དེ་རིང་ནི་ཕྱི་ཟླ་ ༦ ཚེས་ ༡༠ སྟེ་བྱང་ཕྱོགས་ངྷ་སའི་དབྱར་གཞུང་གི་ཚ་བ་ཧ་ཆེ་བའི་ཉིན་ཞིག་ཡིན། ཞོགས་པའི་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ ཡས་མས་ཤིག་ནས་ངས་ཞོགས་ཟས་ཟ་བཞིན། འདི་ལོའི་བོད་ཀྱི་མཛངས་མར་བཅར་འདྲི་བྱེད་པའི་དུས་ཚོད་ལ་བསམ་བློ་གཏོང་གིན་ཡོད། ང་ལ་མཚོན་ན་འདི་ལོའི་བོད་ཀྱི་མཛངས་མར་བཅར་འདྲི་བྱེད་དོན་ནི་གཅིག་ནས་ལས་ཁུངས་ཀྱིས་མངགས་བཅོལ་ཡིན་ལ། གཉིས་ནས་འདས་མ་ཐག་པའི་ལོ་འདི་འགའི་བོད་ཀྱི་མཛངས་མ་ཚང་མར་བཅར་འདྲི་བྱེད་མྱོང་བར་མ་ཟད། ངས་ཁོ་མོ་ཚོར་རང་རང་གིས་བརྗོད་འདོད་པ་དག་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་པར་རམ་འདེགས་བྱས་ཡོད། ཡིན་ནའང་། འདི་ལོའི་བོད་ཀྱི་མཛངས་མ་དང་ངེད་གཉིས་ཀྱི་བར་དུ་དངོས་གནས་བཤད་སྟངས་མི་བདེ་བའི་དཀའ་ངལ་ཞིག་བྱུང་། འདི་ནི་ཕལ་ཆེར་ངས་ལྷོ་ཕྱོགས་ཕོ་ཉའི་རྩོམ་སྒྲིག་པ་དང་། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ། སྤྱི་ཚོགས་མེ་ལོང་གི་གསར་འགོད་པ་བྱས་པ་སོགས། ད་ལྟའི་བར་དུ་དུས་ཡུན་ལོ་ལྔ་ལྷག་ལ་གསར་འགྱུར་ལས་རིགས་ཀྱི་བྱ་བ་གཉེར་བའི་རིང་མི་སྒེར་བ་ཞིག་དང་བཅར་འདྲི་བྱ་རྒྱུའི་ཐད་བྱུང་བའི་དཀའ་ངལ་ཐོག་མ་དེ་ཆགས།
རྒྱབ་ལྗོངས་དངོས།
ཟླ་འདིའི་ཚེས་ ༥ དགོང་མོར་ང་བོད་ཀྱི་མཛངས་མའི་མཇུག་མཐའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་ཤིང་། འགྲན་ཞུགས་དངོས་ལ་མ་ཞུགས་གོང་ནས་ང་ལ་འདི་ལོའི་བོད་ཀྱི་མཛངས་མའི་མཐའ་མའི་རྒྱལ་ཁ་སུ་ལ་ཐོབ་ན། དེ་ལ་བཅར་འདྲི་བྱ་དགོས་པའི་ལས་འགན་ཡོད། ཚེས་ ༥ ཉིན་གྱི་དགོང་མོར་མི་མང་གི་ཀུ་སྒྲ་དང་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་རང་ལོ་ ༡༧ ཡིན་པའི་སིད་སིའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལ་ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་མཇུག་མཐའི་རྒྱལ་ཁ་ཐོབ་པ་དེས། ངའི་བཅར་འདྲི་བྱེད་པའི་ལས་འགན་ཡང་ཐད་ཀར་ཁོ་མོ་དང་འབྲེལ་བ་ཆགས། ཧ་ཅང་སྟབས་ལེགས་པ་ཞིག་ལ་ཕྱི་ཚེས་ ༦ དགོང་མོར་བོད་གཞུང་ཟློས་གར་ཁང་དུ་ཕ་སྐད་གཙང་མའི་སྤྲོ་ཚོགས་ཟེར་བ་འཚོག་པ་དང་། ང་སྤྲོ་ཚོགས་དེ་ནས་ཕྱི་རང་ཁྱིམ་དུ་ལོག་སྐབས། ལམ་བར་དུ་ཟློས་གར་ལམ་གྱི་སྤུན་བཞིའི་ཟ་ཁང་གི་འཁྲིས་སུ་བོད་ཀྱི་མཛངས་མ་གསར་བ་མཉམ་དུ་མི་སྣ་རེ་ཟུང་གིས་པར་རྒྱག་པ་དང་འཕྲད་པས། ངས་ཁོ་མོར་ང་གསར་འགོད་པ་ཞིག་ཡིན་པར་མ་ཟད། ཁྱེད་ཉིད་དང་བཅར་འདྲི་བྱ་འདོད་ཡོད་པས་ཁ་པར་ཨང་གྲངས་སྤྲད་ན་འགྲིག་གམ་ཞེས་དྲིས་པར། ཁོང་མོས་ཀ་ཀོར་མེད་པར་ལམ་སང་ཁ་པར་ཨང་གྲངས་སྤྲད། ཡིན་ནའང་། སང་ཉིན་ཡོང་གི་མ་རེད། གནངས་ཉིན་ཁ་པར་གཏོང་རོགས་ཟེར།
དེ་ལྟར་ངས་ཁོ་མོར་ཕྱི་ཚེས་ ༧ དགོང་མོའི་ཆུ་ཚོད་ ༩ ཡས་མས་ཤིག་ལ་ཁ་པར་བཏང་སྟེ། བཅར་འདྲིའི་དུས་ཚོད་སྐོར་དྲིས་སྐབས་དུས་ཚོད་གཏན་ཁེལ་བྱ་ཁག་པས་སང་ཉིན་ཁ་པར་ཐོངས་དང་ལྟ་ཟེར་བས། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ནས་ངས་ཁོ་མོར་ཁ་པར་གཏོང་མགོ་བརྩམས། ལྷག་པར་དུ་ཉིན་དེར་ངས་ཕ་སྐད་གཙང་མའི་སྤྲོ་ཚོགས་སྟེང་ཞུགས་པའི་ན་གཞོན་རྡུང་ལེན་པ་གདུགས་བྷེ་མཉམ་དུ་བཅར་འདྲི་བྱ་རྒྱུ་བྱས་ཡོད་སྟབས། དུས་མཉམ་དུ་མ་ཁེལ་རུང་ཉིན་གཅིག་ལ་ཁེལ་ན་ང་མེག་གྷན་དུ་ཐེངས་གཅིག་ལ་མ་གཏོགས་འགྲོ་མི་དགོས་པས། ངས་ཁོ་མོར་ཐེངས་མང་བོར་ཁ་པར་བཏང་རུང་འགྱོགས་མཁན་མ་བྱུང་། ངས་གདུགས་བྷེར་བཅར་འདྲི་བྱེད་དུས་ཕྱི་དྲོའི་ཆུ་ཚོད་ ༣ ཡིན་ལ། དེའི་གཞུག་ནས་ཀྱང་ང་མེག་གྷན་དུ་གང་འཚམ་བསྡད་དེ་ཁ་པར་བཏང་མོད། སྔར་ལྟར་ཡར་འགྱོགས་མཁན་མ་བྱུང་། ཕལ་ཆེར་ཉིན་དེར་ངས་ཁོ་མོར་ཁ་པར་ཉི་ཤུ་ནས་སུམ་བཅུ་ཙམ་བཏང་ཡོད། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་ང་འུ་ཐུག་སྟེ་ཕྱིར་གངས་སྐྱིད་དུ་མི་ལོག་ག་མེད་བྱུང་། དེ་ནི་གསར་འགོད་པ་ཞིག་ས་གནས་ས་ཐོག་ཏུ་གསར་འགྱུར་ལས་རིགས་ཆེད་ཕྱིན་ཏེ། ལས་དོན་མ་འགྲུབ་པར་ངོ་ལུགས་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་བརྒྱུད་རིམ་ཞིག་ཀྱང་ཅི་ལ་མིན་ཨང་།
དགོང་མོ་དེའི་ཆུ་ཚོད་བརྒྱད་པ་ཡས་མས་ཤིག་ལ་ངས་བསྐྱར་དུ་ཁ་པར་ཞིག་གཏོང་སྐབས་ཁ་པར་ལས་སྐད་ཆ་བཤད་ཀྱིན་འདུག་པས་མཐུད་ཐུབ་ཀྱི་མི་འདུག ཕལ་ཆེར་ཆུ་ཚོད་དགུ་ཙམ་ལ་ཡང་བསྐྱར་གཏོང་སྐབས་ད་དུང་ཁ་པར་ལས་སྐད་ཆ་བཤད་ཀྱིན་འདུག སྐབས་དེར་ངས་བསམ་པར་ད་གཞི་ནས་བོད་ཀྱི་མཛངས་མར་ཁ་པར་འཕྲོད་སོང་བས། ཁོ་མོས་ཁ་པར་བཏང་ཚར་རྗེས་ངའི་ཁ་པར་བསླེབས་པ་རྟོགས་རྗེས་ཚུར་ཁ་པར་གཏོང་གི་རེད་བསམ། ཡིན་ནའང་། དུས་ཡུན་གང་འཚམ་ཞིག་གི་རྗེས་སུ་ད་དུང་ངའི་ཁ་པར་ལ་གྲགས་འགུལ་ཅི་ཡང་མ་བྱུང་བས། ང་སེམས་འཚིག་སྟེ་ཡང་བསྐྱར་ཁ་པར་ཞིག་བཏང་བས་ཁོ་མོས་ཁ་པར་བཀྱགས་བྱུང་། ངས་ཁོ་མོར་དེ་རིང་ཁ་པར་མང་བོ་བཏང་རུང་ལེན་མཁན་མ་བྱུང་། ང་ལ་བཅར་འདྲིའི་དུས་ཚོད་དེ་གཏན་ཁེལ་གནང་རོགས་ཞེས་བརྗོད་པར། ཁོ་མོས་དགོངས་དག དེ་རིང་ཨ་མ་དང་ཕུ་བོ་གཉིས་གཟུགས་གཞི་བདེ་མིན་གྱི་དབང་གིས་བྱུང་མ་སོང་། སང་ཉིན་ཁ་པར་ཐོངས་དང་འགྲིག་གི་རེད། ཡིན་ནའང་། དུས་ཚོད་གཏན་ཁེལ་བྱ་ཐུབ་ཀྱི་མི་འདུག་ཟེར། འགྲིག་གི་རེད་ཅེས་ལན་བཏབས་པ་ཡིན།
ཁ་སང་སྟེ་ཚེས་ ༩ ཉིན་ངའི་གྲོགས་པོ་ཞིག་ལ་རོགས་རམ་ཞིག་བྱེད་པའི་ཞོར་དུ་ཡིན་ཤག་གིས་མེག་གྷན་དུ་སོང་སྟེ་ཁ་པར་བཏང་བར་འགྱོགས་མཁན་མ་བྱུང་མོད། ཅུང་ཙམ་གྱི་རྗེས་ནས་འཕྲིན་ཐུང་ཞིག་འབྱོར་ཏེ། འུ་གཉིས་ཀྱིས་བཅར་འདྲི་སང་ཉིན་བྱས་ན་འགྲིག་གམ། (Can we do the interview tomorrow?) ཟེར་བས། དེའི་ལན་དུ་ངས་ང་བཅར་འདྲིའི་ཆེད་དུ་མེག་གྷན་དུ་སྔ་ས་ནས་འབྱོར་ཟིན་པ་ཡིན། ཡིན་ནའང་སྐྱོན་མི་འདུག ང་སང་ཉིན་བསྐྱར་དུ་ཡོང་། ཐུགས་རྗེ་གཟིགས། ཏན་ཏན་བཟོ་རོགས། ངས་རང་ཉིད་ཀྱི་ཆུ་ཚོད་མང་བོ་འཕྲོ་བརླག་གཏོང་འདོད་མི་འདུག འགྲིག་གམ། (I already came to Mcleod Ganj for the interview now. But it’s no matter I come again tomorrow. Make sure please. I don’t like waste my time any more. Okay?) ཞེས་ལན་བཏབས། ཁོ་མོས་བསྐྱར་དུ་ཏན་ཏན་ཡིན། སང་ཉིིན་ལེགས་པོ་ཡོང་གི་རེད། (Sure. Tomorrow will be fine.) ཟེར་བས། ངས་ཨོ་ཁེ་ (Okay) ཞེས་བརྗོད་པ་ཡིན།
