(གཤམ་གསལ་ང་ཚོ་སད་རན་པའི་ཕྱོགས་སྟོན་གྱི་སྡོམ་ཚིག་ཁག་ཅིག་ནི་སྒོ་ཤེས་རབ་རྒྱ་མཚོས་བརྩམས་གནང་བའི་《ང་ཚོ་སད་རན་》ཞེས་པའི་ཆེད་དེབ་ལས་སྔོན་འགྲོའི་གཏམ་གྱི་དོད་སེམས་ཀྱི་ཞུ་འཕྲིན་དང་པོ་ཞེས་པ་ལས་བཏུས་སོ།།)
ང་ཚོའི་མི་རབས་འདིའི་ཆོས་ལུགས་པ་ཡིན་ན་འདྲ། འཇིག་རྟེན་པ་ཡིན་ནའང་འདྲ། འཚོ་གནས་ཀྱི་ཉེན་ཁ་ཆེན་པོ་ཞིག་གི་སྐས་ཚིགས་སུ་གནས་ཡོད་པས། འགག་དོག་པའི་ལོ་རྒྱུས་ཀྱི་བྲག་འཕྲང་འདི་ནས་ང་ཚོས་ཅིས་ཀྱང་གསོན་ལམ་ཞིག་མི་འཚོལ་ཐུ་མེད་ཡིན་སོང་། འོན་ཀྱང་། གསོན་པའི་ལམ་ཞིག་རྙེད་དང་མི་རྙེད་ནི་དུས་རབས་འདིས་རང་རེའི་མི་རིགས་ཀྱི་རྣམ་དཔྱོད་དང་སྙིང་སྟོབས་ལ་མཐོ་རྒྱུགས་ཤིག་ལེན་གྱིན་པ་དང་འདྲ་ན། མིག་མདུན་གྱི་རྒྱུགས་ཤོག་དེའི་སྟེང་དུ་ང་ཚོས་ཅི་ཞིག་བྲི་ཨང་།
འཛམ་གླིང་ས་མཐོའི་ཡང་རྩེར་ཆགས་པའི་ཡུལ་གྲོང་སྟེ། ཆོལ་ཁ་གསུམ་ལས་གྲུབ་པའི་ཁ་བ་གངས་ཅན་པའི་སྤྱི་ཚོགས་ནི། མི་ལོ་བདུན་བརྒྱ་ཙམ་གྱི་དུས་ཚོད་རིང་། ཆོས་སྲིད་མཉམ་བསྲེས་ཀྱི་ལམ་ལུགས་ཤིག་བརྒྱུད་དེ་མ་བརྟག་མ་དཔྱད་པར་དེ་རིང་གི་ལོ་རྒྱུས་ཀྱི་ནང་དུ་འཛུལ་དུས། ཆོས་དང་སྲིད་གང་གི་ངོས་ནས་བལྟས་རུང་། དོན་དངོས་ཐོག་ཡན་ལག་དང་ཉིང་ལག་གི་ཁྲག་རྩ་ཡོད་ཚད་ཞ་ཞིང་རེངས་པར་གྱུར་ཏེ། ཤི་མ་གསོན་གྱི་དབུགས་རྟ་ཙམ་ཞིག་ལས་ཅི་ཡང་ལུས་མེད་ན་ཡང་། ད་རུང་སྔར་གྱི་འཆི་ལམ་དེར་ཨུ་ཚུགས་ཆེན་པོས་འགྲོ་འདོད་ཀྱི་མོས་འདུན་ཆེ་བ་དག་གིས་ནི་མཐའ་མཇུག་གི་དབུགས་རྟ་ཙམ་པོ་དེ་ཡང་མེད་པར་གཏོང་འདོད་པ་མ་ཡིན་ནམ།
ཁ་སང་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་བསླབ་བྱ་ནི། བྲག་རིར་བརྐོས་པའི་རི་མོ་ཇི་བཞིན་སུས་ཀྱང་སྒྱུར་བཏུབ་པའི་དོན་དངོས་ཀྱི་གཏན་ཚིགས་ཤིག་ཡིན་ཞིང་། དེ་རིང་མཐོང་ལམ་དུ་གསལ་བའི་དངོས་ཡོད་ཀྱི་ཕམ་ཁ་ནི། ལུས་དང་ལུས་ཀྱི་ཡན་ལག་ཇི་བཞིན་སུས་ཀྱང་འགེབས་མི་ཐུབ་པའི་རང་ཉིད་ཀྱི་གནས་བབ་རེད། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ལོ་ངོ་དུ་མའི་རིང་། བདག་གིས་བློ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ནས་བདེན་པ་དང་བདེན་པ་བརྡར་ཅིང་། གནས་ལུགས་དང་གནས་ལུགས་གཤིབ་པའི་མཐའ་སྡོམ་དུ། ད་ནས་བཟུང་རང་རེ་གངས་ཅན་པའི་རིག་གནས་ཀྱི་འཕེལ་ཕྱོགས་དེ་ཆོས་སྲིད་ཐ་དད་པའི་ལམ་དུ་བསྐྱོད་དགོས་པའི་ཚུལ་ལ་ངེས་པ་བརྟན་པོ་ཞིག་རྙེད་བྱུང་།
སྐྱེས་བུ་སྒེར་གྱི་བསམ་བློའི་རང་ཚུགས་ནི། སྐྱེས་བུ་སྒེར་གྱི་མི་གཞིའི་རང་ཚུགས་དང་སྐྱེས་བུ་སྒེར་གྱི་དོན་དམ་པའི་རུས་རྐང་ཡིན་པས། མི་བུ་རང་མཚན་པ་དག་ལ་རུས་རྐང་མཁྲེགས་པོ་ཞིག་བྱེ་བྲག་ཏུ་བྱུང་ན། མི་རིགས་སྤྱི་མཚན་པར་ཡང་ཐུན་མོང་གི་རུས་རྐང་མཁྲེགས་པོ་ཞིག་རང་ཤུགས་ཀྱིས་འཐོན་ངེས་ཡིན་ཞིང་། ཡང་སྐྱེས་བུ་སྒེར་གྱི་བསམ་བློའི་རང་ཚུགས་ཟེར་བ་དེ་ནི། མི་སུ་ཡིན་རུང་ཅི་ཡང་བསམ་ཆོག་ལ་ཅི་ཡང་སྨྲ་ཆོག་པའི་རིག་གནས་རང་དབང་གི་ཞིང་ས་དག་ནས་སྐྱེ་རྒྱུ་ཡིན་པ་ལས། འདུ་ཤེས་ཡོད་ཚད་ལྟ་ཚུལ་གཅིག་གིས་སྒེར་བསྡོམས་བྱས་པའི་རིག་གནས་ཀྱི་ཞིང་ས་ནས་ཆ་ཤས་ཙམ་ཡང་སྐྱེ་རྒྱུ་རབ་ཏུ་དཀའ་འོ།།
ཡར་ཐོན་དང་དེང་རབས་ཀྱི་བསམ་བློའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཞིག་ཡོད་པར་ངེས། འོན་ཀྱང་ལྟ་གྲུབ་གཅིག་དང་བསམ་ཚུལ་གཅིག་ལས་དེ་དང་མི་མཐུན་པ་གཞན་དང་ལྷན་དུ་སྡོད་མི་ཐུབ་པའི་ང་ཚོའི་སྤྱི་ཚོགས་འདི་བརྗེ་སྒྱུར་བྱེད་རྒྱུར་ད་དུང་དུས་རབས་གཅིག་འགོར་སྲིད། སྤྱིར་ཆོས་ནི་འཁོར་བ་དང་སྲིད་པའི་གཉེན་པོ་ཡིན་པས་དོན་ལ་ཆོས་སྲིད་གཉིས་ཟུང་འབྲེལ་ཡོང་ཐབས་མེད་པ་ཞིག་རེད། དེར་བརྟེན་སྟོན་པ་མཆོག་གིས་ཀྱང་ཆོས་རྣམ་དག་ཅིག་སྒྲུབ་ན་འཁོར་བ་ལས་ངེས་པར་འབྱུང་དགོས་པར་བསྟན་པ་ལོས་ཡིན། འོན་ཀྱང་རྒལ་དཀའ་བའི་གོམས་གཤིས་ཀྱི་ས་རོང་ཐུག་པོར་རེག་པར་དཀའ་བའི་རྨོང་དད་ཀྱི་མེ་ཏོག་སྐྱེས་ཤིང་། འཐུ་བར་དཀའ་བའི་རིག་གཞུང་གི་ཚེར་མས་གཡོག་ནས་ཡོད་པས་ད་སྐབས་ཇི་བཞིན་པར་བརྗོད་ན་ཚེ་སྲོག་གི་རྒྱུ་བ་ཕྲ་་མོ་འདི་རང་རིག་ཁྲོད་ནས་ཟུར་དུ་བཏོན་ངེས། དེས་ན་ད་ལྟའི་སྐབས་ཀྱི་ལོ་རྒྱུས་ཀྱི་སྐྱོན་ཇི་བཞིན་པར་བརྗོད་མཁན་ནི་དུས་རབས་རེ་ཟུང་གི་རྗེས་སུ་ཡོང་བར་ངེས་ཏེ། དེ་ནི་བོད་མིའི་བདེན་དོན་གྱི་ལོ་རྒྱུས་ཀུན་གྱི་ངང་ཚུལ་དེ་མི་རིགས་འདིས་ངར་ཤུགས་ཀྱིས་བསྐྲུན་པའི་ལག་རྗེས་སྐྱུག་བྲོ་བ་ཞིག་གོ། །།
དེང་དུས་འདིར་ང་ཚོའི་གཞིས་སྡོད་བོད་མི་རིགས་ཀྱི་རྒྱ་ཆེ་བའི་ས་གཞི། རྩ་ཆེ་བའི་ཚེ་སྲོག དོན་ཆེ་བའི་རིག་གཞུང་སོགས་ལ་ཉེན་ཁ་ཆེ་བའི་དུས་འདིར། ང་ཚོས་ཆོས་ལུགས་ཆབ་སྲིད་ལ་ཁ་གཡར། ཆབ་སྲིད་ཆོས་ལུགས་ལ་ཁ་གཡར། ཆོས་ལུགས་ལ་ཆབ་སྲིད་ཀྱི་གཡོ་རྒྱུ་ཞིག་སྤྲས། ཆབ་སྲིད་ལ་ཆོས་ལུགས་ཀྱི་རྨོངས་དད་ཞིག་སྦྱར། ཆོས་ལུགས་ཕྱོགས་ཞེན་གྱིས་དབང་དུ་ཤོར་ཏེ། རྡ་སའི་རི་ངོགས་ཆུང་ཆུང་འདིར་ཆོས་ལུགས་དང་ཆོལ་ཁ་བརྩད་དེ། ཁྲ་བྱིའུ་ཐུབ་ཀྱིས་བྱིའུ།། བྱིའུ་འབུ་ཐུབ་ཀྱིས་འབུ།། བྱས་ཏེ་སྡོད་པ་ལས། ཡ་ང་བའི་འདས་སོང་གི་ལོ་རྒྱུས་ལ་ཕྱི་མིག་ཐང་གཅིག་བལྟས་ཏེ། མ་འོངས་པའི་བོད་མི་རིགས་ཀྱི་གནས་འཇིག་ལ་ཐུགས་བསམ་ཞིག་བཏང་སྟེ། བདེན་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་བཞག་སྟེ། ཐབས་མཁས་པའི་མདུན་ལམ་གསར་བ་ཞིག་དགོས་ཚོད་དགའ། ཡིན་ནའང་རྡ་སའི་སྲང་ལམ་རྒྱ་དོག བོད་མིའི་སེམས་པ་གུ་དོག གོ་དོན་ཆེ་བའི་མིང་བྱང་དོར་བ་ཙམ་མ་གཏོགས་མདུན་ལམ་གསར་བ་ཞིག་བཟོ་ཐུབ་པའི་ཡིད་ཆེས་མེད།
བོད་ཀྱི་ནང་ཆོས་ལ་དུང་པ་ཟབ་པའི་མཁས་དབང་ཟེར་ན་བསམ་བློ་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ང་ཚོ་སད་རན་ཞེས་པའི་དཔེ་དེབ་དང་གཞན་ཁོང་གི་རྩོམ་ཡིན་མང་པོ་ཞིག་ཀློག་མྱོང་བར་མ་ཟད་ཁོང་གི་དཔྱོད་ཤེས་ཀྱི་མིག་རྒྱང་ཡང་པར་དངོས་ཡོད་རེད། ཡིན་ཡང་ཁོང་གི་ལྟ་ཚུལ་དང་མཐུན་མི་མཐུན་ཅི་རིགས་ཞིག་ཡོད། དེ་ཁྱད་པར་མེད་ང་ཚོ་ལ་མིག་རྒྱང་ཡང་བའི་བསམ་བློ་པ་འདི་ལྟ་བུ་གང་མང་ཞིག་ཡོད་དགོས་པ་ཡིན་དུས་རང་ནུས་གང་ཡོད་ཀྱི་དྲན་སྐུར་གྱི་ཚུལ་མི་མང་ལ་གླེང་རྒྱུ་གལ་ཆེ་ཞིག་ཏུ་ངེས། དེ་འདྲ་ཡིན་དུས་སྒོ་ཤེས་རབ་རྒྱ་མཚོ་དང་གདོང་ཡོན་ཏན་རྒྱ་མཚོ་སོགས་དགེ་འདུག་པ་འདི་འདྲ་གང་མང་ཞིག་ཡོངས་བས་རེ་བ་ཆེ།
ངས་ཀྱང་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་འབུམ་ན་དཔེ་ཆ་འགའ་རེ་བཀླགས། རང་ཅག་བོད་ཡོངས་རྫོགས་གཅིག་འགྱུར་འོང་བར་དམ་པ་གང་དང་། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་སྔོན་གྱི་མཁས་པ་རྣམས་ཀྱི་སྐད་ཀྱི་རྗེས་འབྲང་དགོས་པ་བདག་གི་ཡིད་ལ་བཅགས་སོ།
རྒན་ལ་དྭགས་པ་ལགས། གོང་གི་གྲྭ་ཤེས་རབ་རྒྱ་མཚོ་ནི་དབུས་ཀྱི་སྒོ་མང་གྲྭ་ཚང་གི་དགེ་བཤེས་ཤེར་རྒྱམ་མ་རེད། ཁོང་ནི་ཨ་མདོ་རྔ་བ་སྒོ་མང་དགོན་པའི་གྲྭ་པ་ཞིག་རེད། ཁོང་ད་ལྟ་དགུང་ལོ་གཞོན་གཞོན་རེད།
རེད་ངས་ཤེས་ལགས། སྒོ་ཡོན་ཟེར་བ་ཁོ་ཚོ་གྲོགས་པོ་ནང་རྩིས་རེད། སྒོ་ཡོན་ཁྱབ་སྲིད་བཤད་ཆེ་ནས་ད་ལྟ་ཁ་གཞན་ལ་ཤོར་ཡོད། ཤེར་རྒྱམ་དེ་ག་ནང་བཞིན་རེད། སྟོན་པའི་ན་བཟའ་གྱོན་ནས་ཞེན་གོག་ཡོད་འདོད་བཤད་པ་རྣ་བ་མི་འགྲོ། རྡར་མ་ཁ་ཤོམས་ཆེ་ན་དཔའ་བོ་དགྲ་ལག་བཞག་ཟེར་བ་དྲན་ཀི་འདུག ༢༠༠༨ ལོ་དཔའ་བོ་ཚོད་ཤི་ཡོད། ཡིག་མཁན་རྡར་མ་ཞིག་བྲོས་ནས་རྡར་ས་ཐོན་པ་ལས་ཁོ་ཚོས་ཁ་སྟོང་བཤད་ན་བསྡད་པ་གཞི་བྱེས་གཉིས་ན་མང་ནི་རེད། ད་མི་བཤད་ཡ། ཉལ་རན་ཐལ།
ཆོས་ནི་རང་གི་བློ་ངོར་བྱ་རྒྱུ་ཞིག་དང་། སྲིད་ནི་སྤྱི་ལ་ཕན་པའི་ཁ་ཕན་ཚིག་ཕན་གྱིས་ཀྱང་ཕན་སྲིད། འོནད་ཀྱང་། ཆོས་སྲིད་ཟུང་འབྲེལ་དུ་འབྲེལ་ཐུབ་དང་མ་ཐུབ། འབྲེལ་དང་མ་འབྲེལ་དེ། དོ་བདག་སོ་སོའི་ལག་པར་ཡོད་རེད་སྙམ་ལགས། རྒྱལ་ཁབ་ཆོས་སྲིད་ཟུང་འབྲེལ་ལ་ཡང་། དེ་དང་མཚུངས་པར་དགོས་པ་མིན་ནམ། ཞེས་འདྲི་བར་འདོད་ལགས། དགེའོ། དགེའོ། །ཆོས་སྲིད་གཉིས་ཀར་དགེའོ། །
ཀླུ་སྨྱོན་དངོས་གནས་སྨྱོས་བསྡད་མེད་ན་སྒོ་ཤེས་རབ་ལགས་རྔ་བའི་སྒོ་མང་དགོན་པ་ཡིན་རབས་ཤིག་གཏན་ནས་མེད་ཐལ། ཁོང་ཀིརྟི་དགོན་པ་ཡིན་པ་ཉེ་སྔོན་གསར་འགྱུར་ཁག་མང་པོར་བསྒྲགས་ཀྱིན་འདུག ཁོང་ནི་བོད་ཀྱི་གྲྭ་བ་རྩོམ་པ་པོ་ཞིག་དང་རྒྱ་ནག་གི་ཆབ་སྲིད་ཉེས་ཅན་པ་ཞིག་ཡིན་འདུག་སྟེ། ཁོང་ཐེངས་གསུམ་ལ་བཙོན་ཁང་དུ་བཅུགས་པ་དང་། ཐེངས་དང་པོའི་སྐབས་སུ་ལོ་ ༣ ཡས་མས་སུ་བཙོན་འཇུག་ཁྲིམས་ཐག་བཅད་རབས་སོགས་ཉེ་ཆར་འབྲེལ་ཡོད་ཚོས་ས་བསྒྲགས་གནམ་བསྒྲགས་རེད།
དེ་ཙམ་ཡང་མ་ཤེས་པར་ཁོང་འདི་དང་གན་རེད་ཅེས་མཛུབ་མོ་རི་སྟོན་བྱེད་ཁུལ་བྱས་པ་ནི་དངོས་གནས་དགོད་བྲོ་བ་ཞིག་མ་རེད་དམ།
པདྨ་གེ་སར་ཟེར་བའི་ཁ་བདག་མེད་ཅན་པོ། སྒོ་ཤེས་རབ་ལགས་ནི་གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་དཔྱིས་ཕྱིན་པ་གནང་ནས་སྟོན་པ་དང་བསྟན་པ་ཤེས་ནས་སྨྲ་བའི་གང་ཟག་ཅིག་ཡིན་སྟབས། འདི་ལས་ལྷག་པའི་བསྟན་པའི་ལ་རྒྱ་འཛིན་སྟངས་ཤིག་ཁྱོད་ལ་ཅི་ཞིག་བཤད་རྒྱུ་ཡོད། དངོས་གནས་ཁོམ་སོང་ན་མི་བཤད་དགུ་བཤད་རེད་ཡ་་་་་་་་་་
ཀླུ་སྨྱོན་ནོར་རེད་ཡ་སྨྱོས་མ་རེད་ལགས་་་གང་ལྟར་ཁོང་བསམ་བློ་བ་ཞིག་ཡིན་པ་དང་བོད་མི་ཟིག་ཡིན་པ་ཤེས་ན་འགྲིག་གི་ཡོད་རེད་ཡ་་་་ས་གནས་དང་དགོན་པ་ནོར་ན་ཡང་གནད་འགག་གང་ཡང་མི་འདུག་་་་ཁོང་གི་སྐད་ཆ་དག་དོན་འགྲུབ་རྒྱལ་གྱི་སྐད་ཆའི་འགྲོས་རང་རེད་ཡ་་་་་་ཁོངསྙིང་སྟོབས་ཅན་ཞིག་རེད་ཡ་རྗེས་སུ་ཡི་རང་བྱེད་་
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་མ་ཤེས་ན་ཤེས་མདོག་བྱེད་ཀྱི་མ་འདུག སྒོ་ཤེར་ལགས་ནི་རྔ་བ་ཁཱ་ཤི་ནས་སྐྱེས་ཤིང་ཀིརྟི་དགོན་པའི་གྲྭ་བ་ཞིག་ཡིན། ད་དུང་ཁོང་གི་བློ་འགུག་པའི་ལོ་རྒྱུས་མང་དུ་བཤད་རྒྱུ་ཡོད་ནའང་ད་ལྟ་དེ་ཙམ་བྱ།
ཁ་རྩོད་སྣ་རྩོད་མིང་དང་ས་གནས་རྩོད། །བདེན་དོན་ཡིན་ཀྱང་དོན་གྱི་འབྲས་བུ་ཆུང་། །མི་རིགས་ཡར་ཐོན་རིག་གཞུང་ཡར་རྒྱས་ཀྱི། །ཐབས་ལམ་འདོན་པའི་ཕྱོགས་ལ་བློ་རྩེ་སྒྲིམས། །
མ་ཉལ་གོང་ལ་དཀར་པོ་དགེ་བར་འབད།
གཉིད་སད་ནས་དཀར་པོ་དགེ་བར་འབུངས།
ཡང་གཉིད་མ་ཉལ་གོང་ལ་སྤྱི་དོན་ལ་བསྔོ་བར་གྱིས།
གང་ཡིན་ཟེར་ན། འདི་རིང་སྟོན་པ་སངས་རྒྱས་པའི་དུས་ཆེན་རེད།
ཐོག་མར་བཀུར་འོས་དྲ་གྲོགས་རྣམ་པར་འཚམ་འདྲི་དང་འབྲེལ་ནས། དུས་ཚོད་ཀྱིས་རྐྱེན་པའི་དུས་ཐོག་ཏུ་ལན་ཞིག་འབྲི་མ་ཐུབ་པས་ན། དགོངས་པ་མ་ཚོམས་ཞེས་ཞུ་འདོད་བྱུང་། དེ་ནས། ངས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི་《ང་ཚོ་སད་རན་》ཞེས་པའི་ཆེད་དེབ་ལས་སྔོན་འགྲོའི་གཏམ་གྱི་དོད་སེམས་ཀྱི་ཞུ་འཕྲིན་དང་པོ་ཞེས་པ་ལས་བཏུས་ཏེ། ང་ཚོ་སད་རན་པའི་ཕྱོགས་སྟོན་གྱི་སྡོམ་ཚིག་ཁག་ཅིག་དྲ་ཚིགས་འདིར་བཀོད་མ་ཐག་དྲ་གྲོགས་མི་ཉུང་བ་ཞིག་གིས་དོ་སྣང་ཆེན་པོའི་སྒོ་ནས་མཆན་བུ་བཏབས་ཟིན་པ་མཐོང་དུས། དགའ་སོང་། དེས་ན། ངས་གང་ཤེས་ཅི་ཤེས་ཀྱི་སྒོ་ནས། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ངོ་སྤྲོད་ཆེས་མདོར་བསྡུས་ཤིག་བྱས་ན། ཕན་སྲིད་པའི་བསམ་འདུན་ཞིག་བྱུང་བ་ལགས་ན། དྲ་གྲོགས་རྣམ་པའི་གཟིགས་ཞིབ་ཡོང་བར་ཞུའོ།།
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བོད་ཨ་མདོ་རྔ་བའི་ཡུལ་ནས་འཁྲུངསཤིང་། དེ་ནས། ཁོང་རྔ་བ་ཀིརྟིའི་དགོན་ཆེན་ནས་ནང་བའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གཏིང་ཟབ་པ་མཛད་འདུག་ལ། ད་དུང་ཁོང་གིས་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། ཕྱག་ལས་ཀྱང་གང་མང་ཞིག་མིག་མཐོང་ལག་འཛིན་གྱི་གནང་འདུག དེ་རྗེས། རྒྱ་གར་དང་བལ་ཡུལ། རྒྱ་ནག་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་འགྲུལ་བཞུད་དང་རྒྱུས་ལོན་དོནལ་འཁེལ་བ་མཛད།
ལྷག་པར་དུ། ༡༩༩༨ ལོར་རྔ་བ་ཀིརྟི་དགོན་ཆེན་གྱིས་གཙོས་རྔ་བའི་དགོན་ཁག་བཞི་བཅུ་ལྷག་ཅིག་ལ། 《རྒྱལ་གཅེས་ཆོས་གཅེས་》ཞེས་པའི་གཏིང་ནག་གི་སྲིད་བྱུས་སྤེལ་སྐབས། ཞི་རྒོལ་དང་སྤར་ཡིག་སྣ་ཚོགས་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་བཙོན་ཁང་ནང་དུ། ལོ་ངོ་ཧྲིལ་བོ་བཞི་ཙམ་ལ་རྒྱའི་བཙོན་ཁང་ནས་སྐུ་ངལ་མྱངས་ཟིན་པ་རེད་ལ།
དེ་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་སོང་ནས་གྲྭ་ནས་ཐོས་བསམ་སྒོམ་གསུམ་ཕྱོགས་སུ་གནད་སྨིན་པའི་སློབ་སྦྱོང་ཡང་ལོ་ངོ་མང་པོ་རིང་ལ་མཛད་འདུག། དེ་ནས། ཉིས་སྟོང་བརྒྱད་ལོར་བོད་ཁམས་ཡོངས་སུ་ཞི་རྒོལ་ཆེན་མོ་དེ་བྱུང་སྐབས་སུ། ཡང་བསྐྱར་ལྷ་ས་ནས་འཛིན་བཟུང་བྱས་ནས་ཕལ་ཆེར་ལོ་གཅིག་རིང་ལ་བཙོན་ཁང་དུ་བཞུགས་དགོས་བྱུང་འདུག
ཉིས་སྟོང་དགུ་ལོར་ཁོང་གིས་བརྩམས་གནང་བའི་《ང་ཚོ་སད་རན།》ཞེས་པའི་ཕྱག་དེབ་དེ་བོད་ཁམས་ཡོངས་སུ་མཚན་སྙན་ཆེན་པོ་ཐོབ་འདུག དེ་ལྟར་སྙན་གྲགས་ཆགས་དགོས་པ་ནི། གཅིག་ནས་ཆོས་སྲིད་ཐ་དད་ཀྱི་ཐམས་ལམ་ཞིག་བཏོན་པ་དང་། གཉིས་ནས་རྩོམ་རྩལ་དེ་ཡང་ཆེས་འབུར་དུ་ཐོན་པ་ཞིག་ཆགས་ཡོད་པ། གསུམ་ནས་བོད་མི་རིགས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ཐབས་ལམ་གནད་ལ་འཁེལ་བཏོན་ཡོད་པས། ཡིན་མིན་ནི། རིགས་མཐུན་སྤུན་ཟླ་རྣམ་པས་ཁོང་གི་ཕྱག་དེབ་དེ་ཐེངས་གཅིག་ཀློགས་དང་མངོན་གསལ་ཆགས་ཡོང་གི་རེད་ལགས།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་མཚོན་པའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་ལ་གསུང་བཤད་ཀྱང་གང་ཞིག་མཛད་འདུག་ལ། དེའི་ནུས་སྟོབས་ལ་བརྟེན་ནས་ཁོང་ལ་མཚན་སྙན་ལ་ཡང་། དགེ་ཆོས་གཉིས་པ་ཞེས་པ་ཞིག་་ཡོངས་གྲགས་ཀྱིས་ཐོབ་འདུག
དེ་ནས་ཉེ་སྔོན་ཁོང་གི་ཕྱག་དེབ་གཉིས་པ་དཔར་བསྐྲུན་གྱི་ཆེད་དུ་མཚོ་སྔོན་ཕྱོགས་སུ་བཞུགས་ཡོད་རུང་། ཁོང་གི་དགོན་པ་དང་མི་མང་རྣམས་དཀའ་ངལ་གྱི་ནང་ལྷུང་དུས། ཁོང་གི་ཐུགས་མཐུན་གྲོགས་པོ་སྐོར་ཞིག་གིས་གནས་སྐབས་རིང་ཉེན་ཡོལ་དུ་སོང་ན་ལེགས་ཚུལ་གྱིས་རེ་འདུན་མང་པོ་ཞིག་བཏོན་ཡང་། ཁོང་གི་ངོས་ནས་《སྐྱིད་སྡུག་མཉམ་མྱོང་》གི་ཆེད་དུ། ཁོང་གི་ཕ་ས་ཕ་ཡུལ་ཚུར་རྔ་བ་ཡོང་སྐབས་སུ། ལམ་བར་ནས་གར་སོང་ཆ་མེད་དུ་གྱུར་ཡོད་རུང་། རྗེས་ནས་རྒྱ་ནག་ཁྲིན་ཏུའུ་ནས་གློད་གྲོལ་བཏང་ཡོད་ཀྱང་རུང་། ཁོང་གི་ཕ་ཡུལ་རྔ་བར་འགྲོ་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་འདུག མདོར་ན། ཁོང་ནི། རྒྱ་གཞུང་གིས་ཐེངས་གསུམ་ལ་བཙོན་འཇུག་བྱས་མྱོང་ཡོད་འདུག་གོ།།
ཨོ་རེད། མཚམས་སྤྱོར་འདི་ནི། ང་རང་སྒེར་གྱི་ངོས་ནས་སྒོ་ཤེས་རབ་རྒྱ་མཚོའི་སྐུ་ཚེའི་མཛད་འཕྲིན་ཕྲན་བུ་ཕྲན་བུ་ཤེས་ཚོད་ཀྱིས་བྲིས་པ་ལས་ཁུངས་ལུང་ཅི་ཡང་མེད་ལགས་ན། དེ་ལུགས་བཞིན་དགོངས་འཇགས་ཡོང་བར་ཞུའོ།།
བཀུར་འོས་དྲ་གྲོགས་དབང་འདུས་ལགས།
སྐུ་ཉིད་ཀྱི་དགོངས་ཚུལ་གནད་ལ་འཁེལ་བ་ཞིག་བཏོན་འདུག་ན། ཡི་རངས་དང་རྒྱབ་སྐྱོར་ཡོད། རེད་ལགས། ང་ཚོའི་སྤྱི་ཚོགས་འདི་གསར་བརྗེ་དང་གསར་གཏོད་བྱ་རྒྱུ་ལས། དད་པ་དང་དམ་ཚིག་ལ་ཡིད་ཆེས་ཡོད་ཁུལ་གྱིས་འགྲོ་བཞིན་པ། ཞིབ་འཇུག་དང་བརྟག་དཔྱད་བྱ་རྒྱུ་ལས། བཏང་སྙོམ་དང་ཟུར་འདུག་གི་རྣམ་པ་འཛིན་ཁུལ་གྱིས་བགྲོད་ཀྱིན་པ། མ་འོངས་པ་དང་ད་ལྟའི་གནས་བབ་ལ་འགན་ལེན་བྱ་རྒྱུ་ལས། གླེགས་བམ་རྙིང་བའི་རྒྱ་རྙིར་ཚུད་ནས་བསྐྱར་ཟློས་ཀྱིས་རྣམ་འགྱུར་ད་རུང་བསྟན་དང་སྟོན་བཞིན་པའི་འདི་རེད། དེ་དག་གི་རྒྱུ་རྐྱེན་མཐར་གཏུགས་ན། ཆོས་སྲིད་མཉམ་བསྲེས་ཀྱི་བྱས་འབྲས་ཤིག་རེད། དེ་ཡང་། སྐབས་འཚོལ་བ་དང་ཁེ་གྲགས་འདོད་པའི་མི་སྣ་གང་མང་ཞིག་གིས། སྲིད་པའི་ཆོས་རྒྱབ་དཔུང་དུ་འཁྱེར་ནས། རང་འདོད་གཉེར་དང་གཉེར་བཞིན་པ། ཆོས་པའི་སྲིད་ཀྱི་སྟོབས་ཤུགས་ཀྱི་ནང་དུ་འཛུལ་ནས་སྲིད་དོན་ཐེ་བྱུས་བྱས་སྟབས། ཆོས་ཀྱི་དགོངས་དོན་དང་འགལ་བ་རེད། སྤྱིར་ན། ཆོས་སྲིད་ཀྱི་དམིགས་ཡུལ་དང་ཐབས་ལམ་སོགས་ཁ་ཁ་སོ་སོ་ཡིན་པ་ནི། རང་རང་གི་རྣལ་མ་བྱས་ན། མཁས་པའི་ཞལ་གདམས་ལས་གསལ་བོ་གསུངས་འདུག་པ་མ་ཟད། རང་རང་གི་གཞུང་ལུགས་ཀྱིས་བསྟན་འདུག་པ་ནི། ས་རིས་ཐང་གསལ་རེད།
བཀུར་འོས་དྲ་གྲོགས་བརྩོན་རྒྱམ་ལགས།
བདེན་པ་རེད་ལགས། ཁོང་རྣམ་པ་འདྲ་བོ་གང་མང་ཞིག་བོད་ལ་ཡོད་ན། ད་ལྟའི་བོད་ཀྱི་གནས་བབ་འདི་འདྲ་ཞིག་མིན་ན་ཐང་། གང་ལྟར། ཡོད་རུང་། བོད་མི་སྤྱི་ཡོངས་ཀྱིས་ངོས་འཛིན་ཐོབ་རྒྱུ་དཀའ་མོ་ཞིག་ཡིན་རྒྱུ་རེད། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིན་ཐང་གཞི་ནས་རྟོགས་ཀྱིན་པ་མ་ཟད། ཁོང་གི་ཞིབ་འཇུག་མཛད་སྟངས་དང་བོད་མི་རིགས་ལ་ཁ་ཕྱོགས་སྟོན་སྟངས་སོགས་ལ་རིན་ཐང་ཆེ་བ་ནི། གཞི་ནས་གཉིད་སད་པ་ལྟར་ཡོང་གིན་པའི་གནས་ཚུལ་འདི་རེད། དེས་ན། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ཕྱོགས་སྟོན་ལ་ངོས་འཛིན་ཐོབ་མཁན་ཉུང་ཉུང་ཞིག་རེད་ལ། ལྷག་པར་དུ། ཁོང་གིས་གང་ཞིག་གསུངས་ཀི་ཡོད་མེད་ལ་མི་བལྟ་པར་ཅལ་འདྲོགས་བྱེད་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའང་རེད། དེ་ཡང་ཁོང་གིས། གཅིག་ནས་ཆོས་སྲིད་ཐ་དད་ཀྱི་ཐམས་ལམ་ཞིག་བཏོན་པ་དང་། གཉིས་ནས་རྩོམ་རྩལ་དེ་ཡང་ཆེས་འབུར་དུ་ཐོན་པ་ཞིག་ཆགས་ཡོད་པ། གསུམ་ནས་བོད་མི་རིགས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ཐབས་ལམ་གནད་ལ་འཁེལ་བཏོན་ཡོད་པས་ན། ང་ཚོས་ཁོང་ཚོ་ལྟ་བུ་ལ་ཡི་རངས་དང་རྒྱབ་སྐྱོར་བྱ་དགོས་པ་ནི། ཤེས་རྟོགས་དང་ངོས་འཛིན་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད་ཨང་།
