཆོག ༼༩༽བོད་སོག་སྒྲིག་འཛུག ཐེ་ཝན་བོད་སོག་ལས་ཁུང་གི་ཁོང་དུ་འཛུལ་ཏེ་གོ་མིན་ཏང་གི་སྐབས་ཀྱི་ལོ་རྒྱུས་སྐྱར་བཤད་ཀྱིས་བོད་མིའི་སྒྲིག་འཛུག་གི་ངོ་བོ་མཚོན་པ་ཞིག་བྱེད་ཆོག ༼༡༠༽བོད་གཞུང་སྒྲིག་འཛུག རྒྱལ་བ་ཀརྨ་པ་ལྟ་བུའི་བླ་ཆེན་ཞིག་གིས་འཛམ་གླིང་གི་སློབ་ཚོགས་བསྐོང་སྟེ། བཀའ་བློན་ཁྲི་བ། བཀའ་བློན་སོགས་སྐོས་འདེམས་བྱས་ཏེ་གཞུང་གསར་བ་ཞིག་འཛུག་ཐུབ། ༼༡༡༽ བོད་མིའི་སྐུ་ཚབ་སྒྲིག་འཛུག རྒྱ་ནག་ལྟ་བུའི་མི་ནོར་གཉིས་འཛོམས་ཤིག་གིས་བོད་མི་འབུམ་ཕྲག་མང་པོར་ཟླ་ཕོག་སྤྲད་དེ་བོད་སྤྱིའི་མི་སྣ་འཛོམ་པ་ཞིག་འཛུག་ཐུབ། ༼༡༢༽བོད་མིའི་རང་དབང་སྒྲིག་འཛུག བཙོན་འོག་ཏུ་དཀའ་བ་སྤྱད་མྱོང་མཁན་ཚོས་རང་གི་བདེན་དོན་རྩོད་པའི་ཚོགས་པ་བཙུག་སྟེ་བོད་སྤྱིའི་དོན་ཏུ་རྒྱ་ནག་དང་སྐད་ཆ་བཤད་ཆོག མདོར་ན། བོད་གཞུང་མེད་པ་ཡིན་ན་༼བོད་མིའི་སྒྲིག་འཛུག༽དཔྱིད་ཀའི་རྩི་ཤིང་བཞིན་ཏུ་མང་པོ་འབྱུང་བར་གདོན་མི་ཟའོ། །
༢༦ ཟམ་གདོང་རིན་པོ་ཆེའི་ལྷག་བསམ་ལ་ང་ལ་བཤད་རྒྱུ་ཅང་མེད་པ་དེ་བདེན་པ་རེད་འདུག
༢༧ བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐ་སྙད་གལ་ཆེ་བ་དུ་མ་ཞིག་གྲོས་ཚོགས་བརྒྱུད་མ་དགོས་པར་གང་འདོད་དུ་བསྒྱུར་བཅོས་བཏང་བ་དེའང་བདེན་པ་རེད་འདུག
༢༨ བོད་རྒྱ་འབྲེལ་མོལ་ལ་རེ་བ་རྒྱག་རྒྱུ་མང་དྲགས་པའི་སྐྱོན་ཞིག་བྱུང་བ་དེའང་བདེན་པ་རེད་འདུག
༢༩ མཐར་རྒྱ་གཞུང་གི་མགོ་སྐོར་འོག་ཚུད་པ་དེའང་བདེན་པ་རེད་འདུག
༣༠ རྒྱ་ནག་ལ་བསྟུན་ཐབས་ཆེས་ཆེ་ཤོས་དེ་ཟམ་གདོང་རིན་པོ་ཆེའི་སྐབས་གནང་བ་དང་། རྒྱ་གཞུང་གིས་བོད་ལ་འཛིན་པའི་རྣམ་འགྱུར་སྡུག་ཤོས་དེའང་ཟམ་གདོང་རིན་པོ་ཆེའི་སྐབས་བྱུང་བ་དེའང་བདེན་པ་རེད་འདུག