ནང་དོན་དངོས།
ངའི་ཤག་རོགས་རྭ་རྒྱ་བློ་དབང་ལགས་ངྷ་ས་དང་ཁ་བྲལ་ཏེ་ཟླ་གཉིས་གསུམ་གྱི་རྗེས་ཏེ། ཁ་སང་ཕྱིར་ནང་དུ་འབྱོར་བས་མདང་དགོང་ངེད་གཉིས་དང་ངའི་ཡུལ་གྲོགས་ཨ་རིག་དཔལ་ལྡན། ཁྱིམ་མཚེས་འབྲོག་རུ་རྡོ་རྗེ་བཅས་ངེད་ཚོས་གླེང་མོལ་སྣ་ཚོགས་བྱས་ཏེ་མར་ཉལ་དུས་ཆུ་ཚོད་ ༣ རེད་ལ། ངས་དེའི་གཞུག་ནས་ཀྱང་བརྙན་འཕྲིན་ཟློས་གར་ལྟ་འཕྲོ་ཞིག་ཡོད་པ་དེར་བལྟས་ཏེ། ཆུ་ཚོད་ ༤ བར་ཕར་བསྲིངས་པས། ད་ནངས་ཕྱོགས་པའི་ཆུ་ཚུད་ ༡༠ སྟེང་གཞི་ནས་ཡར་ལངས་པ་ཡིན། ཞོགས་ཟས་ཟ་སྐབས་ཡང་བསྐྱར་བཅར་འདྲིའི་སྐོར་སེམས་ལ་དྲན་ཏེ་ཁ་པར་བཏང་བས། བསྟན་འཛིན་དབྱངས་སྐྱིད་ཀྱིས་ཁ་པར་ལས་དེ་རིང་འགྲིག་གི་རེད། ཟ་ཁང་དུ་ཡོང་ན་འགྲིག་གམ་ཟེར། ངས་འགྲིག་གི་རེད། ཟ་ཁང་གང་རེད་ཅེས་དྲིས་པར། ཅུང་ཙམ་སྒུག་དང་ཨ་མར་སྐད་ཆ་འདྲི་གི་ཡིན་ཟེར།
ཨ་མ་ཡིན་ས་རེད། སྐད་ཆའི་གདངས་ལས་བུད་མེད་རྒན་པ་ཞིག་གི་སྐད་ཐོས་ཡོང་། ཁོ་མོས་ཁ་པར་ལས་བཤད་དོན། ཁྱོད་ཀྱིས་གསར་ཁང་གང་གི་ཆེད་དུ་བཅར་འདྲི་བྱ་རྒྱུ་ཡིན་ཟེར། ངས་སྤྱི་ཚོགས་མེ་ལོང་གི་ཆེད་དུ་ཡིན་ཞེས་སྤྱི་ཚོགས་མེ་ལོང་གི་མིང་ནས་ཐེངས་འགར་བོས་ཀྱང་ཕ་རོལ་ནས་སྤྱི་ཚོགས་མེ་ལོང་གི་དོན་གོ་བ་ཕར་ཞོག ཀློག་སྟངས་ཀྱང་ཡ་མཚན་ཞིག་ཀློག་གིན་འདུག་ཀྱང་། ངས་དེ་ལྟར་ཁ་གསལ་བོ་བཟོ་ཅི་ཐུབ་བྱས། དེ་ནས་ལས་ཁུངས་ཀྱི་ཁ་པར་ཨང་ (telephone) སྤྲོད་ཟེར། ག་རེ་བྱས་ནས་ཞུས་པས། ཁྱོད་ཀྱིས་མདང་དགོང་མཚན་གྱི་ཆུ་ཚོད་ ༡༢ དང་སྐར་མ་ ༣༠ ཡས་མས་སུ་ངེད་ཀྱི་བུ་མོར་ཁ་པར་བཏང་སྟབས་ཡིན་ཟེར། ངས་བཏང་མེད་ཅེས་པར་ཁྱོད་རང་རེད། ནོར་མེད་ཟེར།
ངས་ཡང་དང་བསྐྱར་དུ་དེ་ལྟར་མ་གསུངས། མདང་དགོང་ང་གྲོགས་པོ་ཚོ་དང་མཉམ་དུ་ཡོད། ཁོང་ཚོས་བདེན་དཔང་བྱེད་ཐུབ། ང་ལ་ནི་མཚན་དཀྱིལ་དུ་ཁྱེད་ཀྱི་བུ་མོར་ཁ་པར་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མེད་ཅེས་ཞུས་མོད། ཕར་ཕྱོགས་ནས་ངས་ཁ་པར་བཏང་བ་རང་ངོས་འཛིན་གྱིས་ང་གསར་འགོད་པ་ཡིན་མིན་སོགས་རྩད་གཅོད་བྱ་གི་ཡིན་ཟེར། ངས་དེས་ན་ཆོག་གི ང་ཡར་བསླེབ་རྗེས་ངས་ལག་ཁྱེར་བསྟན་ཆོག ཡང་ངའི་མིང་བརྗོད་དེ་ཁྱོད་ཚོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལ་དྲིས་དང་ཁོང་གི་ང་ངོ་མཁྱེན་གི་རེད་ ༼ ཉིན་འདི་འགའི་ཁོང་ཚོའི་འབྲེལ་ལམ་གྱི་དབང་གིས་དེ་ལྟར་ཞུས་པ་ཡིན། ༽ ཅེས་ཀྱང་ཞུས་ཀྱང་། ཚུར་ཁྱོད་ཀྱིས་ཁ་པར་ཐོངས་ཟེར་ནས་བཙན་བཀའ་འདྲ་ཞིག་བཏང་ཡོང་། ངས་མུ་མཐུད་དེ་ཁ་པར་གཏོང་མཁན་དེ་ཕལ་ཆེར་ཁྱེད་ཅག་ནོར་བ་ཡིན་འགྲོ གཅིག་ནས་ང་གསར་འགོད་པ་ཞིག་ཡིན་དུས་ངས་རང་གི་ཀུན་སྤྱོད་ཤེས་ཀི་རེད། གཉིས་ནས་མ་གཞི་ངས་ཆང་མི་འཐུང་བའི་ཐོག མདང་དགོང་ཆང་འཐུང་མེད་སྟབས་ངས་ཁྱེད་ཀྱི་བུ་མོར་མཚན་དཀྱིལ་དུ་ཁ་པར་བཏང་མིན་ལ་རང་ཉིད་ལ་གསལ་བས། ཐུགས་བསམ་བཞེས་རོགས་ཞུས་ནའང་། ད་དུང་ཚུར་ངར་ཡོང་གི་འདུག མ་བཟང་ཚུལ་ཞིག་ཀྱང་བཤད་ཡོང་།
དེ་ལྟར་ཡར་བཤད་མར་བཤད་འགའ་བྱས་པས་ང་ཡང་ཁོང་ཁྲོ་ལངས་བྱུང་། ངའི་སྐད་མགོ་ཡང་ཇེ་མཐོར་བཏང་བ་ཡིན། དེ་ནི་རང་སེམས་ན་སྡིག་པ་མེད་ན་ཕྱི་མར་འཇིགས་དོན་མེད་པས་ཡིན། ངས་འདི་ལྟར་བརྗོད། དོན་ངོ་མར་ཁྱོད་ཚོའི་བུ་མོར་བཅར་འདྲི་བྱེད་འཇུག་གི་ཡིན་ནམ་མིན། མིན་ན་མིན་ལོབས་དང་དེ་གས་འཐུས་ཡོད། འདས་པའི་ལོ་འདི་འགར་བོད་ཀྱི་མཛངས་མ་གཞན་ཚོར་ཡང་བཅར་འདྲི་བྱས་པ་ཡིན་མོད། ཁྱོད་ཚོའི་བུ་མོ་ནང་བཞིན་གྱི་རྒྱས་པ་ཞིག་དང་ངའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་མཁན་ཞིག་མ་བྱུང་། ག་རེ་ཡིན་པའི་ཁུལ་རེད། ད་དུང་ཚུར་གཞི་མེད་བསྙོན་འཛུགས་འདྲ་ཞིག་བྱས། ཅི་ཞིག་བསམ་གྱིན་འདུག
ཁྱོད་ཀྱི་ཁ་པར་ཨང་གྲངས་ལ་གསལ་བོ་བྱས་ནས་ལྟོས་དང་ངའི་ཁ་པར་ཨང་གྲངས་རེད་དམ་ཞེས་རྟིང་འདྲི་བྱས་པས། ཁྱོད་ཀྱི་ཁ་པར་ཨང་གྲངས་མ་རེད། ཡིན་ནའང་། ཁྱོད་ཀྱི་སྐད་རེད་ཟེར། ཁ་པར་ཨང་གྲངས་ངའི་མིན་ན་ངྷ་སར་ངའི་སྐད་ ༼ དབུས་སྐད་ཨམ་གདངས་ཅན་ལ་གོ་དགོས་པ་མིན་འགྲོ། ༽ འདྲ་བོ་ཅན་གྱིས་ཁེངས་ཡོད་སྟབས། ང་རེད་ཟེར་བ་ཧམ་བཤད་རང་རེད། ཅེས་བརྗོད་པར་མ་ཟད། ངས་ཁྱེད་ཚང་གི་བུ་མོར་འདི་ལོའི་མཛངས་མའི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་བ་དང་ལས་ཀའི་ཆེད་དུ་སོགས་ཀུན་སློང་ཡག་པོ་ཞིག་ལས་ཁྱེད་ཚང་གི་བུ་མོར་བཅར་འདྲི་མ་བྱས་པས་ང་ལ་དཀའ་ངལ་གང་ཡང་མི་འབྱུང་ཚུལ་སོགས་ཀྱང་བརྗོད། བར་གླགས་དེར་ཁོ་མོ་ཅུང་ཇེ་གཉོམ་དུ་སོང་ཞིང་ཚུར་ལ་ང་ལ་ཁྱོད་ངར་དགོས་པ་མ་རེད་ཟེར་མོད། དེའི་ལན་ཏུ་ངས་ངར་དང་ངར། ཁྱོད་ཀྱིས་གཞི་མེད་བསྙོན་འཛུགས་བྱས་སྟབས་ཡིན། ངས་རང་གི་ག་རེ་བྱས་མིན་ང་རང་ཉིད་ལ་གསལ་བས་ངས་གཞི་མེད་བསྙོན་འཛུགས་འཁུར་དགོས་དོན་མེད་སོགས་བརྗོད་པས། ལན་འདེབས་རྒྱུ་མེད་པར་ཁ་པར་སྒོ་གཏད་སོང་།
ང་གཞི་ནས་ལྷོད་ལ་བབས། ངས་བསམ་བློ་བཏང་། ངས་ད་དུང་ཅིའི་ཕྱིར་འདི་ལོའི་བོད་ཀྱི་མཛངས་མར་བཅར་འདྲི་བྱ་དགོས་པའི་ཐད་དུ་བསམ་བློ་བཏང་། བོད་ཀྱི་མཛངས་མའི་ཕྱི་གླིང་གི་འགན་འཁྲིའི་འདུ་ཤེས་དང་མི་གཞིའི་རྩིས་ཐང་མེད་པའི་རང་གཤིས་དེར་བསམ་བློ་བཏང་། མཇུག་མཐར། ངས་བོད་གཞིས་ཀྱི་བུ་མོ་ཁྲི་མ་འབུམ་དང་བཙན་བྱོལ་གྱི་བརྒྱ་ཚོགས་སྟོང་འདུས་ཀྱི་ཁྲོད་ནས། མིང་སྐམ་ཙམ་ཐོགས་པའི་ཁོ་མོར་བཅར་འདྲི་བྱེད་མ་ཐུབ་ཀྱང་འགྱོད་པ་ཅི་ལ་ཡོད། ང་ལ་ད་དུང་གཞི་རིམ་དང་མང་ཚོགས་དཀྱུས་མའི་ཁྲོད་ན་མཛེས་མ་དང་མཛངས་མའི་ཁྱད་ཆོས་གཉིས་ལྡན་གྱི་བུད་མེད་མང་བོར་བཅར་འདྲིའི་གོ་སྐབས་མེད་པར་ལྷག་ཡོད་པ་དྲན་ཏེ། ཁོ་མོ་དང་བཅར་འདྲི་མི་བྱ་རྒྱུའི་སེམས་ཐག་བཅད་དོ། །
༢༠༡༡ ལོའི་ཟླ་ ༦ ཚེས་ ༡༠ ཉིན།
གསང་བ་གཞན་ཞིག