བཀུར་འོས་དྲ་གྲོགས་བརྩོན་རྒྱམ་ལགས།
དེ་མཚུངས། གདོང་ཡོན་ཏན་རྒྱ་མཚོ་ལགས་ནི། བོད་མདོ་སྨད་རྔ་བ་ཡིན་ཞིང་། རྔ་བ་སྒོ་མང་དགོན་པ་ནས་ནང་བའི་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པ་མཛད་ནས། དེང་སྐབས་ཁོང་ནི། 《གུར་ཀུམ་ཆུན་པོ》རྩོམ་རིག་ལོ་དེབ་ཀྱི་རྩོམ་སྒྲིག་པ་དང་། 《མཚོ་སྔོན་ཁྲིམས་ལུགས་ཚགས་པར》གྱི་བོད་ཡིག་འཕྲིན་འགོད་པ། གཞན་ཡང་། 《རྔ་བའི་བོད་ཡིག་གསར་འགྱུར》གྱི་གསར་འགོད་པ་དང་། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་འཆད་འཁྲིད་དགེ་རྒན་གྱི་མཛད་འགན་བཞེས་བཞིན་པ། ད་དུང་། ཁོང་གིས་མཛོད་དགེ་རི་བོང་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞིན་པ་སོགས་ཡིན་པས་ན། ང་ཚོས་མཐོང་བ་ནི། ཁོང་གིས་བོད་མི་རིགས་དང་རིག་གཞུང་ལ་ཞབས་འདེགས་གང་འདྲ་ཞིག་ཞུས་དང་ཞུ་བཞིན་པ་འདི་རེད་ལ། 《དུས་རབས་ཉེར་གཅིག་པའི་སྙིང་གཏམ》ཞེས་པ་ལྷུག་རྩོམ་གྱི་དེབ་སོགས་ཕྱག་དེབ་ཀྱང་མི་ཉུང་བ་ཞིག་བརྩམས་གནང་ཡོད། ལྷག་པར་དུ། ཉེ་སྔོན་གསར་དུ་ཐོན་པའི་ཁོང་གི་གསུང་བཤད་ཅིག་གནང་འདུག་པ་ལ། ཐེངས་མང་པོ་ཉན་སྐབས་ངའི་མིག་མཐའ་ཆུ་ཡིས་བཀང་བ་ཉུང་ཉུང་མིན། འདི་ནི། དངོས་ཡོད་ཅིག་ཡིན་ལགས། དྲ་གྲོགས་རྣམ་པས་ཁོང་གི་གསུང་བཤད་དེ་ཅིག་ཉོན་དང་ཤེས་སླའོ།། ཏག་ཏག་ལ་བོད་མི་རིགས་དང་སྐད་ཡིག རིག་གནས་ཀྱི་ཆེད་དུ། ཐབས་ལམ་དང་རྣམ་དཔྱོད་གང་འདྲ་ཞིག་འདོན་གི་ཡོད་མེད། དེ་ལས་ཀྱང་། ཆོད་སེམས་དང་བློས་བཏང་ཆེན་པོ་འདི་འདྲ་ཞིག་བྱས་པ་ནི། ང་ཚོའི་མི་རིགས་ཀྱི་གཟི་བརྗིད་ཅིག་དང་རིན་ཐང་ཆེན་པོ་ཞིག་རེད་དོ།།
བཀུར་འོས་དྲ་གྲོགས་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
རྡོ་སྤས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་སྙན་ངག་ལ་ཉམས་དང་ངར་ཤུགས་ཆེ་ནི་རེད་དེ། མཚམས་རེར། ཁོང་གི་གསུང་འབུམ་ཁྲོད་ན། རྒྱ་གཞུང་དང་རྒྱ་གཞུང་གི་དཔོན་རིགས། དེ་བཞིན་སྲིད་བྱུས་སོགས་ལ་ངོ་བསྟོད་བྲེལ་ལད་འཁྲབ་ཡོད་པ་དེ་ཤེས་དགོས་པའི་གནད་དོན་ཞིག་རེད། ཁོང་རང་གིས་དགོས་པ་ཆེན་པོ་ཞིག་ལ་གཟིགས་ཡོད་ན་ཐང་མོད། ལོ་རྒྱུས་དང་དངོས་ཡོད་ཀྱིས་གུ་ཡངས་གཏོང་གིས་མ་རེད། གང་ལྟར། ཁོང་གིས་བོད་ཀྱི་སྐད་ཡིག་རིག་གནས་འཕེལ་ཕྱོགས་ལ་ཤུགས་རྐྱེན་བཏབས་ཡོད་པ་ང་ཚོས་བརྗེད་ཉན་གི་མ་རེད་དོ།།
དེ་ནས། མཁས་དབང་དགེ་ཆོས་ཁོང་ལྟ་བུར་མཚོན་ན། དུས་རབས་ཤིག་གི་བོད་ཀྱི་མིག་དང་བསམ་བློའི་ཚབ་མཚོན་ཞིག་ལ་ཆགས་བསྡད་ཡོད་པ་ནི། དངོས་ཡོད་གནས་སྟངས་འདི་རེད། དེས་ན། ཁོང་དང་ཁོང་གི་རྗེས་འཇུག་པ་རྣམས་ཀྱི་གྲུབ་འབྲས་ཀྱིས། བོད་མི་རིགས་ཟེར་བའི་ལོ་རྒྱུས་གཅིག་གྱུར་གྱི་དགོངས་ཚུལ་ཞིག་བཏོན་པ་ཕལ་ཆེལ་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་ན་ཐང་ངོ་།།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད་དེ། སྐུ་ཉིད་ཀྱིས་ལ་དྭགས་པར་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། རྔ་བ་སྒོ་མང་དགོན་པའི་གྲྭ་གཞོན་ཞིག་ཡིན་ཚུལ་གྱིས་ལམ་སྟོན་ཞིག་བྱས་པ་ནི། ནོར་སོང་ལགས། ཁོང་ནི། རྔ་བ་ཀིརྟི་དགོན་པ་ནས་རེད་ལགས། ཞོར་དུ་སྐུ་ཉིད་ལ་རེ་འདུན་ཞིག་ཞུ་འདོད་བྱུང་། སྒོ་ཤེས་རབ་རྒྱ་མཚོའི་ལྟ་ཚུལ་དང་ལངས་ཕྱོགས་ཐད་ལ། གནད་ལ་སྨིན་པའི་དགོངས་ཚུལ་རེ་གསུང་བའི་རེ་བ་ཆེའོ།།
དྲ་གྲོགས་པདྨ་དགེ་སར་ལ།
གང་ཞིག་བཤད་ཀིན་ཡོད་དམ། གཞི་འཛིན་ས་ཅི་ཡང་མེད་པའི་གཞི་མེད་སྐུར་འདེབས་མ་བྱེད་དོ།། ཅིག་བྱས་ན། དམིགས་ཡུལ་ཞིག་བཟུང་ནས་འདི་ལྟར་ཆེད་དམིགས་ཀྱིས་བཤད་ཀིན་པ་སྲིད་མོད། དེའི་རྣམ་འགྱུར་དང་ཤོད་སྟངས་ཀྱིས་རང་ཉིད་ལྷིང་ལ་བུད་འདུག་ག གང་ཡིན་ཟེར་ན། གཅིག་ནས། ཕྲག་དོག་གིས་བཟི་བསྡད་ཡོད་པ་ཞིག་དང་། གཉིས་ནས། བཙན་ཤེད་ཀྱིས་སྙོན་འཛུགས་བྱས་པ་དེས་ཀུན་སློང་ནག་པོ་ཞིག་རིག་གི་འདུག གསུམ་ནས། ཡི་རངས་དང་གུས་བརྩི་མ་ཐུབ་རུང་ཁ་རོག་གེར་མི་འདུག་པར། ཅིག་བཤད་ཁུལ་བྱས་པ་ནི། རིས་གཅོད་ཀྱི་བསམ་བློ་ཞིག་དང་ངན་བྱུས་ཀྱི་རྣམ་འགྱུར་འདི་གསལ་བོ་ཆགས་འདུག
བཀུར་འོས་དྲ་གྲོགས་གཙུག་ལག་སློབ་དཔོན་ལགས།
སྐུ་ཉིད་གཙུག་ལག་སློབ་དཔོན་ཞིག་ཡིན་ན་ནི། བཀའ་འདྲི་འགའ་ཤས་ཞུ་འདོད་བྱུང་།
༡༽ བོད་ལ་ཆོས་སྲིད་ཟུང་འབྲེལ་ག་དུས་ཤིག་ལ་བྱུང་བ་རེད་དམ།
༢༽ ཆོས་སྲིད་ཟུང་འབྲེལ་བྱས་འབྲས་ཀྱིས་བོད་ཀྱི་གནས་བབ་གང་ཞིག་ལ་བསྐྱལ་ཡོད་དམ།
༣༽ བོད་ཀྱི་ནུས་སྟོབས་ཆོས་སྲིད་གང་གི་ཕྱོགས་ལ་བཏོན་ཡོད་དམ།
༤༽ བོད་ལ་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཨེ་ཡོད།
༥༽ བཙན་བྱོལ་བོད་དང་བོད་མི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་སྟབས། དེའི་རྒྱུ་མཚན་ཅི།
བཀུར་འོས་དྲ་གྲོགས་གངས་སྦལ་ལགས།
དགེ་ཆོས་ཀྱིས་གངས་སེང་མེད་རབས་བཤད་འདུག་ན། གངས་སྦལ་ཡང་ཡོད་རྒྱུ་མ་རེད་ཀོ དེ་མེད་ན། བོད་མིའི་རྟོག་བཏགས་འདི། ནམ་ཞིག་ལ་ཚར་རྒྱུ་ཡིན་ནམ། ནམ་ཞིག་ལ་ཟད་རྒྱུ་ཡིན་ནམ། གང་ལྟར། མེད་པ་ཞིག་ཡོད་པ་ཅན་དུ་བསྒྱུར་བ་ནི། བོད་མིར་དཔྱོད་ཤེས་མེད་པ་མཚོན་མི་འདུག་གམ། ཡོད་པ་ཞིག་མེད་པ་ལ་བསྒྱུར་བ་ནི། བོད་མིའི་ལྡོག་པར་ཕྱོགས་པའི་ངོས་འཛིན་ཞིག་གིས་ཡིན་རྒྱུ་རེད་དེ། ད་ལྟ་ནི། དངོས་ཡོད་དང་གནས་ལུགས་ཀྱིས་གྲུབ་འབྲས་འཚོལ་བཞིན་པའི་དུས་རབས་གསར་བ་ཞིག་གི་སྒོ་མོ་ཕྱེས་ཡོད་དུས། ཆེན་པོ་ཆེན་པོ་ཞིག་དང་མང་པོ་མང་པོ་ཞིག་བསྙོན་ཐུབ་ཀི་མ་རེད་དོ།།
དེ་ནས། ཁྱེད་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལ་ངོས་འཛིན་ཞིག་ཐོབ་པ་ནི། དོན་ལ་འཁེལ་འདུག་ན། ཡི་རངས་བྱའོ།།
བཀུར་འོས་དྲ་གྲོགས་རྔ་བ་གཉན་རྒོད་ལགས།
ཉིད་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བསམ་བློ་བ་ཞིག་ཡིན་པའི་གདེང་འཇོག་གནང་བར་དགའ་ནི་ཞིག་རེད་ལགས། བསམ་བློ་བ་ཞིག་ཡིན་ན། ལྟ་ཚུལ་གསར་བ་ཞིག་དང་ལངས་ཕྱོགས་བརྟན་པོ་ཞིག ད་རུང་། ངོས་འཛིན་ཟབ་མོ་ཞིག་དང་ཐབས་ལམ་གནད་སྨིན་ཞིག་དགོས་པ་སོགས་ནི། མ་མཐའི་ཆ་རྐྱེན་ཞིག་རེད། དེ་ནི། ཁོང་ལ་དེའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡིན་པ་ནི། ཁོང་གིས་བརྩམས་གནང་བའི་《ང་ཚོ་སད་རན》གྱི་ཕྱག་དེབ་དེར་བཀུར་འོས་དྲ་གྲོགས་རྣམ་པས་གཟིགས་ཞིབ་ཅིག་གནོངས་དང་གསལ་བོ་ཆགས་ངེས་སོ།།
བཀུར་འོས་དྲ་གྲོགས་ཨ་འདུས་མིག་ཆུ་ལགས།
འདིར་ཕེབས་ནས་ངོ་སྤྲོད་གནང་བ་དེ་ཡག་བྱུང་བས་ན། བཀའ་དྲིན་ཆེའོ།། དེ་ནས། གལ་སྲིད་སྐུ་ཉིད་ལ། དུས་ཚོད་ཀྱིས་འདང་སོང་ན། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའི་བསམ་བློ་དང་ལྟ་ཚུལ། ལངས་ཕྱོགས་དང་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐད་ལ། ཁ་བརྡ་རེ་བྱ་རྒྱུ་རེ་འདུན་བཏོན་པ་ཡིན་ནོ།། གང་ཡིན་ཟེར་ན། ཁོང་ལྟ་བུ་གང་ན་སུ་ཡོད་ང་ཚོས་གླེང་སློང་ཞིག་བྱེད་ཐུབ་ན། ཁོང་ཅག་གི་དགོངས་ཚུལ་དང་ཐབས་ལམ་ལ་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་དོ་སྣང་ཞིག་བྱེད་སྲིད་པས་ན། དེའི་སྐབས་སུ། ང་ཚོའི་འགྲོ་སྟངས་མ་འགྲིགས་པ་དང་ནོར་བའི་ཆ་གང་ཡོད་སོགས་རང་ཤུགས་ཀྱིས་ངོ་འཕྲོད་ཡོང་གིན་པའི་གནས་ཚུལ་འདི་ལ་ཐུག་པ་རེད་ལགས།
སྒོ་ཤེར་གྱི་དེབ་དེ་བཀླགས་པའི་ཚོར་སྣང་ཞིག་འབྲི་འདུན་ཆེ་ཡང་ད་བར་ལྷགས་སོང་ལ། ད་ནི་རང་ཉིད་ནད་མནར་གྱི་རྐྱེན་གྱིས་འབྲི་ཐུབ་པའི་རེ་བ་བྲལ་ཡང་། ཉུང་ཙམ་ཞིག་བརྗོད་ན། ཁོང་གི་ང་ཚོ་སད་རན་ནི་བརྗོད་བྱའི་ཁྱབ་རྒྱ་ཆེ་ཞིང་རྗོད་བྱེད་ཚིག་སྦྱོར་རྣོ་བའི་དུས་རབས་གསར་པའི་བརྩམས་ཆོས་གོང་ཁུག་མ་ཞིག་ཏུ་མཐོང་ཞིང་། དེབ་དེ་ནི་བདེན་དོན་ལས་བདེན་དོན་གཉིས་པ་ཞིག་རྙེད་ཡོང་ཞིང་། བདེན་དོན་དེའི་ཁྲོད་ནས་ཀྱང་བདེན་དོན་གཞན་ཞིག་རྙེད་ཐུབ་པའི་ངོ་མཚར་ཤེས་རབ་ཀྱི་གཏེར་སྒོ་འབྱེད་པའི་ལྡེ་མིག་བརྩེགས་མ་ཞིག་ལས་གཞན་དུ་མཐོང་བར་མ་གྱུར་ཅིང་། ཅི་སྟེ་ཁོ་བོས་དབུགས་ཀྱི་ཐ་མ་རྔུབ་པའི་གདུགས་ཚོད་དེར་ཡང་འདི་ལྟ་བུའི་ཤེས་རབ་ཀྱི་མེ་ལྕེ་དྲག་ཏུ་འབར་ཞིང་གནས་ལུགས་ཀྱི་འོད་སྣང་རབ་ཏུ་འགྱེད་པའི་མཁས་ཤིང་མཛངས་པའི་ཆོས་གྲོགས་ཤིག་གི་འཁྲིས་སུ་ཡོད་ཚེ་བག་ཚ་བ་དང་ཞེ་དངངས་དགོས་པ་ཅི་ཡང་ཡོད་རེ་སྐན་སྙམ་པའི་ཀུན་རྟོག་གློ་བུར་བ་རེ་ཐོལ་དང་ཝ་ལེར་སྐྱེས་དང་སྐྱེ་བཞིན་བདོག་པ་དང་། དཔལ་ན་ལེནྡྲའི་མཁས་པ་དེ་ཚོ་དང་སྒོ་ཤེར་ལྟ་བུའི་ཤེས་རབ་དང་བདེན་དོན་ལ་རང་གི་མིག་བཞིན་གཅེས་པའི་མི་བུ་རྣམ་དཔྱོད་ཅན་འདི་དག་གི་བར་དུ་སྐྱེ་ས་འཚར་སའི་ཁྱད་པར་ལས་དོན་ལ་གདན་གྲལ་གཅིག་ཏུ་བཞག་ཆོག་པའི་དཔང་རྟགས་གསོན་པོ་དུ་མ་ཡང་འདུག་ཨང་སྙམ་པའི་ཚོར་བ་ཀློང་བརྡོལ་མ་རེ་སྐྱེས་པར་ཐལ་ལོ།།
དྲ་གྲོགས་བཀྲ་ཤིས་དོན་གྲུབ་ལགས།
《ང་》དང་ཁྱེད་ནི་མི་རིགས་སྲུང་མཁན་ཡིན།། 《ཚོ་》བ་ས་ཁུལ་མི་རྩོད་སྤྱི་དོན་རྩོད།། 《སད་》མ་སད་ཀྱི་ལམ་དུ་མི་འགྲོ་བར།། 《རན་》པའི་དུས་བབ་འདི་ལ་གཅེས་སྤྲས་བྱ།།
བཀུར་འོས་དྲ་གྲོགས་གཙང་རིགས་ལགས།
ཉིད་ཀྱིས་བསམ་ཚུལ་དེ་གནད་ལ་འཁེལ་བ་ཞིག་སྤེལ་འདུག་ན། བསྐྱར་དུ་འདིར་བཀོད་པ་ཡིན་ལགས། 《དེང་དུས་འདིར་ང་ཚོའི་གཞིས་སྡོད་བོད་མི་རིགས་ཀྱི་རྒྱ་ཆེ་བའི་ས་གཞི། རྩ་ཆེ་བའི་ཚེ་སྲོག དོན་ཆེ་བའི་རིག་གཞུང་སོགས་ལ་ཉེན་ཁ་ཆེ་བའི་དུས་འདིར། ང་ཚོས་ཆོས་ལུགས་ཆབ་སྲིད་ལ་ཁ་གཡར། ཆབ་སྲིད་ཆོས་ལུགས་ལ་ཁ་གཡར། ཆོས་ལུགས་ལ་ཆབ་སྲིད་ཀྱི་གཡོ་རྒྱུ་ཞིག་སྤྲས། ཆབ་སྲིད་ལ་ཆོས་ལུགས་ཀྱི་རྨོངས་དད་ཞིག་སྦྱར། ཆོས་ལུགས་ཕྱོགས་ཞེན་གྱིས་དབང་དུ་ཤོར་ཏེ། རྡ་སའི་རི་ངོགས་ཆུང་ཆུང་འདིར་ཆོས་ལུགས་དང་ཆོལ་ཁ་བརྩད་དེ། ཁྲ་བྱིའུ་ཐུབ་ཀྱིས་བྱིའུ།། བྱིའུ་འབུ་ཐུབ་ཀྱིས་འབུ།། བྱས་ཏེ་སྡོད་པ་ལས། ཡ་ང་བའི་འདས་སོང་གི་ལོ་རྒྱུས་ལ་ཕྱི་མིག་ཐང་གཅིག་བལྟས་ཏེ། མ་འོངས་པའི་བོད་མི་རིགས་ཀྱི་གནས་འཇིག་ལ་ཐུགས་བསམ་ཞིག་བཏང་སྟེ། བདེན་དོན་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་བཞག་སྟེ། ཐབས་མཁས་པའི་མདུན་ལམ་གསར་བ་ཞིག་དགོས་ཚོད་དགའ། ཡིན་ནའང་རྡ་སའི་སྲང་ལམ་རྒྱ་དོག བོད་མིའི་སེམས་པ་གུ་དོག གོ་དོན་ཆེ་བའི་མིང་བྱང་དོར་བ་ཙམ་མ་གཏོགས་མདུན་ལམ་གསར་བ་ཞིག་བཟོ་ཐུབ་པའི་ཡིད་ཆེས་མེད།》 ཅེས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ལགས།
སྤྱིར་བཏང་ཡིན་ན། ཆོས་དང་སྲིད་ཁ་ཁ་བྱས་ནས་རྩ་དོན་གྱི་ཆེད་དུ། ཐབས་ལམ་རེ་བཏོན་ན། སྟབས་བདེ་རྒྱུ་ཞིག་དང་བེད་ཆོད་པ་ཞིག་ཡོང་གི་རེད་དེ། དེ་འདྲ་མི་བྱེད་པར་ཆོས་སྲིད་གཉིས་ཀྱི་རིག་གནས་བཙན་གྱིས་དཀྲུགས་དཀྲུགས་བཏང་ནས། མུ་མཐུད་དེ་བགྲོད་ཀྱིན་པའི་དམིགས་ཡུལ་གང་ཡིན་ཤེས་མ་སོང་ངོ་།།
རེད་ཡ། སྒོ་ཤེར་གྱི་དེབ་དེ་བཀླགས་ཡོད། དེ་འདྲའི་ཚོར་སྣང་ཞིག་རྔ་བའི་གྲྭ་བ་མང་པོ་ལ་ཡོད་པ་རེད། མདུན་ལྗོངས་ཐུང་ཐུང་བྱས་ནས་གྲྭ་སུམ་བརྒྱ་བཙོན་དུ་འཇུག་པ་དང་རང་ལུས་མེར་བསྲེགས་ས་པའི་གྲྭ་བ་དེ་ཚོ་སྙིང་རྗེ། སད་མ་རན་གོང་ནས་བསད་རན་པ་ལྟ་བུ་ཆག་མི་འདུག་གམ། བན་ཆུང་སྣང་མཐོ་ཆ་བོས་འཆལ་རྩོམ་དང་ཉོག་གཏམ་གྱིས་རང་ཡུལ་བརླགས་རན། གཏོར་རན། བསད་རན། ཟེར་ན་གཏན་ནས་འགྲིག་གི་མ་རེད། སྔོན་བརྩམས་དང་དུས་རབས་གསར་པའི་བརྩམས་ཆོས་གང་ཡིན་ཡང་གནས་སྐབས་དང་མཐར་ཐུག་ལ་ཕན་བདེ་མེད་པ་དག་ནི་རྩོམ་ཆོས་དོན་མེད་དང་དོན་ལོག ཐོས་རྩོད་དང་། ངན་གཡོ་བརྩེ་བྲལ་གྱི་བཤད་ཡམ་འབའ་ཞིག་རང་རེད། གནའ་ནས་ད་བར་དུ་ཀིརྟི་དགོན་པར་བཤད་སྒྲུབ་ཕྲིན་ལས་གསུམ་གྱིས་དར་རྒྱས་ག་ཚོད་བྱུང་ཡོད་མེད་མཁྱེན་གསལ་མ་རེད་དམ། མི་ངན་རེ་གཉིས་ཀྱིས་བསྟན་པ་བཤིག་གི་རེད། སྨྱུ་གུས་མི་བསད་ཟེར་བ་དེ་ཡང་གཞན་ན་ཡོད་མ་རེད། ད་དུང་ཅོལ་ཆུང་འགའ་རེས་དཔལ་ན་ལེནྡྲའི་མཁས་པ་དེ་ཚོ་དང་མཉམ་པར་བལྟ་བ་ནི་འཁྲུལ་སྣང་རྟོག་ངན་ཀློང་བརྡོལ་རང་རེད། ཚེ་སྐྱིད་རྐུབ་བརྡག་རང་རེད། རྒྱལ་བའི་བསྟན་པ་ཡང་ཕྱི་ནས་མི་བཤིག་པར་ནང་ནས་སངས་རྒྱས་ཀྱི་གོས་ཆས་གྱོན་མཁན། ལྟ་ངན་པ་ཁ་དང་གོས་ཆོས་པ་ཟེར་ཀྱང་ཁོག་སྡིག་པས་གང་བ་ཚོས་ཆོས་ཀྱི་བདེན་དོན་མ་ཤེས་ན་ཤེས་འདོགས་དང་། མ་ཐོན་ན་འཐོན་འདོགས་སྒོ་ཤེར་ལྟ་བུའི་ཤེས་འཆལ་ཚོ་ལ་ཡིད་གཏད་བྱས་ནས་ད་ཡོད་རྔ་བ་སྡེ་དགོན་གྱི་བདེ་སྡུག་ལ་ལྟོས་དང་སྙིང་རླུང་མི་སྡང་ངམ། མི་རེ་གཉིས་ཀྱི་ཁེ་གྲགས་ལ་རེ་ནས་ཡུལ་ཁམས་བརླགས་ན་ཅི་མ་ཡིན་འདུག་ཐབས་ཡོད་མི་སྲིད་པར་ཐལ་ལོ།
ངའི་ངོ་དེབ་ནང་དུ། ཚེ་རིང་སྒྲྲོལ་མ་ལགས་ཀྱིས་སྤེལ་བའི་མཆན་བུ་ཞིག་འདིར་བཀོད་པ་ཡིན་ནོ།།
ཨ་ཁུ་ཤེས་རབ་ཚང་དེང་་མཚན་སྙན་གྲགས་ཆེ་བའི་རིགས་གཅེས་ཆོས་གཅེས་ཀྱི་རྩོམ་པ་བོ་ཞིག་རེད། སྔོན་ཁོང་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་བགྲོ་གླེང་བྱས་ནས་སྙན་གྲགས་རྒྱས་འདུག་པ་མ་ཟད། 《ང་ཚོ་སད་རན་》ཟེར་བའི་དེབ་དེ་བོད་ཁུལ་ཡོངས་་ལ་འགྲོ་རྒྱུགས་ཆེས་ཆེ་བའི་དེབ་ཅིག་ཡིན་པར་གྲགས་སོ།། ཉེ་ལམ་ལྷོ་ནུབ་མི་རིགས་སློབ་ཆེན་དུའང་མི་རིགས་སྐད་ཡིག་སྐོར་ལ་བགྲོ་གླེང་ཞིག་བྱེད་ཀྱི་ཡོད་པའི་གཏམ་བཟང་གི་བརྡ་འཕྲིན་ཞིག་འབྱོར་ཡང་། འདི་ཕྱོགས་ཀྱིས་སློབ་བྲེལ་ཆེ་སྐབས་ཡིན་སྟབས། འགྲོ་མ་ཐུབ་པའི་བློ་འགྱོད་ཆེ་ཙམ་བྱུང་། ཁོང་ངའི་ཐོག་མར་མཐོང་བ་ནི། ན་ནང་དབྱར་སེང་སྐབས་རྔ་བའི་ཁྲོམ་རྭར་ཁོང་ཕེབས་བཞིན་པའི་སྐབས་ཅིག་མཇལ་མྱོང་ཡོད། སྐབས་དེར། ངས་འཚམས་འདྲི་ཞིག་བྱེད་འདོད་ཡོད་མོད། ངའི་ཨ་མའི་བུ་མོ་ཞིག་ལ་ང་རྒྱལ་ཆེ་ཚུལ་བཤད་ནས་མངགས་མ་སོང་། ཁོང་ནི་ཁྱིམ་པ་བ་དང་རབ་བྱུང་བའི་རིག་གནས་གཉིས་ལ་བྱང་ཆུབ་པའི་གཞོན་སྐྱེས་ཕུལ་བྱུང་ཞིག་ཡིན་པར་གྲགས་སོ།།
༢༠༽ བཀུར་འོས་དྲ་དྲོགས་རྔ་བ་ཚེ་སྐྱིད་ལགས།
༡༽ བོད་ལ་ཆོས་སྲིད་ཟུང་འབྲེལ་ག་དུས་ཤིག་ལ་བྱུང་བ་རེད་དམ།
༡ བོད་ལ་ཆོས་སྲིད་ཟུང་འབྲེལ་གཉའ་ཁྲིའམ། ཉག་ཁྲིའི་སྔོན་ཡང་ཡོད་དགོས་ཀྱང་། གཉའ་ཁྲིའི་སྐབས་བོན་ཆོས་དང་ཆབ་སྲིད་ཟུང་འབྲེལ་ཡིན་པར་འདོད།
༢༽ ཆོས་སྲིད་ཟུང་འབྲེལ་བྱས་འབྲས་ཀྱིས་བོད་ཀྱི་གནས་བབ་གང་ཞིག་ལ་བསྐྱལ་ཡོད་དམ།
༢ ཆོས་སྲིད་ཟུང་འབྲེལ་གྱི་བྱས་འབྲས་ཀྱི་བོད་མིའི་སེམས་ལ་བདེ་སྐྱིད་བརྗོད་མི་ཤེས་པ་བྱུང་ཡོད་རེད། གནས་བབ་བསྐྱལ་སྟངས་ཀྱི་དྲི་བའི་ལན་དེ། བོད་ཀྱི་བླ་མ་ཀླད་མེད་ཚོ་དང་། བོད་མིའི་ལས་བྱེད་མ་རབས་མགོ་རུལ་རྣ་བས་མ་འཚོར་བ་ཚོའི་ལོ་རྒྱུས་ཞིབ་འཇུག་བྱེད་དགོས་པ་ལས། ཆོས་ཀྱིས་བསྐྱལད་ཅེས་པའི་ཚིག་་ཁྱེད་རང་ནོར་བ་མིན་འགྲོ་སྙམ།
༣༽ བོད་ཀྱི་ནུས་སྟོབས་ཆོས་སྲིད་གང་གི་ཕྱོགས་ལ་བཏོན་ཡོད་དམ།
༢ བོད་ཀྱི་ནུས་སྟོབས་བཙན་པོ་ཁྲི་རལ་བར་ཆོས་སྲིད་གཉིས་ཀ་དང་། དེ་བོད་སིལ་བུར་ཐོར་དུས་ཆོས་ཕྱོགས་གཙོ་བོ་ཙམ་དང་། ཡང་རྒྱལ་དབང་ལྔ་པ་ནས་ཆོས་སྲིད་གཉིས་ཀར་ལ་ནུས་པ་སྟོན་ཙང་། རྒྱ་ནག་གོང་མའི་མི་རབས་ཐ་མ་དེ་ཚོས་ཉེས་ཇག་འཐེན་ནས་འཆི་དགོས་པ་དང་། ད་ལྟའི་བོད་ཀྱི་ཆོས་སྲིད་དབུ་འཁྲིད་ཀྱིས་འཛམ་གླིང་ཞི་བདེའི་བྱ་དགའ་བཞེས་ནས་བཞུགས་པ་དད་མེད་བོད་རིགས་གཞོན་སྐྱེས་ཚོས་ཀྱང་མཐོང་ཐུབ་པའི་རེ་བ་ཡོད།
༤༽ བོད་ལ་ཆབ་སྲིད་ཀྱི་གཞུང་ལུགས་ཤིག་ཨེ་ཡོད།
༤ ད་ལྟའི་དུས་སུ་མེད། ང་ཡང་རྒྱ་དང་བོད་མཉམ་གནས་ལ་བཙོན་མཁན་ཅིག་ཡིན། ལྷ་སའི་བྱམས་འཕྲིན་དང་། དྷ་སའི་ཀླུ་བྱམས་གཉིས་དང་། ང་གཉིས་བསམ་བློའི་་གནས་སའི་བར་གྱི་་གནམ་ཁྱད་པར་ཡོད་པ་ངོས་འཛིན་བྱེད་བགྱིན་ཡོད།
༥༽ བཙན་བྱོལ་བོད་དང་བོད་མི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་སྟབས། དེའི་རྒྱུ་མཚན་ཅི།
༥ དྷ་སའི་ཆེ་མཐོའི་བོད་ཀྱི་སྤྱི་ཚོགས་དེ། ༧༩འི་བར་རང་བཙན་བརྩོན་མཁན་གྱི་ཆབ་སྲིད་པའི་གཞུང་ཞིག་རེད། དེ་ནས་དབུས་ལམ་བརྒྱུད་ནས། རྒྱ་བོད་ཀྱི་ལས་འགུལ་སྤེལ་མཁན་འཛམ་གླིང་འདི་ན་འགྲན་ཟླ་བྲལ་བ་ཅིག་རེད། བདེན་པ་ཉིད་རྒྱལ་གྱུར་ཅིག རྒྱ་བོད་གཉིས་ཀ་བདེའོ། རྒྱ་བོད་གཉིས་ཀ་རྒྱལ་ལོ། འཛམ་གླིང་ཞི་བདེ་རྒྱལ་ལོ། །དགེའོ། དགེའོོ། དགེའོོོ། །