༣༡ ཟམ་གདོང་རིན་པོ་ཆེ་བོད་མིས་གུས་བཀུར་ཆེ་ཤོས་ཀྱི་བཀའ་ཁྲི་ཞིག་ཡིན་པ་དེའང་བདེན་པ་རེད་འདུག
༣༢ འགའ་རེས་གང་བྱུང་མང་བྱུང་ཚིག་ངན་འཕངས་ཡོད་པ་དེའང་བདེན་པ་རེད་འདུག
༣༣ ཟམ་གདོང་རིན་པོ་ཆེའི་ཐོག་ཚིག་ངན་བེད་སྤྱོད་བཏང་བར་ང་དགའ་བོ་མ་བྱུང་བ་དེའང་བདེན་པ་རེད་འདུག
༣༤ གཞུང་གསར་པ་ཞིག་འཛུགས་མི་དགོས་པར་ད་མུས་བཞིན་ཡོད་ཡོད་པ་དེའང་བདེན་པ་རེད་འདུག
༣༥ བོད་གཞུང་གི་མིང་སྐྱར་གསོ་བྱེད་དགོས་པའི་བསམ་ཚུལ་མང་པོ་ཞིག་ལ་ཡོད་པ་དེའང་བདེན་པ་རེད་འདུག
༣༦ བོད་གཞུང་གི་མིང་སྐྱར་གསོ་བྱེད་ཐུབ་མིན་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོས་མི་མང་གི་བསམ་ཚུལ་ལ་བདག་པོ་རྒྱག་རྒྱུ་ཡིན་མིན་ཁོ་ན་ལ་ཐུག་ཡོད་པ་དེའང་བདེན་པ་རེད་འདུག
༣༧ བོད་གཞུང་ཡིན་ན་འདྲ། བོད་མིའི་སྒྲིག་འཛུགས་ཡིན་ན་འདྲ། ངས་སྔར་བཞིན་རྒྱལ་གཅེས་མ་དངུལ་འབུལ་རྒྱུ་དང་སྒྲིག་འཛུགས་ལ་གུས་བརྩི་སྔར་བཞིན་ཞུ་རྒྱུའང་བདེན་པ་རེད་འདུག
མགོན་པོ་ཕྱག་གཉིས། ངས་བདེན་པ་ཅི་ཡོད་མཐོང་གོང་། རྫུན་པ་མཐོང་ཤག བོད་ཀྱི་རྩ་དོན་དང་འབྲེལ་བའི་མིང་ཚིག་ཚོགས་ཆེན་བརྒྱུད་མ་དགོས་པར་རང་དབང་དུ་བསྒྱུར་བ་ཡིན་ན། སྒེར་བའི་ལས་ཁུངས་ལས་གཞུང་གི་ངོས་འའཛིན་བྱེད་ག་ལ་ཐུབ། མི་མངས་ཡིད་ཆེས་བརླག་ཉེན་ཆེ།
བོད་གཞུང་མང་ཚོགས་ཆེན་དེ་མང་མོས་ཐག་གཅོད་ཀྱི་མང་ཚོགས་ཚོགས་ཆེན་རེད་ཅེས་གང་ན་བཤད་འདུག དེ་གཙོ་བོ་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་བསྐྱར་བཅོས་ཐད་ཀྱི་གོ་རྟོགས་དང་བསམ་ཚུལ་ཙམ་བསྡུ་ཕྱིར་རེད། དེའི་གྲུབ་འབྲས་གཙོ་བོ་དེ་བཅའ་ཁྲིམས་ནང་དོན་ཚན་དང་པོ་ཞིག་འཇུག་ཐུབ་པ་དེ་ཙམ་རེད།