ཁ་སང་དེ་རིང་གངས་སྐྱིད་ནས་བསྡད་དེ་མེག་གྷན་དུ་ཉན་ན། འདི་ལོའི་བོད་ཀྱི་མཛངས་མའི་སྐོར་ནས་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་གོ་ཡོང་གི་འདུག ལྷག་པར་དུ་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ལུགས་མཐུན་ཞིག་བྱུང་མེད་སྐོར་མང་མང་གིས་རྗོད་ཀྱིན་འདུག ཇི་ལྟར་བཤད་རུང་བར་གླགས་འདི་རུ་སུས་ཀྱང་མ་རྟོགས་པའི་གསང་བ་གཞན་ཞིག་སྦས་འདུག ངས་མེག་གྷན་གྱི་བོད་ཀྱི་མཛངས་མའི་འགྲན་ཞུགས་པ་བསྟན་འཛིན་བཟང་མོར་ཁ་པར་བཏང་སྟེ་དོན་དག་དེ་ལྟ་བུ་ཞིག་བྱུང་ཡོད་མེད་དྲིས། ཁོ་མོས་བདེན་པ་རེད། ཁོ་མོ་དང་ཨོ་སི་ཊི་ལི་ཡའི་བུ་མོ་དངོས་གྲུབ་སྒྲོལ་མ་གཉིས་ཀྱིས་དེའི་སྐོར་རྩད་གཅོད་བྱས་ཀྱང་། བློ་བཟང་དབང་རྒྱལ་གྱིས་འདི་ལོའི་བོད་ཀྱི་མཛངས་མ་རྣམས་ལ་དཔྱད་འདེམས་པ་རྣམས་ཀྱིས་བྱིན་པའི་ཐོབ་སྐར་དག་བོར་སོང་ཟེར་གྱིན་འདུག ད་ལྟའི་ཆར་ད་དུང་ཁ་གསལ་བོ་གང་ཡང་ཆགས་མེད། ཉོག་གླེང་འགྲོ་བཞིན་པ་རེད་ཟེར།
སྐབས་འདིར་ངས་ཕྱིར་འདང་ཞིག་བརྒྱབ་ན། བསྟན་འཛིན་དབྱངས་སྐྱིད་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པའི་དགོང་མོ་དེ་ནས་བཟུང་མི་མང་གིས་ལབ་གླེང་སྣ་ཚོགས་མགོ་བརྩམས་འདུག དཔེར་ན། མང་མང་གིས་བསྟན་འཛིན་དབྱངས་སྐྱིད་ཡིན་སྟངས་མི་འདུག དངོས་གྲུབ་སྒྲོལ་མ་དང་བསྟན་འཛིན་མཁས་ཆོས་གཉིས་ཀྱི་གཅིག་རེད་ཟེར་ལ། འདི་ལོའི་མཛངས་མ་བོད་མོ་དངོས་ཡིན་མིན་ལ་དོགས་གཞི་བྱེད་པ་སོགས་རེད། ད་དུང་ངྷ་སའི་བུ་མོ་དེར་གང་ཡང་མ་རེག་པ་ཅིའི་ཕྱིར་ཡིན་ནམ། ཁྱད་ཆོས་མང་བོ་ཚང་འདུག་ལྟ་བུའོ། །
༢༠༡༡ ལོའི་ཟླ་ ༦ ༡༢ ཉིན།
ད་མི་འདི་ཚོས་ག་རེ་ལབ་ཀྱི་ཡོད་པ་རེད། ང་དང་ཞེས་ལབ་སྟངས་ལ་ལྟོས་ན་དགོད་མི་བྲོ་འམ། ཁྱེད་ད་སུ་རེད།
གླེང་སྙོག་དེའང་བཅར་འདྲི་དང་ལེན་བྱས་མེད་པས་བཤད་པ་ཡིན་མདོག་མདོག་ཅིག་ལ། དངོས་གནས་སྙིང་རྗེ་བ་རང་རེད། དངོས་ཡོད་གནས་ཚུལ་དང་རིག་པའི་གཞུང་ལུགས་གང་ནས་བཤད་ཀྱང་། ཁྱེད་ཁུངས་མེད་གསར་འགོད་པ་ཡིན་ཟེར་མཁན ཞིག་ལ་བཅའ་འདྲི་སྤྲོད་ཀྱི་རེད་དམ། རང་མདོག་མ་བསྟན་ན་དགའ་ནི་རེད།
ཁ་བ་ཅན་དུ་རྒྱ་མ་བོད།
བལ་པོའི་ཡུལ་ན་་ཁ་ཙ་ར།
དེ་བཞིན་རྒྱ་གར་ཁམས་པ་སོགས།
མེས་པོས་མིང་རྟགས་ཟུར་འདོན་བྱས།
འོ་ན་མགོ་སེར་བོད་མོ་འབྲེལ་མ་ཡི།
བོདརིགས་གཙང་མ་མིན་པའི་རིགས་དེ་ལ།
ད་ཕན་དམིགས་བསལ་མིང་མེད་ཁྱོད་ཚོ་ཡིས།
དོན་མཐུན་མཚན་གསོལ་ཅིང་ཀྱང་གནང་བར་ཞུ།
བློ་བཟང་དབང་རྒྱལ་རྒྱ་གར་འདྲེས་དང་གཅིག
བསྟན་འཛིན་དབྱངས་སྐྱིད་མགོ་སེར་འདྲེས་དང་གཉིས།
ཨ་མས་ནོར་བས་ཁོ་གཉིས་ཁག་མེད་ཀྱང་།
བོད་ཀྱི་མཛངས་མའི་མཚན་གསོལ་ཡོང་ཐབས་མེད།
གསར་འགོད་དེས་ཞེ་འཁོན་སྙིང་བཅང་གི་སྐད་ཆ་འགའ་བཤད་འདུག་པ་དེ་ནི་གསར་པའི་ངོ་གདོང་ཆུ་ལ་སྐྱུར་བ་རང་རེད་། བོད་ཀྱི་མཛངས་པ་འདེམ་ཕྱོག་ལ་ལུགས་མཐུན་ཡིན་མིང་གང་ལྟར་ཡང་རྩོམས་དེའི་གོ་རིམ་ལས་གསར་འགོད་པ་དེས་ཁོང་འཁྲོ་བའི་སྐད་ཆ་འཇུག་འབྲས་ལ་བསམ་བློ་མ་གཏང་བ་ཞིག་བཤད་འདུག་པས་དེ་རིག་ལ་ཟབ་དགོས།
མ་གཞི་ནས་བོད་ཀྱི་མཛངས་མ་ཟེར་བ་ཁ་ཙམ་རེད། བོད་སྐད་བཤད་མི་ཤེས་པའི་བོད་པའི་མཛངས་མ་ཞིག་ཡོང་ཐུབ་ཐབས་བྲལ་བས་བཀོད་བསྒྲིགས་བྱེད་མཁན་དང་། མཉམ་ཞུགས་གནང་མཁན་ཚང་མ་དངུལ་ལོར་ཁ་ཤས་ཀྱིས་བསླུས་ཡོད་པས་བོད་པའི་རང་གཤིས་ངོ་མ་དེ་ཆུ་ལ་ཡུག་སོང་ལ། ཁྱིའི་ཁ་ཟས་ཙམ་གྱི་འདུ་ཤེས་ཀྱང་མི་འདུག་པ་དེ་ཡ་མཚན་རེད། དེའི་རིགས་དགོས་དོན་མེད་ལ་བལྟ་འདོད་ཀྱང་མེད། ཅི་བྱེད་ན་བྱེད་དུ་ཆུགས།
ཡ་ཨ་རིག་ བཅར་འདྲིའི་གོ་སྐབས་ཙམ་མ་ཐོབ་པར་ བློ་ཕམ་གྱིས་མི་ལ་ དཀྲོག་གཏམ་གླེང་རྙོག་མ་བཟོ ཁོང་ཚོ་ལ་ཡང་ཁག་མི་འདུག་ བུ་མོ་ལོ་ཆུང་ཞིག་ལ་ཁ་པར་ལན ༢༠་ ༣༠་ བཏང་ན་སུ་ཡིན་ན་ཡང་བསུན་སྣང་སྐྱེ་སྲིད་པ་རེད་ གསར་འགོད་པ་ཡིན་ན་ཡིན་པ་མ་བརྗེད་པ་དགོས་རེད།།
རང་གིས་རང་བསྐྱག
སྣང་བས་རིག་པ་བསྐྱག
སྐྱག་པས་རྐུབ་བསྐྱག
བུ་མོ་དྲུག་གི་ནང་ནས་མཛངས་མ་དང་མཛེས་མ་ཡིན་རྒྱུ་རེད།
མ་གཞི་ནས་བོད་པས་བོད་ཀྱི་གསར་འགོད་པ་ཚོར་སྣང་ཆུང་དང་ཁྱད་གསོད་བྱེད་སྲོལ་ཞིག་དབུ་བཀའ་བློན་ནས་ཞབས་ཆིབས་འཁོར་ཁ་ལོ་བ་ཡི་བར་དུ་ཁྱབ་ཡོད་པས་མོ་ལའང་ཁག་ཅི་ཡོད།
དེ་མིན་བཅར་འདྲི་བྱེད་ན་གང་ཡོད།
ཡ་ཨ་མའི་རིག་རྒོད་ཆོ་མེད་པའི་སྐད་ཆ་མ་ཤོད་དོན་དག་ཁྱོད་རང་གི་གཅར་འདྲི་དང་ལེན་མ་བྱས་པའི་ཞེ་འཁོན་གྱིས།
ཕ་རོལ་པོའི་མི་གཞི་ལ་སྨ་འབེབ་བྱེད་པ་ནི་བསམ་སྦྱོར་གཉིས་ཀ་མ་གཙང་བ་ཡིན་པས།
རྩོམ་པ་པོ་ཞིག་དང་གསར་འགོད་པ་ཞིག་ཡིན་ན་ངེས་པར་དུ་དེ་རིགས་སྤང་དགོས་ཡ།
ཨ་རིག་འགྱུར་མེད་ལགས། རྩོམ་འགོ་བཙུགས་དུས་སྐུ་ཉིད་ཀྱིས་སྐུ་ངལ་མང་པོ་བསྐྱོན་ནས་བཅའ་འདྲིའི་གོ་སྐབས་ལེན་ཐབས་གནང་བ་དེས་ཉིད་རང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ལས་དོན་ཐད་ནུས་ཤུགས་འདོན་མཁན་ཞིག་ཡིན་པའི་ཚོར་སྣང་སྟེར་བས་དགའ་སྣང་བྱུང། འོན་ཀྱང་རྩོམ་འཇུག་བསྡུ་སྟངས་དེས་ཉིད་ཀྱི་ཐུགས་ལ་མ་བདེ་བ་བྱུང་བ་དེས་གཞན་ལ་མཚན་སྨད་བྱེད་རྒྱུའི་ཐབས་ཤེས་འཐེན་མཁན་ཞིག་ཡིན་པའི་ཚོར་སྣང་སྦྱིན་པས་སྐྱོ་སྣང་བྱུང།
ངས་ཁྱེད་ལ་དྲི་བ་གཉིས་འདོན་རྒྱུ་ཡིན་པས་ངེས་པར་ལན་འདེབས་གནང་རོགས་གནང།
དང་པོ། གལ་སྲིད་མཛངས་པའི་འགྲན་བསྡུར་འདི་དྲང་བདེན་མ་བྱུང་བའི་རྒྱུ་མཚན་ཁ་གསལ་ཤོད་རྒྱུ་ཡོད་ན་གསལ་པོར་གསུངས་དགོས་པ་ལས། ཤོད་རྒྱུ་ཡོད་མདོག་མདོག་བྱས་ན་ཀློག་མཁན་རྣམས་ཀྱིས་སྐུ་ཉིད་ཀྱི་སྐྱོན་དུ་མཐོང་རྒྱུ་ལས་མ་མཆིས་པས། སྐྱོན་གནད་ཇི་ཡོད་གསལ་སྟོན་གནང་རོགས།
གཉིས་པ། འདི་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལ་ཁྱེད་ཀྱི་བལྟ་ཚུལ་གང་ཡོད་དམ། ཁྱེད་ཀྱིས་ཁོང་ ༢༠༡༡་བོད་ཀྱི་མཛངས་མར་ངོས་འཛིན་བྱེད་ཀྱི་ཡོད་དམ།
བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་རེད། དེ་ཡང་བརྒྱ་ཆ་དགུ་བཅུ་ནང་པ་རེད། ཕྱི་རྒྱལ་ལུང་པ་གང་དུ་བསྐྱོད་ཀྱང་བོད་མི་ཡོངས་སུ་རྫོགས་པའི་ནང་ཆོས་ཤེས་རྐྱང་བྱེད་བཞིན་འདུག དེས་ན་བོད་ཀྱི་མཛངས་མ་དེ་དག་གིས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ངེས་པར་དུ་ཤེས་ན་ཡག་པོ་འདུག རྗེས་སུ་བློ་བཟང་དབང་རྒྱལ་ལགས་སུ་ཞུ་བགྱི་སྐྱབས་འགྲོ་མ་ཤེས་ན་ནང་པའི་ཁྱད་ཆོས་ཙམ་ཡང་མ་ཤེས་པའི་གྲལ་དུ་བཞག་རོགས་ཞུ། སྟུ་གཅིག་པར་ལྟ་ན་འགྲིག་གི་མི་འདུག་དགོངས་དག ཅུང་ཞུ་ཐལ་ཆེ་སོང་།