རྔ་བ་ཚེ་སྐྱིད་ལགས། ངས་རང་ཉིད་ལ་གངས་སྦལ་ཞེས་པའི་མིང་ཞིག་བཏགས་པ་འདིས་གངས་སྦལ་ཞེས་པའི་སྲོག་ཆགས་ཤིག་ཡོད་པའི་དབང་དུ་བྱས་ནས་བཏགས་པ་ཡིན་ག་ལ་དགོས། ངས་ནི་གངས་རིའི་ནང་དུ་སྦལ་བ་ཞིག་ཡོད་རྒྱུ་ན་སེམས་ཅན་དེ་མ་མཐའ་ཡང་གངས་རི་ལ་དགའ་ཞིང་དུང་བའི་སེམས་ཅན་ཞིག་ཡིན་སྣང་བཟུང་ཡོད། མ་གཞི་ཁྱེད་ལ་གཞན་གྱིས་རྟོག་བཏགས་དང་རེ་བའི་ཁེངས་བའི་མིང་ཞིག་བཏགས་ཆོག་པ་ལ། ང་ལ་ང་ཡིས་བསམ་བློ་ཇི་བཞིན་མིང་བཏགས་ཅི་ལ་མི་ཆོག
ཡང་གཅིག་བཤད་ན་དགེ་ཆོས་ཀྱིས་གངས་ཀྱི་སེངྒེ་གར་ཡང་མ་མཆིས་ཤིང་ཞེས་གངས་སེང་མེད་པར་བཤད་པ་མ་གཏོགས་གངས་སྦལ་མེད་པ་དང་། གངས་རིའི་ནང་སེམས་ཅན་གཅིག་ཀྱང་འཚོ་མི་ཐུབ་པའི་སྐོར་སོགས་བཤད་རབས་མེད་ཐལ། གངས་སེང་མེད་པའི་རྒྱུ་མཚན་གྱིས་གངས་སྦལ་ཅིའི་ཕྱིར་མེད་དགོས་པ་རེད། མཆན་འདེབས་དུས་བསམ་བློ་ཞིབ་ཙམ་གཏོང་རྒྱུ་རེ་བ་ཡིན།
ཆོས་རྒྱལ་ལྷ་ཐོ་སྐུ་དུས་ནས་བཟུང་སངས་རྒྱས་བསྟན་པ་རིན་པོ་ཆེ།། སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པས་ལས་འབྲས་བློང་དོར་མིག་ཕྱེས་ཤིང།། ཤ་དང་རིགས་རུས་གཅིག་པ་ལས་དང་སྨོན་ལམ་གྱིས་འབྲེལ་བ།། ཆོས་དང་དམ་ཚིག་འདྲེས་པ་སྐྱིས་སྡུག་རེ་འདུན་དང་འཚུངས་ཤིང་།།
དར་བའི་སྣེ་མོར་རྒུད་པའི་སྨག་རུམ་དུ་ཟུག་པའི་དེང་གི་སྐབས་སུ། མྱོང་བ་རང་སྟེང་དུ་གྲུབ་པའི་ལོ་རྒྱུས་འཇིགས་ཉེན་ཅན་དག་གིས་ད་དུང་སློབ་གསོ་མི་ཐིངས་པའི་འུ་ཅག་པོ་ཏ་ལའི་མི་རིགས་རྣམས། ཁ་བྱང་དོར་བའི་ཁ་ཕྱོགས་མེད་པའི་འུ་ཅག་བཙན་པོ་ལ་བྱོལ་མཁན་དག མི་ལོ་ལྔ་བཅུ་ལྷག་གི་ངོ་གདོང་ལ་ཕྱིར་
བཀྱེད་ནས་ལྟོས་དང་། སྐྱེས་བུ་གཅིག་གི་རྐང་ཤུལ་ལས་གཞན་སུ་ཞིག་གིས་ལག་རྗེས་མཐོང་ངམ། རྐང་ཤུལ་དེ་བགྲད་ནས་བགྲོད་མཁན་སུ་ཞིག་སྟོན་ཐུབ་བམ། རང་དོན་མོས་ཞེན་ཆེ་དྲགས་པས་ཕྱོགས་ལྷུང་འཐེན་ཁྱེར་གྱི་ཚོགས་པ་དང་དགོན་སྡེ་མང་སྟབས་མཐུན་སྒྲིལ་དཔུང་གཤིབ་ཀྱི་ལག་རྡང་དང་བརྩི་འཇོག་རིན་ཐང་གི་ལྟ་བ་སོགས་ཇི་ལྟར་འཚོལ། “ང་ཚོ་སད་རན་,,པའི་ཉེན་བརྡ་གཏོང་མཁན་གྱི་སྒོ་ཤེས་རབ་ལགས་ཀྱི་རྩོམ་དེབ་དེ་བཀླགས་པས་ང་ལ་འདུ་ཤེས་རྣལ་མ་ཞིག་དང་སྤོད་པ་གསར་བ་ཞིག་སྐྱེས་སུ་བཅུག ལྟ་བ་གསར་རྙིང་གི་དགག་སྒྲུབ་ཁྲོད་ནས་མི་བུ་སྒེར་གྱི་གནད་ཡིན་ཚུལ་གྱི་སྨྱོན་འཛུགས་བྱེད་པར་ཐོས་དུས་ང་ལ་སྐྱི་གཡའ་བའི་སྣང་བ་ཞིག་སྨིན་སོང་། ད་དུང་འགག་དོག་པའི་འཇིགས་ཕྲེང་འདི་ལས་གསོན་དུ་རེ་བའི་ཐར་ལམ་ཞིག་མ་རྙེད་གོང་། དཔྱོད་ཤེས་ཀྱི་བློ་མིག་དང་། དྲང་བདེན་གྱི་སྤོད་པ། དགོས་དམིགས་ཀྱི་འདུ་ཤེས་འཛིན་མཁན་དག་ལ་ད་རུང་གུ་ཡངས་པའི་སྡིངས་ཆ་ཞིག་ཅི་ལ་མེད་སོང་བ་རེད།
བཀུར་འོས་སྙན་ངག་པ་ཀླུ་སྨྱོན་ལགས།
ཡང་བསྐྱར་ཕེབས་ནས་དགོངས་ཚུལ་དོན་སྙིང་ལྡན་པ་ཞིག་གསུངས་འདུག་པས་ན། དགའ་སྤོབས་ཤིག་བསྐྱེད་སོང་། གང་ལགས་ཞེ་ན། མཁྱེན་དཔྱོད་ལྷག་བསམ་ཡངས་པའི་ཁྱེད་ལྟ་བུ་རྣམ་པའི་ངོས་ནས། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ། གདེང་འཇོག་ཆེན་པོ་ཞིག་དང་ངོས་འཛིན་ཚད་མཐོ་ཞིག་ཐོབ་དང་འཐོབ་བཞིན་ཡོད་དུས། ཕྱོགས་གཅིག་ནས། བོད་ཀྱི་ཤེས་ལྡན་པ་རྣམས་ཀྱིས་ནང་ཁུལ་ལ་གུས་བརྩི་དང་མཐུན་སྒྲིལ་ཡོང་གི་ཡོད་པས་ན། དགའ་སོང་ལ། ཕྱོགས་གཞན་ཞིག་ནས། བོད་ཀྱི་ཤེས་ལྡན་པའི་རྣམས་ཀྱི་རྣམ་དཔྱོད་དང་ཐབས་ལམ་ལ་དང་དུ་ལེན་གྱིན་པའི་གནས་ཚུལ་འདིས། སྤོབས་པ་ཞིག་ཀྱང་སྟེར་སོང་ངོ་།།
པདྨ་གེ་སར་ལ།
དེང་སང་གི་བོད་ཀྱི་དགེ་འདུན་པ་རྣམས་ནི། ཕྱོགས་ཡོངས་ནས། བོད་ཀྱི་སྣེ་ཁྲིད་པ་ཆགས་འདུག་པས་ན། ཡི་རངས་དང་རྒྱབ་སྐྱོར་གུས་བརྩི་ཆེན་པོའི་སྒོ་ནས་ཞུ་གི་ཡིན་ལ། ཁོང་ཚོས། བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནངས་དང་གནང་བཞིན་པ་ནི། མངོན་སུམ་ཚད་མས་རྟོགས་པ་རེད་དེ། ཉིད་ཀྱིས། ཆེད་དམིགས་ཀྱིས་ངན་སྨྲས་བྱེད་སྟངས་ནི། རང་ཉིད་རང་གིས་འགྲེལ་བཤད་བརྒྱབས་འདུག ཁྱོད་ཀྱིས་ཅིག་ལྟོས། བོད་ཀྱི་དམག་མི་ཟེར་དུས། གྲྭ་པའི་སྡེ་ལས་ལྷག་ཅིག་བསྟན་རྒྱུ་ཨེ་ཡོད།
འབྲེལ་མེད་དོན་གཞན་རྐྱང་རྐྱང་གིས་བཀང་དགོས་དོན་ནི། ཕྲག་དོག་གི་ན་ཚས་བཟུང་ཚར་བ་ཡིན་པ་ལྷིང་ལ་བུད་འདུག་ཡ། http://www.tibettimes.net/news.php?cat=5&&id=4423 ཅིག་གཟིགས་དང་། ཁྱོད་མ་དགའ་རུང་། དེ་ག་རང་རེད།
དེ་ནས། བོད་ཀྱི་སྙན་ངག་པ་ཞིག་གི་ངོས་འཛིན་དང་དགོངས་ཚུལ་ཞིག་གསུངས་རུང་། དེར། ཐད་ཀར་རྒོལ་བ་ནི། རང་ཉིད་ལ་རང་གིས་གུས་ཞབས་དང་བརྩི་མཐོང་མ་བྱས་པ་དང་གཅིག་མཚུངས་རེད་ཡ། གང་གིས་ཟེར་ན། ང་ཚོ་ལ་མཁོ་བ་ནི། ཤེས་ལྡན་པ་རེད་ལ། དེ་བས་ཀྱང་། ཁོང་ཚོའི་གཏིང་ཟབ་མོའི་ངོས་འཛིན་དང་ཡང་དག་པའི་ཐབས་ལམ་རྣམས་རེད་དེ། ཁྱོད་ལྟ་བུས་ནམ་ཞིག་ཡིན་རུང་། ཕྱོགས་གཅིག་རང་གི་ཆེད་དུའམ། ཡང་ན། མ་དགའ་བ་རྒྱུ་མཚན་བྱས་ནས། རྒོལ་གཏམ་དང་བསམ་སྤྱོད་རྩུབ་པོའི་སྟོབས་ཀྱིས། བོད་འདི། ཁ་སྟབས་སྐྱོ་བོ་འདིར་ལྷུང་བ་རེད།
ཕྱོགས་གཅིག་ནས། རྔ་བའི་ཛ་དྲག་གི་དཀའ་ངལ་སེམས་ཚབས་ཡོད་ཁུལ་གྱི་རྣམ་འགྱུར་བསྟན་པ་དང་། ཡང་ཕྱོགས་གཞན་ཞིག་ནས། རྔ་བ་ཀིརྟི་དགོན་པའི་ཤེས་ལྡན་པ་རྣམས་ལ་སྨད་ར་གཏོང་ཚུལ་འདིའི་རྣམ་འགྱུར་ནི། མངོན་ལྐོག་རྒྱབ་མདུན་མི་མཚུངས་པའི་རང་གཤིས་དེ་གསལ་ཐིང་ཐིང་རེད་ཡ།
དེས་ན། ཞེ་ནག་ཕྱོགས་རིས་ཅན་ལ་ཁ་ཡ་བྱེད་འདོད་མེད་ཀི
བཀུར་འོས་དྲ་གྲོགས་གཙུག་ལག་སློབ་དཔོན་ལགས།
དུས་ཐོག་ཏུ་བཀའ་ལན་ཞིག་གནང་བར་དགའ་སོང་། ད་དུང་ཡིན་རུང་། བུ་མོ་ང་ལ་བཀའ་འདྲི་རེ་ཞུ་རྒྱུ་ཡོད་ན་ཐང་། དེ་དུས། སྐུ་ཉིད་ལ་ཕྱག་ཚོད་ཀྱིས་འདང་སོང་ན། བཀའ་ལན་གནད་འཁེལ་རེ་གནང་རྒྱུའི་རེ་སྐུལ་ཞུས་པའོ།།
དྲ་གྲོགས་གངས་སྦལ་ལགས།
མི་ཆོག་ནི་མ་རེད་ལགས། དེ་ནི། ཁྱེད་རང་གི་འདོད་མོས་རེད། དེར། ངས་གུས་བརྩི་ལོས་བྱེད་དེ། ངས་སྤྱིར་ན། བོད་ཀྱི་ངོས་འཛིན་ཞིག་དང་རྟོག་བཏགས་ཤིག་ཤོད་ཁུལ་བྱས་པ་ཡིན་མོད། ཅིག་བྱས་ན། བཤད་སྟངས་མ་ཡོང་ནི་ཡིན་རྒྱུ་རེད་ལགས། ཁྱེད་ཀྱི་ཐུགས་ལ་མ་འཛིན་རོགས།
གང་ལྟར། ཁྱེད་དང་མཉམ་དུ་བགྲོ་གླེང་ལྷུག་པོ་ཞིག་ཡོང་ན་འདོད་ཀི་ཡ། ང་ནི། ནམ་ཞིག་ཡིན་རུང་། དངོས་ཡོད་ཁས་ལེན་ཐུབ་མཁན་ཞིག་ལས་རྟོག་བཏགས་ཀྱི་སྒྲུང་སྣ་ཉན་བྲོ་ནི་ཞིག་མིན་པས་སོ།། དེས་ན། གངས་མེད་ན་གངས་སྦལ་ཡང་མེད་དོ།། དེའི་རྒྱུ་མཚན་ནི། གངས་སྦལ་ཞིག་ཡོད་ན་ནི། དེའི་གཟུགས་བརྙན་དང་རྣམ་པ་ཙམ་ད་ལྟ་ང་ཚོ་མཐོང་ཐུབ་ཀི་རེད་དེ། དེ་འདྲ་མི་འདུག་པས་ན། བསྒྲུབ་ཐབས་དང་ངོ་སྤྲོད་གང་འདྲ་ཡོད་དམ།
ཤིན་ཏུ་མད་དོ།། གང་ལྟར། མི་ཞིོག་ཡིན་ནས་བཟུང་སྟེ། གནད་དོན་གང་ཞིག་ཡིན་རུང་། བསམ་ཞིབ་བྱེད་རྒྱུ་གལ་ཆེན་དོན་ཆེན་ཡིན་པ་ཉིད་ཀྱིས་བསྐུལ་རུང་མ་བསྐུལ་རུང་། དེ་ག་རང་བྱས་དང་བྱེད་པ་ཡིན་མོད། འོན་ཀྱང་། དཔྱད་གཞིགས་ཀྱིས་མ་འདང་བའི་ཆ་གང་ཡོད་པ་ནི། ཉམས་མྱོང་དང་སློབ་གསོ་ཞིག་སྒོམ་བཞིན་ཡོད་དོ།།
བཀུར་འོས་དྲ་གྲོགས་གུ་ར་རྫ་ལགས།
ཆོས་ནི། ཞི་ཞིང་བདེ་བའི་ཐབས་ལམ་ཞིག་ཡིན་ནོ།། སྲིད་ནི། འགྲན་རྩོད་རིག་པའི་འཁོར་ཞིག་ཡིན་ནོ།། དེ་གཉིས་ཟུང་འབྲེལ་བྱས་པ་ནི། དམིགས་ཡུལ་ཐ་དད། ངོས་འཛིན་ཐ་དད། ཐབས་ལམ་ཐ་དད་ཡིན་པས་ན། སོ་སོ་བྱས་ན། རང་རང་གི་དཔལ་ཡོན་དང་དམིགས་ཡུལ་ལེགས་འགྲུབ་འབྱུང་ཐུབ་པས་སོ།། མ་ཟད། རང་རང་གི་ནུས་སྟོབས་འཕེལ་རྒྱས་སུ་འགྲོ་གི་རེད་ལ། རང་རང་གི་ཁྱད་ཡོན་མངོན་པར་གསལ་ཐུབ་ཀི་རེད་ལགས།
བཀུར་འོས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། རྩོམ་འབྲི་མི་ཤེས་པའི་རྩོམ་པ་པོ་ཡིན་ཟེར་མཁན་དག་དང་མི་འདྲ་བར་བསམ་བློའི་ཆ་དང་། རྩོམ་རྩལ་གྱི་ཆ་གང་ནས་མིག་དཔེར་འོས་པ་ཞིག་ཡིན་པ་མ་ཟད། ཁོང་གི་བརྩམས་ཆོས་དག་སེར་མོ་པ་སྤྱི་ཚོགས་ཆབ་སྲིད་ལ་འགན་ཁུར་ལེན་དགོས་ཟེར་མཁན་ཚོས་ཀློག་དགོས་པའི་དེབ་ཞིག་ཡིན་ནོ། དེ་མིན་དེབ་བརྒྱ་ཕྲག་བརྩམས་དཔར་བྱས་ཀྱང་དོན་སྙིང་དབེན་ན་ནི་ཤོག་ཧྲིལ་རང་ལས་རིན་ཐང་མེད་དོ། བཙན་བྱོལ་ནང་དེབ་ཀྱི་ཁ་གྲངས་དང་བམ་ཚད་འགྲན་བསྡུར་བྱེད་སྲོལ་འདི་ལ་བལྟས་ནས་སྒོ་ཤེར་གྱི་རྩོམ་དེབ་ནི་རིན་ཐང་ལྡན་པའི་གསེར་ཆོས་རང་ཡིན་པ་གཟུར་བོར་བ་བློ་ལྡན་དག་གིས་ལྟོས་དང་ཤེས།
གོང་དུ་པདྨའི་གེ་སེར་གྱི་མིང་རྫུས་འོག་ཡིབ་བསྡད་པའི་ཀིརྟི་དགེ་རྒན་རེ་མདོ་སེང་གེ་ཟེར་པ་དེས་ཕྱོགས་རིས་ཕྲག་དོག་གི་མིག་གིས་བལྟས། གནས་ལུགས་རྒྱུ་མཚན་རྒྱབ་ཀྱིས་བསྐྱུར། ཁྱི་རྒན་ཀུ་ཅོ་འདོན་པའི་དཔེ་རུ་སོང་ནས་སྒོ་ཤེར་ལགས་དང་ཁོང་གི་རྩོམ་ལ་དྲང་པོའི་དཔྱད་བརྗོད་མེད་པར་མི་ལ་ཆེད་དུ་ངན་སྨོད་དང་གླེང་འགེལ་བྱེད་པ་ནི་ཨ་ཧོ་ཧོ་ཅི་འདྲའི་ལས་ཀྱི་མཐའ་ཞིག་རེད་ཨང། རྔ་བ་ཀིརྟི་དགོན་གྲོང་གིས་འཛམ་གླིང་ལ་གྲགས་པའི་བོད་དོན་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ནི་རྔ་བའི་མི་མང་སྤོབས་པ་སྐྱེ་གཞི་དང་འཛམ་གླིང་མི་ཡིས་བསྔགས་བརྗོད་གཏོར་གཞྀ་ཞིག་ཆགས་ཡོད་པས་གལ་སྲིད་དེ་སྒོ་ཤེར་ལགས་ཀྱི་རྩོམ་གྱི་ཤུགས་རྐྱེན་ཡིན་ན་ནི་ཧ་ཅང་བཟང་སྟེ་སྨད་མ་ཤེས་པར་སྨད་ཁུལ་བྱས་པ་ལས་མ་འདས། གལ་སྲིད་རྔ་བའི་དགོན་གྲོང་ལ་རྒྱ་མིས་བསུན་གཙེར་བཟོ་བ་འདི་ལ་གཞན་གྱིས་གནོད་བྱས་པ་ཞིག་་ཡོད་ན་ནི་ཕྱི་ལོགས་སུ་ཡོད་པའི་སྐབས་འཚོལ་པ་ཚོས་གང་སར་སྐད་བརྒྱབ་པའི་འབྲས་བུ་ཡིན་རྒྱུ་ལས་གཞིས་བཞུགས་སྙིང་སྟོབས་ཅན་གྱི་རྩོམ་པ་པོ་ཚོར་འཁེང་པ་ནི་ཅི་འདྲའི་ཐ་ཤལ་གྱི་བྱེད་སྟངས་ཤིག་རེད་ཤེས་ལྡན་རྣམ་པས་སོམས་དང།
སྡེ་ཚན་འདིའི་ནང་དུ་ཚང་མ་འཁྲུགས་པོ་འདྲ་བྱུང་འདུག ད་དུང་རྔ་ལི་མ་ཚེ་སྐྱིད་ཀྱིས་གནས་ལེན་བྱས་ནོ་ལ་ཞེ་གི་ཧྲ་གི ང་ཡང་བསམ་ཚུལ་མང་པོ་ཞིག་ཡོད་རུང་། དེ་རིང་གཅིག་བུ་ལ་མིག་བཙུམ་ནས་སྟོན་པའི་མདུན་དུ་རྒྱག་རེ་མི་རྒྱག་ཟེར་ནས་ཁས་ལེན་ཕུལ་ཡོད། དེ་རིང་ངོ་ནས་རྒྱག་རེ་མི་རྒྱག་ཀོ རྗེས་ནས་ཡང་བསྐྱར་ཡོང་ན་ངོ་ནས་འདིའི་ནང་ན་རྒྱག་རེ་རྒྱག་ས་སྐོར་ཞིག་འདུག དེ་དུས་ཆོན་རྒྱག་རྒྱུ་ཡིན། ཆོན་རྒྱག་མི་ཤེས་ནི་ཚོ་དང་པོ་ནས་གཡོལ་ཙམ་བྱས་ན་དགའ་ནི་རེད། དེ་མིན་ངས་རྐང་ཆག་ལག་ཆག་བཟོ་ན་ཐང་། ཡ་ད་ཡང་བསྐྱར་མིག་བཙུམ་ནས་ཁ་བཏོན་དགེ་སྦྱོར་ལ་འབད་པར་བྱའོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ངོས་འཛིན་ཆེན་པོ་ཞིག་བཤད་འདུག་པ་ནི། དགའ་འོས་པ་ཞིག་རེད། ངོས་འཛིན་ཐོབ་པ་ནི། ཞིབ་འཇུག་དང་བློ་རྒྱ་ཡོད་པའི་ཏན་རྟགས་ཤིག་ཏུ་འཁུམས་སོ།། གདེང་འཇོག་ཆེན་པོ་ཞིག་བཞག་འདུག་པ་ནི། སྤོབས་པ་ཞིག་བསྐྱེད་སོང་། གདེང་འཇོག་བྱས་པ་ནི། གུ་ཡངས་དང་གུས་བརྩི་ཡོད་པའི་བསམ་སྤྱོད་དགོས་མཁོ་ཡོད་པ་ཞིག་རེད་ལགས། མཉམ་རུབ་ཀྱི་རྣམ་འགྱུར་ཚད་མཐོ་ཞིག་བསྟན་པ་ནི། དགོས་མཁོ་ཆེན་པོ་ཞིག་རེད། མཉམ་འབྲེལ་ནི། སྟོབས་ཤུགས་ཤིག་ཡིན་པས་སོ།། དེའི་ཕྱིར་ན། ངས་དྲ་གྲོགས་ཉིད་ལ་ཁ་དྲོ་བཀྲ་ཤིས་ཞུ་གི་ཡིན་ལགས།
དྲ་གྲོགས་ཀིརྟི་སྐྱབས་ལགས།
ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད་ལ། དེ་ལས་ཀྱང་། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་མཁྱེན་དཔྱོད་དང་ཐབས་མཆོག་དེ་ཤེས་ནས་སྨྲས་པ་ནི། ལྷག་པར་དུ། ཡིད་འགུལ་ཐེབས་སོང་ལགས། གང་ལྟར། ཚད་ཐུབ་རྩོམ་པ་པོ་ཁོང་གི་དཔྱོད་ཤེས་དང་ལག་ལེན། ཐབས་ལམ་དང་ངོས་འཛིན་སོགས་ཀྱི་ཕྱོགས་ལ། ད་རུང་། ཉམས་ཞིབ་དང་དཔྱད་བསྡུར་བྱས་ནས། མ་འོངས་བོད་ཀྱི་འགྲོ་སྟངས་ལ་ཕྱོགས་སྟོན་ཞིག་གནང་འདུག་པ་ནི། ད་ལྟའི་མི་རབས་དང་ཕྱི་རབས་པ་རྣམས་ལ། ངོ་འཕྲོད་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་དོ།།
1. དྲ་གྲོགས་ཀིརྟི་སྐྱབས་ལགས།
ཁྱེད་ཀྱིས་མཚམས་སྤྱོར་བྱས་པའི་མི་དེ་ཡིན་མིན་ངས་མ་ཤེས་རུང་། གང་ལྟར། པདྨ་གེ་སར་ཟེར་བ་འདི་ནི། ཞེ་ནག་ཅིང་ཕྱོགས་རིས་ཆེ་བའི་རྣམ་འགྱུར་གསལ་བོ་འདུག་ལ། ད་རུང་། ཨུ་ཚུགས་དང་ལོག་འགྲེལ་རྐྱང་རྐྱང་གིས་མི་ཚེ་གཟད་ཡོད་པ་ཤུགས་ཀྱིས་ཧ་གོ་བ་ཞིག་ཀྱང་རེད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ། ཕྲག་དོག་གི་བསམ་སྤྱོར་རྩུབ་པོ་ཞིག་གོམས་ཤིང་འདྲེས་པ་ནི་ངང་ངམ་གྱིས་རང་གཟུགས་རང་གིས་བསྟན་འདུག་རུང་། ཁོ་ཚོར་འདྲ་བོར་ཆེས་སྐྱོན་ཞིག་ཡོད་པ་ནི། རང་ངོ་རང་གིས་མི་ཤེས་པ་དེ་རེད་དོ།། འདིའི་རིགས་ཀྱིས། ནམ་ཞིག་ཡིན་རུང་། བོད་ཀྱི་རིག་གནས་ཁོར་ཡུག་དེ་རྙོག་དྲ་རྐྱང་རྐྱང་གིས་བཀང་ཡོང་གིན་འདུག་ཡ། དངོས་གནས་ཁོང་ཚོར་དཔྱོད་ཤེས་དང་བློ་རྒྱ་ཡོད་ན། སྐབས་བབས་ཀྱི་བརྗོད་གཞི་དང་འབྲེལ་ནས་དོགས་འདྲི་དང་དགག་བཞག་སྤོང་སོགས་ཀྱིས་མཚོན་པའི་རིགས་ལམ་ཐོན་དང་། ང་ཚོའི་རྣམ་དཔྱོད་བརྡར་ན་འགྲིགས་ཀི་རེད་ལ། གུ་ཡངས་དང་ལྡན་པའི་སྒོ་ནས་ཕན་ཚུན་ལ་གུས་བརྩི་བྱས་ནའང་འགྲིགས་ཀི་རེད་དོ། དེ་ལྟར་ཨེ་རེད་དམ། དྲ་གྲོགས་ཀིརྟི་སྐྱབས་ལགས། ཨོ་རེད་ཡ། འབྲེལ་མེད་དོན་གཞན་གྱིས་ཅིག་བཤད་ཀི་ཡིན་ལགས། དེ་རིང་ཉིད་ཀྱིས། རྔ་པའི་ཚབ་ཏུ་རྔ་བ་ཞེས་བྲིས་འདུག་པ་དགའ་སོང་། ཧ་ཧ་ཧེ་ཧེའོ།།
བཀུར་འོས་དྲ་གྲོགས་གཞོན་ནུ་ཟླ་མེད་ལགས།
དེ་རིང་ངས་ཡང་བསྐྱར་དྲ་གྲོགས་གཞོན་ནུ་ཟླ་མེད་མཇལ་བར་དགའ་སོང་ལ། ལྷག་པར་དུ། ཕེབས་ནས་དགོངས་ཚུལ་གསུང་ཞོར་དུ་ང་ལ་སེམས་ཤུགས་སྤར་ཡང་བདེ་སོང་ལགས། གང་ལྟར། ཁྱེད་ནི་ང་ལ་མཚོན་ན། མེད་རུང་བའི་དྲ་གྲོགས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ལགས། དེར་རྒྱུ་མཚན་ལོས་ཡོད་དེ། ཁ་སྔོན་ཞིག་ལ་ང་ཚོས་བོད་ལ་གསར་བརྗེ་གསར་གཏོད་དགོས་སྐོར་དང་བྱ་ཐབས་སྐོར་ལ་ཁ་བརྡ་རེ་བྱས་དུས། ཁྱེད་ཀྱིས་ང་ལ་བཞག་པ་ནི། ཞི་འཇམ་ཞིག་དང་གུ་ཡངས་ཤིག་ཡིན་པ། དེ་དུས་ཀྱང་ངས་བཤད་ཚར་བ་ཡིན་མོད། བསྐྱར་དུ་དེ་རིང་ཡང་ཅིག་བཤད་པ་ཡིན་ལགས་སོ།། གང་ལྟར། ང་ཚོས་ཁ་བརྡ་བྱེད་སྟངས་དེ་ཕྱིར་དྲན་རེ་བྱས་ན། བློ་རིག་བསྒྲིམས་པའི་དུས་ཚོད་ཅིག་དང་གུ་ཡངས་སྒམ་དཀྱེལ་གྱི་བགྲོ་གླེང་ཞིག་ཏུ་བརྩི་ཆོག་པ་ཞིག་རེད། དེས་ན། འདིར། ང་ཚོས་ཁ་བརྡ་ཅི་བྱས་ཀྱི་དྲ་བྱང་དེ་བསྐྱར་དུ་འགོད་ཀི་ཡིན་ནོ།། http://www.khabdha.org/?p=15682
བོད་ཀྱི་དུས་བབ་དྲ་ཚིགས་ནང་དུ། རྩོམ་པ་པོ་རྡོ་སྦིས་ཟླ་བ་ཚེ་རིང་ལགས་ཀྱིས་བརྩམས་པའི་《ཁྱིམ་གྱི་སློབ་གསོའི་གཏམ་རྒྱུད་དངོས་བྱུང་མ།》 ཞེས་པའི་ཆེད་རྩོམ་དེར་མཆན་བུ་འདེབས་སྐབས་སུ། བོད་མི་མང་སྤྱི་ཟུར་དང་རྩོམ་པ་པོ་ཆེས་བཀུར་འོས་པའི་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། ངས་བཏོན་པའི་དྲི་བ་ལྔ་ལ་བཀའ་ལན་གནང་བ་ལས་སྐབས་དོན་དང་འབྲེལ་བའི་བཀའ་ལན་ ༤ དང་ ༥ གཉིས་འདིར་བཀོད་པ་ཡིན་ནོ།།
ངའི་དྲི་བ། ༤《ང་ཚོ་འཚོ་དགོས་དོན་དེ། མི་རིགས་ཤིག་གི་ངོ་བོའི་ཆེད་དུ་རེད་དམ། ནང་ཆོས་རྒྱུད་འཛིན་གྱི་ཆེད་དུ་རེད།》
བཀའ་ལན་བཞི་པ་ནི། ང་ཚོ་འཚོ་དགོས་དོན་རང་གཞན་གཉིས་ཕན་གྱི་མི་ཚེ་དོན་ལྡན་བདེ་ཞིང་སྐྱིད་པ་ཞིག་གི་ཆེད་དུ་མིན་ནམ།
ངའི་དྲི་བ། ༥《བོད་མི་རིགས་ལ་རང་སྐྱ་འཕེར་བའི་ལོ་རྒྱུས་གཙང་མ་ཞིག་ཡོད་དམ། ངེས་པར་དུ། ནང་ཆོས་དང་སྦྲེལ་ནས་ཡོང་དགོས་དོན་དང་འཆད་དགོས་དོན་གང་ཡིན་ནམ།》
བཀའ་ལན་ལྔ་བ་ནི། ཅི་ཞིག་ལ་རང་རྐྱ་འཕེར་བའི་ལོ་རྒྱུས་གཙང་མ་ཟེར་རམ། ཆོས་དང་འབྲེལ་བའི་ལོ་རྒྱུས་དེ་ལོ་རྒྱུས་བཙོག་པ་ཡིན་ནམ།
དེ་ནས། ངའི་ངོས་ནས་ཡང་བསྐྱར་འདི་ལྟར་བྲིས་ཡོད་དོ།།
སྐུ་ཉིད་ཀྱི་བཀའ་ལན་བཞི་བ་ནི། རང་གཞན་གཉིས་ཕན་ཟེར་བ་དང་རང་ལས་གཞན་གཅེས་ཟེར་བ་ལ་སོགས་པའི་དོན་དུ་འཚོ་དགོས་པ་ཡིན་ན། ང་ཚོས་གང་ཞིག་རྩོད་ཀིན་ཡོད་དམ། དེ་ལས་ཀྱང་། འཐབ་རྩོད་ཅིག་དགོས་དོན་མི་འདུག གང་ལགས་ཞེ་ན། རང་ལས་གཞན་གཅེས་པས་སོ།། རང་གཞན་གཉིས་ཕན་ཡིན་པས་སོ།། ང་རང་གི་བསམ་ཕྱོགས་ཡིན་ན། བོད་མི་རིགས་འདི་ངེས་པར་དུ་འཚོ་དོན་དང་གསོན་དགོས་དོན་སོགས་ནི། ང་ཚོ་ལ་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་ཁག་དང་། ཕ་ས་ཕ་ཡུལ་རང་གི་ལག་ཏུ་ཡོང་བའི་ཆེད་དུ་ཡིན་པ་རེད། ད་རུང་། ཇེ་གསལ་དུ་བཏང་ན། ཆབ་སྲིད་ཀྱི་དཀའ་ངལ་ཉག་ཅིག་རེད། དེ་ལས་གཞན་པའི་ནང་ཆོས་ཀྱི་འགྲེལ་བཤད་མང་པོ་ཞིག་ཆབ་སྲིད་ཀྱི་འཁོར་བསྐྱོད་ནང་དུ་བཙན་ཤུགས་ཀྱིས་འཁྱེར་ཡོང་བ་དང་། དེའི་རིགས་ལམ་བཀོལ་ནས་མགོ་བོ་གནོན་ཐབས་བྱེད་པ་ནི། ཆབ་སྲིད་ཀྱི་སྟོབས་ཤུགས་ཉམས་དམས་སུ་བཏང་བ་དང་གཅིག་མཚུངས་རེད་ལགས།