ཆུང་ཆུང་ཆེན་པོ་བཟོས་ནས་༸གོང་ས་མཆོག་གིས་སྲིད་དབང་སྒེར་གཅོད་བྱེད་ཀྱིན་པ་འདྲ་བོའི་སྐད་ཆ་མ་བཤད་ན་བཟང། དོན་དངོས་སུ་དེ་སྔའི་མི་མང་གི་མང་མོས་ཐག་གཅོད་དང་གྲོས་ཚོགས་ཀྱི་སྤྱི་མོས་གཉིས་ཀའི་ཐོག་ནས་༸གོང་ས་མཆོག་གིས་ཐག་གཅོད་ཅི་གནང་ཆོག་པའི་སྐུ་དབང་ཕུལ་ཡོད་པས། ཐག་བཅད་ཀྱང་དེ་ནི་དམངས་གཙོའི་ཐག་གཅོད་ལས་འདས་མེད།
སྐད་ཆ་ཐལ་ཆ་ཅན་རིགས་མི་བཤད་པའི་རེ་བ་ཞུ།
འོག་གི་ཁྱེད་ཀྱི་བདེན་པ་རྣམས་ལ་གསལ་བཤད་ཅུང་རེ་གནང་རོགས།
༡ མི་མང་གི་བསམ་ཁོ་ན་བཤད་དགོས་པ་ཁྲིམས་སྒྲིག་གང་ན་གསལ།
༢ མང་མོས་ཐག་གཅོད་ཀྱི་ཁྲིམས་ནུས་ཡོད་དགོས་པ་གང་ན་གསལ།
༣ བོད་མི་སྒེར་བ་ཙམ་ཞིག་ཡིན་ནམ། ཐག་གཅོད་ཀྱི་དབང་ཆ་མེད་དམ།
༤ ༸གོང་ས་མཆོག་གི་སྒེར་དོན་རེད་དམ།
༥ འདོད་པ་ཁེངས་པ་ཚོ་བསམ་མེད་ཡིན་ནམ།
༦ འོ་ན་དམངས་གཙོའི་གོ་དོན་མཐར་ཕྱིན་པ་རྟོགས་མཁན་དེ་ཁྱེད་ཅག་ཁ་ཤས་རང་ཡིན་ནམ། ཡང་ན་བཙན་བྱོལ་གཞུང་འདི་དམངས་གཙོ་མ་རེད་ཅེས་པའི་དོན་ཡིན།
༡༠ དགའ་ས་ཙམ་ཞིག་ལས་དོན་མི་ཤེས་པ་དང་ལག་ལེན་ལ་མེད་པ་ཞིག་རེད་དམ
༡༢ བདེན་པ་ཉིད་རྒྱལ་གི་ཡོད་ན་རྒྱལ་གྱུར་ཅིག་ཟེར་མི་འོས་སམ། དེ་ཁ་གཡང་ཙམ་ཞིག་ཡིན་ནམ།
༢༧ གང་དང་གང་རེད།
༣༥ བརྒྱ་ཆ་ཅི་ཙམ།
༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་མེད་པས་ཁྱེད་ཅག་ལ་རང་དབང་དང་རྒྱལ་ཁ་གསར་བ་ཞིག་ཐོབ་རྒྱུ་ཡོད་ན་བྲེལ་མི་དགོས་ལོ།
38 མགོ་ཁྲིད་ཚོས་སྡུག་ས་ནས་གྲ་སྒྲིག་བྱེད་ཀི་ཡོད་ནི་བདེན་པ་རེད།
39 ང་ཚོའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་ནི་བདེན་པ་རེད།
40 རྒྱ་གཞུང་གིས་ཨ་ལན་བརྡ་ལན་མེད་ནོ་བདེན་པ་རེད།
41 ང་ཚོ་ངོས་ལེན་སྤུ་ཙམ་ཡང་བྱེད་ཀྱིན་མེད་པ་བདེན་པ་རེད།
42 ང་ཚོ་ལ་ཁ་རྡུང་ཚད་མེད་གཏོང་གིན་པ་བདེན་པ་རེད།
43 ད་རུང་ང་ཚོས་བསྟུན་གང་ཐུབ་བྱེད་དྲགས་ཡོད་ནོ་བདེན་པ་རེད།
44 ད་ལྟའི་བར་དུ་ཐོབ་འབྲས་ནི་བོད་རྒྱ་ཞི་མོལ་གྱི་ཐ་སྙད་ཅིག་ཡིན་པ་བདེན་པ་རེད།