མཛེས་མ་ལ་བྱ་དགའ་སྤྲོད་སྐབས་སུ་བློ་བཟང་དབང་རྒྱལ་གྱིས་འདི་ལྟར་གསུང་འདུག མོས་སུད་སེ་ལ་སྡད་སྐབས་དྭངས་བླངས་ཀྱི་སྒོ་ནས་བོད་དོན་ཁྱབ་བསྒྲགས་བྱས་ཡོད་ཚུལ་སོགས་བཤད་འདུག དེ་ནི་སྐབས་སུ་བབ་པའི་ལས་དོན་ལ་བསམ་མནོ་བཏང་དགོས་པ་ལས། སྔ་ཕྱི་མང་པོའི་ལས་ཀར་བྱས་རྗེས་སྤྲད་ན། མཛངས་མའི་རྒྱལ་ཁ་ག་ལ་ཡིན། དེ་ཡིན་ན་བོད་དོན་བྱ་དགའ་ཟེར་ན་ཆཽག དགའ་ཕྱོགས་དང་དགྲ་ཕྱོགས་གནང་ན་ཡག་པོ་མི་འདུག རྗེས་སུ་འདི་འདྲ་མི་ཡོང་བར་མཁྱེན།
ཤྭ་ལ་སོང་རྒྱབ་ཀི་མདའ་འཕེན། ཁྱི་རྗེས་རུས་སྟེང་གི་ངུ་ཟུག ཟེར་བ་དེ་རེད། གསར་འགོད་པ་ཨ་རིག་གིས་གསར་འགོད་པ་ཞིག་འགན་གཏན་ནས་ཁུར་ཐུབ་མི་འདུག ། དང་པོ་ནས་ང་དང་ཞེས་རང་འདོད་གཙོ་བོ་བཤད་དང་ཁྱོད་དང་བུ་མོ་དེ་གཉིས་མ་དགའ་བ་ཙམ་གྱིས་ཁྱབ་བསྒྲགས་ངན་པ་འདི་འདྲ་བྱས་ན་རང་རྐུབ་བསྟན་པ་ལས་མཛེས་མ་བསྟན་འཛིན་ལ་གང་ཡང་མི་གནོད་པ་མ་ཟད་བསྟོད་པ་རང་རེད། ད་ལྟ་འཛམ་གླིང་བོད་ཀྱི་མཛེས་མའི་དབུ་རྒྱན་དང་སྙན་གྲགས་ལ་ལྟོས་དང། ཧ་གོ་ནི་རེད། མ་ཚད་ཁྱོད་ཀྱིས་ད་སྔོན་གསར་འགོད་སྐབས་ཆོས་ལུགས་དང་ཆོལ་ཁ་ཕྱོགས་ཞེན་འདི་དང་འདི་འདྲའི་རིགས་ག་ཚོད་བྱས་ཡོད། དང་པོ་རང་ངོ་འདངས་ཡག་པོ་རྒྱོབས། གྲྭ་ལོག་ཁྱོད་ཚོ་ལས་མཐའ་ལོག་ནས་གཞན་ལ་ཁ་འདྲ་གཏོང་བསྡད་པ་དེ་གཏན་ནས་ཡག་པོ་མ་རེད། ཁྱོད་རང་ལ་བུད་མེད་ཡོད་བཞིན་བོད་ཀྱི་མཛེས་མ་བསྟན་འཛིན་ལ་ཉི་མ་རེ་ཁ་སྤར་ཡང་ཡང་སུམ་ཅུ་བཞི་བཅུ་གཏོང་ན་བོད་ཀྱི་ན་ཆུང་གི་བུ་མོ་མི་དགོས་སུ་གཅིག་གི་ལན་བྱ་རྒྱུ་མ་རེད། །རང་རྣ་རང་འུར་མ་བྱས་ན་དགའ་ནི་རེད་ལོ་ལོ།
གྲོགས་པོ་ཚོ། ད་བྱས་དུས་མཇུག་གི་སྣོན་འཕྲི་ཆུང་ངུ་དེ་བྲིས་པས་ཁྱེད་ཚོར་ཕོག་ཐུག་ཆེན་པོ་སོང་འདུག་པ་འདྲ། རེད། དེ་གཅིག་བྱས་ན་དགོས་མེད་ཡིན་ཐོག དོན་ངོ་མའི་གླེང་ཉོག་ཡིན་ཡང་སྲིད་པ་རེད། དེ་བས་ཀྱང་རྩོམ་ཐུང་འདིའི་བསྟན་དོན་ཧྲིལ་བོ་བཅར་འདྲི་ཞིག་གི་གོ་སྐབས་མ་རེག་པ་དེ་བསྟན་འདོད་པར་མ་ཟད། ད་དུང་མི་ངོ་མི་ཟིན་པར་ཚུར་གཞི་མེད་སྙོན་འཛུགས་བྱེད་མཁན་གྱི་ཨ་མའི་རང་གཤིས་དེ་བསྟན་འདོད་པ་ཡིན་ཡང་། མཇུག་གི་སྣོན་འཕྲི་དེས་བརླག་འདུག དེ་ངས་རང་ངོ་རང་གིས་ཤེས་ཡོད།
ཡིན་ནའང་། མཇུག་གི་སྣོན་འཕྲིའི་སྐོར་ནས་དེང་སྐབས་ངྷ་སའི་མི་ཡིན་ཚད་ཀྱིས་གླེང་གིན་འདུག ང་ལའང་ཁ་གསལ་བོ་བྱས་ནས་བརྗོད་ན་འདི་རེད་ཟེར་རྒྱུ་ཞིག་མེད་མོད། གླེང་ཉོག་ད་དུང་ཡོད་བཞིན་པ་རེད། ལྷག་པར་གླེང་ཉོག་དེའི་སྐོར་ལ་ཉན་ན་གོ་སྒྲིག་པ་དང་འགྲན་ཞུགས་པ་གཉིས་ལ་ས་མཚམས་ཤིག་དབྱེ་དགོས་ཀྱི་འདུག ཇི་ལྟར་ཞེ་ན་དེང་སྐབས་མང་མང་གིས་གོ་སྒྲིག་པས་བྱེད་སྟངས་ཤུགས་ཆེར་གླེང་གིན་འདུག དེ་ཡང་ཇེ་གསལ་དུ་བཏང་ན་གོ་སྒྲིག་པས་ལྐོག་ཇུས་ཤིག་གིས་ད་ཐེངས་ཀྱི་གླེང་ཉོག་འདི་བྱུང་སྐོར་གླེང་གིན་འདུག
རྒྱུ་མཚན་དེ་ལྟར་ཡིན་པས། མཇུག་གི་སྣོན་འཕྲི་དེའི་སྐོར་ནས་ཀློག་མཁན་དང་འབྲེལ་ཡོད་སུ་ཡིན་རུང་དགོངས་དག་ཞུས་ཆོག ཡིན་ནའང་། འདིའི་སྐོར་ནས་ད་དུང་གཞི་ནས་ཁ་གསལ་བོ་ཆགས་རྒྱུ་རེད། ད་དུང་ཅུང་ཙམ་གུ་ཡངས་ཀྱིས་ཉན་རོགས།
དེ་མིན། ང་ལ་སྡིག་མཁན་ཚོར་ཇི་ལྟར་བསྡིགས་རུང་ཆོག དེ་ནི་ཁྱེད་ཅག་གིས་ངའི་བསམ་ཚུལ་ལ་ཉན་པ་དང་ངས་ཁྱེད་ཅག་གི་ཚོགས་གཏམ་ལ་ཉན་པའི་གོ་རིམ་དེ་ཡིན།
སྐྱག་དྲི་ག་རེ་ཁ་ཡི་འདུག་ཟེར་ན། བཅར་འདྲི་དང་ལེན་བྱས་ཡོད་ན་རྙོག་གླེང་དེའི་མེ་ལ་ཤིང་མི་སྣོན་ཐག་གཅོད་ཡིན་ས་རེད། གང་ལྟར་འདིའི་ཕུགས་ནས་ག་རེ་མཐོང་གི་འདུག་ལབ་ན། མི་ཞིག་གི་བསམ་བློའི་མེད་མུག་མཐོང་ཐུབ་ནི་རེད།
བུ་མོའི་ཨ་མ་ལ་ཐུགས་ཁག་གཏན་ནས་མི་འདུག བུ་མོའི་བོད་སྐད་ཐོག་ཏུ་ལན་རྒྱབ་ཐུབ་པའི་སྤོབས་པས་མ་འདངས་པའི་རེད། ཨ་མས་གཡོ་སྒྱུ་ཁྲབ་པ་རེད་འདུག ཨ་མ་དེ་ནི་སྤྱང་བ་ལ།
ཨ་རིག་འགྱུར་མེད་དང་ཐུག་མི་དགོས་པའི་རྒྱུ་རྐྱེན་གསུམ།
དང་པོ། བསྟན་འཛིན་དབྱངས་སྐྱིད་ཀྱིས་བོད་སྐད་ཡག་པོ་མི་ཤེས་པས་བོད་ཡིག་གསར་ཤོག་གི་གསར་འགོད་པར་གདོང་བསྟན་མ་ནུས་པ།
གཉིས་པ། བློ་བཟང་དབང་རྒྱལ་གྱི་ངན་བྱུས་ལ་བརྟེན་ནས་བསྟན་འཛིན་དབྱངས་སྐྱིད་ལ་༢༠༡༡་ལོའི་བོད་ཀྱི་མཛངས་མ་ཨང་དང་པོའི་བྱ་དགའ་ཐོབ་པ་དེ་གཞན་གྱིས་ཤེས་པར་བརྟེན་གསར་འགོད་པའི་མདུན་ལ་སྐད་ཆ་བཤད་རྒྱུའི་སྤོབས་པ་མེད་པ།
གསུམ་པ། ཨ་རིག་འགྱུར་མེད་ཀྱིས་༼འཁྲིག་གཏམ་དམར་རྗེན་མ་༽བརྩམས་པར་བརྟེན་བསྟན་འཛིན་དབྱངས་སྐྱིད་ཀྱི་ཨ་མ་ལགས་ཞེད་ནས་ཐུག་འཕྲད་བྱེད་མ་བཅུག་པ།
༄༅། །མི་ཚོས་བོད་ཀྱི་མཛངས་མ་ཟེར། ངས་འདི་ལ་བློ་བཟང་དབང་རྒྱལ་གྱི་འཚོ་རྟེན་ཞེས་བརྗོད་ཀྱི་ཡོད་ལ། བློ་བཟང་དབང་རྒྱལ་གྱི་དབྱར་ཚོང་དང་དགུན་ཚོང་ཞེས་ཀྱང་བརྗོད་ཀྱི་ཡོད། བོད་དང་བོད་མི། བོད་རིགས་བུད་མེད་ཚོར་ཕན་ཐོགས་མེད་པའི་ལས་འགུལ་འདི་ལྟ་བུར་ཞུགས་པའི་བོད་མོ་ཚོར་མི་གཤིས་མི་འདུག ཡིན་ན་ཡང་བློ་བཟང་དབང་རྒྱལ་གྱི་ཁ་གསོ་ཐབས་ཙམ་ལ་འགྲིག་འདུག བོད་མོ་ལས་ངན་འདི་ཚོ་སྙིང་རྗེ། བློ་བཟང་དབང་རྒྱལ་གྱི་སླུ་བྲིད་འོག་ལ་ཚུད་འདུག
༄༅། །མི་ཚོས་བོད་ཀྱི་མཛངས་མ་ཟེར། ངས་འདི་ལ་བློ་བཟང་དབང་རྒྱལ་གྱི་འཚོ་རྟེན་ཞེས་བརྗོད་ཀྱི་ཡོད་ལ། བློ་བཟང་དབང་རྒྱལ་གྱི་དབྱར་ཚོང་དང་དགུན་ཚོང་ཞེས་ཀྱང་བརྗོད་ཀྱི་ཡོད། བོད་དང་བོད་མི། བོད་རིགས་བུད་མེད་ཚོར་ཕན་ཐོགས་མེད་པའི་ལས་འགུལ་འདི་ལྟ་བུར་ཞུགས་པའི་བོད་མོ་ཚོར་མི་གཤིས་མི་འདུག ཡིན་ན་ཡང་བློ་བཟང་དབང་རྒྱལ་གྱི་ཁ་གསོ་ཐབས་ཙམ་ལ་འགྲིག་འདུག བོད་མོ་ལས་ངན་འདི་ཚོ་སྙིང་རྗེ། བློ་བཟང་དབང་རྒྱལ་གྱི་སླུ་བྲིད་འོག་ལ་ཚུད་འདུག
༄༅། །སྤྱིར་བཏང་བོད་མི་ཞིག་ཡིན་པའི་ཆ་ནས་ཨ་མ་དེའམ་བུ་མོ་དེས་གསར་འགྱུར་བའི་བཅར་འདྲི་ངེས་པར་དུ་ཁས་ལེན་དགོས་པ་རེད། རྒྱུ་མཚན་ནི། རང་གི་སྐད་ཡིག་གི་གསར་འགྱུར་ཁག་ནི་རང་རིགས་ལ་མཚོན་ན་ཧ་ཅང་མེད་དུ་མི་རུང་བ་ཞིག་ཡིན་པས་རེད། ཡིན་ན་ཡང་བྱེད་སྟངས་དེར་བལྟས་ན་ཁོ་གཉིས་ལ་དངུལ་དངོས་ཀྱི་སྤོབས་པ་ལས། དམངས་གཙོ་དང་རང་རེའི་གསར་འགྱུར་སྡེ་ཚན་ལ་བརྩི་བཀུར་ཞུ་བའི་འདུན་པ་མེད་པར་མཚོན། ཡང་དེས་ཅི་ཞིག་མཚོན་པ་རེད་ཟེར་ན། རང་གི་མི་རིགས་དང་རིག་གཞུང་ལ་བརྩི་བཀུར་མེད་པ་གསལ་པོར་བསྟན་པས། སྔར་སུད་སི་ནས་བོད་དོན་བྱས་རབས་དེ་ཡང་དྭོགས་གཞི་ཆེ་རུ་གྱུར་སོང་། མ་རེད་དམ། ངས་བལྟས་ན་ཨ་རིག་འགྱུར་མེད་ལ་སྐྱོན་ཅི་ཡང་མི་འདུག གསར་འགོད་པ་ཞིག་གི་ངོས་ནས་དང་པོ་བཅར་འདྲི་བྱ་ཡུལ་དེར་དུས་ཚོད་བཟོ་དགོས་པར་མ་ཟད། དུས་ཚོད་ཀྱང་བཅར་འདྲི་བྱ་ཡུལ་གྱི་ཁོམ་ལོང་དང་བསྟུན་ནས་བཟོ་དགོས་པས། གསར་འགོད་པས་འགྲིག་འདུག བཅར་འདྲི་བྱ་ཡུལ་དེས་འགྲིག་མི་འདུག་ཅེས་བརྗོད་པར་འདོད་དོ།།