བཀའ་ལན་ལྔ་པ་ནི། ཆོས་ལ་ཆོས་ཀྱི་ཐོབ་ཐང་ཞིག་དང་གོ་གནས་ཤིག ད་དུང་འགྲོ་སྟངས་ཤིག་ཀྱང་ཡོད་པ་རེད་ལ། དེ་མཚུངས། སྲིད་ལ་སྲིད་ཀྱི་འགྲོ་ཕྱོགས་ཤིག་དང་ཐབས་ལམ་ཞིག་ཀྱང་ཡོད་པ་རེད། དེའི་སྟོབས་ཀྱིས། ཆོས་ཀྱིས་སྲིད་ཀྱི་སྟོབས་ཤུགས་འཕེལ་ཐུབ་ཀི་མ་རེད་ལ། སྲིད་ཀྱིས་ཆོས་ལ་ཞོགས་འདེགས་བྱེད་ཐུབ་ཀི་མ་རེད་ལགས། གང་གིས་ཟེར་ན། ཆོས་སྲིད་ཀྱི་དམིགས་ཡུལ་ཐ་དད་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་བྱེད་ཐབས་སོ་སོ་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་ངོས་འཛིན་ཁ་ཁ་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་འགྲོ་ཕྱོགས་མི་འདྲ་བས་སོ།། དེའི་དབང་གིས། རང་རང་གི་ཁྱད་ཆོས་དང་རིན་ཐང་མ་དཀྲུགས་པ་ཡིན་ན། རང་རང་གི་ནུས་སྟོབས་འཕེལ་གི་རེད་མོད། འོན་ཏང་། བོད་ཀྱིས་ད་ལྟའི་བར་དུ། ཆོས་སྲིད་གཉིས་ཀ་བསྲེས་ནས་ཡོང་བའི་གྲུབ་འབྲས་ནི། ད་ལྟའི་ཡ་མ་ཟུང་གི་རྣམ་འགྱུར་འདི་ཆགས་པ་རེད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ། ད་ནི། བོད་མི་རིགས་དང་སྐད་ཡིག་ཉམས་སོང་རུང་། ནང་ཆོས་མ་ཉམས་ན་འགྲིགས་པའི་ཟོལ་མང་པོ་ཞིག་བསྟན་ཚར་བ་རེད། དེའི་རྒྱུ་རྐྱེན་ནི། མི་རིགས་ལས་ཆོས་དེ་གལ་ཆེན་དོན་ཆེན་ཞིག་བརྩི་སྟངས་ནི། གཅིག་ནས། རང་རང་གི་དགའ་ཕྱོགས་དང་འབྲེལ་བ་ཡོད་པ། གཉིས་ནས། རང་གིས་རྒྱུས་ཡོད་ས་དེར་ཨུ་ཚུགས་ཀྱིས་དེད་པ་ཞིག་དང་ཨ་ན་མ་ན་རེད། གསུམ་ནས། མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཞིག་མེད་པའི་ཏན་རྟགས་ཤིག་རེད་ལགས།
Tcvfgnxj,d fvfxvgbnfvn jcjzetanggcyfj,verycg劝
ཆོས་ཀྱི་དགོངས་དོན་ཕལ་ཆེར་ཞིག་འཇིག་རྟེན་གྱི་སྣང་ཚུལ་དང་། རྦད་དེ་ལོགས་པར་ཆགས་ཡོད་པ་རེད།
རྒྱུད་བླ་མ་ན། བསམ་མེད་གཉིས་མེད་རྟོག་མེད་པ།། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས།། གང་ཞིག་གང་གིས་ཆགས་བྲལ་བ།། བདེན་གཉིས་མཚན་ཉིད་ཅན་དེ་ཆོས།། ཆགས་བྲལ་དང་ནི་འགོག་པ་དང་།། ལམ་གྱི་བདེན་པ་དག་གིས་བསྡུས།། ཞེས་དཔེ་དོན་གཉིས་ཀྱི་སྒོ་ནས་ཆོས་ཀྱི་གོ་དོན་གསལ་བོ་གསུངས་འདུག དེ་ཡང་གཙོ་ཆེར་གང་ཟག་གི་བདག་མེད་པར་གཏན་ལ་ཕབ་ནས། འཇིག་རྟེན་འཁོར་བའི་རྒྱུན་གཏན་དུ་འགོག་ཐབས་དང་། ཆོས་ཀྱི་བདག་མེད་པར་གཏན་ལ་ཕབ་སྟེ། སེམས་ཅན་གྱི་སྣང་ཚུལ་ཕྲ་རགས་འདི་དག་འཁྲུལ་བཅས་ཡིན་པར་གསུངས་ཀྱིན་ཡོད་པ་རེད། དེ་བཞིན་ནང་བའི་ཆོས་ཀྱི་རྨང་གཞི་ནི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བོ་དེ་རེད། ཕྱག་རྒྱ་འདིས། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་མི་རྟག་འཇིག་པའི་ཆོས་ཅན་དང་། འཇིག་རྟེན་ཁམས་ཀྱི་དཀྱུས་མའི་བདེ་སྐྱིད་ཀྱི་ཚོར་བ་དང་། འདུ་ཤེས་ཚང་མ་སྡུག་བསྔལ་གྱི་རང་བཞིན། ང་ཚོ་ལ་སྣང་ཞིང་སྲིད་པའི་ཆོས་མཐའ་དག རྒྱུ་རྐྱེན་དང་མིང་བརྡས་བཞག་ཙམ་ལས། ང་ཚོས་བཞག་པའི་སྲིད་སྲིད་ཀྱི་ས་ན་མེད་ལ། ཆོས་ཀྱང་ཆོས་ཀྱི་ས་ན་མེད་པ་སྟེ། མདོར་ན། སྣང་ཚུལ་དང་གནས་ཚུལ་གཉིས་རྦད་དེ་ལོགས་ཀ་ཡིན་པར་གསུངས་བཞིན་ཡོད་པ་རེད། རྒྱ་ཆེ་ས་དང་། གཏིང་ཟབ་ས་ཞིག་ནས་བསམ་བློ་བཏངས་ན། ཆོས་ཀྱི་ལྟ་ཚུལ་འདི་དག་གནས་ལུགས་རེད། བདེན་པ་རེད། ང་ཡང་ལྟ་ཚུལ་འདི་དག་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན། འོན་ཏེ། ང་ཚོ་མང་ཆེ་བ་ཆོས་པ་རེད་ལབ་ན་ཆོས་ཀྱི་ནང་དོན་མི་ཚང་། འཇིག་རྟེན་པ་རེད་ཟེར་ན། འཇིག་རྟེན་གྱི་གྲལ་ཡང་མ་ཆོད་པར། ཤི་གསོན་བྱེ་མའི་ལ་ཁ་འདིར། སངས་བརྩོན་ཆང་གིས་བཟི་བ་ལྟར། གཉིད་ངོ་སད་ངོ་མ་ཤེས་པའི་སྣང་བ་བན་བུན་ཞིག་གི་ནང་འགྲོ་བཞིན་པ་འདི་ཚོ་འགྲིགས་ཀི་མེད་པར་འདོད་མཁན་ཞིག་ཡིན། ངས་སྒོ་ཤེས་རབ་ཀྱི་དེབ་དེ་ཀློག་རྒྱུ་མ་བྱུང་། དཔྱོད་ལྡན་མང་བོས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པར་བལྟས་ན། ཁོང་རང་ཉིད་ཀྱིས༼བདག་གིས་བློ་རིག་ཡོད་ཚད་གཅིག་ཏུ་བསྒྲིམས་ནས་བདེན་པ་དང་བདེན་པ་བརྡར་ཅིང་། གནས་ལུགས་དང་གནས་ལུགས་གཤིབ་པའི་མཐའ་སྡོམ་དུ། ད་ནས་བཟུང་རང་རེ་གངས་ཅན་པའི་རིག་གནས་ཀྱི་འཕེལ་ཕྱོགས་དེ་ཆོས་སྲིད་ཐ་དད་པའི་ལམ་དུ་བསྐྱོད་དགོས་པའི་ཚུལ་ལ་ངེས་པ་བརྟན་པོ་ཞིག་རྙེད་བྱུང་།༽ཞེས་པའི་ཚིག་འདི་ལས་། རྩོམ་པ་པོའི་ལྷག་བསམ་དང་། མཁྱེན་དཔྱོད། རྒྱང་འཆུན་བཅས་ལ་ལྗིད་ཏིག་ཏིག་གི་རིན་ཐང་ཆེན་པོ་ཞིག་ཡོད་པར་ཚོད་དཔགས་བྱེད་ཐུབ། ནང་བའི་ཆོས་ཀྱི་བྱམས་སྙིང་རྗེ། ལས་རྒྱུ་འབྲས། ངེས་འབྱུང་སྐྱོ་ཤས། དགེ་སྡིག་གི་བླང་དོར། ངན་འགྲོ་དང་བདེ་འགྲོའི་རྣམ་བཞག་འདི་དག་གིས། འགྲོ་བ་མིའི་རིགས་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་ཤུགས་ལ་ཚད་བཀག་ངེས་ཅན་གྱི་སྟངས་འཛིན་ནན་མོ་བྱས་ཡོད་སྟབས། ཁྱོད་ཤི་ང་གསོན་དང་། དགྲ་འདུལ་གཉེན་སྐྱོང་། རང་རྒྱལ་གཞན་ཕམ། རང་བདེ་གཞན་སྡུག ང་ཆེ་ང་བཙན་སོགས་འགྲན་རྩོད་ཀྱི་རྦ་རླབས་དྲག་ཏུ་འཕྱོ་བའི་ཆབ་སྲིད་དང་མཉམ་དུ་སྦྱར་ན། ལྕགས་གོང་མེ་ཤུགས་དང་འཕྲད་པའམ། འཁྱགས་རོམ་ཉི་ཚན་དང་འགྲོགས་པ་ལྟར། སྲིད་ཀྱི་ཚུགས་ཤོར། ཆོས་ཀྱི་འཕྲིན་ལས་ཉམས། གསོན་གནས་ཀྱི་ངར་བྲི། འཚོ་གནས་ཀྱི་ཕུགས་ལྡིབ་པ་སོགས། འཇིག་རྟེན་གྱི་ཐོབ་སྐལ་མཐའ་དག་གཞན་ལ་ཤོར་རྒྱུ་ཡིན་པ། རང་རེའི་ལོ་རྒྱུས་དང་། མིག་སྔར་འཕྲད་བཞིན་པའི་དཀའ་སྡུག་ལས་གསལ་བོར་རྟོགས་ཐུབ་པ་ཞིག་ཡིན།
དཔལ་ལྡན་ཟླ་བས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།། གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན།། གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བས།། དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར།། ཞེས་གསུངས་པ་ལྟར། སྡུག་བདེ་འདོར་ལེན་གྱི་གདམ་ག་རང་ལག་ན་ཡོད་པའི་སྐབས་འདིར། འཕྲལ་ཡུན་གཉིས་ཀར་བསམ་བློ་གཟབ་ནན་བཏང་སྟེ། རང་དོན་རང་གཅེས་ཀྱི་འདུན་མགོ་མ་ནོར་བ་ཞིག་ད་ནས་བྱེད་དགོས་པར་སྣང་ངོ་།། གྲོགས་རྣམ་དཔྱོད་ཅན་སྒོ་ཤེས་རབ་རྒྱ་མཚོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག རྔ་བ་ཚེ་སྐྱིད་ལའང་འཚམས་འདྲི་ཞུའོ།།
དྲ་གྲོགས་རྔ་བ་ཚེ་སྐྱིད་ལགས་ཀྱིས་ང་ལ་རྒྱབ་སྐྱོར་དང་སྤོད་པ་གནང་བ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་དྲ་གྲོགས་རྔ་བ་རྒྱལ་ཁམས་པ་ལགས་ཀྱིས་བདེན་པ་དང་གནས་ལུགས་མཆིས་པའི་བསམ་ཚུལ་དྲང་པོ་བཏོན་འདུག་པ་འདི་ལ་ངོས་གནས་ཡི་རངས་བྱེད་འོས་པ་ཞིག་རེད། དེ་མིན་ང་ཚོའི་གླེང་གཞི་འདི་ལ་ཞུགས་པའི་དྲ་གྲོགས་ཚང་མས་གནད་དོན་ཞིག་ངོས་ཟིན་པའི་སྟེང་ནས་མི་བུ་སྒེར་གྱི་དོན་གནད་ཅིག་མ་ཡིན་པར་མི་རིགས་འདི་ཡི་གྲུབ་ཆའི་ངོ་གདོང་ལ་བསམ་གཞིག་ནན་གྱིས་བཏང་སྟེ་ཐབས་ཚུལ་སྣ་ཚོགས་ཤིག་གིས་ང་ཚོ་ཉེན་ཁ་འདི་ལས་ཐར་ལམ་ཞིག་འཚོལ་བར་རེའོ
དྲ་གྲོགས་སྙེ་ལྷའི་ཐུགས་སྲས་ལ།
ཁྱོད་ཀྱིས་མཆན་བུ་འདེབས་སྟངས་འདིས། བོད་ཀྱི་འདས་པའི་མུན་ནག་གི་རིས་གཅོད་འཐེན་འཁྱེར་བའི་འཐབ་རྩོད་ཅིག་མཚོན་འདུག་ཡ། དེ་ལས་ཀྱང་། ད་ལྟའི་མག་མོག་གི་ལམ་ཕྱོགས་ཀྱང་བསྟན་འདུག་ཡ། ཨོ་ད་ཡིན་ན། འདི་འདྲའི་མི་གསལ་བའི་འགྲོ་ཕྱོགས་འདུག་ཕྱོགས་ཀྱིས། ང་ཚོའི་མ་འོངས་པའི་ཁ་ཕྱོགས་གང་ཞིག་བསྐྱལ་གི་རེད་དམ། གང་ལྟར། རྗེས་ནས། མཆན་བུ་འདེབས་སྐབས། བརྗོད་གཞི་དང་འབྲེལ་ཞིང་དངོས་ཡོད་ལ་འཚམ་པའི་དོན་སྙིང་ཅན་གྱི་མཆན་བུ་རེ་འདེབས་རྒྱུར་དྲན་སྐུལ་བྱེད་རྒྱུ་ཡིན་ནོ།།
འདིར་ཞུགས་ཀྱི་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ་དགོས་པ་ཞིག་ལ། སྤོབས་པ་ཞེས་པར་སྤོད་པ་བྲིས་བར་ནོར་ཤོར་འདུག་པ་དང་། དེ་མིན་ད་རུང་ཡིག་ནོར་གཞན་ཤོར་བར་ངེས་བས་གཡོ་བསྲང་ཡོང་པར་ཞུ།
ཆེས་བཀུར་བར་འོས་པའི་རྔ་བ་རྒྱལ་ཁམས་པ་ལགས།
སྐུ་ཉིད་འདིར་ཕེབས་ནས་དགོངས་ཚུལ་གནད་ལ་སྨིན་པ་ཞིག་གསུངས་འདུག་པ་ནི། བཀུར་འོས་སྒོ་ཤེར་ལགས་ཀྱི་དགོངས་གཞི་ཇེ་གསལ་དུ་འགྲོ་གི་སྨོས་མེད་ལ། བུ་མོ་ང་རང་གི་སེམས་སྟོབས་ཆེས་ཆེར་འཕེལ་སོང་བས་ན། ཐོག་མར་བཀའ་དྲིན་ཆེའོ་ཞུ་རྒྱུ་ཡིན་ལགས། དེ་ནས་ངས། སྐུ་ཉིད་ཀྱི་དགོངས་ཚུལ་དང་ལམ་སྟོན་ཐད་ལ། རྗེས་ནས་དུས་ཚོད་ཡོད་དུས། རྒྱས་འབྲི་བྱེད་ངེས་ཡིན་ལགས། གང་ལྟར། སྐུ་ཉིད་ཀྱི་དགོངས་ཚུལ་གྱིས་སྐྱོར་བ་ནི། ངོས་འཛིན་གཏིབ་ཟབ་ཅིག་ཡོད་ལགས་སོ།།
ལྷག་པར་དུ། བཀའ་དྲིན་བྱེད་དགོས་པ་ཞིག་ལ་སྐུ་ཉིད་ཀྱིས་ནུབ་ཕྱོགས་ཀྱི་མཁས་དབང་དང་སྙན་གྲགས་ཅན་གྱི་མི་སྣ། ད་དུང་བྱས་རྗེས་ཅན་གྱི་རླབས་ཆེན་མི་སྣ་གང་མང་ཞིག་བོད་ཀྱི་སྐད་ཡིག་བསྒྱུར་ནས། དུས་ཐོག་ཏུ་ང་ཚོའི་འཚོ་ཚིས་སུ་བསྩལ་བ་ནི། སྙིང་ཐག་པ་ནས་ངོས་འཛིན་རྣམ་དག་ཡོད་ལགས་སོ།། འདི་ནི། བྲེལ་ལད་མིན་ལ་ངོ་བསྟོད་ཀྱང་དེ་བས་ཀྱང་མིན་ནོ།། གང་ལྟར། ཁྱེད་ནི། ང་ཚོ་ལ་དགོས་པའི་ལམ་སྟོན་པའི་གྲས་ཤིག་རེད་འདོད་ཡོད།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
གལ་སྲིད་ཁྱེད་ལ། རྩོམ་པ་པོ་ཁོང་གི་《ང་ཚོ་སད་རན་》ཡོད་ན། གནད་ལ་ཟུག་པའི་ཕྱོགས་སྟོན་རེ་ངོ་སྤྲོད་གནང་རོགས།
གལ་སྲིད་ཁྱེད་ལ། དུས་ཚོད་ཀྱིས་འདང་སོང་ན། རྩོམ་པ་པོ་ཁོང་གི་ལངས་ཕྱོགས་དང་ཐབས་ལམ་གསལ་འདོན་རེ་གནང་རོགས།
གལ་སྲིད་ཁྱེད་ལ། བསམ་འཆར་གང་འདྲ་ཞིག་ཡོད་ན། ཁ་ཚ་དུས་གཏུགས་ཀྱི་དུས་ཐོག་ཏུ་སྤེལ་ཐུབ་པར་གནང་རོགས།
གལ་སྲིད་ཁྱེད་ལ། དོགས་འདྲི་དང་དགག་སྒྲུབ་གང་ཞིག་ཡོད་ན། ཐད་ཀར་དྲ་གྲོགས་རྣམ་པའི་མདུན་སར་སྤུངས་རོགས།
བོད་ནང་གི་ནང་གི་རྩོམ་པ་སྒོ་ཤེས་ལགས་ལ་སེམས་གཏིང་ནས་གུས་པ་ཡོད། ངས་ཁོང་གིས་བརྩམས་པའི་དེབ་ཀློག་རྒྱུ་མ་བྱུང་ལ་ཁོང་ལ་རྒྱུས་མངའ་ཡང་མེད། འོན་ཀྱང་ཁོང་ནས་ང་ཚོ་མ་འོངས་བོད་ཀྱི་ཆེད་དུ་ཉེན་ཁ་ལ་མ་འཛེམས་པར་ཕྱག་ལས་གནང་བ་དང་སྐུ་བཙོན་དུ་བཞུགས་དགོས་ཁེལ་བ་སོགས་ལ་འདི་ནས་གུས་བཀུར་དང་སྔག་བརྗོད་ཞུ་གི་ཡོད། དེ་ནས་ཁོང་ཉིད་ཀྱིས་གསུངས་པའི་ལམ་ཁ་དེའི་ཕྱོགས་ལ་བསམ་གཞིག་རེ་བྱེད་དུས་འདི་ལྟར་བསམ་གྱི་འདུག སྤྱིར་ཆོས་ཞེས་པའི་མིང་འདི་འཇུག་ས་ཤིན་དུ་ཆེ་བས་ཆོས་སྲིད་ཡོངས་ལ་ཁྱབ་ནས་ཡོད། དེ་བཞིན་སྲིད་ཅེས་པའི་མིང་འདི་ཡང་འཇུག་ས་མང་ཙམ་ཡིན་པས་སྣོད་བཅུད་ཡོངས་ལ་ཁྱབ་ནས་ཡོད། འོན་ཀྱང་སྐབས་སུ་བབ་པའི་ཆོས་ཞེས་པ་ནི་ཐར་པ་སྒྲུབ་བྱེད་ཀྱི་ཐབས་ཤིག་ལ་གོ་བ་དང་། སྲིད་ཅེས་པ་ནི་འཇིག་རྟེན་གྱི་བྱ་བ་སྒྲུབ་བྱེད་ཀྱི་ཐབས་ཤིག་ལ་གོ་བ་ཡིན། དེ་གཉིས་ནི་ཡུལ་གྱི་ཆ་ནས་ཕན་ཚུན་འགལ་བ་མེ་ཆུ་ལྟ་བུ་གང་ཡང་མིན། དཔེར་ན་མི་གཞི་བཟང་པོ་དང་ཡ་རབ་དྲང་བདེན་དགེ་བཅུའི་ཁྲིམས་ལུགས་སོགས་ཆོས་ཡིན་ལ་སྲིད་ཀྱང་ཡིན། སྲིད་ཀྱི་ལས་རིམ་ནང་ན་མི་ལ་ཕན་བདེ་སྒྲུབ་བྱེད་ཀྱི་ཐབས་ཕུན་སུམ་ཚོགས་པ་ཡོད་ལ། ཆོས་ཀྱི་ཕྱག་ལེན་ནང་ལ་མི་ཡི་ཚེ་སྲོག་ལ་རྒོལ་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་ཡང་ཡོད། གཉིས་ཀའང་ཕན་སེམས་ཤིག་དང་བརྩེ་བ་ཞིག་གིས་ཟིན་དགོས་པ་ནི་གཅིག་པ་གཅིག་རྐྱང་ཡིན། ལར་ནས་ཆོས་ཀྱི་གཏན་ནས་མ་གོས་པའི་སྲིད་གཅིག་ཡོད་མོད་དེ་ནི་རང་གཞན་ཚང་མ་ཕུང་ལ་སྦྱོར་བའི་རྒྱུ་མ་ནོར་བ་དེ་ཡིན། དེ་བཞིན་སྲིད་ཀྱི་གཏན་ནས་མ་གོས་པའི་ཆོས་ཤིག་ཡོད་མོད། སྲིད་ཆོས་དང་མི་འགལ་བས་ཆོས་སྲིད་ཐ་དད་དུ་ཇི་ལྟར་འབྱེད་དམ་སྙམ། ཡང་ང་ཚོ་འདི་ལྟར་རྒུད་པ་ནས་རྒུད་པའི་གནས་སུ་ཆོས་སྲིད་ཟུང་འབྲེལ་གྱིས་བསྐྱལ་བ་རེད་ཟེར། དེ་ནི་ཇི་འདྲའི་སེམས་རྣལ་དུ་མི་གནས་པའི་སྐད་ཆ་ཞིག་རེད། དར་གུད་དངོས་པོས་ཆོས་ཉིད་ཡིན་ཡང་རྒྱུ་རྐྱེན་མེད་པ་ཞིག་ཀྱང་མ་ཡིན། འོ་ན་ང་ཚོ་འདི་ལྟར་རྒུད་པ་རྒྱུ་རྐྱེན་གང་གིས་ལན་པ་རེད་ཟེར་ན། ཤེས་ཡོན་མེད་པ་ཆིག་སྒྲིལ་མེད་པ་ལྟ་རྒྱ་ཐོས་རྒྱ་མེད་པ་ཆོས་པ་ཚོས་ཆོས་དང་འགལ་བའི་ལས་རིགས་མང་པོ་བརྩམས་པ། གཞུང་ཞབས་སྲི་ཞུ་བ་རྣམས་པ་རང་དོན་ཁོ་ནར་མགོ་འཁོར་བ་སོགས་ཀྱིས་ལན་པ་ལས་ཆོས་སྲིད་ཟུང་འབྲེལ་གྱིས་ལན་པ་ག་ལ་ཡིན། ཆོས་སྲིད་ཟུང་འབྲེལ་ཚུལ་བཞིན་བྱས་ན་ཆོས་ཀྱི་སྲིད་ལ་མི་གནོད་སྲིད་ཀྱི་ཆོས་ལ་མི་གནོད། གལ་སྲིད་ཆོས་ཀྱི་སྲིད་དང་སྲིད་ཀྱི་ཆོས་ལ་གནོད་ན། དེ་ནི་ཆོས་སྲིད་ཟུང་འབྲེལ་མ་ཤེས་པའམ་མ་བྱས་པ་གང་རུང་ཡིན་པ་ལས་ཆོས་སྲིད་ཟུང་འབྲེལ་བྱས་པས་གཏན་ནས་མིན་པ་ཤེས་དགོས་སོ།།
བཀུར་འོས་རྔ་བ་རྒྱལ་ཁམས་པ་ལགས་ཀྱིས།
བརྗོད་གཞི་འདི་ཇེ་གསལ་ཇེ་མཐུག་ཏུ་བཏང་སོང་། ལྷག་པར་དུ། ཁྱེད་ཀྱི་ངོས་འཛིན་ཟབ་མོ་དེས། ང་ཚོ་སད་རན་པའི་གསལ་འདེབས་ཤིག་རེད་ལ། ཁྱེད་ཀྱི་དབྱེ་མཚམས་ཞིབ་མོ་དེས། ང་ཚོ་སད་རན་པའི་དྲན་སྐུལ་ཞིག་ཀྱང་ཆགས་འདུག་ལགས། དེས་ན། སྐུ་ཉིད་ཀྱི་དགོངས་ཚུལ་གནད་འགག་ཅན་ཞིག་བསྐྱར་དུ་འགོད་གལ་མཐོང་བས་ན། 《ནང་བའི་ཆོས་ཀྱི་བྱམས་སྙིང་རྗེ། ལས་རྒྱུ་འབྲས། ངེས་འབྱུང་སྐྱོ་ཤས། དགེ་སྡིག་གི་བླང་དོར། ངན་འགྲོ་དང་བདེ་འགྲོའི་རྣམ་བཞག་འདི་དག་གིས། འགྲོ་བ་མིའི་རིགས་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་ཤུགས་ལ་ཚད་བཀག་ངེས་ཅན་གྱི་སྟངས་འཛིན་ནན་མོ་བྱས་ཡོད་སྟབས། ཁྱོད་ཤི་ང་གསོན་དང་། དགྲ་འདུལ་གཉེན་སྐྱོང་། རང་རྒྱལ་གཞན་ཕམ། རང་བདེ་གཞན་སྡུག ང་ཆེ་ང་བཙན་སོགས་འགྲན་རྩོད་ཀྱི་རྦ་རླབས་དྲག་ཏུ་འཕྱོ་བའི་ཆབ་སྲིད་དང་མཉམ་དུ་སྦྱར་ན། ལྕགས་གོང་མེ་ཤུགས་དང་འཕྲད་པའམ། འཁྱགས་རོམ་ཉི་ཚན་དང་འགྲོགས་པ་ལྟར། སྲིད་ཀྱི་ཚུགས་ཤོར། ཆོས་ཀྱི་འཕྲིན་ལས་ཉམས། གསོན་གནས་ཀྱི་ངར་བྲི། འཚོ་གནས་ཀྱི་ཕུགས་ལྡིབ་པ་སོགས། འཇིག་རྟེན་གྱི་ཐོབ་སྐལ་མཐའ་དག་གཞན་ལ་ཤོར་རྒྱུ་ཡིན་པ། རང་རེའི་ལོ་རྒྱུས་དང་། མིག་སྔར་འཕྲད་བཞིན་པའི་དཀའ་སྡུག་ལས་གསལ་བོར་རྟོགས་ཐུབ་པ་ཞིག་ཡིན་ནོ།།》 ཞེས་གནད་འགག་ཅན་གྱི་དགོངས་ཚུལ་རིན་ཐང་ལྡན་པ་ཞིག་གསུངས་འདུག་ན། དྲ་ཚིགས་འདིར་མཉམ་ཞུགས་གནང་བའི་དྲ་གྲོགས་རྣམ་པའི་ངོས་ནས། གྲོས་བསྡུར་དང་སྦྱང་བཤད་ལྷུག་པོའི་སྒོ་ནས་དང་། གུ་ཡངས་དང་གུས་བརྩི་ཡོད་པའི་སྒོ་ནས། རང་རང་གི་རྣམ་དཔྱོད་དང་ཐབས་ལབ་གཏིང་ཟབ་ཅིག་རེ་བཏོན་ཏེ་མ་འོངས་པའི་འགྲོ་ཕྱོགས་བརྟན་ལྷིང་ཞིག་གི་ཆེད་དུའམ། ད་ལྟའི་ཡ་མ་ཟུང་གི་སྲིད་བྱུས་འདི་བསྒྱུར་བཅོས་གཙང་མ་ཞིག་བྱེད་ཕྱོགས་སུ། ཆོད་སེམས་དང་བློས་བཏང་ཞིག་གིས་གྲ་སྒྲིག་ཅིག་བྱེད་དགོས་པ་ནི། ང་དང་ཁྱེད་ལ་འཁྲི་བའི་རང་བབས་ཀྱི་ལས་དོན་ཞིག་རེད་ལ། དེ་ལས་ཀྱང་། དུས་བབ་དང་གནས་ལུགས་ཀྱིས་སྤྲད་པའི་རླབས་ཆེ་བའི་ལས་འགན་ཞིག་ཏུའང་འཁུམས་སོ།།
ཡང་ཁོང་གིས། 《ནང་བའི་ཆོས་ཀྱི་རྨང་གཞི་ནི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བོ་དེ་རེད། ཕྱག་རྒྱ་འདིས། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་མི་རྟག་འཇིག་པའི་ཆོས་ཅན་དང་། འཇིག་རྟེན་ཁམས་ཀྱི་དཀྱུས་མའི་བདེ་སྐྱིད་ཀྱི་ཚོར་བ་དང་། འདུ་ཤེས་ཚང་མ་སྡུག་བསྔལ་གྱི་རང་བཞིན། ང་ཚོ་ལ་སྣང་ཞིང་སྲིད་པའི་ཆོས་མཐའ་དག རྒྱུ་རྐྱེན་དང་མིང་བརྡས་བཞག་ཙམ་ལས། ང་ཚོས་བཞག་པའི་སྲིད་སྲིད་ཀྱི་ས་ན་མེད་ལ། ཆོས་ཀྱང་ཆོས་ཀྱི་ས་ན་མེད་པ་སྟེ།
མདོར་ན། སྣང་ཚུལ་དང་གནས་ཚུལ་གཉིས་རྦད་དེ་ལོགས་ཀ་ཡིན་པར་གསུངས་བཞིན་ཡོད་པ་རེད། རྒྱ་ཆེ་ས་དང་། གཏིང་ཟབ་ས་ཞིག་ནས་བསམ་བློ་བཏངས་ན། ཆོས་ཀྱི་ལྟ་ཚུལ་འདི་དག་གནས་ལུགས་རེད། བདེན་པ་རེད། ང་ཡང་ལྟ་ཚུལ་འདི་དག་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན། འོན་ཏེ། ང་ཚོ་མང་ཆེ་བ་ཆོས་པ་རེད་ལབ་ན་ཆོས་ཀྱི་ནང་དོན་མི་ཚང་། འཇིག་རྟེན་པ་རེད་ཟེར་ན། འཇིག་རྟེན་གྱི་གྲལ་ཡང་མ་ཆོད་པར། ཤི་གསོན་བྱེ་མའི་ལ་ཁ་འདིར། སངས་བརྩོན་ཆང་གིས་བཟི་བ་ལྟར། གཉིད་ངོ་སད་ངོ་མ་ཤེས་པའི་སྣང་བ་བན་བུན་ཞིག་གི་ནང་འགྲོ་བཞིན་པ་འདི་ཚོ་འགྲིགས་ཀི་མེད་པར་འདོད་མཁན་ཞིག་ཡིན་ནོ།།》 ཞེས་པ་ལ་བསམ་ཞིབ་བྱེད་རིན་ཡོད་ཅིང་ངོས་འཛིན་གསལ་བོ་ཞིག་ཡོད་པའི་དགོངས་ཚུལ་དོན་ལ་འཁེལ་བ་ཞིག་རེད་འདོད་ལ། དེ་བས་ཀྱང་། རང་གི་ལྟ་ཚུལ་གསལ་བོ་ཞིག་བཞག་ཡོད་པའི་མི་ཚད། ད་ལྟའི་བར་ང་ཚོའི་མི་རིགས་འདི། སད་མ་སད་ཀྱི་འགྲོ་ཕྱོགས་ཤིག་དང་ཡ་མ་བརླ་ཡི་ལམ་ལུགས་ཤིག་བསྐྱངས་བསྡད་པའི་ཤུལ་རྗེས་གསལ་སྟོན་གནང་ཡོད་པའོ།།
དེའི་ཕྱིར་ན། གལ་གནད་ཅན་གྱི་ངོས་འཛིན་ཞིག་འཐོབ་དགོས་པ་ནི། སྤྱིར། ཆོས་སྲིད་རིག་གནས་རང་རང་གི་དམིགས་ས་དང་ངོས་འཛིན། འགྲོ་སྟངས་དང་ཐབས་བྱུུས་སོགས་རྦད་དེ་ཁ་ཁ་སོ་སོ་ཡིན་པ་ནི། ཆོས་སྲིད་རིག་གནས་རང་རང་གི་རིན་ཐང་དང་ཁྱད་ནུས་ཀྱི་སྟོབས་ཤུགས་བསྐྱེད་སྟངས་མ་འདྲ་བས་རེད་དོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
སྐབས་བབ་བརྗོད་གཞི་འདི་ཇེ་གསལ་ཇེ་ལེགས་ཡོང་ཐབས་སུ། བོད་གཞིས་བྱེས་གཉིས་ཀར་སྙན་གྲགས་ཆེ་བའི་《ནུབ་ཕྱོགས་འགྲིམས་པའི་གཏམ།》ཞེས་པའི་དེབ་ཕྲེང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་གནང་བའི་ཆེད་རྩོམ་(ཆོས་སྲིད་གཉིས་ལས་འཕྲོས་པའི་གཏམ་)ཞེས་པ་ལས་བཏུས་སོ།།
ཚིག་བརྒྱ་གཅིག་ཏུ་བསྡུས་ཏེ་བཤད་ན། རྩམ་གཟན་པའི་གཞི་ལ་སྲིད་རྐྱང་ངམ་སྐྱ་བོའི་སྲིད་གཞུང་ཁེ་གཙང་ཞིག་དང་། གཞན་ཕན་དང་སྙིང་རྗེས་ཕྱུག་པའི་ལྷིང་འཇགས་ཀྱི་སྤྱི་ཚོགས་ཀྱི་ཤིག་བསྐྲུན་དགོས་པར་འདོད་པ་ཡིན། འདིར་སྐྱ་བོའི་སྲིད་གཞུང་ཞེས་བརྗོད་པ་ནི། སེར་མོ་བའི་བདག་ཐོབ་ཡལ་བར་འདོར་དགོས་པའི་ཀུན་སློང་སྟོན་པ་མིན་པར་དེ་ལས་ལྡོག་སྟེ། སེར་མོ་བའི་རིན་ཐང་སྔར་ལས་མཐོར་འདེགས་དང་ནང་བསྟན་ནང་ཆོས་སྔར་ལས་སྲ་བརྟན་ཡོང་བ། སྐྱ་སེར་གྱི་དབྱེ་མཚམས་ཕྱེ་སྟེ་སེར་མོ་བའི་དབུ་འཕང་བསྟོད་པ། ཆོས་སྲིད་ཀྱི་ཁོར་ཡུག་ཕྱོགས་ཕྱོགས་སུ་གསལ་དུ་གཏོང་བ་སོགས་ཀྱི་ཆེད་ཁོ་ན་ཡིན། འདིར་ཤེས་དགོས་པ་ནི། སེར་མོ་བའི་མཚན་མཐོང་ལ་ཉམས་རྒུད་བྱུང་བ་སྐྱ་སེར་འདྲེས་ཆེས་པའི་སྟབས་དང་། ཆོས་པའི་རིན་ཐང་ཉམས་པ་ཆོས་སྲིད་བསྲེས་ཆེས་པའི་དབང་གིས་ཡིན་པ་དེ་དག་རེད།