45 ད་དུང་ང་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་མི་རྩོད་པར་ལངས་ཕྱོགས་རྩོད་ཀི་ཡོད་པ་བདེན་པ་རེད།
46 ངོ་ལོ་ཧྲིལ་བོ་ལྔ་གཉིས་རིང་གི་འཐབ་ཕྱོགས་ཀྱི་ཐབས་བྱུས་ཕར་ཞོགས་ཐ་ན་འབོད་སྒྲ་གཅིག་གྱུར་ཆགས་མེད་པ་བདེན་པ་རེད།
47 ཡིད་བཞིན་ནོར་བུའི་དགོངས་ལོ་བགྲེས་ཀི་བདེན་པ་རེད།
48 མི་རབས་གསར་བའི་འགན་ལེན་བྱེད་དགོས་པ་ནི་བདེན་པ་རེད།
49 གཞིས་བཞུགས་བོད་མིའི་རིགས་ཞེན་དང་ཆོད་སེམས་ཇེ་ཆེ་ཡིན་པ་བདེན་པ་རེད།
50 སྐྱབས་བཅོལ་བོད་མིའི་རང་མགོ་གང་ཐོན་བྱེད་ཀྱིན་པའི་གནས་ཚུལ་འདི་བདེན་པ་རེད།
གང་ལྟར་མགོན་པོ་ཕྱག་གཉིས་ནས་རྔ་བ་ཚེ་སྐྱིད་ཟེར་བའི་གྲྭ་བ་དེའི་བར་གྱིས་སྙིང་དོན་གླེང་མི་ཐུབ་པའང་བདེན་པ་རེད། ཧཧཧཧ
ངའི་མཆན་༡༡ ནང་གི།
ཚུར་ཕྱོགས་ཚད་མེད་ཡོན་ཏན་བགྲང་ཕྱིན་ན་ཟེར་བ་དེ་ནོར་འདུག ཚད་མེད་ཡོན་ཏན་མ་རེད་བྱང་ཆུབ་སེམས་མཆོག་ཅེས་བཅོ་བར་བྱ།
༣༨ རྔ་བ་ཚེ་སྐྱིད་ཀྱི་བདེན་པ་དེ་ཚོ་ཕལ་ཆེ་བ་བདེན་པ་རེད་འདུག
༣༩ མགོ་ཁྲིད་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱི་ཡོད་མེད་ངས་མི་ཤེས་པ་དེའང་བདེན་པ་རེད་འདུག
༤༠ ཚེ་སྐྱིད་ཀྱི་དོན་ཚན་༤༥ པ་དེ་ཡོངས་སུ་བདེན་པ་མིན་པ་དེའང་བདེན་པ་རེད་འདུག
༤༥ མགོན་པོ་ཕྱག་གཉིས་པ་དང་རྔ་བ་ཚེ་སྐྱིད་གཉིས་ནས་གླེང་མ་ཐུབ་པའི་སྙིང་དོན་ཟབ་མོ་ཞིག་ཡོད་ན་དེ་འདྲེ་མགོ་རྡོས་གླེང་ན་ང་དགའ་རྒྱུ་ཡིན་པ་དེའང་བདེན་པ་རེད་འདུག
ད་ཡིན་ན་་་་བོན་ཤེས་པ་ཅན་བཅུ་གཉིས་་་ཀྱང་འདིར་གླེང་དགོས་པས་དེ་མ་གླེང་ན་་་བོད་ཀྱི་རྒྱལ་ཁབ་་་ཅེས་པ་ཐོག་མར་བཙུགས་མཁན་དེ་ཚོ་སུ་ཡིན་་་དེ་རིང་གི་ཉིན་མོར་ཡང་་་མགོ་ནག་བོད་མི་་་རྣམས་ཀྱིས་རང་གི་ལོ་རྒྱུས་གང་ཡོད་པ་དེ་མི་ཤེས་པར་གྱུར་རོ། ། ད་འུ་ཐུག་དུས་་་གཉའ་ཁྲི་བཙན་པོ་་་ཡང་མར་དྲུད་ཡོང་གི་འདུག་བ།