ངའི་དང་ཐོག་ཁ་བརྡ་ཚང་ལ་གནས་ཚང་གཡར་བ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ངས་ཀྱང་ཨ་རིག་འགྱུར་མེད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་བཅར་འདྲི་དང་ལེན་བྱེད་འདོད་མེད་ན་དང་པོ་ནས་མེད་ལབ་ན་འགྲིག་པ་རེད། འོན་ཀྱང་སང་ཉིན་ཤོག་གནང་ཉིན་ཤོག་ཞེས་གསར་འགོད་པའི་དུས་ཚོད་མང་པོ་འཕྲོ་བརླག་གཏོང་བ་ནི། ཤིན་ཏུ་མ་འོས་པ་ཞིག་དང་འགན་མ་ཁུར་བ་ཞིག་རེད། མི་ལ་མགོ་བསྐོར་གཏོང་བ་དེའི་སྟེངས་ནས་མི་གཞི་མེད་པ་ཡང་བསྟན་འདུག
ངས་ཀྱང་ཨ་རིག་འགྱུར་མེད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བཅར་འདྲི་དང་ལེན་བྱེད་འདོད་མེད་ན་དང་པོ་ནས་མེད་ལབ་ན་འགྲིག་པ་རེད། འོན་ཀྱང་སང་ཉིན་ཤོག་གནང་ཉིན་ཤོག་ཞེས་གསར་འགོད་པའི་དུས་ཚོད་མང་པོ་འཕྲོ་བརླག་གཏོང་བ་ནི། ཤིན་ཏུ་མ་འོས་པ་ཞིག་དང་འགན་མ་ཁུར་བ་ཞིག་རེད། མི་ལ་མགོ་བསྐོར་གཏོང་བ་དེའི་སྟེངས་ནས་མི་གཞི་མེད་པ་ཡང་བསྟན་འདུག
ཨ་རིག་ཁྱེད་རང་གིས་མོ་ལ་བཅར་འདྲི་མི་བྱེད་རྒྱུར་ཐག་བཅད་པ་དེ་ཁྱེད་རང་གི་འདོད་པ་རེད་མོད། བཅར་མ་བྱས་པའང་བྱེད་རྒྱུ་མ་རག་པའི་འདི་ལོའི་མཛངས་མར་སྐྱོན་ཞིག་འཛུགས་རྒྱུའི་འཆར་གཞི་བཞག་པ་འདི་ཞེ་མེར་ལང་དགོས་པ་ཞིག་རེད། སྒེར་གྱི་ན་ཚ་མངོན་གསལ་དོད་པོ་རེད་འདུག དགའ་བསུ་མེད་དོ།།
གསར་འགོད་པ་ཞིག་ཡིན་ན་ཐོག་མར་རང་ཉིད་ཀྱི་བཅར་འདྲི་བྱེད་རྒྱུ་དེ་རང་གི་ལས་འགན་རེད། ཡིན་ཡང་བཅའ་འདྲི་ཞུ་ཡུལ་དེས་དངས་ལེན་བྱེད་མིན་རང་ཉིད་ཀྱི་ཐོབ་ཐང་རེད། ད་ལོའི་བོད་ཀྱི་འཛངས་མ་ཟེར་པ་གླེང་རྙོག་འདྲ་མིན་ཞིག་སླེབ་བཞིན་ཡོད་པར་མ་ཟད་དེ་ཕ་ཡང་ཕྱི་རྒྱལ་མགོ་སེར་ཞིག་ཡིན་རབས་བརྗོད་ཀྱི་འདུག་དེ་འདྲ་ཡིན་ན་དབང་རྒྱལ་དང་དམིགས་གསལ་འབྲེལ་པ་ཞིག་ཡོད་པར་གསལ་པོ་རེད། བུ་མོ་རང་ཉིད་ཀྱི་ཨ་མས་ཡང་སྐད་ཆ་བཤད་སྟངས་སོགས་ལ་ལྟས་ན་ཕྱི་རྒྱལ་ཞིག་དང་མཉམ་དུ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་གསལ་བོ་རེད། ཨ་རིག་ཕོ་རྒོད་ལགས་དེ་འདྲ་བློ་ཕམ་སྐྱེ་དགོས་པ་ཞིག་མ་རེད།
ཨ་རིག་འགྱུར་མེད་ཀྱི་རྩོམ་ཡིག་སྤེལ་བཏང་ལས་དོགས་པ་ཞིག་བྱུང་བས། ངས་ཨ་རིག་གིས་གང་བཤད་ལ་ཡིད་ཆེས་མེད། རྒྱུ་མཚན་ཨ་རིག་གིས་རྩོམ་ཡིག་སྤེལ་བ་དེའི་རྒྱབ་ལྗོངས་སྐྱོ་ལྷང་ལྷང་ཞིག་ལས་མི་འདུག
མོས་ཨང་དང་པོ་ཐོབ་པ་ལ་ང་ཚོས་དེ་ཙམ་གླེང་སློང་ཆེ་རུ་བྱེད་དགོས་མི་འདུག
བུ་མོ་དྲུག་གི་ནང་ནས་རེད། མཛེས་མའི་ཚོགས་ཤིག་ཡིན་ན་ཨའུ་ཙམ།
དེ་ཡང་མ་རེད།
གལ་ཆེ་ཤས་དེ་ཕྱོགས་ཞན་ཆགས་སྡང་གིས་ཁ་དམག་མ་བྱེད་རོགས་ཞུ།
བུ་མོ་དེ་དང་ཐོག་ནས་བོད་པའི་བུ་མོ་ཞིག་ཨེ་ཡིན་བསམ་བྱུང་། ཁ་སྣ་གང་ལ་བལྟས་ཀྱང་བོད་མོ་ཞིག་ཁྱོན་ནས་འདྲ་གི་མི་འདུག དབྱིན་ཇི་མི་གསོན་པོ་ཟ་འགྲོ་མཁན་དེ་འདྲའི་གྲས་གཅིག་རེད་འདུག་བསམ་བྱུང་། ད་ཡིན་ན་ཏན་ཏན་གསལ་པོ་ཆགས་ས་རེད།
ཨ་རིག་འགྱུར་མེད་ཀྱིས་བརྗོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་བཅར་འདྲི་དང་ལེན་བྱས་དང་མ་བྱས་ལ་ཁྱད་པར་གང་ཡང་མི་འདུག་མོད། དངོས་གནས་ད་ལོའི་མཛངས་མའམ། མཛེས་མའི་འགྲན་བསྡུར་ལ་རྙོག་གྲ་ཞིག་བྱུང་བ་བདེན་པ་རེད་འདུག དེའི་སྐོར་གོང་དུ་བརྗོད་པ་ནང་བཞིན་དཔྱད་འདེམས་པས་སྐར་མ་མང་ཤོས་དངོས་གྲུབ་སྒྲོལ་མ་ལ་སྤྲད་ཀྱང་། སྡིངས་ཆའི་ཐོག་ནས་བློ་བཟང་དབང་རྒྱལ་གྱིས་དེ་ཀློག་མ་སོང་ཞེས། དཔྱད་འདེམས་པ་ཞིག་གིས་མཛངས་མ་ཞིག་ལ་བརྗོད་འདུག གང་ལྟར་མཛངས་མའི་འགྲན་བསྡུར་འདི་དྲང་བདེན་ཞིག་བྱུང་ཡོད་མེད་དངོས་གནས་དོགས་པ་ཞིག་ཡོད་ངེས་རེད། ཨ་རིག་འགྱུར་མེད་ཀྱིས་བཤད་པའི་རྙོག་གྲ་བདེན་པ་ཡིན་ཚུལ་ངས་ཀྱང་ཐོས་སོང་། བཅར་འདྲི་དང་ལེན་མ་བྱས་པའི་སྐོར་སོགས་ང་ལ་བསམ་ཚུལ་གང་ཡང་མེད། བཅར་འདྲི་ཞུ་མཁན་གྱི་ངོས་ནས་ཞུ་ཆོག་པ་ཞིག་དང་། དོ་བདག་གི་ངོས་ནས་ཀྱང་དང་ལེན་བྱེད་དང་མི་བྱེད་རང་དབང་ཁོ་ན་རེད།
ངས་ང་ལ་བཅར་འདྲིའི་གོ་སྐབས་མ་གནང་བར་དེར་སྐད་ཤུགས་ཆེན་པོས་གང་ཡང་ཞུ་ཕོད་ཀྱི་མི་འདུག ཞུ་དགོས་པའི་གནས་ཀྱང་མཐོང་གི་མེད། ཡིན་ནའང་། གཅིག་ནས་ངའི་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་དང་གཉིས་ནས་བརྟག་དཔྱད་མེད་པར་ང་ལ་གཞི་མེད་བསྙོན་འཛུགས་བྱས་པ་དེས། ང་ལ་སྡོད་བཟོད་མེད་པ་བཟོས་པ་རེད། དེ་དོན་རྩོམ་ཡིག་ཏུ་གསལ་བས་འདི་ནས་བསྐྱར་འགྲེལ་ཡང་འགྲེལ་མང་བོ་མི་བྱེད་མོད། གཙོ་བོ་ཀློག་མཁན་སུ་ཡིན་རུང་རྩོམ་ཡིག་ཞིབ་ཀློག་བྱས་རྗེས་མཆན་རྒྱག་རྒྱུ་རེ་བ་ཡིན། རྩོམ་དོན་བོར་ནས་གང་ཡང་མི་གསུངས་པར་ཞུ་ཞུ།
དེ་རིང་ཕྱི་དྲ་ཁྱོད་ཡོང་ན་ཏག་ཏག་བསྟན་ནོར་ཟ་ཁང་གི་སྒོ་ན་ཇ་འཐུང་བཟིན་བསྡད་འདུག་ཡ།
ཨ་རིག་འགྱུར་མེད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ང་ཚོའི་བོད་མི་རིགས་ལ་ཤ་ཞེན་མེད་པ་དེ་གསལ་པོ་རེད། རང་མི་རིགས་ཀྱིས་གསར་འགོད་པ་ཞིག་ལ་མཐོང་ཆུང་དེ་འདྲ་ལ་ཨ་་་་་་་་་་་བློ་ཕམ་པ་ལ
བློ་བཟང་དབང་རྒྱལ་གྱིས་ཐ་ལ་ཐོ་ལེ་ལས་རྒྱུ་མང་ན་ལོ་རྗེས་མ་ནས་དཔྱད་འདེམས་པ་དང་། མཛེས་མའི་འགྲན་རྩོད་ལ་ཞུགས་མཁན་ཡོང་རྒྱུ་མ་རེད་དྲན། འོན་ཀྱང་མི་ཤེས་ཡ། བོད་པ་འདི་ཚོ་ལས་ཀའི་འགོ་འཛུགས་དུས་མགོ་ཆེན་པོ་ཞིག་ཡོད་པ་དང་། མཇུག་ཕྲ་རུ་ཕྲ་རུ་ཕག་པའི་ཕྲུ་གུ་བཟོ་འདྲ་བོ་ཞིག་ཡོད་པ་རེད། བཙན་བྱོལ་བོད་གཞུང་ལ་བལྟས་དང་། དང་པོ་གྲོས་ཆོད་དོན་ཚན་བཅུ་བདུན་ངེས་ལེན་མེད་ཟེར་ནས་བསྒྲགས། བོད་རང་བཙན་ཡིན་ཟེར་ནས་བསྒྲགས། རྒྱ་དམར་ཀླ་ཀློ་ཟེར་ནས་བསྒྲགས། ལོ་ཤས་སྔོན་ནས་བཟུང་། རྒྱ་དམར་ཟེར་མི་རུང་ཟེར་ནས་བཅོས། དེ་ནས་བོད་རང་བཙན་ཟེར་མི་ཉན་ཟེར་ནས་བཅོས། དེ་ནས་བོད་གཞུང་ཡང་ཟེར་མི་ཉན་ཟེར་ནས་བཅོས། ད་རིང་པོ་མི་ཐོག་པར་བོད་ཟེར་མི་རུང་བར་འགྱུར་རྒྱུ་རེད། དེ་བོད་གཞུང་སྒེར་ཚང་མའི་གཤིས་ཀ་རེད། མགོ་ཆེ་ལ་མཇུག་མ་མེད་པ།།
མགོ་ཆེ་མཇུག་ཆུང་ལོས་ཀྱང་ཡོང་། །
ང་ཚོའི་སྐྱབས་གནས་སེང་གེ་རེད། །
རྒྱ་མིའི་མགོ་མཇུག་ལོས་མཚུངས་ཏེ། །
སྐྱབས་གནས་གཡུ་འབྲུག་སྔོན་མོ་རེད། །