འདིར་འགའ་ཞིག་གིས། ཅི་བྱས་གཞན་དོན་དང་ཅི་བསམས་གཞན་ཕན་ཁོ་ན་ཡིན་པའི་སྐྱེ་བོ་དག་དང་། དེ་འབྲེལ་གྱི་གནད་དོན་སྐོར་ཞིག་དྲངས་ཏེ་ཀླན་ཀ་འཚོལ་སྲིད་ཀྱང་། དེ་དག་གིས་ཆོས་སྲིད་མཉམ་སྤྱོད་བྱས་པའི་འཛམ་གླིང་ལོ་རྒྱུས་ཀྱི་གོད་ཆག་སྤྱི་དང་། ལྷག་པར་དུ། བོད་ཀྱི་ལོ་རྒྱུས་རྙིང་པའི་ཆག་སྒོའི་གཞི་ཕལ་མོ་ཆེ་གང་དང་ཅི་ལས་བྱུང་བའི་གནད་དོན་མ་རྟོགས་པར་ཟད་པ་ཡིན།
ཡང་གཅིག་བཤད་ན། གོང་དུ་སྐྱ་བོའི་སྲིད་གཞུང་གླེང་ཙམ་བྱས་པ་ནི། སྐྱ་སེར་ཏེ་གང་ཟག་གཉིས་ཀྱི་ངོ་བོའི་ཆ་ནས་བརྗོད་པ་མིན་པར། མི་ཚེའི་འདུ་ཤེས་འཛིན་སྟངས་དང་འཚོ་བའི་གནས་བབ། བསྒྲུབ་བྱའམ་དམིགས་ཡུལ་སོགས་ཏེ་སྐྱ་བོའི་སྡེས་གཙོ་བོར་གཉེར་བ་རྣམས་གཞི་རྩར་བཟུང་སྟེ་བརྗོད་པ་ཞིག་ཡིན། གལ་ཏེ་ཆབ་སྲིད་ཀྱི་སྡེ་ན། ཆོས་པའི་དཔུང་མཐུག་ཚེ་སྲིད་ཀྱི་བྱ་བ་མང་པོ་ཞིག་མི་རིགས་གཞན་དང་དུས་གཅིག་སྟབས་བསྟུན་གྱིས་བསྒྲུབ་དཀའ་ལ། ལྷག་པར་དུ་འབངས་ཀྱི་བདེ་སྡུག་ལ་སེམས་འཁུར་བྱེད་མཁན་ཞིག་དང་དམངས་དོན་སྒྲུབ་མཁན་ཞིག་ཡིན་ན། སྐྱ་བོའི་འཚོ་བར་མྱོང་གོམས་ཟབ་མོ་ཡོད་མཁན་ཞིག་དང་ལག་ལེན་ལ་འཇུག་ཐུབ་མཁན་ཞིག སྐྱ་བོའི་སྡེའི་དགོས་མཁོ་མཐོང་མཁན་ཞིག་སོགས་ངེས་པར་ཡིན་དགོས། འོན་ཀྱང་སྲིད་གཞུང་དང་དབང་འཛིན་པའི་ངོས་ཐད་ནས་འབངས་སྐྱ་སེར་ཡོངས་ཀྱི་འདོད་བློ་ཁྱད་མེད་དུ་གཙིགས་ཆེར་འཛིན་དགོས་པས། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འདུ་ཤེས་རང་དབང་དང་ཤེས་རིག་རང་དབང་སོགས་ལ་བདག་སྐྱོང་དང་སྲ་བརྟན་གྱི་འགན་འཁུར་དགོས་པ་ཡིན།
འདིར་གནད་འགག་ཅིག་ཡོད་པ་ནི། ཆོས་སྲིད་རོ་གཅིག་ཏུ་གཟིགས་ཤིང་སྤྱོད་པའི་སྐྱེ་བོ་རེ་ཟུང་སྲིད་ཁྲིར་བཞུགས་པར་སུས་ཀྱང་རྨོངས་མཆོངས་ཀྱིས་རྒོལ་མི་རུང་བ་དེ་ཡིན། འོན་ཀྱང་། འགའ་ཞིག་གིས་བོད་ཀྱི་སྲིད་སྟེགས་སུ་ཆོས་པར་ཐོབ་དབང་ཆེད་འཛུགས་མ་བྱས་ཚེ། བོད་བརྒྱུད་ནང་བསྟན་འདི་ཉིད་རིང་མིན་རྒུད་རྩ་གཏོར་དུ་འགྲོ་བར་དོགས་པ་ནི། འདི་སྣང་སྲིད་འབྱོར་གྱི་འདོད་འདུན་ཐམས་ཅད་བསྟན་པ་རྒུད་པའི་གཞིར་གྱུར་པ་བརྗོད་པ་མ་འདོད་པ་ཙམ་ཞིག་རེད། རྒྱུུ་མཚན་ཤིན་ཏུ་མང་ཡང་འདིར་བརྗོད་མི་ཚར་བས་གླེང་ཙམ་ལ་ཕན་ཐོགས་མེད་པས་བཞག
གང་ལྟར་གཙོ་བོ་ནི། ཆོས་ཁྲིམས་ཀྱི་ཤུགས་རྐྱེན་སྲིད་ལུགས་སུ་མ་ཞུགས་ཤིང་། སྲིད་ཁྲིམས་ཀྱི་དབང་ཤུགས་ཆོས་ལུགས་ལ་མ་གནོད་པ་ཞིག་ངེས་པར་ཡིན་དགོས་པ་ནི། འོན་ཀྱང་སེར་མོ་བ་སུ་ཞིག་སྲིད་ཀྱི་སྟེགས་བུར་བཞེངས་འདོད་ན་དེ་ཡང་ཐོབ་ཐང་གི་ཡ་གྱལ་ཞིག་ཡིན་པས་སུས་ཀྱང་འགོག་མི་རུང་བ་ནི་སྨོས་མི་དགོས་པ་ཞིག་སྟེ། མང་མོས་ཀྱི་ལམ་ནས་སྲིད་ཁྲིར་འཛེག་ཆོག
མདོར་ན། ཆོས་པས་ཆོས་བསྒྲུབ་རྒྱུ་དང་། འཇིག་རྟེན་པས་སྲིད་བསྒྲུབ་རྒྱུ་དེར་གནས་ལུགས་མང་ཙམ་མཐོང་ངོ་།།
བཀུར་འོས་དྲ་གྲོགས་རྣམ་པར་བརྗོད་གཞི་འདི་ཇེ་གསལ་དུ་ཡོང་ཆེད་དུ། ཚད་ཐུབ་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི་《ང་ཚོ་སད་རན།》ཞེས་པ་ལས་བཏུས་སོ།།
འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་རྒྱུན་རིང་མོ་ནི། སྔོན་རབས་པ་ཚོས་ཁྲག་དང་རྔུལ་ཆུས་བྲིས་པའི་ཉམས་མྱོང་གི་གླེགས་བབ་སྐྱུར་མོ་ཞིག་ཡིན་ན། འུ་ཅག་གིས་ནི་གླེགས་བམ་དེའི་ཕྱི་དང་ནང་གི་ངོས་ནས་ཁོ་ཚོའི་རྒྱལ་ཕམ་གྱི་བཤུལ་ལམ་ལ་ནན་གྱིས་ཕྱིར་རྟོག་དང་བསམ་གཞིག་མི་བྱེད་ཀ་མེད་ཡིན་ཏེ། ཁ་སང་ཇི་ལྟར་འོངས་པའི་གནས་ཚུལ་མ་ཤེས་ན། དེ་རིང་གང་དུ་ཡོད་པ་ཤེས་དཀའ་བས། སང་ཉིན་གྱི་འགྲོ་ལམ་ཇི་འདྲ་ཞིག་ཡིན་པ་དང། ཇི་ལྟར་འགྲོ་དགོས་པ་ཟུར་ཙམ་ཡང་རྟོགས་པའི་གནས་མི་དམིགས་ཕྱིར། རྒྱུ་རྐྱེན་དེ་གཉིས་ཀྱི་རྟེན་འབྱུང་གི་འཁོར་བསྐྱོད་མི་ཤེས་པའི་མི་དེ་དག་དང་མི་རབས་དེ་དག་ནི་མྱུར་བར་འཆི་ངེས་པའི་ནད་པ་ཉམ་ཐག་ཅིག་དང་ཤིན་ཏུ་འདྲའོ།།
ཆོས་སྲིད་ཐ་དད་ཟེར་བ་ནི། ཆོས་ཆོས་བཞིན་དུ་སྐྱོང་རྒྱུ་དང་། སྲིད་སྲིད་བཞིན་དུ་སྐྱོང་རྒྱུའི་རྩ་དོན་ཐོག་ནས། རིག་གནས་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པའི་འཚོ་གནས་ཀྱི་བར་སྟོང་རེ་རེ་འགྲུབ་དགོས་པའི་དོན་ཡིན་གྱི། འཇིོག་རྟེན་པ་ཞིག་ཡིན་ཕྱིན་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ་དང་། རབ་བྱུང་པ་ཡོད་ཚད་རི་ཁྲོད་འབའ་ཞིག་འགྲིམ་དགོས་པའི་དོན་གཏན་ནས་མ་ཡིན་ཏེ། མི་སུ་ཡིན་རུང་ཆོས་ལ་དད་མོས་བྱེད་དང་མི་བྱེད་ནི་སྒེར་གྱི་རང་དབང་ཞིག་དང་། སྒེར་གྱི་དོན་དག་ཅིག་ཡིན་པས། ཆོས་ལ་དད་མོས་བྱས་ཤིང་ཆོས་དོན་ལ་ཐོས་བསམ་སློབ་གཉེར་བྱས་ཏེ་གྲུབ་འབྲས་ལེན་མཁན་བྱུང་ཚེ། ཁྱིམ་པ་དང་རབ་བྱུང་པ་གང་ཡིན་ཡང་དགའ་བསུ་དང་རྗེས་སུ་ཡི་རངས་པའི་གནས་ཁོ་ནར་བདག་གིས་བརྩི།
འོན་ཀྱང་། རིག་གནས་མི་འདྲ་བ་དག་ལ་རང་རང་གི་བྱེ་བྲག་གི་ཆོས་ཉིད་རེ་རེ་ཡོད་པས། བྱེ་བྲག་གི་ཆོས་ཉིད་དེལ་དགའ་བའི་མི་ཡི་སེམས་ཁམས་མི་འདྲ་བ་ཡང་ཇི་སྙེད་ཅིག་ཡོད་པར་བརྟེན། ནང་པའི་ཆོས་ལུགས་རིག་གནས་དང་། འཇིག་རྟེན་སྲིད་པའི་རིག་གནས་སྣ་ཚོགས་ཡོད་པ་དག་ཀྱང་སོ་སོའི་བྱེ་བྲག་གི་ལམ་ཁ་རེ་རེ་ནས་སོང་ན། རང་རང་གི་མཛེས་པ་ཕྱིར་ངོམ་པའི་ལང་ཚོའི་ཉམས་ཀྱིས་ཕྱུག་ངེས་ཀྱི། ཤ་ཁྲག་དང་འོ་ཞོ་བསྲེས་པའི་ཟས་ནི་སྐྱུག་མེར་ལངས་པའི་གཞི་ཁོ་ན་མ་ཡིན་ནམ།
ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ངོ་བོ་ནི་དོན་ལ་ཆོས་སྲིད་རིག་གནས་གཉིས་ཀ་གཅིག་ཏུ་བསྒྲིལ་པའི་ཆབ་སྲིད་ལམ་ལུགས་ཤིག་དང་། འཇིག་རྟེན་པའི་རིག་གནས་ཀྱི་མངའ་དབང་ཡོངས་རྫོགས་ཆོས་ལ་བྱིན་ནས། ཆོས་ལ་སྲིད་སྐྱོང་དུ་བཅུག་པའི་རྒྱུ་འབྲས་གོ་ལྡོག་གི་སྣང་ཚུལ་ཡ་མ་བརླ་མ་ཞིག་རེད། རང་རང་ལ་ཐུན་མོང་མིན་པའི་རིན་ཐང་ལྟ་བ་དང་། བསམ་བློའི་འཁྱེར་སོ་ཡོད་པའི་རིག་མི་གནས་འདྲ་བ་གཉིས་བཙན་གྱིས་ཆིག་བསྒྲིལ་བྱས་པ་ནི། རིག་གནས་གཉིས་ཀ་གང་གི་ངོས་ནས་བལྟས་རུང་ཆེས་བླ་མ་མེད་པའི་ཆག་སྒོ་ཞིག་ཡིན་པ་སྨོས་མེད་རེད།
དེར་བརྟེན། སྲིད་པ་བློས་གཏོང་བའི་ཤེས་རབ་ཀྱི་ལྟ་བ་རྨང་གཞིར་འཛན་པའི་རིག་གནས་ཤིག་ལ། སྲིད་པའི་ཕུན་ཚོགས་དོན་གཉེར་གྱི་བྱ་བ་ཞིག་བཀོད་སྒྲིག་བྱས་པ་དེས་ནི། འཇིག་རྟེན་པའི་འཚོལ་སྙེག་གི་དམིགས་ཡུལ་མཚོན་པའི་རིག་གནས་ཀྱི་སྐྱེ་རྒྱུན་ཡོངས་སུ་བཅད་ཅིང་། ཆོས་ལུགས་རང་གི་དོན་དམ་པའི་མཛེས་སྡུག་གི་ངོ་བོ་ཡང་འཕྲོ་བརླག་ཏུ་བཏང་ཡོད་པས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེ་ནི་ཇི་འདྲའི་ལམ་གོལ་དུ་འཕྱན་པའི་ཕམ་ཉེས་ཤིག་རེད་ཨང་།
དྲ་གྲོགས་རྔ་བ་ཚེ་སྐྱིད་ལགས་ཀྱིས་བདག་ལ་དྲི་བའམ་བསམ་ཚུལ་བསྔོགས་པ་ཐུགས་རྗེ་ཞུ། ད་ལྟའི་དུས་རབས་འདིར་ང་ཚོ་བོད་མི་རིགས་ཀྱི་ཆས་ཐོག་མཐའ་བར་གསུམ་དུ་ཁ་ཚ་དགོས་གཏུགས་ཀྱི་ངོས་འཛིན་ཞིག་ཏུ་གྲུབ་
དགོས་པ་ནི་རྩོམ་པ་པོ་སྒོ་ཤེས་རབ་ལགས་ཀྱིས་༼བོད་ལ་ངེས་པར་དུ་ཆགས་དགོས་རྒྱུ་ཞིག་ལ། མི་སོ་སོར་
དགའ་ཞེན་མི་འདྲ་བ། དམིགས་ཡུལ་མི་འདྲ་བ། བསམ་བློ་མི་འདྲ་བ་ཡོད་པ་དེ། ཕན་ཚུལ་གཅིག་གིས་གཅིག་ལ་བརྩི་འཇོག་བྱེད་པའི་ཁོར་ཡུག་ཅིག་ཆགས་དགོས་ཀྱི་འདུག གཅིག་གིས་གཅིག་ལ་སྒེར་གཅོད་གཏན་ནས་བྱེད་མི་རུང་བ་རེད། མི་རིགས་སྤྱིའི་ངོས་ནས་བལྟས་རུང་། བསམ་བློ་མཉམ་གནས་དང་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཆགས་ན། མི་རང་རང་གི་སྒེར་གཤིས་དང་། མི་རང་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་ལྷང་ལ་འབུད་ཐུབ་ཀྱི་རེད། མི་བྱེ་བྲག་པས་རང་ཚུགས་ཐུབ་པ་བྱུང་ན། མི་རིགས་སྤྱི་མཚན་པའི་རྒྱུ་སྤུས་ཀྱང་དོན་གྱིས་འགྲུབ་རྒྱུ་རེད།༽ཅེས་གསུངས་པ་འདི་ང་ཚོ་བོད་མི་བུ་རེ་རེས་ཁ་སེམས་གཉིས་སུ་དོན་གྱིས་ངོས་འཛིན་བྱེད་ཐུབ་པ་ཞིག་དང་ཡིད་ལ་འཇགས་དགོས་ཀྱི་དེ་རེད། འདི་ནི་ངས་སྤྱི་སྟངས་ཀྱི་སྐད་ཆ་རླབས་ཆེན་ཞིག་ཏུ་འདོད་ལ། ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བསམས་ནའང་འདྲ། ད་ལྟའི་གནས་བབ་སོགས་གང་གི་ཆ་ནས་བསམས་ཚེ་ང་ཚོ་ལ་བསམ་བློ་མཉམ་གནས་ཀྱི་ཁོར་ཡུག་ཅིག་མེད་པ་གསལ་ལྷང་ལྷང་རེད།
དཔའ་བོའི་རྒྱང་གླུ།
རྔ་ཡུལ་ལ་ཕུལ་བ།
ཚེ་སྲོག་གི་མེ་རི་འབར་སོང་།།
གཟི་བརྗིད་ཀྱིས་འཛམ་གླིང་ཁྱབ་སོང་།།
བདེན་དོན་གྱི་འབོད་སྒྲ་བསྒྲགས་སོང་།།
རྫུན་གཏམ་གྱི་སྨྲ་ལྕེ་བཅད་སོང་།།
ཨེ་མ་ངོ་མཚར་ཆེ།། རྔ་ཡུལ་དཔའ་བོའི་ཞིང་།།
ཨེ་མ་ངོ་མཚར་ཆེ།། བདག་གི་ཕ་ཡུལ་ལགས།།
ལྷིང་འཇགས་ཀྱི་རྨི་ལམ་དཀྲོགས་སོང་།།
ལ་རྒྱ་ཡི་སྙིང་ཁམས་སད་སོང་།།
སྙིང་སྟོབས་ཀྱི་སེམས་ཁ་གསོས་སོང་།།
གཅིག་བསྒྲིལ་གྱི་ལྡོག་རྩ་བརྟན་སོང་།།
ཨེ་མ་ངོ་མཚར་ཆེ།། རྔ་ཡུལ་དཔའ་བོའི་ཞིང་།།
ཨེ་མ་ངོ་མཚར་ཆེ།། བདག་གི་ཕ་ཡུལ་ལགས།།
གསེར་ཡིག་གི་ལོ་རྒྱུས་བྲིས་སོང་།།
ལས་དབང་གི་ནོར་རྟགས་བཅོས་སོང་།།
འགྲན་རྩོད་ཀྱི་རྡོ་རིང་བསླངས་སོང་།།
དུས་རབས་ཀྱི་འབོད་པ་བཏང་སོང་།།
ཨེ་མ་ངོ་མཚར་ཆེ།། རྔ་ཡུལ་དཔའ་བོའི་ཞིང་།།
ཨེ་མ་ངོ་མཚར་ཆེ།། བདག་གི་ཕ་ཡུལ་ལགས།།
དྲ་གྲོགས་ཆོས་འགྲུབ་ལགས་ཀྱིས་བསམ་ཚུལ་བསླངས་པར་དགའ་མགུ་འོས་ལ། འོན་ཀྱང་ཁོང་གི་བསམ་ཚུལ་འདི་ལ་འདང་མ་བརྒྱབ་པའི་བསྙད་དོན་ཞིག་མངོན་འདུག གང་ཡིན་ཟེར་ན་༼ཁོང་གིས་བརྩམས་པའི་དེབ་ཀློག་རྒྱུ་མ་བྱུང་ལ་ཁོང་ལ་རྒྱུས་མངའ་ཡང་མེད། ༽ཅེས་པ་འདིས་རྩོམ་པ་པོ་སྒོ་ཤེས་བར་ལགས་ལ་གདེང་འཇོག་བྱ་སའི་གཞི་དེ་གང་ནས་འཚོལ་ཐུབ་བམ། ཁོང་གི་བརྩམས་ཆོས་དང་ཁོང་ལ་རྒྱུས་མངའ་སོགས་གང་ཡང་མེད་པར་གདེང་འཇོག་བྱེད་ཚུལ་ནི་གཡམ་བརྒྱུགས་ཀྱི་དན་རྟགས་ལས་གཞན་ཅི་ཡང་མི་མཐོང་ངོ་།། དེ་མིན་ཡང་༼དེ་ནས་ཁོང་ཉིད་ཀྱིས་གསུངས་པའི་ལམ་ཁ་དེའི་ཕྱོགས་ལ་བསམ་གཞིག་རེ་བྱེད་དུས་འདི་ལྟར་བསམ་གྱི་འདུག༽ཟེར་བ་དེས་བརྩམས་ཆོས་སམ་ཁོང་ལ་རྒྱུང་མངའ་ཡོད་པ་དོན་གྱིས་བསྟན་སོང་བ་མ་ཡིན་གྲང་།ཡིནཡང་”ཆོས་;;ཞེས་པའི་ཡིག་འབྲུ་འདིའི་གོ་དོན་དེ་རྣམ་གྲངས་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་གོ་དོན་འགྲེལ་ཚུལ་དེ་གདེང་འཇོག་བྱ་ཡུལ་གྱི་ཆོས་ཀྱི་གོ་བ་ལེན་ཚུལ་དང་གཏན་ནས་མི་མཚུངས་སོ།། ཁྱེད་ཀྱི་སགོ་བ་བླངས་པའི་ཆོས་དེ་ཆོས་ལུགས་རིས་མོས་ཀྱི་སྤྱི་མཐུན་དུ་འདོད་པའི་ངོས་འཛིན་ཞིག་ལས་མ་འདས་པར་སེམས་ལ། ཐུབ་བསྟན་རིག་གནས་ཀྱི་གཞི་རྩའི་ལུས་སེམས་འདུལ་སྦྱོང་བྱ་ཐབས་ཀྱི་ཆོས་དེ་ནི་འགྲེལ་བཤད་དམ་གོ་བ་དེ་ལྟར་བྱས་ན་ནང་པའི་ཆོས་དེ་ཆོས་ལུགས་གཞན་དང་མི་མཚུངས་པའི་ལྟ་བ་ཞིག་གང་ནས་འཇོག་གམ། གང་ལྟར་གདེང་འཇོག་བྱེད་མི་དང་གདེང་འཇོག་བྱ་ཡུལ་བར་གྱི་གདེང་འཇོག་དགོས་པའི་རིན་ཐང་ཇི་ལྟར་རྙེད་དམ།
དྲ་གྲོགས་ཆོས་འགྲུབ་ལགས།
ཉིད་འདིར་ཕེབས་ནས་དགོངས་ཚུལ་གསུངས་པ་ནི་དགའ་འོས་པ་ཞིག་རེད་དེ། ཉིད་ཀྱི་ངོས་འཛིན་དང་དགོངས་ཚུལ་ལ་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག དེར་རྒྱུ་མེད་པ་མིན་ནོ།། སྤྱིར་ན། ནང་ཆོས་ནི། ཞི་བའི་ཤེས་རབ་ཅིག་དང་ཐབས་ལམ་ཞིག་འཚོལ་བའི་ཆེད་དུ་རེད་ལ། དེ་ནི། གཞན་གཅེས་གཞན་ཕན་ལ་དམིགས་པ་ཞིག་རེད་དོ།། ཆབ་སྲིད་ནི། འགྲན་བསྡུར་འགྲན་རྩོད་ཀྱི་ཐབས་ཇུས་ཤིག་ཡིན་པས་ན། རང་རྒྱལ་རང་གཅེས་ཀྱི་ཕྱོགས་སུ་ལྷུང་ཡོད། གང་ལྟར། དེ་འདྲ་ཡིན་དུས། རང་རང་གི་དམིགས་ཕྱོགས་དང་ཐབས་ལམ། ངོས་འཛིན་དང་གཞུང་ལུགས་སོགས་རྦད་དེ་མི་འགྲོ་བས་ན། དེ་གཉིས་དཀྱུས་གཅིག་ཏུ་བསྲེས་པ་ནི། མེ་ཆུ་མཉམ་དུ་བཞག་ན་ཕན་ཚུན་གྱི་ནུས་པ་ཉམས་སྤྱད་ཀྱི་རྒྱུ་རྐྱེན་གཙོ་བོ་རེད། འདི་ནི། དངོས་ཡོད་ཅིག་ལ་བདེན་དཔང་ཡོད་པའི་གནས་ཚུལ་ཞིག་ཀྱང་རེད་དོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཉིད་འདིར་ཡང་བསྐྱར་ཐུགས་སྣང་ཆེན་པོའི་སྒོ་ནས་ཕེབས་ནས། དགོངས་ཚུལ་གསུང་ཞོར་དུ། རྒྱབ་གནོན་གྱི་ཚུལ་དུ་སྒོ་ཤེས་རབ་རྒྱ་མཚོའི་སྡོམ་ཚིག་ཅིག་བཀོད་པ་ནི། དོན་ལ་འཁེལ་ཞིང་དངོས་ཡོད་ཅིག་ཡིན་པས་ན། ཡི་རངས་ཞུའོ།། ད་རུང་ཡིན་ཡང་། ང་ཚོའི་སྐབས་བབ་ཀྱི་བརྗོད་གཞི་ཇེ་གསལ་གྱི་ཆེད་དུ། མུ་མཐུད་ནས་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུའོ།།
གྲོགས་རྒྱང་འཁྱམས་པས་ངས་ཞིབ་འདང་མ་འཕོག་པས་སྔ་ཕྱི་འགལ་སྐྱོན་འདུག་མདོག་སྟོན་འདུག རེད་དེ་ངས་ཁོང་གིས་བརྩམས་གནང་བའི་དེབ་ཀློག་རྒྱུ་མ་བྱུང་བ་དང་དྲ་ཐོག་ཏུ་འཁོད་པའི་ཁོང་གི་དགོངས་ཚུལ་མཐོང་བ་གཉིས་དངོས་ཡོད་ཉག་ཅིག་ཡིན་པས་འགལ་བའི་ཕྱོགས་ཙམ་ཡང་མེད། ཡང་ང་ཁོང་ལ་རྒྱུས་མངའ་མེད་ན་ཡང་རྣ་ཐོས་ལྟར་གྱི་ཕྱག་ལས་ལ་གུས་བཀུར་ཞུས་པའང་རྒྱུན་ལྡན་ལས་དམིགས་གསལ་གང་ཡང་མ་རེད། དེ་ནས་ངས་ཁྱབ་རྒྱ་ཆེ་བའི་སྤྱིར་བཏང་གི་ཆོས་ཤིག་དང་བྱེ་བྲག་སྲིད་ཀྱི་བཟླས་དབྱེའི་ཆོས་ཤིག་དང་གཉིས། ཕྱི་མ་ལ་ཐར་པ་སྒྲུབ་བྱེད་ཀྱི་ཐབས་ཤིག་ལ་ངོས་འཛིན་ཞུས་པ་དེ་ལུས་སེམས་འདུལ་སྦྱོང་གི་ཐབས་ལ་ངོས་འཛིན་ཞུས་པ་རང་རེད། རྒྱུ་མཚན་ཐར་པ་ཐོབ་པ་ལ་ལུས་སེམས་འདུལ་དགོས་ལུས་སེམས་བཏུལ་ན་ཐར་པ་འཐོབ་ཡོང་གི་རེད་པས་སོ། ནང་ཆོས་དེ་ཐར་པ་ཐོབ་བྱེད་ཀྱི་ཐབས་ཤིག་ལ་ངོས་བཟུང་བ་དེའི་གཞན་དང་ཁྱད་འཕགས་ཀྱི་ཆོས་དེ་ངོས་བཟུང་བ་རེད་ལ་འདེང་འཇོག་ཡང་དེ་རང་གི་བྱས་པ་རེད། ཚེ་སྐྱིད་ཀྱི་ངས་བསམ་ཚུལ་ལ་ངོས་ལེན་མེད་ཐོག་མོ་རང་ཉིད་ཀྱི་ཆོས་སྲིད་གཉིས་ཀྱི་ངོས་འཛིན་བྱ་ཚུལ་འདི་ཕྱོགས་རེ་ཙམ་ལས་ཁྱོན་ཡོངས་ཀྱི་ངོས་འཛིན་ཞིག་གཏན་ནས་མིན། རྒྱུ་མཚན་སྲིད་ཡིན་ན་མོས་ངོས་བཟུང་བྱས་པ་ལྟ་བུ་ཡིན་མི་དགོས་པ་གོང་དུ་དཔེ་མཚོན་བཀོད་པས་ཤེས་ནུས་པ་མ་ཟད་ཡོངས་གྲགས་སྲིད་ཀྱི་རིག་གནས་སྟོན་པའི་བསྟན་བཅོས་ཁ་ཆེ་ཕ་ལུ་དང་ལུགས་ཀྱི་བསྟན་བཅོས་སོགས་ལ་གཟིགས་དང་ཧ་གོ་བ་ལས་ཡོངས་གྲགས་མིན་པའི་གཏམ་ཁོལ་བུ་རེའི་ན་ཡམ་རེ་བཀོད་ན་ཕན་ཐོབ་དེ་ཙམ་ཨེ་ཡོད་ན་སྙམ། མདོར་ན་སྲིད་ལ་ཆོས་དང་འགལ་བ་ཁོ་ན་ཡིན་པ། ཆོས་དང་མི་འགལ་བ་མ་ཟད་ཆོས་ཡིན་པ་དང་ཆོས་ཀྱི་གྲོགས་སུ་འགྱུར་བ། ཆོས་ལ་ཕན་གནོད་གང་ཡང་མི་བྱེད་པ་བཅས་གསུམ་དུ་དབྱེ་ན་ཆོས་སྲིད་གཉིས་ཀ་ཁམས་དྭང་དུ་འགྲོ་བ་ལས་སྐྱོན་གང་ཡང་ཡོད་མ་རེད། གང་ལྟར་བསམ་དོན་འགྲུབ་པར་སྨོན།།
བཀུར་འོས་རྔ་བ་རྒྱལ་ཁམས་པ་ལགས།
ཡང་བསྐྱར་ཕེབས་ནས་དཔའ་བོའི་རྒྱང་གླུ་ཞིག་གྱེར་བར་དགའ་སྤོབས་སྐྱེས་སོང་། དགའ་དགོས་དོན་ནི། སྐུ་ཉིད་ལྟ་བུའི་ངོས་འཛིན་ཟབ་མོ་དང་རྒྱབ་སྐྱོར་ཆེན་པོ་ཞིག་ཡོད་པས་སོ།། སྤོབས་པ་སྐྱེ་དགོས་དོན་ནི། ཟུར་འདུག་དང་རྒྱང་བཀྱེད་མི་བྱེད་པར་དཔུང་པ་མཉམ་གཤིབ་དང་གོམ་བསྐྱོད་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་པས་སོ།།
གང་ལྟར། སྐབས་བབ་ང་ཚོའི་བརྗོད་གཞི་འདི་ཇེ་གསལ་ཇེ་ཟབ་ཏུ་ཆེད་ཀྱི་ད་དུང་ཡིན་རུང་། རིན་ཐང་ལྡན་པའི་དགོངས་འཆར་སྣ་ཚོགས་ལྷུག་སྩོལ་ཡོང་བར་ཞུའོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཁྱེད་ཀྱི་དགག་བཞག་སྤུངས་སྟངས་ཀྱི་རྣམ་པ་ནི། ཡག་པོ་ཞིག་འདུག་ལགས་ན། ད་དུང་ཡིན་རུང་། མུ་མཐུད་ནས་དབྱེ་ཞིབ་དང་ལྡན་པའི་སྒོ་ནས། སྐབས་བབ་ང་ཚོའི་བརྗོད་གཞི་འདི་ཇེ་ཟབ་ཇེ་ལེགས་སུ་གཏོང་ཐབས་སུ། དགོངས་ཚུལ་གནད་ལ་འཁེལ་བ་གང་མང་ཞིག་འདོན་པའི་རེ་འདུན་ཞུ་རྒྱུ་ཡིན་ནོ།།
དྲ་གྲོགས་ཆོས་འགྲུབ་ལགས།
མདོར་དྲིལ་ན། ཆོས་ཀྱི་དམིགས་ཡུལ་ནི། མཐར་ཐུག་གི་ཞི་བདེ་ལམ་སྙེག་གི་ཡོད་པ་དང་། ཐབས་ལམ་དེ་ཡང་རང་ལས་གཞན་ལས་གཅེས་པར་འཛིན་པའི་ཀུན་སློང་གི་སྒོ་ནས་འགྲོ་དགོས་པ་མ་ཟད། བགྲོད་སྟངས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བསྐྱོད་དགོས་པ་ནི་གནད་ཀྱི་དོན་པོ་ཞིག་རེད་མོད། འོན་ཀྱང་། སྲིད་ཀྱི་དམིགས་ཕྱོགས་ནི་གནས་སྐབས་ཀྱི་ཁེ་ཕན་གྱི་ལམ་ཞིག་འཚོལ་གི་ཡོད་པ་དང་། འཚོལ་ཕྱོགས་དེ་ཡང་གཞན་ལས་རང་གཅེས་ཀྱི་ཀུན་སློང་གི་ཐོག་ནས་བགྲོད་ཀྱིན་པ་ནི་མཐོང་གསལ་འདི་རེད། དེ་ལས་ཀྱང་། འགྲན་བསྡུར་འགྲན་རྩོད་ཀྱི་མདུན་དུ་བསྐྱོད་ནས་སོང་དང་འགྲོ་བཞིན་པའི་གནས་ཚུལ་གསལ་གསལ་ཐང་ཐང་འདི་རེད་དོ།།
དྲ་གྲོགས་ཆོས་འགྲུབ་ལགས།