༤༦ ལྷ་མོ་སྐྱབས་ཀྱི་དྲི་བ་དེ་ཚོ་ངའི་བདེན་པ་༤༥ བགྲངས་པ་དང་ཐད་ཀར་འབྲེལ་བ་མེད་པས་ངས་ལན་འདེབས་རྒྱུ་མིན་པ་དེའང་བདེན་པ་རེད་འདུག
༤༧ བདེན་པ་༤༥ རེ་རེ་དང་འབྲེལ་ནས་བདེན་པ་ཡིན་མིན་དྲི་བ་དྲིས་ན་ངས་ལན་འདེབས་རྒྱུ་ཡིན་པ་དེའང་བདེན་པ་རེད་འདུག
སྤྱིར་མིའི་རིགས་ཀྱིས་བདེན་པ་ཞིག་རྙེད་མ་ས་ཞིག་ནས་བོད་ཀྱི་མཁས་དབང་དག་གིས་བདེན་པ་ཞིག་རྙེད་ཡོད་པ་དེ་ངའི་སྡུག་བསྔལ་ཞིག་རེད།
༤༨༽ རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་བསམ་ཚུལ་གྱིས་མི་མང་གི་བསམ་ཚུལ་མཚོན་མ་ཐུབ་ན་འཚོགས་འདུ་དེ་འཚོགས་དགོས་དོན་མེད་པ་བདེན་པ་རེད།
༤༩༽ ཟམ་གདོང་རིན་པོ་ཆེས་ཚོགས་གཙོ་དང་བཀའ་བློན་སྔོན་མ་དག་ལས་བཟང་སར་བཟང་བ་བྱས་པ་བདེན་པ་རེད།
༥༠༽ འོན་ཀྱང་ཟམ་གདོང་རིན་པོ་ཆེས་བོད་བསྐྱལ་བ་བཞིན་སུས་ཀྱང་མ་བསྐྱལ་བ་ཡང་བདེན་པ་རེད་འདུག
༥༡༽ ༧གོང་ས་མཆོག་གིས་སྒེར་དོན་གནང་བ་མིན་པ་བདེན་པ་རེད།
༥༢༽ སྤྱི་འཐུས་ཚོ་ལ་འདིའི་ཐོག་ལ་ཚོར་བ་མེད་པ་བདེན་པ་རེད།
༥༣༽ གཞོན་ནུ་ཚོགས་པས་ཚོགས་པའི་ངོས་ནས་བོད་གཞུང་མུ་མཐུད་དེ་བཀོལ་རྒྱུའི་གཏན་འབེབས་བྱས་པ་དེ་གཟི་བརྗིད་ཅན་གྱི་བྱེད་ཐབས་ཤིག་སྤེལ་བ་བདེན་པ་རེད།
༥༤༽ ཚོགས་པ་སྐྱིད་སྡུག་གཞན་ཁག་གིས་གཞོན་ནུ་ཚོགས་པ་ལ་དཔེ་ལེན་དགོས་པ་བདེན་པ་རེད།
༥༥༽ མགོན་པོ་ཕྱག་དྲུག་པ་འདི་སྙིང་སྟོབས་ཅན་ཞིག་ཡིན་པ་བདེན་པ་རེད།
མགོན་པོ་ཕྱག་གཉིས་པ་ལ་བཅོས་རོགས།
༥༦༽ འདི་ཐམས་ཅད་དབུ་མའི་ལམ་ལ་བརྟེན་ནས་བྱུང་བ་བདེན་པ་རེད།
༥༧༽ ད་དུང་ཕར་དེད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་བརྟེན་ནས་བྱུང་བ་བདེན་པ་རེད།