གསར་འགོད་པར་ཐུག་འདོད་མེད་ན་རང་དབང་རེད་་་འོན་ཅང་གསར་འགོན་པར་མཐོང་ཆུང་བྱས་ཡོད་ན་དེ་ཧ་པ་ཆེ་གྲགས་པ་རེད་་་་་་་སྤྱིར་རྒྱལ་སྤྱིའི་སྟེང་འགྲན་རྩོད་འདྲ་མིན་གནང་མཁན་ཁྱད་ལས་པ་ཚོ་་་རྒྱལ་ཁབ་དེའི་ཆབ་འབང་འམ་མི་སེར་ཡིན་མིན་ལས ། རིགས་རྒྱུད་གཙང་མ་ཡིན་མིན་ལ་བལྟ་སྲོལ་མེད་པ་འདྲ་་་་་དེས་ན་བོད་ལ་རྒྱལ་ཁམས་མེད་པས་་་་མོ་རང་ད་སྐབས་གནས་སའི་ཁྱིམ་ཚང་དེ་བོད་ཁྱིམ་ཞིག་ཡིན་ན་མོ་རང་བོད་མོར་ཁས་ལེན་དགོས་ངེས་ཡིན་པར་འདོད་་་་་་གཞན་བཀོད་བསྒྲིགས་པས་གཡོ་སྒྱུ་འོག་ཤོར་ཡོད་ན་དེ་ནི་ཐབས་སྐྱོ་ཤོས་དེ་རེད་་་་་
གསར་འགོད་པ་ཨ་རིག་ལགས་ལ་ཁག་ཅི་ཡོད། དུས་ཚོད་གང་མང་འཕྲོ་བརླག་བཏང་པས་མ་ཚད། མི་གཞི་ལ་བསྙོན་བཙུགས། འགྲོ་སྟངས་དེ་ཙམ་ཡང་མི་ཤེས་པའི་ར་མ་ལུག་གི་བུ་མོ་འདི་འདྲ་ཞིག་ལ་བོད་ཀྱི་མཛངས་མ་ཟེར་པ་ནི་ངོ་ཚ་བའི་གནས་རེད། གང་ལྟར་བློ་བཟང་དབང་རྒྱལ་གྱི་ཚོང་ལས་ཡག་པོ་ཞིག་རེད། དེ་བཞིན་རྡ་ས་ན་ད་ལོའི་འགྲན་བསྡུར་སྐོར་ཡག་པོ་མ་བྱུང་པ་དང། བློ་བཟང་དབང་རྒྱལ་དང་བུ་མོ་དེ་གཉིས་པར་དམིགས་བསལ་གྱི་འབྲེལ་པ་ཡོད་རབས་ཟེར་གྱི་འདུག། གང་ལྟར་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར། བཀྲ་མི་ཤིས་པའི་གནས་་ཚུལ་རང་རེད།
གསར་འགོད་པ་ཨ་རིག་འགྱུར་མེད་ལགས་ཀྱིས་གསར་འགྱུར་དམིགས་གསལ་བ་ཞིག་སྤེལ་འདུག། རྒྱུན་དུ་གསར་འགོད་པ་རྣམས་ཀྱིས་གཞན་གྱི་གནས་ཚུལ་རྣམས་སྤེལ་བ་ལས་རང་གི་གནས་ཚུལ་ཕྱིར་སྤེལ་བ་ཉུང་ཡང་ད་ལན་ཨ་རིག་འགྱུར་མེད་ཀྱིས་རང་སྐྱོན་ཁྲོམ་བསྒྲགས་བྱས་འདུག། འོན་ཀྱང་དེ་ཁོང་གིས་བྱས་ཉེས་ཞིག་ཏུ་ངེས་འཛིན་བྱེད་མི་རུང་། གཞན་གྱི་སྐྱོན་ཚང་ཁྲོམ་བསྒྲགས་བྱེད་ཆོག་ལ་རང་གི་སྐྱོན་ཚང་ཁྲོམ་བསྒྲགས་བྱེད་མི་ཆོག་པས་རྒྱུ་མཚན་མེད། བློ་ཕམ་པ་ཞིག་ལ་ཁོང་གི་གསར་འགོད་ཀྱི་ལས་རིམ་ནང་མི་གཅིག་དང་ལས་རིམ་གཅིག་དུས་སྐབས་གཅིག་ཏུ་གསར་གནས་ཞིག་ལ་འབོད་རྩོལ་ལེན་གྲངས་མང་པོ་དེ་ཙམ་གནང་ཡང་མཐར་འཇུག་ཏུ་བློ་ཕམ་དང་འབྲེལ་བོད་ཀྱི་མཛེས་མ་བསྟན་འཛིན་དབྱངས་སྐྱིད་དང་ལྷན་དུ་ཁོང་གིས་གསར་གནས་སྤེལ་མ་ཐུབ་པ་དེ་རེད།
http://amahonet.blogspot.com/2011/06/blog-post_08.html
ཨ་རི་འགྱུར་མེད་ལ་ཐུགས་ཁག་མི་འདུག་དེ་འདྲའི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་བཏང་བ་དང་མ་ཚད་གཞི་མེད་སྐྱོན་འཛུག་ཡང་བྱེད་འདུག ཡིན་ཡང་དེ་འདྲའི་རྩོད་གླེང་ཞིག་ཡོད་ན་ཁྱེད་ཀྱིས་ཁ་ཐུག་ཚོགས་གཙོ་བློ་བཟང་དབང་རྒྱལ་ལ་བཅར་འདྲི་མི་བྱེད་དོན་གང་ཡིན་ནམ
གསར་འགོད་པས་དྲི་བ་འགོད་པ་དང་། དྲི་བ་ཞུ་ཡུལ་ནས་དང་ལེན་བྱ་མིན་སོགས་ནི་ཕྱོགས་གཉིས་ཀར་ཐོབ་སྟངས་ཡོད་པས་སྐྱོན་འཛུགས་བྱ་དགོས་གང་ཡང་མེད།
ཨ་རིག་འགྱུར་མེད་ལགས་་ཀྱིས་མཚན་དཀྱིལ་དུ་ཁ་པར་བཏང་མེད་པ་བདེན་པ་ཡིན་ན་སྙོན་འཛུགས་བྱས་པ་ཐབས་སྡུག་རེད། ད་ལོའི་མཛངས་མ་འདེམས་སྟངས་སྐོར་གླེངས་སྙོག་ཡོད་པའི་གནས་ཚུལ་སྤྱི་ཚོགས་སྟེང་ཁྱབ་ཡོད་ན་དེའི་གནས་ཚུལ་ཁ་གསལ་གཏིང་གསལ་བཙལ་ནས་མིང་མང་ལ་འགྲེམས་སྤེལ་བྱ་རྒྱུ་ནི་གསར་འགོད་པའི་རང་འཁྲིའི་ལས་འགན་གལ་ཆེ་ཞིག་ཡིན། ཨ་རིག་ལགས་ནས་མཛངས་མ་འདེམས་ཕྱོགས་སྐོར་གླེང་སྙོག་ཡོད་སྐོར་གླེང་པ་ཙམ་ལས་གཞི་རྩའི་གནས་ཚུལ་གང་ཡང་བཀོད་མི་འདུག་པས་གསར་འགོད་པའི་ལས་འགན་དངོས་དེ་དོར་འདུག བློ་བཟང་དབང་རྒྱལ་ནས་བོད་ཀྱི་མཛངས་མའི་གར་བཏེགས་དེ་བེད་སྤྱད་ནས་རང་དོན་ཕྱོགས་ལྷུང་གིས་དྲང་བདེན་མིན་པའི་ལས་ཀ་བྱ་ཡི་ཡོད་ན་ཁྲིམས་འགལ་ཡིན་པར་མ་ཟད་ཤེས་མཁན་རྣམས་ནས་དམར་འདོན་བྱ་དགོས་པ་འགན་ཁྲི་ཡིན། དེ་མིན་བོད་པའི་བུ་མོ་དེ་ཚོ་མུ་འཐུད་མགོ་སྐོར་འོག་ཚུད་ན་སྙིང་རྗེ།
ཨ་རོ་གསར་འགོད་པ མཛངས་མ་དེ་ལ་བཅར་འདྲི་བྱེད་མ་ཐུབ་པར་ཁོང་ཁྲོ་ལངས་ནས་སྐྱོན་འཛུགས་འདྲ་མི་འདྲ་བྱས་འདུག་ག དངོས་གནས་ཡག་པོ་མི་འདུག་ལོ
མི་ལ་སྐྱོན་འཛུགས་མ་བྱེད་ལོ
ཨ་རིག་ལགས། གཙོ་བོ་ཁྱེད་ཉིད་གསར་འགོད་པ་ཞིག་ཡིན་པ་དང་། རིང་གི་ཨུ་ཚུགས་ཆེ་དྲག་པས་ལན་རེད།
ངས་བསམ་ན་བྱ་བ་བཟང་ངན་གང་ཡིན་ཀྱང་རུང་། འགལ་རྐྱེན་ཆེ་ཆུང་གང་ལ་ཐུག་ཀྱང་རང་གི་བློ་ཁ་ནང་ལ་ཕྱོགས་དེ་རང་གིས་རང་ལ་གྲོས་འདེབས་རྒྱུ་ནི་ཧ་ཅང་གལ།
ཨ་རིགས་ལགས། གཙོ་བོ་ཁྱེད་ཉིད་གསར་འགོད་པ་ཞིག་ཡིན་པ་དང་། རིང་གི་ཨུ་ཚུགས་ཆེ་དྲག་པས་ལན་རེད།
ངས་བསམ་ན་བྱ་བ་བཟང་ངན་གང་ཡིན་ཀྱང་རུང་། འགལ་རྐྱེན་ཆེ་ཆུང་གང་ལ་ཐུག་ཀྱང་རང་གི་བློ་ཁ་ནང་ལ་ཕྱོགས་དེ་རང་གིས་རང་ལ་གྲོས་འདེབས་རྒྱུ་ནི་ཧ་ཅང་གལ།
ཨ་རིགས་ལགས། གཙོ་བོ་ཁྱེད་ཉིད་གསར་འགོད་པ་ཞིག་ཡིན་པ་དང་། རིང་གི་ཨུ་ཚུགས་ཆེ་དྲག་པས་ལན་རེད།
ངས་བསམ་ན་བྱ་བ་བཟང་ངན་གང་ཡིན་ཀྱང་རུང་། འགལ་རྐྱེན་ཆེ་ཆུང་གང་ལ་ཐུག་ཀྱང་རང་གི་བློ་ཁ་ནང་ལ་ཕྱོགས་དེ་རང་གིས་རང་ལ་གྲོས་འདེབས་རྒྱུ་ནི་ཧ་ཅང་གལ།
མཛངས་མ་མ་རེད། མཛེས་མ་རེད། །
མཛངས་མ་བློ་དང་། མཛེས་མ་གཟུགས། །
མཛངས་མ་མཁས་དང་། མཛེས་མ་མཛེས། །
བློ་ལྡན་མཛངས་དང་། གཟུགས་བྱད་མཛེས། །
གཉིས་ཀྱི་ཁྱད་པར། བློ་དབང་རྨོངས། །
ས་འབུ་རྐང་ཐུངབདེ་བའི་ཆེད་དུ་འགྱུག
གྲོག་མ་མིག་མེད་བདེ་བའི་ཆེད་དུ་འགྱུག
མདོར་ན་འཇིགས་རྟེན་ཐམས་ཅད་འབང་སྒྲིག་ནས
གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་འགྱུག
ཞེས་གསུང་པ་ལྟར།
ཨ་རིག་ལགས་ཁྱེད་རང་གིས་མོ་ལ་ བཅར་འདྲི་མི་བྱེད་རྒྱུར་ཐག་བཅད་པ་དེ་ཁྱེད་རང་གི་འདོད་པ་རེད་མོད། བཅར་འདྲི་དང་ལེན་མ་བྱས་པ་ཡང་བུ་མོ་དེའི་རང་དབང་རེད།མདོར་བསྡུས་ནས་བཤད་ན་བུ་མོ་དེ་ལ་གཏམ་བརྗོད་རང་དབང་དགོས་ཀྱི་རེད་ལ།ཁྱེད་ལ་ཡང་དགོས་ཀྱི་རེད་ཨུ་ཚུགས་འགྱག་་མི་རུང།
འདྲི་དང་མི་འདྲི་ཁྱིད་ཀྱི་རང་དབང་དང།
བཤད་དང་མི་བཤད་མོ་ཡི་རང་དབང་རེད།
དེ་བས་གླེང་རྙོག་ཆེན་པོ་ཟོ་མི་རུང་
