རིག་འཛིན་གྱིས།
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལན་ཌི་ནང་གི་མཛད་འཕྲིན་ཡོངས་སུ་གྲུབ་ཏེ་ཕྱི་ལོ༢༠༡༡ཟླ
་བ༦ཚེས་༡༡ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲི་ལེ་ཡའི་གྲོང་ཁྱེར་མལ་སྦོན་གནང་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད། དེ་ རིང་ཞོགས་པ་ཨོ་སི་ཀྲི་ལེ་ཡའི་གྲོང་ཁྱེར་མལ་སྦོན་གནམ་ཐང་དུ་བོད་པའི་ཆོས་ཚོགས་ཁག་གི་དགེ་བཤེས་དང་དགེ་འདུན་པ་བོད་རིགས་མི་མང་བདུན་བཅུ་ལྷག་ཙམ་དེ་བཞིན་ཕྱི་རྒྱལ་བ་བཅས་དད་ལྡན་མི་མང་རྣམས་ཀྱིས་རང་ལུགས་ཀྱི་བོད་ཆས་གྱོན་ཏེ་ ལག་ཏུ་མཇལ་དར་དང་མེ་ཏོག་དེ་བཞིན་བོད་པའི་སློབ་ཕྲུག་རྣམས་ཀྱིས་ལག་ཏུ་བཀྲ་ཤིས་རྟགས་བརྒྱད་བཟུང་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ལ།ཨོ་སི་ཀྲི་ལེ་ཡའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་མང་དག་ཞིག་གིས་དོ་སྣང་ཆེན་པོས་ཕེབས་ཡོད་པ་མ་ཟད་བོད་མི་རེ་ཟུང་ལ་༧གོང་ས་མཆོག་འདིར་ཕེབས་པར་སེམས་ཚོར་ཅི་འདྲ་བྱུང་མིན་གྱི་བཀའ་འདྲི་གནང་ཡོད་ལ། དེ་བཞིན་དུ་བོད་པའི་སྐོར་ལ་རྒྱུས་ལོང་གནང་བཞིན་འདུག
དེ་རིང་ནས་བཟུང་༧གོང་ས་མཆོག་གིས་ཨོ་སི་ཀྲི་ལི་ཡའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་བཀའ་ལན་མཛད་རྒྱུ། ཨོ་སི་ཀྲི་ལི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་དང་སོག་རིགས་རྣམས་ལ་མཇལ་ ཁ་དང་བཀའ་སློབ་སྩལ་རྒྱུ་མ་ཟད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། བོད་རིགས་དང་རྒྱ་རིགས་མཐུན་སྒྲིལ་ཚོགས་པའི་གོ་སྒྲིག་འོག་ཨོ་སི་ཀྲི་ལི་ཡའི་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ།
འདི་གའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག། །།
འཛམ་གླིང་སྐྱེ་འགྲོ་ཀུན་གྱི་།
མུན་གསལ་བཤེས་གཉེན་དམ་པ།
ཁྱེད་ཀྱི་ངལ་འཛེམ་མེད་པར།
རི་དྲུག་ཀུན་ལ་ཐར་པའི་ལྡི་མིག་གནང།
ཁྱེད་ནི་བྱམས་ལྡན་གྱི་སྐྱེས་མ།
ཁྱེད་ནི་ཐུགས་རྒྱུད་བཟང་བའི་ཞི་བདེའི་དེད་དཔོ་ཞིག་
ཁྱེད་ཀྱི་བླ་ན་མེད་པའི་མཛད་བརྗེས་དེ།
རིགས་དྲུག་ཀུན་ལ་ཡོངས་སུ་གྲགས།
ང་ལྕགས་ཁ་བ་རིགས་པའི་སྙིང་ནོར་དང་།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཁྱེད།
སྐུ་ཚེ་བརྟག་གཏན་ཡོང་བའི་སྨོན་མདུན་བཞུ།
དམག་འཁྲུག་མུ་གེ་འབྱུང་བའི་གནོད་འཚེ་སོགས།
ངན་པ་སྣ་དགུ་འཛོམ་པའི་དུས་ངན་འདིར།
མགོན་པོ་སྙིང་རྗེའི་གཏེར་ཆེན་གང་ཉིད་ཀྱིས།
འགྲོ་རྣམས་རེ་ཞིག་ཞི་བདེའི་ངལ་གསོ་སྦྱིན།
སྟོབས་ཆེན་ཨ་རིའི་དཔོན་གྱིས་གཙོ་བྱས་པའི།
འཛམ་གླིང་ཆེ་དགུའི་གཙུག་གི་ནོར་བུ་ཡིས།
གང་གི་ཞབས་སེན་ཐོར་ལྕོགས་ལ་བཅིངས་པས།
རྒྱ་དཔོན་ཧུ་ཡང་དད་པའི་སྤུ་ལོང་གཡོ།
རྣམ་དཔྱོད་མེས་པོའི་དཔལ་ལ་འགྲན་པ་ཡི།
དེང་རབས་ཚན་རྩལ་རིག་པའི་སློབ་དཔོན་རྣམས།
གང་གི་མཁྱེན་པའི་འདམ་སྐྱེས་ཀྱིས་་མྱོས་ཏེ།
བསྟོད་སྔགས་མགྲིན་པའི་གླུ་དབྱངས་ལྷང་ལྷང་སྒྲོགས།
ངལ་མེད་ཞབས་ཀྱི་པད་མོ་གྲངས་མེད་འཛམ་གླིང་ཀུན་ལ་ཕེབས།
འགག་མེད་བྱམས་བརྩེའི་གསུང་གིས་འཛད་མེད་སྐྱེ་འགྲོ་ཞི་བདེར་བཀོད།
འགྱུར་མེད་ཐུགས་རྗེའི་འོད་མདངས་དབྱེར་མེད་ས་གསུམ་ཀུན་ལ་ཁྱབ།
སྔར་མེད་སྟོན་པ་ཁྱེད་འདྲ་ད་མེད་ཕྱིས་ཀྱང་འབྱུང་བར་དཀོན།