ཁྱོད་ཀྱི་བསྙད་པ་བདེན་པར་སྣང་ཞིང་ཆོས་དང་འཇིག་རྟེན་གཉིས་ཀྱི་རང་རང་གི་ངོ་གདོང་ལ་གཞིགས་ན་ཐ་དད་དུ་གྲུབ་པའི་རིག་གནས་ཤིག་ཡིན་པ་ལས་གཅིག་ཏུ་སྣང་བའི་གྲུབ་ཆོས་ཤིག་མིན་པ་གསལ་བོ་རེད། མ་ཟད། མདུན་དུ་སྙེག་པའི་ལམ་གྱི་ཚོམ་བུ་མི་འདྲ་བ་ཡང་མིག་མཐོང་ལག་ཟིན་རེད། ཡིན་ཡང་། འུ་ཅག་སྒང་བ་བོད་པ་ཚང་གི་བཙན་པོ་རིམ་བྱོན་མཇུག་བསྒྲིལ་བ་ནས་བཟུང་ས་ཕག་རིན་གཙང་བརྒྱུད་མཐར་དགའ་ལྡན་ཕོ་བྲང་མཚམས་བཞག་པའི་དེ་རིང་གི་བར་ལོ་ངོ་བདུན་བརྒྱ་ང་བརྒྱད་ལ་ཐུག་པའི་བརྒྱུད་རིམ་ནང་དུ་ཆོས་ལུགས་མི་སྣས་སྲིད་དབང་སྣེ་ཁྲིད་ཀྱི་དགེ་ཕན་དང་དགེ་སྐྱོན་ལ་ཕྱིར་བཀྱེད་ནས་ལོ་རྒྱུས་དེབ་ཐེར་དག་སྔོག་འདོན་བྱས་དུས། ཆོས་པའི་སྲིད་བསྐྱངས་པའི་མཇུག་འབྲས་དང་། འཇིག་རྟེན་པ་ཆོས་ཀྱིས་བཟི་བའི་མཐོང་ཆོས་ལས། བཙན་པོ་དག་གི་ངུལ་ཆུ་ལས་གྲུབ་པའི་མི་རིགས་རང་བཙན་གྱི་འདུ་ཤེས་དང་། ས་ཁུང་བདག་ཐོབ་ཀྱི་འདུ་ཤེས། མངའ་ཐང་རྒྱ་བསྐྱེད་ཀྱི་འདུ་ཤེས། རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་སོགས་མདོར་ན་གོ་ལ་ཧྲིལ་བོ་འདིར་ཁྱིམ་གཞི་ཆེན་པོ་ཞིག་གི་སྦྲ་ཤུལ་ཏེ་ན་བུན་འཚབ་འཚུབ་ཀྱི་ཀློང་དུ་བསྐྱལ་སོང་བ་མ་ཡིན་གྲང་། ང་ཚོ་ཕམ་ཡོད་མེད་ནི་ཕམ་ཁ་དང་ལེན་བྱེད་མིན་ལ་རག་ཀྱང་། ད་དུང་སྔར་སོང་གི་མཇུག་འབྲས་ལ་རྒོལ་ཞིང་ཆོས་ལུགས་ཟུང་འབྲེལ་ལ་ཤི་འཐམས་བྱས་ནས་དོན་དམ་ཆོས་ཕོང་ལ་དྲི་མས་སྦགས་ཤིང་། འཇིག་རྟེན་དོན་གཉེར་ཚོར་བག་འཁུམས་རྗེས་ལུས་རང་གཟེབ་ཀྱི་སྤྲོག་མ་རུ་བཅུག་པའི་སྣང་བརྙན་གསོན་པོ་དེ་ད་རུང་མི་རབས་ཕྱི་མ་དག་གི་ངོ་གདོང་དུ་བཤམས་ན་མི་རིགས་མདུན་སྐྱོད་ཀྱི་གོམ་སྒྲ་ནི་དེ་བས་ཀྱང་ཐོས་པར་ངལ་བའི་གནས་སོ།། དེ་མིན་ང་ཚོའི་གླེང་གཞི་འདིའི་སྟེང་དུ་ཆོས་སྲིད་འགལ་འབྲེལ་ལ་བསམ་གཞིག་གཏོང་མཁན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་༼ ངས་ནམ་རྒྱུན་འདི་ལྟར་བཤད་ཀྱིན་ཡོད། ཆོས་ལུགས་ཟེར་བ་དེ་ཆོས་ལུགས་ཤིག་ཡིན་པ་དང་རིག་གནས་ཤིག་ཡིན་པའི་ཚད་ནས་གནས་ན། དེ་ནི་འགྲོ་བ་མིའི་སེམས་ཀྱི་སྡུག་བསྔལ་ཞི་བའི་སྨན་ལྟ་བུ་ཞིག་རེད། ཆོས་ལུགས་ཆོས་ལུགས་ཀྱི་ས་ནས་མ་བསྡད་པར་ཆབ་སྲིད་ཅིག་ཡིན་པ་དང་དབང་སྒྱུར་པ་ཞིག་ཡིན་པའི་ཚད་དུ་སོང་དུས། དེ་ནི་ཐལ་དྲགས་པའི་སྒེར་གཅོད་པ་ཞིག་མིན་པའི་ངེས་པ་གཏན་ནས་མེད། དེ་འཛམ་གླིང་ཡུལ་ལུང་སོ་སོའི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་མཐོང་ཐུབ་ཅེས་ཟེར་གྱི་ཡོད། ༽ཅེས་པ་འདིས་ང་ཚོའི་ལོ་རྒྱུས་ལ་ཕྱོགས་དུས། ཆོས་ལུགས་ཁ་གཡར་གྱི་སྲིད་དབང་སྒེར་གཅོད་དེ་ཅི་འདྲའི་སུབ་མི་ཐུབ་པའི་ནག་ཉེས་ཤིག་རེད་ཨང་།
དྲ་གྲོགས་ཆོས་འགྲུབ་ལགས་ཀྱིས་གཙོས་རིགས་མཐུན་དྲ་རོགས་རྣམ་པའི་ཐུགས་གཞིགས་ཟབ་མོ་ཡོང་བའི་ཆེད་དུ། འདིར་ཆོས་སྲིད་གཉིས་ཀྱི་ངོ་བ་སོགས་ཐ་དད་ཡིན་པའི་རྒྱབ་ལྗོངས་འགའ་ཤས་འགོད་ཀི་ཡིན་ལགས་ན། གཟིགས་ཞིབ་ཡོང་བར་ཞུའོ།།
སྤྱིར་ན།
ནང་ཆོས་ཀྱི་ངོ་བོ་ནི། སྟོན་པ་ཤཱཀྱ་ཐུབ་པའི་མདོ་ལས། ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་བོ། ཚིག་འབྲུ་བཟང་བོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའོ་ཞེས་གསལ་བ་དང་། ད་དུང་། སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་ལས། ཆོས་ནི་མདོར་ན་མི་འཚེ་བར།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ།།
ནང་ཆོས་ཀྱི་སྤྱོད་པ་ནི། སྟོན་པ་ཤཱཀྱ་ཐུབ་པའི་མདོ་ཛ་དུམ་ལས། འཚེ་བ་ནི་སྲོག་གཅོད་པའོ།། དེ་ལས་ལྡོག་པ་ནི་མི་འཚེ་བའོ།། ཞེས་དང་། ཡང་མདོ་ལས། སེམས་ཅན་གང་ལ་གནོད་པ་དང་འཚེ་བ་བྱེད་པ་པོ་ནི་གང་ཡིན་ཡང་ངའི་རྗེས་སུ་འབྲང་བར་མི་རིགས་སོ།། ཞེས་གསུངས་ཡོད་པའོ།།
ནང་ཆོས་ཀྱི་ལྟ་བ་ནི། སྟོན་པ་ཤཱཀྱ་ཐུབ་པའི་མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་ཡོངས་ཤེས་ནས།། མཐར་ལྟ་བ་ལ་བརྟེན་པར་ཡང་མི་བྱེད།། རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི།། རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན།། ཡང་ལངྐར་གཤེགས་པའི་མདོ་ལས། གང་དག་ངོ་བོ་ཉིད་མེད་པ།། དེ་དག་དངོས་ཉིད་ཅི་ཡང་མེད།། གང་དག་ངོ་བོ་ཉིད་མེད་པ། དེ་དག་གང་དུའང་འབྱུང་བ་མེད།། ཅེས་གསུངས་སོ།།
སྐབས་འདིའི་ཆབ་སྲིད་ནི་འཇིག་རྟེན་སྐྱོང་བྱེད་ཀྱི་ལམ་ལུགས་ཤིག་ལ་གོའོ།།
དེས་ན། ཆབ་སྲིད་ཀྱི་ངོ་བོ་ནི། ཆབ་འབངས་ཀྱི་བྱ་གཞག་སྐྱོང་བྱེད་ཀྱི་ལམ་ལུགས་ཤིག་ཡིན་པས་ན། ཐོག་མཐའ་བར་གསུམ་དུ་དགེ་བའི་ངོ་བོ་ཁོ་ན་རྦད་དེ་མ་ཡིན་པས་སོ།།
ཆབ་སྲིད་ཀྱི་སྤྱོད་པ་ནི། རང་དོན་རང་གཅེས་ལ་ཕྱོགས་སུ་འགྲོ་ཆེ་བས་ན། རྩིང་སྤྱོད་ཀྱི་ནང་དུ་ལྷུང་བའོ།།
ཆབ་སྲིད་ཀྱི་ལྟ་བ་ནི། འགྲན་རྩོད་འགྲན་བསྡུར་གྱི་རང་ཉིད་རྒྱལ་བར་གཙོར་དམིགས་འཛིན་པས་ན། གཞན་ལ་ལྟོས་རྟེན་གྱི་རྣམ་གཞག་ཆེར་བཟུང་མེད་དོ།། དེས་ན། ཆོས་སྲིད་གཉིས་ཀར་འགལ་མིན་ནི། རང་རང་གི་གཞུང་ལུགས་དང་དེའི་དགོས་པ། དེ་ལས་ཀྱང་སོ་སོའི་ཐབས་ཚུལ་མི་འདྲ་བས་ན། གཉིས་ཀ་གང་འདོད་འདོད་ཀྱིས་བསྲེས་པ་ནི། ཨུ་ཚུགས་ཀྱིས་གནས་ལུགས་དང་བདེན་དོན་ལ་རྒོལ་བ་ཞིག་མ་ཡིན་ནམ།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཁྱེད་རང་གིས་མཆན་བུ་འདེབས་ཕྱོགས་དང་བསམ་ཚུལ་སྤུངས་ཕྱོགས་དེ་ཇེ་ངར་ཇེ་ཡག་ཏུ་འགྲོ་བཞིན་པ་ལགས་ན། ཡི་རངས་དང་རྒྱབ་སྐྱོར་བྱེད་ཀིན་ཡོད་ལགས། ད་དུང་ཉིད་ཀྱིས་ཟེར་ན། 《ང་ཚོ་ཕམ་ཡོད་མེད་ནི་ཕམ་ཁ་དང་ལེན་བྱེད་མིན་ལ་རག་ལས།》ཞེས་པའི་གླེང་མོལ་འདི་ལ་མཚོན་ན། དོན་སྙིང་ཡོད་པའི་ངོས་འཛིན་ཞིག་དང་སྡོམ་ཚིག་ཅིག་ཏུ་མཐོང་སོང་བས་ན། སེམས་བསམ་པའི་གཏིང་རིམ་ནས་དགའ་སྤོབས་ཤིག་བསྐྱེད་སོང་། རྒྱུ་མཚན་ནི། ད་ལྟའི་བར་གྱི་ཆོས་སྲིད་མཉམ་བསྲེས་ཀྱི་ལམ་ལུགས་ཀྱིས་ང་ཚོ་ཕམ་ཡོད་མེད་ནི། ས་རིས་ཐང་གསལ་འདི་རེད་མོད། འོན་ཀྱང་། ཕམ་ཁ་ངོས་ལེན་བྱེད་མ་ཐུབ་པའི་དབང་གིས་ད་རུང་ཡིན་ཡང་འདི་མུས་སུ་བསྐྱོད་དང་བསྐྱོད་ཀྱིན་པའི་གནས་ཚུལ་འདི་རེད་དོ།། སོང་ན། ད་ནས་བཟུང་། ང་ཚོ་ཕམ་པའི་རྒྱུ་རྐྱེན་གཙོ་བོ་དང་ལེན་དང་སྤྲེལ་ནས། ང་ཚོས་རང་གི་ལམ་ལུགས་ལ་བསྐྱར་ཞིབ་དང་འབྲེལ་ནས། ང་ཚོས་རང་གི་ཁ་ཕྱོགས་ལ་དཔྱད་གཞིགས་ཤིག་བྱས་ནས། ང་ཚོས་རང་གིས་རང་ལ་དྲི་རྟགས་ཤིག་བཀོད་ནས། ང་ཚོས་རང་ཉིད་ཀྱི་སྔ་ཕྱི་བསྔོག་འདོན་ཞིག་བྱས་ནས། ང་ཚོས་རང་ཉིད་ཀྱི་མདུན་ལྗོངས་ལ་རྒྱང་ལྟ་ཞིག་བྱས་ནས། ཆོས་སྲིད་རང་རང་གི་མཛེས་པ་ཞིག་དང་བདེ་ལམ་ཞིག་འཚོལ་བའི་ཆེད་དུ། ད་ནས་བཟུང་རང་རང་གི་ཁྱད་ཡོན་དང་བསྟུན་པའི་ལམ་ཞིག་འཚོལ་དགོས་པ་ནི། རིག་གཞུང་གཉིས་ཀྱི་དགོས་དོན་འགྲུབ་པའི་སླད་དུ་རེད་ལ། རང་རང་གི་ཐབས་ཚུལ་དེ་རང་རང་གི་ཆེད་དུའང་ཇེ་འགྲོ་ཇེ་ལེགས་སུ་འགྲོ་བས་ནའོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
༡》 ཆོས་མིན་སྲིད་མིན་གྱི་ལམ་ལུགས་དེ་ཞེ་མུག་པའི་སྐྱོ་གར་གྱི་ལོ་རྒྱུས་སྐྱུར་མོ་ཞིག་རེད། དེས། ང་ཚོའི་མི་རིགས་ཀྱི་ཕམ་ཁའི་ནང་གི་ཕམ་ཁར་བསྐྱལ་བ་མ་རེད་དམ།
༢》 དེ་ཡིན་འདི་ཡིན་མེད་པའི་ལམ་ལུགས་ཀྱིས་ང་ཚོའི་སྟོབས་ཤུགས་ཉམས་ཉེས་སུ་བཏང་བ་མ་རེད་དམ།
༣》 དེའི་དབང་གིས། མི་རིགས་ཀྱི་འདུ་ཤེས་གཙང་མ་ཞིག་གི་དར་ཆ་ད་ལྟའི་བར་དུ་འཕྱུར་མ་མྱོང་བ་མ་རེད་དམ།
༤》 མི་རིགས་ཀྱི་འདུ་ཤེས་འཐུས་ཚང་ཞིག་མེད་པས། མི་རིགས་གཅེས་སྲུང་གི་ལག་ལེན་ཕལ་བ་ཞིག་ལ་བཞག་ཡོད་པ་མ་རེད་དམ།
༥》 ཡིན་ནའང་། ཆོས་ཀྱི་ནུས་སྟོབས་ངོ་མ་དེ་སྤྱི་ཡོངས་ཀྱིས་ཤེས་རྟོགས་ཐུབ་ཡོད་རྒྱུ་ན། དེ་ཡང་འགྲིགས་བསྡད་པ་འདྲ་ཞིག་རེད་དེ། དེ་ཡང་མེད་པ་མ་རེད་དམ།
༦》 ཆོས་ཀྱི་སྙན་གྲགས་སྒེར་གཅོད་པའི་བཟུང་ནས། སྤྱི་དམངས་ཀྱི་ངོས་འཛིན་ཆེས་ཞན་པོ་ཞིག་ཏུ་བསྒྱུར་བ་མ་ཡིན་ནམ།
༧》 གཞན་ཡང་། སྲིད་ཀྱི་ནུས་སྟོབས་གོང་འཕེལ་འགྲོ་རྒྱུའི་ཚབ་ཏུ། ཉམས་ནས་རྒུད་པའི་བར་དུ་བསྒུགས་བཞག་པ་འདྲ་བོ་མ་རེད་དམ།
༨》 རྒྱུ་མཚན་དེ་དག་ལ་བརྟེན་ནས། ཆོས་མིན་སྲིད་མིན་གྱི་ལམ་ལུགས་ཤིག་གི་ནང་དུ། ཡུན་ནས་ཡུན་གྱིས་བགྲོད་པའི་རྐྱེན་གྱིས། ཆོས་སྲིད་གང་ལ་གོ་རྟོགས་དང་ནང་བྱན་མེད་པའི་མི་རིགས་ཤིག་ཏུ་གྱུར་བ་མ་རེད་དམ།
༩》 ད་རུང་། ལྷན་སྐྱེས་སུ་བདག་ཐོབ་ཏུ་ཡོད་པའི་ཕ་ས་ཕ་ཡུལ་དང་རང་དབང་གི་སྟོབས་ཤུགས། སྐྱེས་ཐོབ་ལ་འཁྲི་བའི་རང་མགོ་རང་ཐོན་གྱི་ཐོབ་ཐང་གཞན་ལག་ཏུ་ཤོར་བ་མ་རེད་དམ།
༡༠》 ལྷག་པར་དུ། དེའི་རྐྱེན་པས། ཆིག་སྒྲིལ་དང་མཉམ་གནས་ཀྱི་འདུ་ཤེས་བཙན་ཤེད་ཀྱིས་གཏོར་སོང་བ་མ་ཟད། རིས་གཅོད་འཐེན་འཁྱེར་གྱི་བསམ་སྤྱོད་བཙན་ཤུགས་ཀྱིས་སྤེལ་བཞག་པ་མ་རེད་དམ།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཉིད་ཀྱིས་དོགས་འདྲི་དང་འབྲེལ་བའི་དྲི་བ་དེ་ཚོར་དོན་སྙིང་ཆེ་བས་ན། ངས་རང་གི་ཤེས་ཚོད་དཔྱོད་ཚོད་ཀྱིས་ཉིད་ཀྱི་དྲི་བ་ཁག་གི་ལན་དེ་འདེབས་ཁུལ་བྱེད་ཀི་ཡིན་ལགས་ན། གཟིགས་ཞིབ་ཡོང་བར་ཞུའོ།།
དྲིས་ལན་དང་པོ་ནི།
ཆོས་སྲིད་མཉམ་བསྲེས་ཀྱི་ལམ་ལུགས་དེས། ང་ཚོར་ཕམ་ཁའི་ནང་གི་ཕམ་ཁ་གསབ་ཐབས་བྲལ་བ་ཞིག་ཡིན་པ་ཤིན་ཏུ་མད། གང་ཡིན་ཟེར་ན། ཕམ་ཁ་དེ་ང་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མེད་པས་ན། ང་ཚོ་ཕམ་ཁའི་ནང་དུ་ལྷུང་བ་རེད་ལ། ད་རུང་ཅི་ཡིན་འདི་ཡིན་མེད་པའི་ལམ་ལུགས་ཤིག་ཨུ་ཚུགས་ཀྱིས་སྐྱོར་དགོས་དོན་ནི་ཡང་། རང་གི་འགྲོ་ཕྱོགས་འདུག་ཕྱོགས་སོགས་ལ་བསྐྱར་ཞིབ་གནད་ལ་འཁེལ་བ་ཞིག་མ་ཡོད་པས་ལན་པ་རེད་དོ།།
དྲིས་ལན་གཉིས་པ་ནི།
ཉ་དང་ཉོག་མ་བསྲེས་པའི་ལམ་ལུགས་དེའི་དབང་གིས། མི་རིགས་ཤིག་གི་འདུ་ཤེས་ནག་བསུབ་སེ་བཏང་བ་མ་ཟད། མི་རིགས་ཤིག་གི་སྟོབས་ཤུགས་ཀྱང་ཉམས་ཆག་ཏུ་བཏང་ཡོད་པའང་བདེན་པ་རེད།
དྲིས་ལན་གསུམ་པ་ནི།
ང་ཚོ་ལ་མི་རིགས་ཤིག་གི་འདུ་ཤེས་གཙང་སེང་ངེ་ཞིག་མེད་པས་ན། རང་གི་མི་རིགས་གང་ཞིག་ཏུ་འགྲོ་གིན་ཡོད་མེད་དང་། ལྷག་པར་དུ། མ་འོངས་པའི་ཁ་ཕྱོགས་གང་ཞིག་ཏུ་ཕྱོགས་ཀི་ཡོད་མེད་ནི་དེ་བས་ཀྱང་ཉེན་ཚབས་ཆེ་བ་ཞིག་རེད། འདིའི་རྒྱུ་མཚན་ཡང་། མི་རིགས་ཤིག་གི་འདུ་ཤེས་མེད་ན། མི་རིགས་དེའི་མདུན་ལམ་རབ་རིབ་ཅིག་ཆགས་སོང་བ་རེད་ལ། དེའི་ཁྲོད་ནས། ང་ཚོའི་འགྲོ་ཕྱོགས་དཀའ་རྙོག་ཅན་དུ་གྱུར་བ་ཞིག་རེད་དོ།།
དྲིས་ལན་བཞི་བ་ནི།
མི་རིགས་ཀྱི་འདུ་ཤེས་ཚད་མཐོ་ཞིག་མེད་སྟབས། མི་རིགས་སྲུང་སྐྱོབ་ཀྱི་ལས་དོན་ཆེས་ཕལ་བ་ཞིག་ཅམ་འཇོག་བྱས་པ་རེད་ལ། མ་ཟད། མི་རིགས་ཀྱི་ལས་དོན་མི་སྒེར་ཅན་དུ་བསྒྱུར་བའང་རེད། དེའི་སྟོབས་ཀྱིས། སྒེར་བའི་མདུན་ལྗོངས་རྫོགས་པ་ཞིག་དང་ཕྱུག་པོ་ཞིག་ཏུ་ཆགས་སོང་རུང་། མི་རིགས་ཀྱི་ནུས་སྟོབས་ཉམས་རྒུད་དུ་ཕྱིན་པ་ཉག་ཅིག་རེད་དོ།།
དྲིས་ལན་ལྔ་པ་ནི།
དེ་འདྲ་ཞིག་རེད་དེ། ཆོས་ཁ་ལ་འཁྱེར་ནས་སྒེར་དོན་ཁོག་ཏུ་སྦས་ནས། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ་ཕར་ཞོག་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྣམ་དཔྱོད་དང་རང་དབང་གི་ངར་འཛིན་བཅོམས་ཏེ་སྤྱིའི་ནུས་པ་དང་སྟོབས་ཤུགས་འཛིན་རྒྱུ་མེད་པ་ཞིག་ཏུ་བསྒྱུར་བའི་ཁར། ད་རུང་སྒེར་སྡོམ་སྒེར་གཅོད་ཀྱི་ལམ་ལུགས་ཤིག་གི་སྣེ་མོར་འཇུས་ནས། རང་གི་སྙན་གྲགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་འཕེལ་བའི་ཆེད་དུ། ཞི་བདེའི་ཆོས་ཀྱི་ལྡོག་ཕྱོགས་ནས་ལངས་ཏེ་ཆོས་ཀྱི་མིང་འདི་བེད་སྤྱོད་ལོག་པར་བཏང་བའི་དབང་གིས། མི་མང་རྨོངས་སུ་བཅུགས་བཞག་པ་རེད་དོ།།
དེ་རིང་དུས་ཚོད་ཀྱི་རྐྱེན་པས། དྲིས་ལན་ལྔ་མ་གཏོགས་འབྲི་ཐུབ་མ་སོང་རུང་། རྗེས་སོར་འབྲིའོ།།
<> པདྨ་གེ་སར་དྲ་བར་མི་མཐོང་ངོ་།།
ཀིརྟི་སྐྱབས་ཀྱིས་ཀི་གཅིག་བཏབ་པ་ལས།།ཕྲག་དོག་ཅན་གྱི་གདོང་ལ་ཕོག་པར་སྣང་།།
རྔ་ཡུལ་བུ་མོའི་ཕུགས་བསམ།། དབྱིངས་པའི་མཁའ་རུ་འཕགས་ཤིང་།།
ལྷག་བསམ་མཚོན་པའི་རང་མདངས།། ཆུ་བོའི་གཞུང་ལ་འདྲེས་སོང་།།
རྔ་ཡུལ་བུ་མོའི་རེ་འབྲས།། ཡར་ཚེས་ཟླ་བའི་དཔལ་ལ།།
ཉིན་རེ་བཞིན་དུ་བསྐྱོད་པའི།། རེ་བ་སྙིང་ལ་བཅུག་ཡོད།།
པདྨ་གེ་སར་དྲ་བར་མི་མཐོང་ངོ་།།
ཀིརྟི་སྐྱབས་ཀྱིས་ཀི་གཅིག་བཏབ་པ་ལས།།ཕྲག་དོག་ཅན་གྱི་གདོང་ལ་ཕོག་པར་སྣང་།།
༼གངས་ཀྱི་(སེང་གེ)་གངས་ན་མ་མཆིས་ཤིང་།༽ པདྨ་གེ་སར་དྲ་བར་མི་མཐོང་ངོ་།།
ཀིརྟི་སྐྱབས་ཀྱིས་ཀི་གཅིག་བཏབ་པ་ལས།། ཕྲག་དོག་ཅན་གྱི་གདོང་ལ་ཕོག་པར་སྣང་།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ལགས།
ཕེབས་ནས་དགོངས་ཚུལ་བཏོན་པར་དགའ་ཡོད་ལ། ལྷག་པར་དུ། བུ་མོ་ང་ལ་སེམས་ཤུགས་འཕེལ་དུ་བཅུགས་པའང་དགའ་སོང་། དེ་ལས་ཀྱང་། ཐེངས་འདིའི་བརྗོད་གཞི་དང་འབྲེལ་ནས་བསམ་ཚུལ་གང་གསུངས་པ་རྣམས་ནི། རྩོམ་པ་པོ་ཁོང་གི་དགོངས་གཞི་དང་ལངས་ཕྱོགས་ཀྱི་ཐོག་ཏུ་ཤར་བསྐྱོད་འདྲ་བོ་བྱས་སོང་བས་ན། ཤིན་ཏུ་ནས་ཀྱང་དགའ་སོང་། ད་རུང་། ཁོང་གི་དགོངས་ཚུལ་ངོ་མ་དེ་གང་ཡིན་པ་དྲ་གྲོགས་རྣམ་པར་མཚམས་སྤྱོར་བྱས་པ་ནི། ངོ་མ་དགའ་འོས་པ་ཞིག་རེད་དོ།།
ངའི་ངོ་དེབ་ནང་དུ།
དྲ་གྲོགས་ཐོར་རྒོད་པ་སྤྱན་ཆབ་ལགས་ཀྱིས་སྙན་ངག་འདི་འདྲ་ཞིག་བྲིས་འདུག
ཨ་ཁུ་ལགས
ད་དུང་ནམ་ཕུགས་ལངས་ལ་རྒྱང་ཐག་ཧ་ཅང་རིང་བས
ཁྱོད་རང་སད་པ་ཅུང་ཚམ་སྔ་དྲགས་པ་མིན་ནམ
ཨ་ཁུ་ཤེར་ཁོ
ཁྱོད་རང་སད་པ་མ་ཐག་ནས་ཀི་བཏབ་པ་དེས་ཀྱང་
མུན་ནག་ནས་ཡུན་རིང་འདུག་ཨེ་དགོས་སྙམ་ཀི
ཨ་ཁུ་ཤེར་ཁོ
ཁྱོད་ཀྱིས་བསམ་པར་ང་ཚོའི་རྗེས་རབས་པ་ཚོ་སྔ་མོ་ནས་སད་བཞག་ན
ཁྱོད་ཉིད་ད་དུང་མུན་ནག་ནས་འདུག་དགོས་ཀྱང་ཅི་སྐྱོན་བསམ་པ་ཨེ་ཡིན
ཨ་ཁུ་ཤེར་ཁོ
ངས་མུན་ནག་བསམ་ན་གྲང་འདར་རྒྱག་གི
ངས་ཁྱོད་ཉིད་མཐོང་ན་ངུ་ཤུམ་འཆོར་གི
ཨ་ཁུ་ཤེར་ཁོ་ལགས
ངའི་ངོ་དེབ་ནང་དུ།
དྲ་གྲོགས་སོ་རུ་ཚེ་རིང་ལགས་ཀྱིས་འདི་འདྲ་ཞིག་བྲིས་འདུག
འཇིགས་སྣང་གིས་བསླངས་པའི་བྲོ་ར་འདི་ན།
ངུ་མ་དགོད་ཀྱི་ལས་དབང་གཉོམ་པོ་ཞིག་སྐྱི་ཡ་བའི་ལོ་རྒྱུས་ལ་འཐིམས་ཤིང་།
ཁྲག་དང་རྔུལ་ཆུ་ལས་ཟག་པའི་དེབ་ཐེར་དག
དེ་རིང་གི་ངོ་གདོང་ལ་བཤམས་དུས།
སློབ་གསོའི་རང་བཞིན་གྱི་ཆོད་སེམས་བརྟན་པོ་ཞིག་མཆིས་ཀྱང་།
བག་ཆགས་ཀྱིས་སླད་པའི་རྨི་ལམ་སྟུག་པོ་ཞིག་ད་དུང་རུམ་ནས།
རྨི་ལམ་ལས་དཀྲོགས་མཁན་དག་དགྲ་རུ་བལྟས་པའི་སྐྱོ་ཤེས་དེ་སུ་ཞིག་ལ་བསྙད།
དྲ་གྲོགས་ཐོར་རྒོད་པ་ལགས།
གང་ལྟར། སྔ་རུང་ཕྱི་རུང་བོད་འདི་སད་དགོས་པ་ནི། གནས་ལུགས་ཤིག་དང་འགྲོ་སྟངས་ཤིག་ཡིན་པས་ན། ང་ཚོ་སད་ཕྱི་དྲགས་པ་ལས་སྔ་ན་བཟང་ངོ་།། འདིའི་རྒྱུ་མཚན་ནི། ནམ་ཞིག་ཡིན་རུང་། ཆོད་སེམས་དང་སྙིང་སྟོབས་བརྟན་པོ་ཞིག་ལ་སྔ་ཕྱི་ཅང་ཡོད་ནི་མ་རེད་ལགས། དེའི་ཕྱིར་ན། ང་ཚོའི་མི་རིགས་འདི་ད་རུང་སད་སྟངས་ཀྱི་རྗེས་ལུས་སུ་ཐེབས་ནས་ཡོད་ཡ།
དྲ་གྲོགས་སོ་རུ་ཚེ་རིང་ལགས།
ང་ཚོ་གཉིད་པ་མ་ཟད་རྨོངས་ནས་བསྡད་ཡོད་དེ། ཁོང་ལྟ་བུའི་ངོས་ནས་ང་ཚོའི་མི་རིགས་སད་དགོས་སྟངས་ཀྱི་གནས་ལུགས་དང་ཕྱོགས་སྟོན་ནི། ཁྱེད་དང་ང་ཡི་སྙིང་སྟོབས་ཡིན་ནོ།།
ང་ཚོ་སད་རིན་ཟེར་བའི་དེབ་དེ་མི་ཞིག་གིས་སྤྲད་སོང་མོད། དེ་ཡང་ཞོགས་དུང་གིས་བཤད་པའི་བག་ཆགས་རྙིང་བ་ཟེར་བ་དེ་ནས་སད་རན་འདུག་ཟེར་བའི་སྐད་ཆ་དེ་འདྲ་ཞིག་བཤད་བཞིན་ཡོད་ཀྱི་རེད་བསམ་ནས་དེབ་དེ་བླངས་མེད།
དེས་ན་ཚེ་སྐྱིད་ལགས། སྒོ་བརྩོན་ཟེར་བ་དེས་ང་ཚོ་ཅི་ཞིག་ནས་སད་དགོས་པ་དང་སད་དགོས་དོན་ཅི་ཞིག་བགྲངས་ཀྱི་ཡོད་པ་རེད། ཁྱོད་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་དེབ་དེ་ཀློག་འདོད་བྱུང་། དྲ་ཐོག་ནས་བལྟ་རྒྱུ་ཡོད་དམ།
རྔ་པ་ཚེ་སྐྱིད་ཀྱིས་བོད་ཀྱི་རྩོམ་པ་པོ་ཞིག་ངོ་སྤྲོད་བྱས་པ་ཡག་པོ་རེད། ཁོང་ལྟ་བུར་བོད་ཀྱི་སྤྱི་ཚོགས་འདིར་དགོས་ངེས་ཆགས་ཡོད། ཡིན་ན་ཡང་བོད་མི་རིགས་འདི་ལ་ངོམ་རྒྱུ་ཞིག་ཡོད་ནོ་ནང་ཆོས་ཀྱི་ལྟ་གྲུབ་འདི་རེད། འདི་མེད་ན་བོད་མི་རིགས་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡང་ལྷག་མེད། བོད་ཀྱི་རིག་གཞུང་མ་ལག་དང་བཅས་པ་འདི་དང་འབྲལ་ཐབས་མེད། གནའ་ནས་ད་ལྟའི་བར་བོད་མི་རིགས་འདི་གང་ལ་བསྟེན་ནས་འཚོ་གནས་ཐུབ་པ་རེད་ཟེར་ན། ཆོས་ལུགས་ལ་བསྟེན་ནས་འཚོ་གནས་ཐུབ་པ་རེད། དེ་མིན་ན་བོད་འདི་སྔར་ནས་འཇིག་ཚར་བ་རེད། དཔེར་ན། ལྗེའུ་མི་རིགས་ལ་གཞན་གྱིས་གཉའ་གནོན་གྱི་འོག་ནས་ལོ་ངོ་ཆིག་སྟོང་ལྷག་ཅིག་ལ་འཛམ་གླིང་གང་སར་ཁ་འཐོར་དུ་ཕྱིན་ན་ཡང་རང་གི་མི་རིགས་ཀྱི་ངོ་བོ་མ་བརླགས་པར་གནས་ཐུབ་པ་འདི་ལྗེའུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བསྟེན་ནས་བྱུང་བར་ལོ་རྒྱུས་སྨྲ་བ་ཚོས་ཁ་གཅིག་གྲག་རེད། དེར་བརྟེན་བོད་མི་རིགས་གསོན་གནས་ཐུབ་པ་ལའང་བོད་རང་གི་ཐུན་མོང་མ་ཡིན་པའི་གོམས་གཤིས་བཟང་པོ་གནས་མི་གནས་ལ་ཐུག་ཡོད། གལ་ཏེ་གོམས་གཤིས་བཟང་པོ་འདི་བརླགས་ན་བོད་མི་རིགས་གསོན་གནས་ཐུབ་པར་དགེ་མཚན་ཅི་ཡོད་སོམས་ཤིག ཆོས་སྲིད་ཐ་དད་ཡིན་ཀྱང་རུང་མིན་ཀྱང་རུང་དེ་ལ་རི་བོང་གནམ་