ཨ་རོ་ཨ་རིག་འགྱུར་མེད། ཁྱོད་གསར་འགོད་པ་ཡིན་རུང་ཅི་ཞིག་འབྲི་རྒྱུ་ཡོད་དམ། ངས་ལན་རྒྱབ་ཆོག བུ་མོ་བསྟན་འཛིན་དབྱངས་སྐྱིད་ཀྱིས་སྔོན་ནས་བཤད་ཟིན་པ་བརྗེད་སོང་བ་མིན་ནམ། མོས་ནི་ངའི་མིང་ལ་བསྟན་འཛིན་དབྱངས་སྐྱིད་ཟེར། ད་ལྟ་ལོ་ ༡༧ ཡིན། ང་རང་འཚར་ལོངས་བྱེད་ས་སུད་སི་ཡིན་ལ་ད་ལྟ་ཛོ་རེ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་པ་ཡིན། ང་རང་ཆུང་དུས་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གྱི་རིགས་ལ་དགའ་མོས་ཡོད་ལ། དེ་བཞིན་སུད་སི་ནས་ཀྱང་ཐེངས་མང་པོ་ཞིག་ལ་གྱོན་ཆས་དང་ཐོན་རྫས་ཁྱབ་བསྒྲགས་ཀྱི་བྱ་འགུལ་མང་པོའི་ཁྲོད་ཞུགས་མྱོང་ཡོད། ང་རང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་བུ་མོ་གཞོན་སྐྱེས་ཚོར་སོ་སོའི་མི་ཚེ་ཡི་ལས་དོན་དང་གོ་སྐབས་རྩོད་ལེན་བྱ་ཆེད་དང་། ང་ཙམ་མ་ཡིན་པར་བོད་པའི་བུ་མོ་ཉམས་ཆུང་ཚོ་ལ་སོ་སོའི་དམིགས་ཡུལ་ཆེད་འབད་བརྩོན་བྱ་རྒྱུར་སེམས་ཤུགས་སྤར་ཆེད་ཡིན། གལ་སྲིད་ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པ་ཡིན་ན། ཕྱིར་སུད་སི་ལུང་པར་ལོག་རྗེས་བོད་དོན་ལས་འགུལ་ཁག་ལ་འཛུལ་ཞུགས་དང་། བོད་པའི་རིག་གཞུང་འཁྲབ་སྟོན་སོགས་བོད་ཀྱི་མཛངས་མའི་ངོ་ཚབ་མཚོན་པའི་ཐོག་ནས་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན། ཞེས་བཤད་ཡོད། གྱོད་མེད་སར་གྱོད་དང་གྱོང་མེད་སར་གྱོང་མི་བཟོ་ན་མི་དགའ་འམ། ད་དུང་མཛངས་མའི་འགྲན་བསྡུར་འདི་གོང་འཕེལ་དུ་སོང་ན་བོད་རིགས་བུ་མོ་ཡོངས་ཀྱི་ཐོབ་ཐང་ལ་ཕན་ཐོག་རྒྱ་ཆེར་ཡོད། འདི་གསར་འགྱུར་མ་རེད་གཞི་མེད་སྐྱོན་འདོགས་ཞིག་རེད། བོད་ལ་རེ་བ་དང་ལས་འགུལ་རེ་སྤེལ་བ་ཚང་མ་ཁ་གཏོང་བསྡད་ན་བོད་དོན་སྒྲུབ་པ་ཚོ་ལ་སེམས་ཤུགས་ཆག་ས་རེད།
རེད་རེད། གསར་འགོད་པས་དཀའ་ལས་མང་པོ་བརྒྱབ་ན་ཡང་མདུན་ཕྱོགས་ཀྱི་གསར་འགྱུར་ཙམ་ཡང་རེག་མི་འདུག ད་རྒྱབ་ཕྱོགས་ཀྱི་གསར་འགྱུར་སྤེལ་བ་ནི་ཇབ་ཆུང་རེད། རྒྱབ་ཕྱོགས་ཀྱི་གསར་འགྱུར་དེ་བས་ཀྱང་རེག་ཁག་པོ་ཡོད་ཀྱི་རེད།
ང་ཨ་རིག་འགྱུར་མེད་ལ་རྒྱབ་སྐྱོར་ཡོད་ཁྱེད་རང་དངོས་ནས་ཐུགས་ཁག་མི་འདུག
ཁྱེད་ཚོ་ལ་ལས་འདི་ལོའི་མཛངས་མའི་ཕ་དང་བློ་དབང་བར་འབྲེལ་བ་ཆེ་བས་ན་ཆུང་མ་འདི་ལ་འདི་ལོའི་མཛངས་མར་འདེམས་ཚུལ་བཤད་པ་ནི་མ་དྲང་པར་མཐོང་ལ་མཛངས་མའི་ཕ་མ་གཉིས་ཁ་བྲལ་ཏེ་མི་ལོ་མང་པོ་སོང་ཟིན་ལ་ད་ལྟ་ཡང་འབྲེལ་ཐག་ཉེ་བོ་གཏན་ནས་མེད། བུ་མོ་ཨ་མའི་སར་ཡོད་ལ་ཨ་མར་ལས་ཀ་ཡག་པོ་ཞིག་མེད་ལ་ནང་གི་དཔལ་འབྱོར་གྱི་འཁོས་ཁའང་ཞེན་པས་བློ་དབང་གིས་དེ་ནས་ཁེ་ཞིག་རེགས་རྒྱུ་གང་ཡང་མེད་པས་རྒྱུ་མཚན་གཞན་པ་འདྲ་ཡོད་ན་ལས་ཚོད་དཔག་རྐྱང་པ་མ་བཤད་ན་བཟང་བར་སྙམ། བཀྲིས་བདེ་ལེགས
གསར་འགོད་པ་ཨ་རིག་ལས་karmaས་གསར་འགྱུར་འདི་བཟང་བ་དང་ཕན་ཐོགས་ཆེ་བ་མི་འདུག་གམ། ཧ་ཧ།
ཀརྨ་ལགས་ཁྱེད་རང་བུ་མོ་དེའི་གནས་ཚུལ་མང་ཙམ་ཤེས་མཁན་ཞིག་ཡིན་པ་འདྲ། དེ་འདྲ་ཡིན་ན་བུ་མོ་དེར་སྙིང་དགོས་པ་ཞིག་འདུག ཨ་མ་དེ་ཡང་་ཕྱི་རྒྱལ་དུ་སླེབས་ནས་ལས་ཀ་མ་བྱས་པར་བསྡད་ན་ཐབས་སྐྱོ་བ་ལ། གོང་དུ་མཆན་འགོད་པ་མང་པོས་བུ་མོ་དེ་དང་བློ་དབང་ཉེ་བོ་ཡོད་པ་ལས་བུ་མོའི་ཕ་དང་ཉེ་བོ་ཡོད་པའི་སྐོར་ཤོད་མཁན་དཀོན་པོ་འདུག མ་གཞི་བློ་དབང་ལ་བུ་མོ་དགོས་པ་ལས་བུ་མོའི་ཕ་དགོས་པ་མེད། ལོ་ཁ་ཤས་སྔོན་སྤྱི་ཚོགས་མེ་ལོང་ནས་བློ་དབང་ལ་དྲི་བ་བཀོད་པ་ཞིག་མཐོང་སོང་བར་ཁོ་བས་ལོ་རེ་ལ་འཛམ་གླིང་གི་བུ་མོ་བཅུ་ཕྲག་མང་པོ་མཉམ་དུ་ཉལ་མྱོང་བ་དང་རྒྱ་གར་བུ་མོའི་མིག་དང་། བོད་པའི་བུ་མོའི་དྲོད། དབྱིན་ཇིའི་བུ་མོའི་སྒྱུ་རྩལ་གསུམ་མཉམ་དུ་འཛོམས་ན་བདེ་བ་ཆེན་པོ་ཡོང་ས་རེད་ཅེས་བཤད་སོང་བར་མི་དེའི་འདོད་པ་ཆེ་ཆུང་དེ་ནས་ཤེས་ཐུབ།
བོད་ཀྱི་མཛངས་མ་ཟེར་བ་འདི་ཚོར་དངོས་གནས་མཛངས་པའི་ཁྱད་ཆོས་གང་ཡོད། འགྲན་ཡ
བོད་ཀྱི་མཛངས་མ་ཚོར་མཛངས་པའི་ཁྱད་ཆོས་གང་ཡོད་དམ། འགྲན་ཡ་མེད་པར་དབུ་རྒྱན་ཐོབ་མཁན་ཚོར་དེ་བས་ཀྱང་། མཛངས་མ་ག་གེ་མོའི་སྐྱུགས་བྲོ་བའི་ལོ་རྒྱུས་དང་རང་ཉིད་ཀྱིོ་སྙན་གྲགས་བཟོ་སྟངས་ཀྱི་ཡི་མུག་པའི་བྱེད་ཐབས་སོགས་གོ་ན་དངོས་གནས་མཛངས་པའི་ལྡོག་ཕྱོགས་ཁོ་ནར་གྱུར་འདུག འུ་ཚང་འདི་འདྲ་ཞིག་ཏུ་ལྷུང་སོང་བ་མིན་མོད། སྐབས་འཚོལ་བ་ཚོ་ལ་གོ་སྐབས་མང་སོང་བ་དང་རིག་པ་སྐྱེན་པོ་ཚོར་ས་སྟོང་ཆེ་བའི་རྐྱེན་གྱིས། འདི་འདྲ་ཞིག་གིས་འུ་ཚང་གི་གདོང་འབག་གོན་ཡོད།
༼བོད་ཀྱི་མཛངས་མ༽ ཞེས་པ་དེ་༼བོད་ཀྱི་མཛངས་མར་བསྙད་པ་དག༽ཅེས་པར་བཅོས་རོགས།
གསར་འགོད་པའི་གསར་འགྱ
༼བོད་ཀྱི་མཛངས་མ༽ཞེས་པ་དེ༼བོད་ཀྱི་མཛངས་མར་བསྙད་པ་དག༽ཅེས་པར་བཅོས་རོགས།
ཧཧཧཧཧ ད་དོན་མེད་ལ་བུ་མོ་དེ་ཁྭ་ཏ་འདྲ་ཞིག་མ་བཟོ་རོགས།
རྨུ་ཐག་གི་བུ་རྒྱུད་ལགས། ཁྱོད་རང་སུ་ཡིས་བཀག་སོང་། མ་འཇོན་ན་སྡུག་གྱོང་རེད།
ངས་བུ་མོའི་ཨ་མར་ལས་རིགས་ཡག་པོ་ཞིག་མེད་པར་བཤད་པ་ལས་ལས་ཀ་བྱེད་ཀྱི་མེད་པར་བཤད་པ་མིན། ལས་རིགས་དམའ་ན་ལས་གླ་ཆུང་བས་འབྱོར་ལྡན་ཞིག་ཏུ་ཅི་ལ་འགྱུར། གལ་སྲིད་བློ་དབང་གིས་བུད་མེད་ག་གེ་མོར་མཛངས་མའི་དབུ་རྒྱན་སྒྲོན་ཏེ་ཁོ་རང་གིས་ལོངས་སྤྱོད་བཞིན་པའི་ཁུངས་ཡོད་ན་སྟོན་དགོས་པ་ལས། བྱེད་བཞིན་མིན་འགྲོ བྱེད་པའི་བཟོ་འདུག ལྟ་བུ་རང་སྣང་གང་དྲན་སྤྱི་ཚོགས་ཡོངས་ལ་བཀྲམས་ན་ཕན་པ་ལས་གནོད་པ་ཆེ། སྤྱིར་ན་བློ་དབང་གི་བྱ་བ་ཐམས་ཅད་རྣམ་དག་རེད་ཅེས་བརྗོད་ཀྱི་མེད་ཀྱང་སྤྱི་ཚོགས་ཀྱི་ཁ་རྡུང་ལ་མི་ཞུམ་པར་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ལས་ལ་བརྩོན་མཁན་་ཁོ་ལྟ་བུ་ངེད་ཅག་ལ་དགོས་ངེས་ཅན་རེད། འདི་ལོའི་མཛངས་མའི་ནང་མིའི་སྐོར་ཞིབ་ཕྲ་གང་ཡང་ཤེས་ཀྱི་མེད།
ནར་མ་སོན་པའི་མཛང་མ་་བྱིས་པ་ལོ་༡༧ཅན་ཞིག་ལ་ཆུ་རས་སྐོན་ནས་པར་བརྒྱག་པ་དང་། བོད་ཀྱི་མཛང་མ་ཡིན་ཟེར་བ་ནི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབ་རྩ་ཚོགས་པ་ལ་ཡི་གེ་སྐུར་དགོས་། ནར་མ་སོན་པའི་བྱིས་པ་འདིར་དཀའ་ངལ་ཅི་ཡོད་དང་། ཐེངས་འདིའི་བསླུ་བྲིད་དེ་བུ་མོའི་ཨ་མ་དང་དེ་བཞིན་སུ་ཞིག་གིས་འདི་ལྟར་ནར་སོན་པའི་བྱིས་པ་ཞིག་དམར་ཧྲང་དུ་གར་སྟེགས་ཐོག་བཞག་པ་སོགས་གསལ་བོ་བཟོ་དགོས།
ལོ་བཅོ་བརྒྱད་ཡན་གྱི་བུ་མོ་ཚོ་ནི་སོ་སོའི་རང་འདོད་རེད་། སོ་སོ་ལ་མོས་མཐུན་ཡོན་ན་དེ་ལ་དགའ་མོས་ཡོད་ན་འགྲིག་གི་རེད་།
སྡ་སར་ཨམ་སྐད་རྒྱབ་མཁན་ཚོར་དོགས་ཟིན་བྱས་པ་དེ་ཐུགས་ཁག་ཡལ་ནས་མེད་པ་རེད། བོད་གཞུང་སྡེ་སྲུང་ལས་ཁུང་གི་ཀྱང་དེ་འདྲ་དོགས་ཟིན་གནང་གི་འདུག་ལ་དེ་འདྲ་བྱས་དགོས་པ་དེར་ཕྱོགས་ཅིག་ནས་དངོས་ཡོད་རྐུ་ཇག་དང་མཇེ་ཚོང་མང་དྲག་པའི་སྐྱོན་ཙམ་ལས་ཨ་རིགས་འགྱུར་མེད་ཁྱེད་རང་འདྲ་བའི་གསར་འགོད་པ་ལ་དེ་འདྲ་དམིགས་བསལ་བྱས་པ་ཡིན་རྒྱུ་མ་རེད་