༥༨༽ མིང་བསྒྱུར་བ་རྒྱབ་སྐྱོར་བྱེད་མཁན་ཚོས་ང་ཚོས་མ་འོངས་ལ་མི་བལྟ་བར་འགན་ཁུར་མེད་པའི་སྐད་ཆ་བཤད་ཀྱིན་ཡོད་པར་བསམ་གྱི་ཡོད་པ་བདེན་པ་རེད།
༥༩༽ འོན་ཀྱང་ཁོང་ཚོས་ང་ཚོའི་སེམས་པའི་གནས་ཚུལ་རྟོགས་ཀྱི་མེད་པ་བདེན་པ་རེད།
༦༠༽ སྔར་དབུ་མའི་ལམ་འདིས་བོད་ཀྱི་ནང་ཁུལ་དུམ་བུ་གཉིས་ལྟ་བུ་ཞིག་བཟོས་པ་བདེན་པ་རེད།
༦༡༽ ད་འདིས་ཀྱང་དེ་འདྲ་ཞིག་བཟོས་པ་བདེནཔ་རེད།
༡་་་་་་དྲ་རྒྱའི་ནང་ན་ཁ་ནས་གང་ཡོང་བྲིས་བསྡད་མཁན་མང་བོ་ཡོད་པ་བདེན་པ་རེད།
༢་་་་་རང་ལ་མི་བལྟ་བར་གཞན་སྐྱོན་རྐྱང་ཤོད་མཁན་ཡོད་པ་བདེན་པ་རེད།
༣་་་་ཆོལ་ཁ་ཆོས་ལུགས་ཁ་ལ་འཁྱེར་ནས་རྩོད་རྙོག་བཟོ་མཁན་མང་བ་བདེན་པ་རེད།
༤་་་སྐབས་རེར་ཁ་བརྡ་ཚང་གིས་རྩོམ་སྒོ་རྒྱབ་ཀྱིན་ཡོད་པ་བདེན་པ་རེད།
༥་་་དངོས་ཡོད་གནས་ཚུལ་བདེན་པ་རྐྱང་བྲིས་བསྡད་མཁན་ཡོད་པ་བདེན་པ་རེད།
༦་་་འཇེ་སྟུ་ཡི་སྐོར་བྲིས་ན་ཉམས་མྱོང་ཆེ་བའི་ཨ་ཁུ་ཆ་རེ་ཡོད་པ་བདེན་པ་རེད།
༧་་་་བུ་མོའི་མིང་ཅན་ཞིག་ཐོན་སོང་ན་ཚང་མ་དགའ་འགྲོ་ནོ་བདེན་པ་རེད།
༨་་་ཆབ་སྲིད་ཆོས་ལུགས་གཉིས་ཀར་བྱང་ཆ་ཅན་འགའ་རེ་ཡོད་པ་བདེན་རེད། །
༩་་་་སྙན་ངག་བྲིས་ནས་སྐད་གྲགས་བཞག་མཁན་ཡོད་པ་བདེན་པ་རེད། །
༡༠་་་ཡག་པོ་ཞིག་འབྲི་མི་ཤེས་རུང་ང་འདྲ་བར་འདུག་མི་ཐུབ་མཁན་ཡོད་པ་བདེན་པ་རེད་ལགས།
ཚོགས་གཙོའི་་་་ནད་རྟགས་ཤིག་མངོན་བཞིན་པ་གསུང་བ་ནི་་་གོས་ལུར་མི་ན་ལིར་ཡོད་པའི་རྒྱ་གར་བ་ཞིག་གིས་ཧི་མ་ཅལ་འབྲིང་རིམ་ཁྲིམས་ཁང་དུ་བོད་གཞུང་ཟེར་བ་འདི་ཁྲིམས་འགལ་ཡིན་ལུགས་ཀྱིས་ཁྲིམས་ཁང་དུ་བསྐྱལ་ཡོད་པ་དང་་་་མ་ཟད་རྒྱ་གར་ལྷོ་ཕྱོགས་མ་ཏི་ར་སི་ན་ཡོད་པའི་རྒྱ་གར་བ་ཁྲིམས་རྩོད་གྲགས་ཅན་ཞིག་གིས་ཀྱང་རྒྱ་གར་གསར་ལམ་ཁག་ཏུ་བོད་གཞུང་ཟེར་བ་འདི་་རྒྱ་གར་ནག་གཉིས་ཀྱི་གཉིས་མོས་ཐོག་བཞག་པའི་ཆང་ཡིག་ཁག་གི་འབྲི་དོན་རྣམས་དང་འགལ་ཡོད་ལུགས་སོགས་བཤད་ཚུལ་་་་ཚོགས་གཙོ་མཆོག་གི་ཉེ་ལམ་བོད་ཁྱིམ་དུ་གསལ་བཤད་རྒྱས་པ་གནང་སོང་་་་་གོང་གི་རྒྱ་གར་གཉིས་བོའི་མིང་དང་་་གནས་བབ་སོགས་བཤད་སོང་རུང་་ངའི་བློ་ལ་ངེས་མ་སོང་བས་དགོངས་དག་ཞུ་རྒྱུ་དང་ཡིག་སྐྱོན་ཡང་མང་དག་ཞིག་ཡོད་ངེས་ན་དེ་ཡང་དགོངས་དག་ཞུ །
༤༨ རྒྱ་གར་མི་གཅིག་གིས་བོད་གཞུང་ཁྲིམས་ལ་སྦྱར་ཡོད་པ་དེ་བདེན་པ་རེད་འདུག
༤༩ རྒྱ་གར་ཁྲིམས་རྩོད་པ་ཞིག་གིས་བོད་གཞུང་ཞེས་པ་འདི་རྒྱ་གར་ནག་གཉིས་ཀྱི་ཆིངས་ཡིག་གི་འབྲུ་དོན་དང་འགལ་བར་བཤད་པ་དེའང་བདེན་པ་རེད་འདུག
༥༠ བོད་གཞུང་གིས་བོད་གཞུང་ཞེས་པ་དེ་ཁྲིམས་འགལ་ཡིན་པ་རང་བཞིན་གྱིས་ངོས་ལེན་གནང་འདུག་པ་དེའང་བདེན་པ་རེད་འདུག
༥༡ བོད་མི་གཞིས་བྱེས་གཉིས་ཀས་བོད་གཞུང་འདི་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ད་རུང་ངོས་འཛིན་གནང་བཞིན་པ་དེའང་བདེན་པ་རེད་འདུག
༥༢ བོད་གཞུང་ལ་བོད་གཞུང་དང་བོད་མིའི་བདེན་དོན་གྱི་ཆེད་དུ་མུ་མཐུད་ཁྲིམས་རྩོད་བྱེད་པའི་སྙིང་སྟོབས་མེད་པ་དེའང་བདེན་པ་རེད་འདུག
༥༣ རྒྱ་གར་དུ་བོད་གཞུང་སྒོ་རྒྱག་དགོས་བྱུང་ཡང་བོད་མིའི་སྒྲིག་འཛུགས་ཤིག་རྒྱལ་ཁབ་གང་དུའང་འཛུགས་ཐུབ་པའི་ལམ་ཁ་ཡོད་པ་དེ་མ་རྟོགས་པ་དེའང་བདེན་པ་རེད་འདུག
༥༤ བོད་གཞུང་གིས་ལམ་ཁ་དཀའ་ཀག་ཆེ་བ་དེ་མ་འདེམས་པར་ཁྲལ་སེལ་སླ་བཅོས་དང་གུ་དོག་གི་ལམ་དུ་ཕྱིན་པ་དེའང་བདེན་པ་རེད་འདུག
༥༥ བོད་གཞུང་ལ་ད་བར་རྒྱ་ཁབ་སུ་གང་གིས་ངོས་ལེན་མེད་པ་དེའང་བདེན་པ་རེད་འདུག
༥༦ བོད་གཞུང་ངོས་ལེན་ཡོང་ཐབས་ལ་ད་བར་ཆི་གང་བྱས་མེད་པ་དེའང་བདེན་པ་རེད་འདུག
༥༧ བོད་གཞིས་བྱེས་གཉིས་ནས་རྒྱབ་སྐྱོར་ཡོད་པ་ཡིན་ན་རྒྱལ་སྤྱིའི་ཐོག་སྣང་མེད་ལ་འཇོག་ཐབས་མེད་པ་དེ་མ་ཤེས་པ་དེའང་བདེན་པ་རེད་འདུག