རྡིབ་ཀྱི་སེམས་ཁྲལ་བྱེད་དོན་མེད། སྐབས་འགར་ཆོས་སྲིད་ཐ་དད་རེད་ཅེས་ཟེར་ཆོག་ལ་མིན་ཡང་ཟེར་ཆོག་གི་རེད། དེ་ལ་ཁྱད་པར་གང་ཡང་མེད། དགོས་མཁོ་དང་དུས་ཀྱི་འགྱུར་འགྲོས་ལ་ལྟ་རྒྱུ་རེད། ནུབ་གླིང་དམངས་གཙོ་བ་དང་ཤར་ཕྱོགས་དམར་པོའི་རིང་ལུགས་པ་དག་གིས་ཆབ་སྲིད་ཀྱི་གོ་དོན་འཇོག་ཚུལ་མི་འདྲ་བ་དང་། སྤྱི་ཚོགས་འཕེལ་རིམ་ནས་ཆབ་སྲིད་ཟེར་བ་རྣམ་རྟོག་གིས་སྒྲོ་བཏགས་ནས་འདྲ་མི་འདྲ་བཟོས་ནས་ཡོང་བ་ཞིག་རེད། འདི་ཡིན་དང་འདི་མིན་གྱི་ཐག་གཅོད་བྱེད་དགོས་དོན་ཅི་ཡོད། གང་ལ་ཁ་མཐུན་མང་ན་དེ་ཡིན་པར་རེད་འགྲོ་བ་མ་ཡིན་ནམ།
མཐར་ལྷུང་རིང་ལུགས་ཀྱི་རྒྱ་ལས་བརྒལ་ཏེ་ཡང་དག་བདེན་པའི་སྒྲོན་མེ་སྦར་བར་མཛོད་ཅིག
དྲྭ་གྲོགས་ཚེ་སྐྱིད་ཀིརྟི་སྐྱབས་གཉིས་ཀྱི་སར་ཞུ་རྒྱུ། ཁྱེད་ཅག་གིས་པདྨ་ཀེ་སར་སུ་ཡིན་རྩད་གཅོད་འདོད་ན་དེ་ལས་སླབ་བོ་རེད། དེ་སྒོ་སྒལ་ནང་ན་རྩད་གཅོད་བྱེད་སྟངས་ཤིག་འདུག དེ་ནས་ལས་སླ་བོར་འཚོལ་ཐུབ་ཀྱི་འདུག དེའི་ནང་ནས་གནད་བཞི་ཤེས་ཐུབ་ཀྱི་འདུག གཅིག་ནས་མི་དེས་ཐོ་འགོད་བྱེད་སྐབས་གློག་འཕྲིན་ཁ་བྱང་གང་ཞིག་བེད་སྤྱོད་བྱས་ཡོད་མེད་ཤེས་ཀྱི་འདུག གཉིས་ནས་མཆན་འདེབས་པའི་དུས་ཚོད་དེར་ཁོ་ས་གནས་གང་དུ་ཡོད་མེད་ཤེས་ཀྱི་འདུག གསུམ་ནས་མཆན་བུ་འདི་གློག་ཀླད་རྟགས་དང་ཨང་གྲངས་ཅི་འདྲ་ཞིག་གི་ནང་དུ་བེད་སྤྱོད་བྱས་འདུག་ཤེས་ཐུབ་ཀྱི་འདུག བཞི་ནས་དྲྭ་བའི་བརྒྱུད་ལམ་གང་དང་གང་ཞིག་བརྒྱུད་ཡོད་མེད་སོགས་ཁོ་རང་གིས་བེད་སྤྱོད་བྱས་པའི་བརྒྱུད་ལམ་དེ་ཉོ་ཚོང་བྱེད་སའི་དྲྭ་ལམ་ཤེས་ཐུབ་ཀྱི་འདུག་ལ། དེའི་སྟེང་ནས་ཁོས་ཉོས་པའི་དྲྭ་ལམ་དེའི་ཨང་རྟགས་མིང་ཡིག་སོགས་ཤེས་ཐུབ་ཀྱི་འདུག འདི་ལྟར་བཙལ་འཚོལ་བྱས་ན་ཁོང་སུ་ཡིན་མིན་ལས་སླ་བོའི་སྒོ་ནས་ཤེས་ཀྱི་འདུག
གལ་སྲིད་དགོས་མཁོ་ཡོད་ཚེ་tashe.dolma@yahoo.comའདིའི་སྟེང་འབྲེལ་བ་བྱོས་དང་འཚོལ་སྟངས་ངོ་སྤྲོད་བྱེད་ཆོག
ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
དེ་ཡང་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་རྩོམ་པ་པོ་ནི། ཕྱི་ལོ་ ༡༩༨༠ ལོར་པདྨ་རྫོང་དྷི་མདའ་ཡུལ་ཚོ་རུ་སྐུ་འཁྲུངས་ཤིང། སྐྱེས་མིང་ལ་ལྷ་ལྡན་དང་། རབ་ཏུ་བྱུང་བའི་ཆོས་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཅེས་འབོད། རང་ལོ་ ༡༡ བར་ས་གནས་དེའི་ཡུལ་ཚོའི་དགོན་པར་ཞུགས། རང་ལོ་ ༡༥ སྟེང་བོད་ཡུལ་དུ་མཚན་སྙན་ཤིན་ཏུ་ཆེ་བའི་གསེར་ཐང་བླ་རུང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ཞུགས་མཛད། རང་ལོ་ ༢༥ སྟེང་སྒྲིག་སྲོལ་ལྟར་སློབ་གླིང་དེའི་འཛིན་གྲྭའི་མཁན་པོ་གནང་། རང་ལོ་ ༢༥ སྟེང་གཙུག་ལག་སློབ་གཉེར་ཁང་དེ་ནས་མཁན་པོ་སྡེ་སྣོད་འཛིན་པའི་ཕྱག་ཁྱེར་ཐོབ།
རང་ལོ་ ༢༨ སྟེང་ལྷ་སའི་འབྲས་སྤུངས་དང་སེ་ར་སོགས་སུ་ཆོས་ཀྱི་སློབ་གཉེར་གནང་འགོ་ཚུགས་ཀྱང་མི་རིང་བར་རྒྱ་གཞུང་གིས་ཕྱིར་འབུད་བཏང་། རང་ལོ་ ༢༢ ཡས་མས་ཤིག་ནས་རྩོམ་རིག་གི་བྱ་བར་ཞུགས་ཏེ་སྔ་རྗེས་སུ་༼བླ་སྲོག༽དང་༼ཀུར་གུམ་ཆུན་པོ་༽ཞེས་པའི་དུས་དེབ་སོགས་སུ་རྩོམ་ཡིག་འདྲ་མིན་སྤེལ། ཕྱི་ལོ་ ༢༠༠༩ ལོའི་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་ཚོགས་འདུའི་ཐོག་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་། ལྡོང་ཡོན་ཏན་སོགས་དང་ལྷན་དུ་ཕུལ་དུ་བྱུང་བའི་རྩོམ་རིག་བྱ་དགའ་ཞེས་པ་ཐོབ།
ཕྱི་ལོ་ ༢༠༠༨ ལོར་༼འགན་འཁྲིའི་འདུ་ཤེས་༽ཞེས་པའི་དཔེ་དེབ་གྲགས་ཅན་དེ་བརྩམས། དེབ་དེ་སློབ་གྲྭ་འགས་ཟུར་ལྟའི་ཁྲིད་གཞིར་བཞག ལོ་དེའི་ཕྱི་ཟླ་ ༣ ཡས་མས་ཤིག་ནས་བོད་ས་ཁྱོན་ཡོངས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་རྒྱ་ནག་གཞུང་ལ་མངོན་སུམ་འཛེམས་མེད་ཀྱིས་ཞི་རྒོལ་ཤུགས་ཆེ་བྱས་པའི་བརྒྱུད་རིམ་ཁག་ཡིག་ཐོག་ཏུ་ཇི་བཞིན་འབྲི་རྩོམ་བྱེད་རྒྱུར་རེ་བའི་མིག་འབུར་གཏད་དེ་ད་ཆ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་དེ་བོད་ནང་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། མ་ཟད་བོད་ཁུལ་སློབ་གྲྭ་ཁག་གི་དགུན་ཁའི་སློབ་གསེང་དང་སྟབས་བསྟུན་ནས་སློབ་ཆེན་སློབ་མ་ནས་གཞི་རིམ་མང་ཚོགས་བར་གྱི་སློབ་མ་བརྒྱ་ཕྲག་མང་པོ་བསྡུས་ནས་བོད་ཀྱི་སུམ་རྟགས་དག་གསུམ་དང་། རྒྱལ་རབས་ལོ་རྒྱུས། སྙན་ངག་སོགས་ཚུད་པའི་སློབ་ཚན་གོ་སྒྲིག་གིས་ཟབ་སྦྱོང་འཛིན་གྲྭ་ཚན་ཁག་དྲུག་གི་བདག་ཉིད་ཅན་ཞིག་ལོ་གསུམ་གྱི་རིང་རིན་མེད་ཀྱིས་བསྐྱངས་ཤིང།
སྔ་ཕྱིར་དར་ལག་རྫོང་གི་དགེ་ལས་ཟབ་སྦྱོང་འཛིན་གྲྭ་དང་། པདྨའི་བྱམས་སྐྱོང་སློབ་གྲྭ། བྲག་མགོའི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ། ལྷ་སའི་སྨིན་གྲོལ་གླིང་དགོན་པ། དཔལ་ཡུལ་ཡུལ་ཚོའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭ། པཎ་ཆེན་ཡུལ་ཚོའི་ཟབ་སྦྱོང་འཛིན་གྲྭ་སོགས་སུ་ཕེབས་ནས་རིག་གཞུང་དང་འབྲེལ་བའི་གཏམ་བཤད་གང་མང་སྤེལ་བ་བཅས་ལོ་རྒྱུས་མདོར་བསྡུས་ཙམ།
འོ་ན་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་༽ཞེས་པའི་དཔེ་དེབ་དེ་ཅི་ཞིག་ཡིན་སྙམ་ན།
དེ་ཡང་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན། ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་དེ་ཆབ་སྲིད་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དཔེ་དེབ་གྲགས་ཅན་ཞིག་ཡིན་པ་མ་ཟད། མི་རབས་གསར་པའི་གཞོན་སྐྱེས་ཤིག་གིས་སོ་སོའི་རྒྱལ་ཁབ་དང་། མི་རིགས་ལ་བཅངས་པའི་དཔའ་འཛངས་དང་སྙིང་སྟོབས་མཚོན་པའི་དཔེ་དེབ་ཞིག་ཀྱང་རེད། དཔེ་དེབ་དེའི་ནང་ས་བྱི་ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ད་ལྟའི་བར་མི་ལོ་ཧྲིལ་པོ་གསུམ་གྱི་རིང་རྒྱ་ནག་གཞུང་གིས་བོད་མི་ཚོ་གསོད་རྡུང་བཀོལ་གསུམ་ཅི་བྱས་ཀྱི་ལོ་རྒྱུས་རྗེན་པར་བྲིས་ཡོད་པ་མ་ཟད། རྒྱལ་ཞེན་དོར་བའི་བོད་མི་བླ་བཙོང་བ་ཁག་ཅིག་གི་བྱ་སྤྱོད་ངན་པའི་རིགས་ངར་ཤུགས་ཆེན་པོས་ཐེར་འདོན་ཀྱང་བྱས་འདུག ལྷག་དོན་དེབ་དེའི་ནང་ད་ལྟའི་བོད་རྒྱའི་རྩ་དོན་འཐབ་རྩོད་ཀྱི་གནས་བབ་དང་། རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས། བཙན་བྱོལ་བོད་གཞུང་དང་༸གོང་ས་མཆོག་གིས་རྒྱ་གཞུང་ཐོག་བཟུང་བའི་སྲིད་བྱུས་སོགས་ཀྱི་ཐད་གཏིང་ཟབ་པའི་བསམ་ཚུལ་གསལ་བཏོན་ཀྱང་བྱས་ཡོད།
གཞན་ཡང་། དེབ་དེའི་ནང་ ༼ད་དུང་བཤད་མ་ཚར། སྙིང་གཟེར་བའི་ཕ་མེས་ཚོའི་བདེ་སྡུག་གི་བྱུང་བ་དང་། སེམས་ཕམ་པའི་སྤུན་ཟླ་ཚོའི་ད་ལྟའི་གནས་བབ་ཚང་མ་ད་དུང་ངའི་སེམས་ཁོངས་སུ་ལྷག་སྟེ་ཡོད། ངའི་སེམས་ཁོངས་སུ་ལུས་པའི་བཤད་མ་ཟིན་པའི་སྐད་ཆ་དེ་དག་ང་དང་ཁྱོད་ཀྱིས་གླེང་དགོས་པའི་ན་ཟུག་དག་ཡིན།༽ཞེས་བཀོད་འདུག ཉུང་ཉུང་ཞིག་ལས་མེད་པའི་གོང་གསལ་གྱི་སྐད་ཆ་དེ་ནི་དཔེ་དེབ་རྩོམ་པ་པོ་དེའི་སེམས་ཀྱི་གཏིང་རིམ་དུ་ཟུག་པའི་སྲན་དཀའ་བའི་ན་ཟུག་ཞིག་ཡིན་སྟབས། དེའི་དབང་གིས་ང་ཚོའི་མིག་སྔར་རིན་ཐང་ཆེ་བའི་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ།༽ཞེས་པའི་དཔེ་དེབ་འདི་མངོན་གྱུར་བྱེད་ཐུབ་པ་བྱུང་བ་རེད།
གྲོགས་པོ་རྣམ་པ་ཚོ། གལ་སྲིད་ཁྱེད་ཚོས་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་༽ཞེས་པའི་དཔེ་དེབ་དེར་གཟིགས་འདོད་ཡོད་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་སོང་དང་། དེ་ནས་རིན་མེད་ཐོག་འགྲེམས་སྤེལ་བཞིན་འདུག ལྟེ་གནས་ཁང་དེ་དབུས་བོད་མིའི་སྒྲིག་གི་ཕྱི་དྲིལ་ལས་ཁུངས་ཀྱི་གཞུང་ལས་ཁང་གི་ཡང་སྟེང་དུ་ཡོད། སྤྱིར་བཏང་ནས་དཔེ་དེབ་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཆེད་མངགས་པར་བསྐྲུན་བྱས་ཏེ་འདི་ཟླའི་ཚེས་ ༢༠ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་དང་འབྲེལ་འགྲེམས་བྱས་པ་ཞིག་རེད།
ང་ཚོ་བོད་མི་སུ་ཞིག་ཡིན་རུང་རང་གིས་བསམ་བློ་དང་མཐུན་མིན་མི་ཤེས་ན་ཡང་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་དུང་པ་ཆེ་བའི་བསམ་བློ་པ་འདི་འདྲ་ཞིག་ཡོད་ན་དེ་རྗེས་སུ་ཡིད་རིང་བྱེད་མ་ཐུན་ན་དེ་ལ་དགག་པ་སོགས་བྱེད་དགོས་པ་ཡོད་དམ། མི་རེ་རེ་བཞིན་རང་ཉིད་ལ་རིན་ཐང་གི་ལྟ་ཚུལ་རེ་ཡོད་པ་ཆོས་ཉིད་ཡིན་དུས་དེ་དགག་པ་བྱེད་དགོས་པ་ཞིག་ཡིན་མིན་ངེས་པར་བསམ་བློ་གཏོང་དགོས་བསམ་རང་ཉིད་ཀྱི་ཚེ་སྲོག་གི་སྐྲུན་བའི་དཔེ་དེབ་དེ་འདྲ་ཞིག་བྲིས་པ་ཡིད་རིང་བྱེད་མ་ཐུབ་པས་རྒྱུ་མཚན་ཅི་ཡིན་ནམ།
སྒོ་སྔུན་ཚང་ངམ་སྒོ་ཤེས་རབ་ལགས་ཀྱི་ཚེ་སྲོག་གི་སྐྲུན་པའི་དཔེ་དེབ་འདིས་རང་ཉིད་གསལ་བོ་བསྟན་ཡོད། ངའི་ཁ་དང་ཁྱོས་རྣ་ཟེར་བའི་འཐབ་བརྩོད་ཀྱི་ལེའུ་མཐའ་མ་ཡིན་པར་ཤོག
རྔ་པ་ཚེ་སྐྱིད་ལགས།༼ཁོང་གི་གསུང་འབུམ་ཁྲོད་ན། རྒྱ་གཞུང་དང་རྒྱ་གཞུང་གི་དཔོན་རིགས། དེ་བཞིན་སྲིད་བྱུས་སོགས་ལ་ངོ་བསྟོད་བྲེལ་ལད་འཁྲབ་ཡོད་པ་དེ་ཤེས་དགོས་པའི་གནད་དོན་ཞིག་རེད། ཁོང་རང་གིས་དགོས་པ་ཆེན་པོ་ཞིག་ལ་གཟིགས་ཡོད་ན་ཐང་མོད། ལོ་རྒྱུས་དང་དངོས་ཡོད་ཀྱིས་གུ་ཡངས་གཏོང་གིས་མ་རེད།༽ སྐད་ཆ་འདི་དང་འབྲེལ་ནས་རོབ་ཙམ་དཔྱད་ན། རྡོ་ཡེ་དགེ་བཤེས་ནི་ཆབ་སྲིད་པར་སྤྲེལ་ལད་འཁྲབ་མཁན་ཞིག་གཏན་ནས་མ་རེད་སྙམ། ཁྱོད་ཀྱིས་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཏུ་བགྲང་པ་ནི་དཔྱད་པ་མེད་པའི་ཧོལ་རྒྱུག་གམ་ཅོལ་ཆུང་གི་གཏམ་ཁོ་ན་ལས་མ་འདས་སོ།།ཁོང་ནི་བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མཁས་པའི་གོ་སར་འགྱིང་པའི་མི་མཐོ་དམན་སུ་འདྲ་ཞིག་ཡིན་ན་དེའི་མདུན་དུ་ཡ་ཡོ་མེད་པའི་ཞལ་གསངས་པོ་དང་ཁ་རུ་ཁར་ཐུག་གནང་ཐུབ་མཁན-གྱི་མཁས་དབང་རྩོད་མེད་ཅིག་རེད། བསྟན་འཛིན་སྐྱེས་བུ་མིང་དོན་མཚུངས་པ་ཞིག་ཀྱང་རེད་ལ་ལྷག་པར་ཁོང་ཉིད་ཀྱི་གསུང་རྩོམ་དག་ལ་གཞིགས་ན་ལས་འབྲས་གཙིགས་སུ་འཛིན་པ་དང་རྩོམ་ལུས་ཀྱི་ཆ་ནས་བལྟས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་བརྡའི་སྐད་དང་མཐུན་པར་ཅི་ཐོན་དུ་མཛད་པ་ཞིག་ཏུ་འདུག་ལ། དགུང་ལོ་གཞོན་དུས་ཀྱི་རྩོམ་ཉམས་ནི་རྒྱ་གར་ལྷོ་པའི་ལུགས་ལྟར་སྦྱར་བ་མང་ཞིང་། རྗེས་སུ་ལྷ་ས་ནས་བཞུགས་སྐབས་ཡུལ་དུས་གནས་བབས་དང་འབྲེལ་འདྲིས་དབང་གིས་རྒྱ་གར་ཤར་བའི་ལུགས་ལྟར་བརྗོད་པ་གསལ་བ་དང་སྒྲ་རྩུབ་པའི་སྡེབ་སྦྱོར་ལ་དགའ་མོས་ཆེ་བར་བྱུང་བ་ ཡང་གསལ་བོ་རེད། ཁོང་ནི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྒྱ་ཡངས་པར་མ་ཟད། ཡིག་ཆའི་ཞེན་ཁོག་ཙམ་གྱིས་མཆོང་རྒྱུག་མི་བྱེད་པར་བཤད་སྲོལ་དང་རིགས་པ་འདྲ་མི་འདྲ། མཁས་པའི་ལམ་སྲོལ་གང་མཆིས་ལ་འདྲིས་པ། རྗེ་ཡབ་སྲས་ཀྱི་ལེགས་བཤད་ཀྱི་དགོངས་པ་དཔྱིས་ཕྱིན་འཚོལ་བ་ལ་ཞུགས་པའི་མཁས་པ་མིང་དོན་མཚུངས་པ་ཞིག་རེད། མདོར་ན་དགེ་བཤེས་རིན་པོ་ཆེ་ཁོང་གི་སྐུ་ཚེའི་མཛད་པ་མཐའ་དག་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་མཐུན་འབྲེལ། ཡ་རབས་སྤྱོད་བཟང་དང་ཤེས་རིག་གོང་འཕེལ་གྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་པ་ནི་སྨོས་ཅི་དགོསརྒྱ་བོད་སོག་གསུམ་ཁྲོད་ན་ཁོང་གི་དངོས་སློབ་བགྲང་གིས་མི་ལང་། པེ་ཅིན་དང་མཚོ་སྔོན། ཀན་སུའུ་སོགས་སུ་ཡང་ད་ལྟའི་བར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ནས་མཛད་རྗེས་རླབས་པོ་ཆེ་བཞག་གནང་པའི་མི་སྣ་གང་མང་ཡོད་པ་མིག་མཐོང་གི་གནས་ཚུལ་ཞིག་རེད། འོན་ཀྱང་གནས་སྟངས་གཞན་ཞིག་གི་ངོས་ནས་བལྟས་ན་བོད་མི་ལ་ལས། པཎ་ཆེན་རིན་པོ་ཆེར་ཚོང་པ་རྒྱགས་པ་དང་དགེ་བཤེས་རིན་པོ་ཆེར་ཏང་གི་རྒྱུག་ཁྱི་སོགས་ཁ་སྨོས་ཕོག་ཡོད་པ་རེད། གདེངས་འཇོག་མཐོ་བའི་བསམ་བློ་བ་ཞིག་གིས་བལྟས་ན་ཁོང་ཚོ་དགོས་རྒྱུ་ནི་སྲིད་གཞུང་གི་གོ་གནས་མ་རེད་ལ།་མིང་སྙན་གྲགས་དེ་བས་ཀྱང་མ་རེད། ཕྱོགས་གཅིག་ནས་བལྟས་ན་དགེ་བཤེས་རིན་པོ་ཆེས་ཏང་གི་མགོ་ཁྲིད་མང་པོ་ལ་བསྟོད་པ་ཡང་མཛད་ཡོད་པ་རེད། དཔེར་ན། ༼མོ་རྩེ་ཏུང་ཞེས་གྲགས་པའི་སྤྲིན་ཆེན་པོ།།ནམ་མཁའི་མཐོངས་ན་གདུགས་ལྟར་གཡོ་བའི་རླབས།།སུས་ཀྱང་མ་ནོན་ཚངས་པའི་འཇིག་རྟེན་ན།།མེས་པོ་རྣ་བ་བརྒྱད་པའི་རོལ་མོ་བྱེད།།༽ཞེས་མོའུ་ནི་ཚུ་སྡུག་སྐྱོབ་པའི་སྤྲིན་དང་སུས་ཀྱང་ནོན་མ་ཐུབ་པའི་ལྷ་ཆེན་ཚངས་པ་ལྟ་བུར་བསྟོད་བསྔགས་མཛད་ཀྱང་། སྐབས་དེ་དུས་ནི་སྲིད་ཀྱི་ཁ་ལོ་བས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་ཚེ་སྲོག་ལ་གནོད་འཚེ་ཏིལ་ཙམ་ཡང་མི་རྩོམ་པའི་ཁས་ལེན་བྱས་པ་དང་ཚིག་རྗེས་དོན་གྱི་གཏིང་གནོན་དུ་དགོན་པ་ཉམས་གསོ་དང་གྲྭ་བའི་མཚོ་རྐྱེན་གང་མང་ཞིག་རོགས་རམ་སྟར་བཞིན་པའི་སྒང་ཡིན་སྟབས། དགེ་བཤེས་རིན་པོ་ཆེས། ༼མོ་ཙེ་ཏུང་གི་དགོངས་དབྱིངས་ནམ་མཁའི་མཐོངས།།སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།།སྲས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།།འཛིན་མའི་ཁྱོན་ན་དགེ་བར་ཁོ་བས་འཁུམས།།༽
ཞེས་གསུངས་པ་ནི། སྐབས་དེ་དུས་ཀྱི་གནས་སྟངས་ནི་ཛ་དྲག་དང་ཆོས་སྲིད་ཀྱི་འབྲེལ་བ་ནི་གལ་ཆེ་བར་དགོངས་ཡོད་པ་གསལ་བོ་རེད། དོན་དངོས་ཐོག་བྱེད་སྟངས་དེ་ཚོ་ལ་བསྔགས་བརྗོད་གནང་བ་ནི་ད་ལྟ་བསམ་ན་གད་མོ་ཤོར་དགོས་པ་ལྟ་བུར་འདུག་མོད། ཐབས་ཟད་འུ་ཐུག་རང་ཁོ་ན་མ་ཡིན་པར་སུ་གང་གིས་བློ་ཡུལ་དུ་མི་ཤོང་བ་ཞིག་རེད། བོད་གངས་ཅན་ཆོས་ལྡན་གྱི་ཞིང་འདིར་ཕྱོགས་གང་ས་ནས་ལྷ་མེད་རིང་ལུགས་པས་ལྷ་ཡོད་རིང་ལུགས་པར་རྒོལ་བའི་དཔུང་ངར་ཤུགས་ཆེར་དར་བའི་སྐབས་ཡིན་པ་ཡང་རིན་པོ་ཆེ་ཁོང་གིས་མཁྱེན་ཡོད་པ་རེད། ཕྱོགས་གཅིག་ནས་དབང་ཆ་གཅིག་སྡུད་ཀྱི་འདོད་བློ་མེ་ལྟར་འབར་བ། མི་གསོད་ཁྲག་སྦྱོར་གྱི་ཆགས་འཇིག་ཡ་ང་བའི་གནས་སྟངས་དེ་འདྲའི་འོག་ལས་སངས་རྒྱས་ཀྱི་བསྟན་པ་ཉེན་ཁའི་མཚམས་སུ་བསླེབས་དུས་དེའི་རྒྱུ་རྐྱེན་གང་མང་ཞིག་ལ་ཐུག་ཡོད་པ་ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ཚོ་བཀླགས་ན་ཝ་ལེར་འཆར་ཐུབ། བཀའ་རྩོམ་ལས། ༼རང་གི་ཆོས་ལུགས་རྩ་ལྟར་འདོར་བའི་བློ།།རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་པ།།རང་སྐྱོང་ཞིབ་མོའི་རིག་པས་གཟིར་བའི་མུར།།རང་དང་གུང་ཕྲན་རྡོ་རྗེ་སྤུན་དུ་བསྡེབས།།
དུས་རབས་ཀྱི་རྦ་རླབས་གཡོ་བ་མེད་པའི་བོད་ཀྱི་གནས་སྟངས་དེ་འདྲའི་འོག་མ་འོངས་པའི་བྱ་བ་ཐིག་ཚོད་དཀའ་བའི་གསུང་སྐད་ཅིག་རེད་ལ། གོ་སྐབས་དེར་ག་ལེར་ཁ་བཤད་དང་ལག་ལེན་མི་མཚུངས་པའི་སྲིད་དོན་པའི་སྡེར་མོ་ཤ་གསེང་ནས་ཐོན་པ་ལྟར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་སྟོར་གཏོང་འཆར་གྱི་ཚོགས་ཆེན་ཞིག་གི་སྟེང་དུ་ དགེ་བཤེས་རིན་པོ་ཆེས་མངོན་སུམ་འཛེམས་མེད་ཀྱིས་མོའུ་ལ་སྐྱོན་བརྗོད་དང་ཁ་བརྡུང་དྲག་པོ་བཏང་། གནས་ཚུལ་འདི་དག་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་ན་གསལ་བོ་རེད། མོའུ་ལ་མཛུབ་མོ་བཙུགས་ནས་དངོས་སུ་ཁ་བརྡུང་གཏོང་ནུས་མཁན་ ཧ་ལམ་བོད་མི་རིགས་ཁྲོད་ན་ཁོང་གཅིག་བུ་ཡིན་རྒྱུ་རེད། གོང་གི་བསྟོད་པ་དང་འོག་གི་སྐྱོན་བརྗོད་འདི་གཉིས་བར་ནས་དགེ་བཤེས་ཚང་གིས་ཆབ་སྲིད་པའི་ཁ་བཤད་ལག་ལེན་མི་མཚུངས་པའི་རྣམ་འགྱུར་གསལ་བོར་བསྟན་འདུག
མཐའ་མར་དགེ་བཤེས་རིན་པོ་ཁོང་ལ་མ་ཉེས་ཁག་གཡོགས་དང་པཎ་ཆེན་ཕྱོགས་ཁག་གི་ཡིག་འབྲུ་ཁྲི་བདུན་གྱི་ཞུ་དག་པ་དང་ས་བོན་འདེབས་མཁན་གྱི་གཏེ་དཔོན་དུ་ངོས་འཛིན་བྱས་ཏེ་དགུང་གྲངས་བརྒྱད་ཅུ་ལྷག་ཟིན་པའི་དགེ་བཤེས་ལགས་གྲལ་རིམ་འཐབ་རྩོད་ཀྱི་ནང་དུ་ལྷུང་སྟེ་སྐུ་ངལ་ཚད་མེད་མྱངས། པཎ་ཆེན་རིན་པོ་ཆེ་དང་དགེ་བཤེས་རིན་པོ་ཆེ་ལ་སོགས་པ་ཁོང་རྣམ་པས་དགོངས་དབྱིངས་གཅིག་མཐུན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་བོད་མི་རིགས་ཆགས་འཇིག་གི་གནད་དོན་ལ་ཐུག་པའི་མཛད་རྗེས་ལ་ངོས་ཟིན་ཐོབ་པའི་མི་སྣ་ཡང་ཉུང་ངུ་ཙམ་བྱུང་མེད་པ་ནི་སེམས་པ་སྐྱོ་དགོས་པའི་གནས་སྟངས་ཤིག་རེད། ཕྱོགས་མང་པོ་ཞིག་ནས་ཞིབ་འཇུག་བྱས་ན་མཐའ་མར་དགེ་བཤེས་ཚང་བཙོན་ཁང་དུ་ལྷག་དགོས་པའི་གནད་དོན་ནི་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ལས།༼༡༩༦༡་ལོར་ང་རང་བོད་ལྗོངས་ཀྱི་ས་ཁུལ་ཁ་ཤས་དང་།རང་གི་ཕ་ཡུལ་མཚོ་སྔོན་དུ་ཡོང་བ་ན་ཡུལ་མི་རྣམས་ཀྱིས་སྡོང་ཤུན་དང་ལྡུམ་བུ་སོགས་ཟོས་བས། ཁ་ངོ་སྐྲང་བ་སོགས་ཀྱི་གནས་ཚུལ་མང་པོ་དངོས་སུ་མཐོང་རྗེས་ངས་སྙིང་ནས་མ་བཟོད་པར་ཕྱིར་པེ་ཅིན་དུ་སོང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲུའུ་ཨེན་ལེ་ལ་ཕུལ་བའི་སྙན་ཞུ་ཞེས་པ་ཞིག་བྲིས་ཏེ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་ཆབ་སྲིད་ཇུས་སོགས་རྒྱ་ཁྱོན་ཆུང་ངུ་ཞིག་ལ་ཕུལ་བ་ཡིན། ཏང་གི་སྒྲིག་ཡིག་ནང་དུའང་བསམ་འཆར་མི་འདྲ་བ་ཅི་ཡོད་ན་བཤད་ཆོག་ཅེས་བཀོད་ཡོད་པས། ང་རང་གིས་བྲིས་པའི་བསམ་འཆར་དེའང་ཏང་གི་སྒྲིག་ཡིག་གི་དགོངས་དོན་ལྟར་བྲིས་པ་ཡིན། སྙན་ཞུ་དེའི་ནང་གཙོ་བོ་བོད་ལྗོངས་དང་བོད་ཁུལ་གྱི་ང་བརྒྱད་ལོའི་དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་ཀྱི་གནས་ཚུལ་མང་པོ་བྲིས་ཡོད།ངས་འབྲི་བའི་སྐབས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་ལ་བསྟན་མ་མྱོང་། བྲིས་ཚར་ནས་དཔར་བསྐྲུན་བྱས་རྗེས་ཁོང་བ་ཕུལ་བ་མ་གཏོགས་ངེད་གཉིས་ཁ་མཐུན་མཉམ་བགྲོས་གཏན་ནས་བྱས་མ་མྱོང་མོད། འོན་ཀྱང་རིག་གནས་གསར་བརྗེ་ཡི་སྐབས་སུ་པཎ་ཆེན་ཕྱོགས་ཁག་ཅེས་པའི་མི་མང་པོར་བརྡུང་རྡེག་བྱས་ཏེ་མཐར་མི་ཉུང་བ་ཞིག་ཤི་སོང་བ་རེད། དགེ་བཤེས་ཚང་ཡང་འདི་ལས་མ་ཐར་བར་དགོངས་པ་རྫོགས་པ་འདི་རང་རེའི་ཏང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད།༽ཅེས་གསུངས་ཡོད། གང་ལྟར་གོང་མོལ་འདི་དག་གིས་རང་ཅག་གི་མིག་མདུན་ཐམས་ཅད་མུན་པས་བསྒྲིབས་ཡོད་པ་དང་ཧ་ཅང་རྙོག་འཛིངས་ཚ་བའི་དུས་སྐབས་དེ་དང་དེའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་ཚོད་མི་ཐུབ་གི དཀའ་གི་ཡ། གང་ལྟར་རང་རློམ་རང་ཤེད་ཀྱི་མཆོང་རྒྱུག་མི་བྱེད་པར་ད་དུང་བརྟག་གཞིག་ནན་མོ་བྱེད་དགོས་པའི་ཚོད་དུ་སྣང་ངོ།།