བོད་པ་འདི་ཚོ། དོན་དག་ཆུང་ཆུང་ཞིག་གིས་གཞན་ལ་ཤེས་ཡོན་དང་མི་གཞི་ཡོད་མེད་བཤད་ཡོང་གི ཁ་གྲག་དུས་ནས་བསྡད་ན་ཡག་གི་རེད། ཅང་ཤེས་ཀྱི་མི་འདུག་སོགས་སྐྱོན་ཁོ་ན་བཏོན་ཡོང་གི དྲ་ཐོག་གི་མི་རྣམས་དངོས་གནས་ཁྱད་མཚར་རེད། དོན་ངོ་མ་སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཤེས་ཡོན་གྱིས་མ་ལྡེང་བས་རེད། ཡང་ཆེས་དགོད་བྲོ་བ་ཞིག་ལ་དྲ་ཐོག་གི་ཟིན་བྲིས་པ་རེ་ཟུང་གཞན་གྱི་རྩོམ་ཡིག་ནང་ཡིག་ནོར་ཡོད་མེད་བཙལ་ནས་སྡོད་མཁན་ཡང་ཡོད། ཆེས་ཡ་མཚན། འདིའི་རིགས་ཀྱིས་སོ་སོ་རྩོམ་པ་པོ་ཡིན་ཁུལ་བྱེད་ཀི ད་གང་དྲག ཅི་བྱེད། གཞན་གྱིས་ཁྱེད་གཟུགས་པོ་ཐུང་ཐུང་འདུག ཁྱེད་ལ་ཕོ་སར་གྱི་ཁྱད་ཆོས་མི་འདུག་ཟེར་ནས་གླེང་བསྡད་ན། རང་དང་གཞན། སྤྱི་ཚོགས་དང་མི་དམངས་གང་དུའང་ཕན་ཐོགས་མེད་པའི་གཏམ་འཆལ་ཙམ་རེད། དེ་ལས་རྩོམ་དགོས་པའི་དམིགས་ཡུལ་ལྟར། མི་རིགས་དང་རྒྱལ་ཁབ། རང་གི་སྤྱི་ཚོགས་ལ་ཕན་པའི་རྩོམ་གཞི་རེ་བསྡུ་སྒྲིག་གིས་གཏན་ཁེལ་བྱས་ཏེ། དྲ་ཐོག་ལ་རྩོམ་ཡིག་རེ་འབྲི་ཨེ་ཐུབ་ལྟོས། གཞན་ཅི་བྱེད།
མ་གཞི་ཨ་རིག་འགྱུར་མེད་ལ་ཁག་མི་འདུག་མོད། འོན་ཀྱང་བོད་པའི་མཛངས་མ་ཡིན་ཞེས་བོད་ལྭ་ཙམ་གྱོན་མཁན་གྱི་བུ་མོ་དེ་ལའང་ཁག་མི་འདུག དེ་རིང་བོད་པའི་མཛངས་མའི་མིང་ཐོག་ནས་ཧིན་སྒོར་འབུམ་གཅིག་ལེན་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན། ཁྱེད་ཀྱིས་ཁོ་མོར་བོད་པ་ཡིན་ནམ་ཞེས་དྲིས་ཚེ་ཁོ་མོས་ཅི་བཤད། ལྷག་པར་དུ་བོད་ཀྱི་མཛངས་མ་ཡིན་ནམ་ཞེས་དྲི་བ་བཀོད་ཚེ་ཁོ་མོས་ཅི་བཤད། དེ་བཞིན་བོད་པའི་མཛངས་མའི་ཁྱད་ཆོས་རྣམས་བོད་སྐད་མི་ཤེས་མཁན་ཞིག་གི་ངོས་ནས་འགྲེལ་བཤད་རྒྱག་ཧ་ཅང་ཁག་པོ་ཡིན་པས་ང་བུ་མོ་དེ་ཡིན་པའི་དབང་དུ་བཏང་ན་ངས་ཁྱེད་ཉིད་ལ་ལན་རྒྱག་ས་མ་རེད། དེ་ལས་ཁྱེད་ཉིད་ཀྱིས་ཁོ་མོ་བོད་པའི་མཛངས་མར་འདེམས་མཁན་གྱི་དཔྱད་འདེམས་པར་དྲི་བ་ཞིག་བཀོད་ན་འོས་འཚམས་ཞིག་ཏུ་མཐོང་སོང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་སྤྱིར་ཆུང་ཆུང་ཞེ་དྲག་རེད་དེ་ཡིན་ན་ཡང་བོད་པའི་མཛངས་མའི་དབུ་རྒྱན་དེ་མཚན་ཉིད་ཚང་བ་ཞིག་ཡིན་ཚེ་དེ་ཙམ་གྱི་ཨུ་ཐུག་གི་མཐའ་ལ་སྐྱེལ་དགོས་ཨེ་ཡོད་སྙམ། མ་མཐའ་ཡང་བོད་སྐད་ཙམ་ཆ་རྐྱེན་དང་པོ་འཇོག་དགོས་ངེས་ཅན་རེད། བོད་ལྭ་གྱོན་མི་ཤེས་པར་ཉིན་ཤས་གོང་ནས་བོད་ལྭ་གྱོན་སྟངས་སྦྱངས་དགོས་པའི་རིགས་དེ་ཅི་བྱ། འདི་ལྟར་དཔྱད་པ་གཅིག་བྱས་ཚེ་དངུལ་ལོར་དུང་བ་ཙམ་ལས་ཐུན་མོང་མ་ཡིན་པའི་བོད་པའི་བུ་མོ་མཛངས་མའི་ཁྱད་ཆོས་ཡོད་མཁན་གཅིག་ཀྱང་བྱུང་མྱོང་མེད། མ་འོངས་པ་ཡང་འབྱུང་ཁག་པོ་རེད། གང་ཡིན་ཟེར་ན་དངོས་ཡོད་བོད་ཀྱི་མཛངས་མ་རྣམས་དེར་མི་ཞུགས་ཐག་གིས་ཆོད། དཔེར་ན་རང་ཉིད་གླང་གོག་གཅིག་དང་རྡུང་ཁ་ཤོར་ནས་རྡུང་རེས་བྱས་ཚེ་རང་ཉིད་གླང་གོག་དང་ཁྱད་པར་མེད་པ་བཞིན་ཆེས་མ་མཐའི་ཆ་རྐྱེན་མི་ཚང་བའི་བུ་མོ་ཞིག་དང་མཉམ་དུ་འགྲན་པ་ཡིན་ན་རང་ཉིད་ཁོ་ཚོ་དང་ཁྱད་མེད་པ་གསལ་བོ་ཡིན་པས་དུས་གཏན་དུ་མི་ཡོང་བ་ཐག་གིས་ཆོད། ངོ་མ་བོད་པའི་མཛངས་མ་འགྲན་སྡུར་བྱེད་ན་བོད་ཀྱི་ཐུན་མིན་རིག་གནས་ཀྱི་རྨང་གཞི་ཡོད་པ། བོད་མི་རིགས་ལ་དུང་བ་ཡོད་པ། བོད་མི་རིགས་ཀྱི་བཟང་སྤྱོད་མང་དག་གཅིག་འཛོམས་ཡོད་པའི་བོད་པའི་བུ་མོ་མང་པོ་ཡོད་རེད། དེ་དག་ཞུགས་ན་ངོ་མ་བོད་པའི་མཛངས་མའི་དབུ་རྒྱན་དེ་ཡང་ཤོག་བུ་ཞིག་གིས་བཟོས་ཡོད་པའི་དབང་དུ་བཏང་ཡང་གསེར་གྱི་དབུ་རྒྱན་ཞིག་དང་དོད་མཉམ་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་རེད། དེ་མིན་གསེར་གྱིས་བཟོས་ཡོད་ན་ཡང་མཛངས་མའི་ཁྱད་ཆོས་མི་འཛོམས་པའི་བུ་མོ་ཞིག་ལ་གྱོན་ན་ཤོག་བུའི་བཟོས་པའི་བྱིས་པའི་རྩེད་ཆས་ཀྱི་དོད་དུ་སྡུར་ཐབས་མེད་པ་ལྟ་བུ་ཡིན་པས་གང་ལྟར་རྗེས་ཕྱོགས་དཔྱད་འདེམས་པ་དང་། མཉམ་ཞུགས་གནང་མཁན། རྒྱབ་སྐྱོར་བྱེད་མཁན། དེ་ལ་དོ་སྣང་བྱེད་མཁན་བཅས་ནས་ང་ཚོའི་བོད་པའི་མཛངས་མ་ཟེར་བ་དེ་ནམ་ཡང་བོད་ཀྱི་མཛངས་མ་ཡིན་པ་དེ་ཤེས་པར་གྱིས།
ཤོག་བུའི་བཟོས་པའི་བྱིས་པའི་རྩེད་ཆས་ཀྱི་དོད་དུའང་སྡུར་ཐབས་མེད་པས་ཞེས་༼འང་༽འདི་ཆད་ཡོད་པས་གློག་མཁན་རྣམ་པས་མཁྱེན་པ་གནང་རོགས་
ལོ་ན་མ་སོན་བསམ་མེད་བྱིས་པ་ཞིག
ལུས་གཟུགས་རྗེན་པ་དམངས་ཀྱི་མདུན་དུ་སྟོན།
བོད་སྐད་མི་ཤེས་ཕྱི་གླིང་མཛོ་མོ་ཞིག
གངས་ལྗོངས་མཛངས་མའི་མིང་གིས་རྒྱན་དེ་མཚར།
བོད་ཀྱི་མཛངས་མར་བོད་པའི་ཁྱད་ཆོས་དགོས།
ཕྱུ་པ་གྱོན་དང་སྤང་གདན་འདོགས་པ་དང་།
སྲུང་བ་དམར་པོ་སྐེ་ལ་དཀྲིས་པ་སོགས།
ཕྱི་གླིང་མཛེས་མ་ཡིས་ཀྱང་ཤེས་ཀྱི་ཡོད།
མཛངས་མའི་ཡོན་ཏན་མེད་པའི་བུད་མེད་ལ།
མཛངས་མའི་མིང་གི་དབུ་རྒྱན་སྒྲོན་པ་དེ།
སྟུང་ལ་མཇེ་མགོ་མཛངས་པར་གོ་ན་ལས།
གངས་ལྗོངས་མཛངས་མར་འབོད་ན་བླུན་རྒན་ལགས།
༄༅།།མཛེས་མ་ཡང་དང་མཛངས་མ་ཡང་བཤད་པར་དཀའ་འོ།་་་བོད་པ་ངོ་མ་ཡིན་དང་རྫུན་མ་ཡང་བཤད་པར་དཀའ་འོ།་་་་་་བོད་པ་ཡིན་མིན་གཙོ་བོ་བཙན་བྱོལ་བོད་མི་བཅའ་ཁྲལ་ལག་དེབ་ཡོད་མེད་ལ་ལྟ་རྒྱུ་ལས་གཞན་མེད་དོ།་་་དེ་བུ་མོ་དེ་ལ་འདུག་ཟེར།་་་འདྲེན་བརྩོད་སྐབས་ཀྱི་རྒྱ་ཆ་སྤྲོད་ཚོ་ཡི་སུ་ལ་རྒྱ་ཆ་མང་བ་སྤྲད་པ་དེ་ལ་ཐོབ་ཀྱི་ཡོད་པ་ནི་བཤད་ག་དགོས།་་་༢༠༡༡་ལོའི་བཙན་བྱོལ་བོད་མི་ནང་གི་མཛེས་མིའི་དབུ་རྒྱན་དེ་སུ་སི་བུ་མོ་ལ་ཐོབ་པ་རེད།་་དེ་མི་ཁ་ཤས་ཀྱི་ཁྲག་དོག་བྱེད་སྟེ་སྐད་ཆ་མང་པོ་ཞིག་བཤད་ཀྱི་འདུག་དེ་ཚོ་ཡག་པོ་མ་རེད་བསམས་ཀྱི་འདུག་་་་་་་་
ཨ་རིག་ལགས། དུས་ཚོད་འཕྲོ་བརླག་ཏུ་བཏང་སོང་མ་གསུང་ཁྱེད་རང་དགོང་མོ་དུས་ཚོད་གསུམ་པ་དང་བཞི་པ་མ་ཟིན་ཙམ་དུ་བག་མེད་ཀྱི་བྱ་བ་ལ་གཡེང་སྟེ་མར་ཉལ་གྱི་མེད་ལ་ཞོག་པ་བཅུ་པའི་བར་དུ་ཡར་མ་ལང་པའི་ལོ་རྒྱུས་ཁྱེད་རང་གིས་བཤད་པ་རེད། གཞི་མེད་བསྙོན་འཛུགས་ཡང་མ་གསུང་རོགས་གནང་། བོད་ཀྱི་མཛང་མའི་དབུ་རྒྱན་ཐོབ་པའི་བུ་མོ་ཞིག་ལ་ཉིན་གཅིག་ལ་ཁ་དཔར་ཐེམ་ཉི་ཤུ་སུམ་ཅུ་བཏང་ན་སུ་ཡང་སུན། ཁྱེད་ཀྱི་སྐད་ཆ་འདིའི་རྒྱུད་ནས་བོད་ཀྱི་མཛང་མ་དང་མཛང་མའི་གོ་སྒྲིགས་པ་གཉིས་ཀ་ལ་ཁུང་ལུང་ཁ་གསལ་མེད་པའི་སྤྱོན་འཛུགས་མང་པོ་འདི་ཚོ་ངེས་པར་དུ་ཁྱེད་རང་གིས་ཁ་གསབ་བྱེད་དགོས།།