58 བོད་གཞུང་ནི་བོད་དང་བོད་མི་རིགས་ཁོ་ནར་་དབང་བ་བདེན་པ་རེད།
59 བོད་མི་རིགས་ཀྱིས་བོད་གཞུང་བཙུགས་པ་བདེན་པ་རེད།
60 བོད་གཞུང་འདི་བོད་མི་མང་གི་སེམས་པའི་གཏིང་ལ་ཟུག་ཡོད་པ་བདེན་པ་རེད།
61 བོད་མི་མང་ནི་གཞན་གཅུན་དང་གཞན་དབང་སྟབས་བསྟུན་ཡིན་པ་བདེན་པ་རེད།
62 བོད་གཞུང་ལ་ལོ་རྒྱུས་ཀྱི་བདེན་སྟོབས་ཡོད་པ་བདེན་པ་རེད།
63 བོད་འདི་དཀའ་རྙོག་གི་ནང་དུ་ལྷུང་ཡོད་པ་བདེན་པ་རེད།
64 བོད་གཞུང་ནི་བོད་དང་བོད་མིའི་སེམས་རྟེན་ཡིན་པ་བདེན་པ་རེད།
65 བོད་དང་བོད་མིའི་ཁ་སྟབས་ཞན་པའང་དངོས་ཡོད་ཀྱི་བདེན་པ་རེད།
66 བོད་གཞུང་ཞེས་པའི་མིང་འདིས་འགན་ལེན་ཞིག་དང་མ་འོངས་པ་ཞིག་བསྟན་ཡོད་པ་བདེན་པ་རེད།
67 བོད་མི་མང་གཞུང་ཞིག་གི་ཁྱབ་ཁོངས་སུ་ཚོད་དགོས་པ་ལས་སྒྲིག་འ
67 བོད་མི་མང་གཞུང་ཞིག་གི་ཁྱབ་ཁོངས་སུ་ཚོད་དགོས་པ་ལས་སྒྲིག་འཛུགས་ཤིག་གི་འོག་ཏུ་ཚུད་སོང་ན། བོད་མི་མང་ཚོགས་པ་ཞིག་ཏུ་གྱུར་སོང་བ་བདེན་པ་རེད།
68 དེ་ལྟར་ཡིན་ན་ནི། བོད་ཀྱི་ས་ཆ་དང་ཆུ་བོ། བོད་ཀྱི་ལོ་རྒྱུས་དང་བདེན་པ། བོད་ཀྱི་འགན་ལེན་དང་ཁ་ཕྱོགས་སོགས་རང་གིས་རང་བརླགས་བཞག་པ་བདེན་པ་རེད།
69 དེའི་སྟབས་ཀྱིས། ལོ་རྒྱུས་ཀྱི་ནག་ཉེས་སོགས་ད་ལྟའི་གཞུང་དང་མི་མང་གི་ཐོག་ཏུ་འཁོར་ཡོད་པ་བདེན་པ་རེད།
70 གཞི་ནས། ང་ཚོའི་ནག་ཉེས་དང་འགན་འཁུར་མེད་པའི་བསམ་སྤྱོད་ལ་དག་ཐེར་བྱེད་མཁན་ཞིག་ཡོང་བའང་བདེན་པ་རེད།
རྒྱ་གར་ནས་བོད་གཞུང་བརླག་སོང་བ་ཡིན་ན། རྒྱལ་ཁབ་གཞན་ནས་བོད་གཞུང་སྐྱེ་ཨེ་སྲིད། བོད་རྒྱའི་འདས་པོ་རྣམས་ཀྱི་དོན་དུ། ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱ་བོད་གཉིས་ཀ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །
ཧ་ཧ་ཧ་