ཡོངས་གྲགས་སུ་དགེ་འདུན་ཆོས་འཕེལ་ཁོང་གི་སློབ་མ་ཡིན་མིན་ཐད་ལའང་སྣ་ཚོགས་ཤིག་སྨྲ་མོད།་དེ་ཚོའི་ཕལ་ཆེ་བ་ཆགས་སྡང་རིས་གཅོད་ཀྱི་སྐད་ཆ་རང་རེད། རག་ར་སྤྲུལ་སྐུས་མང་པོ་ཞིག་བཤད་མོད་སྐུ་དྲག་ནང་ཁུལ་གྱི་འགལ་ཟླ་ཞིག་ལས་གང་ཡང་མཐོང་མ་སོང་། དགེ་འདུན་ཆོས་འཕེལ་གྲྭ་སར་ཕེབས་ནས་ཀླུ་འབུམ་ཁམས་ཚན་དུ་ཞུགས་པའི་ལོ་དེར་དགེ་བཤེས་ཚང་གིས་ལྷ་རམས་པའི་དམ་བཅའ་བཞག་ནས་ལོ་ངོ་བཅུ་གཉིས་སོང་བའི་སྐབས་ཡིན་པ་དང་དགུང་ལོའི་བབས་དང་བསྟུན་ནའང་ལོ་བཅུ་དགུ་ལས་རྒན་པ་དང་ཁམས་ཚན་རྒན་ཡིན་ཐོག་སློབ་བུ་མང་པོར་དཔེ་ཁྲིད་གནང་བཞིན་པས་དགེ་ཆོས་ཀྱིས་ཀྱང་དགེ་རྒན་དུ་བསྟེན་ཡོད་ཚུལ་ཧོར་ཁང་གིས་བཤད་པ་དེ་བློ་གཟུ་བོར་གནས་པའི་གཏམ་རེད།
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
《ང་ཚོ་སད་རན》ཞེས་པའི་ཆེད་དེབ་འདི་ནི། ད་ནས་བཟུང་། ཆོས་སྲིད་གཉིས་ཀྱི་ལམ་ལུགས་དང་དགོས་དམིགས་སོགས་ཐ་དད་སོ་སོ་ཡིན་པས་ན། རང་རང་ལ་མཛའ་བའི་ལམ་ཞིག་འཚོལ་དགོས་པ་འཆད་ཀིན་པ་མ་ཟད། ངེས་པར་དུ་སད་དགོས་པ་ཞིག་ཀྱང་བསྟན་ཡོད་ཀི་ལགས། ལྷག་པར་དུ། ཆོས་ཆོས་ཀྱི་ས་ནས་མི་རྨོངས་པ་ཞིག་སད་དགོས་པ་དང་སྲིད་སྲིད་ཀྱི་ས་ནས་ནུས་པ་ཡོད་པ་ཞིག་སད་དགོས་པ་བསྟན་འདུག་ལགས། གཞན་ཡང་དགོན་སྡེའི་སློབ་གསོ་སྤུས་གཙང་མིན་སྟབས་དེ་ཉིད་ཡར་རྒྱས་གཏོང་ཚུལ་དང་གྲོས་བསྡུར། ད་རུང་ངོས་འཛིན་གྱི་ཕྱོགས་ལ་སད་དགོས་པ་དང་ཆོས་ཁ་ལ་འཁྱེར་ནས་སྒེར་གཅོད་སྒེར་སྡོམ་བྱེད་སྟངས་ལ་སད་དགོས་པ་དང་། སྲིད་ལ་ཆོས་ཀྱི་ཤུགས་རྐྱེན་ཐེབས་ན་སྲིད་པ་ནུས་པ་ཉམས་ཀི་ཡོད་པ་སད་དགོས་པ་སོགས་བསྟན་ཡོད་ཀི་ཡ།
དྲ་གྲོགས་ཉིད་ཀྱིས། ངས་གོང་དུ་རྩོམཔ་པོ་ཁོང་གིས་ང་ཚོ་སད་རན་པའི་ཕྱོགས་སྟོན་ལ་ཞིབ་གཟིགས་ཤིག་བྱོས་དང་གསལ་བོ་རེད། མདོར་ན། ཆོས་ལ་ཆོས་ཀྱིས་འགྲོ་ལུགས་ཤིག་དང་སྲིད་ལ་སྲིད་ཀྱི་རྩོད་ལེན་བྱེད་སྟངས་ཤིག་དགོས་པ་ནི། སད་དགོས་པའི་སྙིང་བོ་རེད། རྒྱུ་མཚན་ནི། ད་ལྟའི་བར་གཉིད་མ་སད་དང་སད་མ་སད་ཀྱིས་ང་ཚོས་ལོ་ཟླ་མང་པོ་ཞིག་བསྐྱལ་བ་ཡིན་དུས། དེ་ནི། ཆོས་སྲིད་གཉིས་ཀ་ཉམས་རྒུད་དུ་སོང་བའི་རྒྱུ་རྐྱེན་ཉག་ཅིག་ཏུ་ངོས་བཟུང་བ་དང་འབྲེལ་ནས། མ་འོངས་པའི་འགྲོ་ཕྱོགས་ཀྱི་ལམ་ཞིག་བཏོན་ཡོད་པ་དེའང་ང་ཚོ་སད་དགོས་པ་ཞིག་རེད་ལགས།
བོད་ཀྱི་སྒྱུ་རྩལ་བ་སྨན་བླ་སྐྱབས་སམ་འབར་ལྡེའུའི་ཟིན་བྲིས་ནང་དུ་ཕལ་ཆེར་《ང་ཚོ་སད་རན》ཞེས་པ་དེ་ཆ་ཚང་ཞིག་བཀོད་ཡོད་བསམ་བྱུང་མོད། འོན་ཀྱང་ཏག་ཏག་ཅིག་ཤེས་མ་སོང་ལགས། ཁྱེད་རང་འོད་དཀར་དྲ་ཚིགས་ནང་དུ་སོངས་དང་། དེ་ན། ཨ་ཁུ་སྨན་སྐྱབས་ཀྱི་ཟིན་བྲིས་བདམས་ནས་ཅིག་ལྟ་རོགས་ཀྱིས་སོ།།
བཀུར་འོས་དྲ་གྲོགས་མིག་བརྒྱད་པ་ལགས།
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས། ནང་ཆོས་ཀྱི་རིན་ཐང་དང་གཟི་བརྗིད་བླ་ནས་བླ་རིར་མཐོ་རུ་གཏོང་གིན་པ་ལས་ནང་ཆོས་ལ་ཕན་ནུས་མེད་ཚུལ་སོགས་ཟུར་ཙམ་གླེང་མོལ་བྱས་ཡོད་པ་མ་རེད་ཅེས་ཐོག་མའི་གསལ་བཤད་ཀྱི་ཚུལ་དུ་བསྙད་པ་ཡིན་ལགས།
དེ་ནས་སྐབས་བབ་ཀྱི་བརྗོད་གཞིའི་ཐོག་ཏུ་བབས་ཀི་ཡིན། སྤྱིར་ན། ཆོས་ནང་ནི། བོད་མི་རིགས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བཏང་བའི་རིག་གནས་གལ་ཆེན་ཞིག་རེད་ལ། ནང་བསམ་བློའི་ཞི་བདེ་འཚོལ་སྤྱད་ཀྱི་ཐབས་ལམ་ཕུལ་བྱུང་ཞིག་ཡིན་པའང་མཁས་པའི་གསུང་སྒྲོས་ལས་ལན་མང་ཐོས་མྱོང་ཡོད་དོ།། ནང་ཆོས་ཀྱི་རིག་གནས་འདི་ལ་རང་ངོས་ནས་དམིགས་བསལ་གྱི་ཁྱད་ཆོས་དང་ཕན་ནུས་ཡོད་པ་བརྗོད་མི་དགོས་པ་ཞིག་ཡིན་མོད། འོན་ཀྱང་། བོད་མི་རིགས་ཀྱིས་ནང་ཆོས་རྒྱུན་འཛིན་བྱེད་ཕྱོགས་ཡིན་ན་ནི། དགོས་མཁོ་ཉི་ཚེ་བ་ཞིག་གི་ཆེད་དུའམ། ཡང་ན། མ་ཤེས་རྨོངས་འཐོམས་ཀྱིདབང་གིས་རྒྱུན་འབྱམས་ལྟ་བུར་ཆགས་ཡོད་པ་རེད། ང་ཚོ་ལ་ནོར་འཁྲུལ་ཆེས་ཆེན་པོ་ཞིག་ཡོད་པ་ནི། ལྟ་གྲུབ་རྩོད་རེས་བྱེད་སྟངས་དེ་ཡིན་པ་ལས། ལག་ལེན་གྱི་གྲུབ་དོན་མི་རྩོད་པ་དེ་ཡིན་ནོ།། ད་རུང་ཇེ་གསལ་དུ་བཏང་ན། མཐའ་གཅིག་ཏུ་ནང་ཆོས་ཀྱི་ཕན་ནུས་ཀྱིས་བོད་མི་རིགས་སྐྱོབ་ཐུབ་མིན་ནི། བཤད་དཀའ་བའི་གནས་ཤིག་རེད། དེའི་རྒྱུ་མཚན་ཡང་། ནང་ཆོས་ཀྱི་ལྟ་བ་ནི། ཡོད་ཚད་འཇིག་པའི་ཆོས་ཅན་དུ་ངོས་འཛིན་པ་མ་ཟད། སྲིད་པ་འདི་དོན་སྙིང་ཅི་ཡང་མེད་པ་ཞིག་ཏུའང་མཐོང་གིན་ཡོད་པས་ན། རང་ཉིད་གཙོར་འཛིན་གྱིས་བཤད་ཀིན་མེད་པས་སོ།། མདོར་ན། ནང་ཆོས་ལ་ལྟ་གྲུབ་ཟབ་མོ་ཡོད་རུང་། མི་རིགས་ཀྱི་དོན་དུ་གྲུབ་ཀི་ཡོད་པ་སུས་ཤེས། ནང་ཆོས་འདི་བོད་མི་རིགས་ཀྱིས་སྲུང་སྐྱོབ་བྱས་བཞག་པ་ལས་ནང་ཆོས་འདིས་བོད་མི་རིགས་འདི་སྐྱོབ་ཐུབ་པ་སུས་ཤེས། ནང་ཆོས་འདི་བོད་ཀྱི་རིག་གནས་ཤིག་གི་ངོ་བོར་གྱུར་ཡོད་རུང་། དེ་ནི། འཇིག་རྟེན་ལ་ལོག་པར་ལྟ་བའི་ཆོས་པ་རྣལ་མ་ཞིག་གི་ཉམས་སུ་ལེན་རྒྱུ་ཡིན་པས་སོ།། ནང་ཆོས་མེད་ན་བོད་འདི་སྔར་འཇིག་ཚར་བ་རེད་ཅེས་པ་ནི། ཅི་འདྲའི་ཧམ་བཤད་ཅིག་རེད། གང་ཡིན་ཟེར་ན། ནང་ཆོས་འདིའི་ལྟ་བ་དང་སྤྱོད་པས་བོད་མི་རིགས་འདི་འདུལ་ཐུབ་ཨེ་ཡོད། མེད་ན། ནང་ཆོས་ཀྱིས་དགོས་དམིགས་མ་འགྲུབ་པ་ཕྱིན་པའི་ཕྱིར་རོ།། དེ་འདྲ་ཡིན་ན། ནང་ཆོས་ཀྱི་རིན་ཐང་དང་གཟི་མདངས་མངོན་མ་ཐུབ་པར་གྱུར་རོ།།
བཀུར་འོས་དྲ་གྲོགས་བཀྲ་ཤིས་སྒྲོལ་མ་ལགས།
རྒྱུན་ཤེས་ཆེན་པོ་ཞིག་གི་སྒོ་མོ་ཕྱེ་སོང་བས་ན། བཀའ་དྲིན་ཞུའོ།། ཞོར་དུ། སྐབས་བབ་ཀྱི་བརྗོད་གཞིའི་ཐོག་ཏུ་བསམ་འཆར་དང་དོགས་འདྲི་རེ་ཡོད་ན་ནི། ལྷོད་ཀྱིས་ཁ་བརྡ་བྱེད་ཆོག་གོ །
དྲ་གྲོགས་ཚབ་ཆང་འཇམ་དཔལ་ནས།
《ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ》ཞེས་པའི་དཔེ་དེབ་རྩོམ་པ་པོ་ངོ་སྤྲོད་བྱེད་སྟངས་ཀྱི་བརྒྱུད་རིམ་དེ་ཡག་གི་ལ། དེ་ལས་ཀྱང་ཁོང་ལྟ་བུ་གང་ན་སུ་བཞུགས་པ་དེ་ལྟ་བུ་ནི། བོད་མི་རིགས་ཀྱི་གཟི་བརྗིད་ཅིག་དང་རིགས་ཀྱི་འདུ་ཤེས་འཕེལ་སྤྱད་ཅིག རིག་གནས་ཀྱི་སྙིང་སྟོབས་རྒྱས་བྱེད་ཅིག་ཀྱང་རེད། དེའི་སྟོབས་ཀྱིས། ཁོང་རྣམ་པ་ལྟ་བུའི་རིགས་ཞེན་དང་ཆོད་སེམས་ལ་གུས་འདུད་ཞུ་བ་དང་འབྲེལ། བོད་མི་རིགས་ཀྱི་ངོས་ནས་ཁོང་རྣམ་པ་ལྟ་བུའི་མཁྱེན་དཔྱོད་དང་ལྷག་བསམ་གྱིས་ལམ་སྟོན་ལ་ལག་ལེན་གྱི་ཐོག་ནས་རྗེས་འཇུག་ངེས་པར་དུ་བྱེད་དགོས་པ་ནི། བོད་ཀྱི་མ་འོངས་པ་མདུན་ལྗོངས་དང་དཔལ་ཡོན་སྲུང་སྐྱོབ་བྱེད་ཐབས་ལ་དམ་ཟབ་འབྲེལ་བ་ཡོད་པས་སོ།། གང་ལྟར། དྲ་གྲོགས་ཁྱེད་ཀྱིས་རྩོམ་པ་པོ་ཁོང་མཚམས་སྤྱོར་བྱས་པ་ལ་བཀའ་དྲིན་ཆེ་ཞུའོ།།
དྲ་གྲོགས་མིག་བརྒྱད་པ་ལགས།
ཁོང་ཙམ་མ་ཟད། ཚེ་ཏན་ཞབས་དྲུང་གི་སྙན་ངག་སྤྱི་དོན་དང་དུང་དཀར་བློ་བཟང་འཕྲིན་གྱི་སྙན་འགྲེལ་ནང་ནའང་ རྒྱ་གཞུང་དང་རྒྱ་གཞུང་གི་དཔོན་རིགས་སོགས་ལ་བསྟོད་ཚིག་ཡོད་པ་རེད་དེ། བསྟོད་སྟངས་ཡེ་ནས་འདྲ་གི་མ་རེད་ལགས། སྙན་ངན་པ་ཤེས་རབ་རྒྱ་མཚོས་ཆེད་དམིགས་ཀྱི་ངོ་བསྟོད་བྲེལ་ལད་འཁྲབ་ཡོད་པ་ནི། བྱུང་བ་དངོས་ཀྱིས་གསལ་བཤད་ཐུབ་ཀི་རེད་དེ། དུང་དཀར་སོགས་ཀྱིས་སྙན་ངག་གི་ཉམས་ཁོ་ནའི་ཆེད་དུ་ཡིན་པ་སྙན་ངག་དེ་ཚོ་རོལ་མྱོང་ཞིག་བྱོས་དང་ཤེས་སླ་བོ་རེད་ལ། མ་ཟད། ཁོང་རྣམ་པའི་གསུང་འབུམ་ལ་ཁྱོན་ཡོངས་ནས་ཅུང་ཟད་ཅིག་མཇལ་སྐབས་བོད་མི་རིགས་དང་རིག་གཞུང་ལ་གནོད་པའི་ལས་ཅི་ཡང་མེད་པས་སོ།། ཡིན་རུང་། དེང་སང་། བོད་མི་རིགས་འདི་ལ་ཆེས་ཁ་སྟབས་ཞན་པའི་སྐབས་འདིར། མཉམ་འབྲེལ་དང་ཆིག་སྒྲིལ་མི་བྱེད་པར་རང་གི་ཁེ་གྲགས་དང་གོ་སའི་ཆེད་དུ། མི་རིགས་ཀྱི་ཚོང་ལས་གཉེར་མཁན་མང་པོ་ཞིག་འདུག་ཡ། དཔེར་ན། བོད་མི་རིགས་རང་མགོ་རང་བཙན་ཡིན་དུས་ཀྱི་བཀའ་བློན་ང་ཕོད་ངག་འཇིགས་དང་དགེ་ལུགས་པའི་ཡིག་ཆ་ཞིག་གི་བདག་པོ་འཇམ་དབྱངས་བཞད་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་འབྲོང་བུ་ཚེ་རིང་རྡོ་རྗེ་དང་བོད་རིགས་གཙང་མ་རག་སྡིས། འཕགས་པ་ལྷ་དགེ་ལེགས་རྣམ་འགྱུར་དང་པདྨ་འཕྲིན་ལས་སོགས་ཀྱིས་དེང་སང་བོད་མི་རིགས་འདི་གཡོ་ཚོང་བརྒྱབས་དང་རྒྱག་གིན་པ་ནི། དགྲ་དགའ་གཉེན་སྡུག་ལས་ཁོ་ན་ཞིག་ཡིན་པ་མ་ཟད། བོད་དང་བོད་མིའི་སེམས་ལ་གསོ་མི་ཐུབ་པའི་རྨ་ཁ་ཞིག་ཏུ་གྱུར་རོ།། ད་རུང་། བོད་ཀྱི་ལོ་རྒྱུས་དང་བདེན་པའི་སྟོབས་ཤུགས་ཀྱིས་ཁོ་ཚོས་ནམ་ཡང་གུ་བཤངས་གཏོང་གི་མ་རེད་དོ།།
བཀུར་འོས་རྔ་བ་ཚེ་སྐྱིད་ཀྱིས་གཙོས་པའི་དྲ་གྲོགས་རྣམ་པས།
འདིར་བགྲོ་གླེང་ཟབ་པོ་ཞིག་བྱས་འདུག་པར་ཁོ་བོས་རྗེས་སུ་ཡི་རངས་ཞུའོ།།
ཕྲན་སློབ་གྲྭའི་ཡིག་ཚད་དང་དེ་མིན་བྱ་བ་མང་པོ་ཞིག་གིས་བྲེལ་ནས།
གནས་སྐབས་རིང་དྲ་རྒྱར་ཡོངས་མ་ཁོམས་མོད།
གོ་སྐབས་དང་དུས་ཚོད་རག་ངེས་ལ་ཁྱེད་རྣམ་པའི་མདུན་སར་བཅར་ངེས་ཡིན་ནོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ངས་ནམ་ཡིན་རུང་། འདི་ལྟར། བསམ་བློ་གཏོང་གིན་གཏོང་གིན་རྙེད་རྒྱུ་ཞིག་མི་འདུག་ཡ། དེས་ན། བཀུར་འོས་དྲ་གྲོགས་རྣམ་པས་དགོངས་འཆར་དང་ཐབས་བྱུས་ཤིག་འདོན་རོགས་ཞུའོ།།
བོད་ཀྱི་བདེན་པ་འདི་རྩོད་སྟངས་ཀྱིས་གསལ་གི་རེད་དམ། ཡང་ན། བདེན་སྟོབས་ཀྱིས་གསལ་གི་རེད་དམ།
བོད་ཀྱི་ལམ་འདི་བོད་མིས་བཟོ་དགོས་པ་ཞིག་རེད་དེ། དེང་སང་ཡིན་ན། གཞན་བརྟེན་ཆེ་དྲགས་པ་མ་ཡིན་ནམ།
ནང་ཆོས་འདི་ནང་སེམས་འདུལ་སྤྱད་ཅིག་གི་ཐབས་མཆོག་ཡིན་པ་ལས། སྲིད་དོན་གཉེར་བྱེད་བཟང་བོ་ཞིག་མ་ཡིན་རུང། ཨུ་ཚུགས་མཐར་བསྐྱལ་གྱིས་ཆོས་སྲིད་ལམ་ལུགས་གཉིས་བསྲེས་དགོས་པའི་རྒྱུ་རྐྱེན་གང་ཡིན་ནམ།
བོད་མི་རིགས་འདི་དོན་དངོས་ཀྱི་ཐོག་ནས། ནང་ཆོས་ཀྱི་ཕྱོགས་སུ་ལངས་ཀི་ཡོད་མེད། ཡོད་ན། རྣམ་འགྱུར་གང་ཞིག་ཡིན་ནམ། མེད་ན་མེད་སྟངས་འདི་བག་ལ་ཉལ་བ་ཞིག་མ་རེད་དམ།
བོད་ཀྱི་དཀའ་ངལ་ཆེ་ཤོས་ནི། སྲིད་ཀྱི་སྟོབས་ཤུགས་མ་འཕེལ་བ་ཡིན་རུང་། ཆབ་སྲིད་ལ་ད་རུང་ངོས་འཛིན་མ་ཐོབ་པ་གང་ཞིག་ལན་པ་ཡིན་ནམ།
ཏག་ཏག་བོད་ཀྱི་ནུས་སྟོབས་ཡོད་ཚད་ཆོས་སྲིད་གང་གི་ཕྱོགས་སུ་ཕུད་ཀི་ཡོད་དམ། གལ་སྲིད། ཆོས་ཕྱོགས་ཡིན་ན། དོན་དམ་པའི་ཆོས་ཀྱི་ལྡོག་ཕྱོགས་ནས་འགྲོ་གི་མ་རེད་ལ། ཡང་མིན་ན། སྲིད་ཕྱོགས་ཡིན་ན། སྲིད་ཀྱི་ཁ་སྟབས་འདི་འདྲ་ཞིག་ཞན་དགོས་དོན་ཅི།
ཐོབ་ཐང་ཡོད་པ་ཞིག་དང་འདྲ་མཉམ་དགོས་པ་ཞིག་རྩོད་ཀི་ཡོད་ན་ནི། དེ་འདྲའི་རྩོད་ཡུལ་ལ་བསྟུན་ཐབས་ཆེན་པོ་ཞིག་བྱེད་དགོས་པ་གང་ཡིན་ནམ།
བོད་མི་རིགས་འདི་གཞན་ལ་དཔའ་ཉམས་མེད་རུང་། ནང་ཁུལ་ལ་འདི་འདྲའི་བཙན་པོའི་ཉམས་ཤིག་ཡོད་པ་མ་ཟད། ལག་ལེན་གྱི་སྤྱོར་བ་རྩུབ་པོ་ཞིག་རྒྱུན་ཆད་མེད་པར་ཡོད་པ་ནི། བོད་ཀྱི་གདེང་སྤོབས་ངོ་མ་ཞིག་ཡིན་ནམ།
བོད་ཀྱི་མི་རབས་གསར་བ་རྣམས་སད་བཞིན་པ་ཡིན་རུང་། ད་དུང་སྒེར་སྡོམ་སྒེར་གཅོད་ཀྱི་ལམ་ལུགས་ཆེས་མང་པོ་ཞིག་གིས་བཙན་འཛུལ་དེ་རྒོལ་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
བཀུར་འོས་དྲ་གྲོགས་དོལ་སྨྱོན་ལགས།
ཕེབས་པར་དགའ་བསུ་ཞུ་བ་དང་འབྲེལ་ནས། ཁྱེད་ལ་ཁོམ་པ་ཡོད་དུས། སྐབས་བབ་ཀྱི་བརྗོད་གཞིའི་ཐོག་ཏུ། བགྲོ་གླེང་དང་དོགས་འདྲི་ལ་སོགས་པའི་ཐབས་ལམ་བརྒྱུད་ནས། རིགས་དང་རིག་གཞུང་གི་ཆེད་དུ། ཡུན་གྱིས་བསྐྱོད་ཡ། ད་རུང་། བག་ལ་ཉལ་བའི་ང་ཚོའི་སྤོབས་པ་དང་ཐབས་ལམ་བཏོན་ནས། ང་ཚོའི་མ་འོངས་པའི་མདུན་ལྗོངས་ཀྱི་ཆེད་དུའང་འགྲོའོ།། དྲ་གྲོགས་ལགས།
རྔ་བ་ཚེ་སྐྱིད་ཀྱི་མཆན་༨༦་པ་དེ་ལ་རྗེས་སུ་ཡི་རངས་ཞུ་འོས་ཞིག་ཏུ་མཐོང།
ཁྱེད་ཀྱིས་དེ་ལྟར་སྨྲས་པ་ནི་བོད་མི་རྣམས་ད་ལྟ་གཉིད་སད་ལ་མ་སད་ལ་ཡིན་པའི་སྒང་ཡིན་པས་ཅུང་བསམ་དོན་འགྲུབ་དཀའ།
འོན་ཀྱང་རིང་མིན་དེ་རིགས་གཉིད་ལས་ཡོངས་སུ་སད་ནས་ནམ་སངས་སྐྱ་རིངས་གསར་པ་ཤར་ངེས་རེད།
ཆོས་སྲིད་ཟུང་འབྲེལ་ཁ་ལ་ཁྱེར་ནས་བོད་ཀྱི་ཆབ་སྲིད་རླུང་ལ་སྐུར་ཡོད།
བོད་ཀྱི་གཅིག་བསྒྲིལ་མེ་ལ་བསྲེགས་ཡོད། བོད་ཀྱི་རིག་གནས་ས་འོག་ཏུ་སྐུངས་ཡོད།
མདོར་ན་ཆོས་ལུགས་ག་གེ་མོ་ཞིག་ལ་ཆབ་སྲིད་ཀྱི་དབང་ཤུགས་ཐོབ་དུས་མི་རིགས་ཀྱི་རིག་གནས་དང་ཆབ་སྲིད་ཀྱི་རང་བསྲུང་ཕ་མྱེས་ཀྱི་བྱས་བཞག་མང་པོ་ཞིག་རླུང་རྟར་བཏངས་ཡོད།
བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས།
སྤྱིར་བཏང་། མཁས་དབང་དུང་དཀར་མཆོག་གིས་གསུངས་པ་ལྟར། ཁྱེད་དང་ངེད་གཉིས་ཀྱིས་མཚོན་པའི་མི་སུ་ཞིག་ཡིན་རུང་། མི་དེས་བཤད་པའི་སྐད་ཆ་དོན་དངོས་དང་མཐུན་ན། རྒྱབ་སྐྱོར་དང་ངོས་འཛིན་བྱེད་མཁན་ཆེས་ཉུང་ཉུང་ཞིག་ཡིན་རུང་། བདེན་པའི་སྟོབས་ཤུགས་ཡུན་གྱིས་འཕེལ་གི་རེད་ལགས། དེ་མིན། དངོས་ཡོད་མི་མཐུན་པའི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་མཁན་ཆེས་མང་པོ་ཞིག་ཡིན་རུང་། དེ་ནི། བདེན་པ་མིན་པས་ན། ཡུན་གནས་ཡོང་གི་མ་རེད་ལགས། དེས་ན། དྲ་གྲོགས་ཉིད་ཀྱིས་བཤད་ཀྱིན་པ་ལྟར། ང་བོད་མི་རིགས་ནམ་ཞིག་ལ་སད་ཀི་རེད། དེ་དུས། ཆོས་སྲིད་ཉམས་རྒུད་ཀྱི་རྒྱུ་རྐྱེན་ཤེས་པ་མ་ཟད། དེ་ལྟར། ཉམས་ཉེས་སུ་གཏོང་མཁན་སུ་ཞིག་ཡིན་ན། དེ་ནི། བོད་འདི་ཆགས་འཇིག་གི་གནས་སུ་བསྐྱལ་མཁན་ཡིན་པས་ན། གུ་ཡངས་དང་བསམ་ཤེས་ཡོད་རྒྱུ་ཕར་ཞོགས་ཐ་ན། ཁོ་ཚོའི་གྲིབ་མ་ལྟ་བུ་ཡིན་ན། བོད་ཀྱི་ནག་ཐིག་ཆེ་ཤོས་སུ་འགྱུར་གི་རེད་དོ།།
དྲ་གྲོགས་རྔ་བ་ཚེ་སྐྱིད་ལགས།
ཁྱེད་ཀྱིས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱ་དང་རྒྱ་གཞུང་ལ་བསྟོད་པ་ཡོད་ཀྱང་བསྟོད་སྟངས་འདྲ་གི་མ་རེད་ཅེས་གསུངས་སོང།
དེ་ནི་ཁྱེད་ལའང་ཆོས་ཀྱི་ཞེན་ཁོག་གི་གཉིད་ཅུང་མ་སད་པའི་བཟོ་ཞིག་ཏུ་སྣང་གི།
དུང་དཀར་གྱིས་གསུང་རྩོམས་བོད་པར་ལྡེབ་༡༢༦་ལས།
རྫས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་དུ་འདི་ལྟར།
སྐར་མ་ཟུར་ལྔས་རབ་མཛེས་ཅོད་པན་འཆིང།
ས་ཁམས་མདངས་འཛིན་བརྗིད་ཆགས་ཆས་ཀྱིས་བཀླུབས།
རང་འགུལ་མེ་ལྕེའི་འཕྲུལ་མདའ་ལག་གཉིས་སུ།
བཟུང་ནས་མེས་རྒྱལ་སྲུང་མཁས་བཅིངས་འགྲོལ་དམག
འདི་གཅིག་པོར་དགོངས་བཞེས་གནང་དང།
མེས་རྒྱལ་ཟེར་བ།
བཅིངས་འགྲོལ་དམག་ཅེས་པ།
དེ་དག་ནི་རྒྱ་ནག་གིས་མ་ནི་འདོན་བཞིན་རྟག་ཏུ་བརྗོད་པའི་རྒྱ་ནག་ལ་བསྟོད་པ་ཡོད་ན་མེད་ན་དེ་རེད།
བཅིངས་འགྲོལ་དམག་ནི་བོད་ཧམ་བཟུང་བྱེད་མཁན་གྱི་དགྲ་བོ་ལག་དམར་དཔུངས་སྡེ་ངོ་མ་དེ་ཡིན་པ་སུས་ཀྱང་ཤེས་ངེས།
ནོར་བ་ལ་ནོར་བར་བརྗོད་དགོས་པ་ནི་ཆོས་ཀྱིས་དག་སྣང་བསྒོམ་པའི་རྣལ་འབྱོར་པ་ལས་དེ་མིན་འཇིག་རྟེན་སྲིད་ཕྱོགས་ནས་བཤད་ན་དྲང་གཏམ་ཞིག་ཡིན་པར་སེམས།
ཁྲག་དམར་གྱི་དུས་རབས་འདི་ནས། ང་ཚོའི་མི་བུ་སྒེར་གྱི་ཁེ་གྲགས་ཆེད་མི་ཆེན་ལ་ངོ་འཛིན་མི་བྱ། རང་ཡུལ་ཁོ་ནའི་གཟི་བརྗིད་ངོམས་ཆེད་ཕོ་ལ་མོ་མིང་མི་འདོག འདི་ལྟའི་དྲང་ཕྱོགས་ཤིག་ངོ་ཐད་ནས་ང་ཚོས་གནས་ལུགས་བཤད། ང་ཚོས་འགྲེལ་བརྗོད་བྱ། ང་ཚོས་བསམ་ཕྱོགས་གཅིག་བསྡུད་ཀྱིས་དམིགས་འབེན་དགྲ་རྫོང་དམར་པོ་འཛིན་ཆོག་་་་་་དྲ་གྲོགས་ཚོ་་་་་་དེ་ཨེ་རེད་་་་་
སྒོ་ཤེས་རབ་ཟེར་བའི་མིང་དེ་མཐོང་དུས། འཆར་ཡན་གྱིས་ཕྱུགས་པའི་བྱིས་དུས་ཀྱི་འཚོ་བ་ཞིག་ངང་ངམ་ཤུགས་ཀྱིས་རང་སེམས་ན་འཁོར་ཡོང་གི ངེད་གཉིས་རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་སྐད་སྒྲ་བའི་གྲལ་སྣེ་ཞིག་ཏུ་གྲལ་མཚེ་བྱས་ནས་ལོ་མང་བསྡད་མྱངས་ཡོད་ལ། ཉིན་རེར་ཁ་ཤ་སྦ་འཛིང་རེ་བྱས་ཀྱང་། ཉིན་རེར་གྲྭ་ཅན་སྣུམ་ཚུགས་མའི་ནང་དུ་ཚོགས་ཐུག་མཉམ་འཐུངས་ཀྱིས་མཐུན་འདྲིས་བྱས། འདི་ལྟའི་འགྲོགས་འདྲེས་ཤིག་གི་བརྒྱུད་རིམ་གྱི་སྣེ་ནས་རང་ཉིད་བཙན་བྱོལ་དུ་བསླེབས།
ཕྲན་ངྷ་སར་འབྱོར་བའི་ཕྱིར་ལོ་དེར་ཁོང་ཡང་བསླེབས་ཀྱང་ཁོང་ཉིད་གནས་བསྐོར་ཞིག་བྱས་ནས་རང་ཡུལ་དུ་ཕེབས། དེ་ནས་བཟུང་བདག་གི་གྲོགས་ལ་མ་མཇལ་བར་མི་༡༨་ཙམ་འགོར་སོང་། རང་ཉིད་འབྲེལ་བ་བྱེད་ཕྱོགས་སུ་འཇོན་པོ་མིན་ཕྱིར། ཁོང་གི་མིང་ཙམ་བཀོད་པ་ལས་མཇལ་རྒྱུ་མ་བྱུང་བ་ལྷག
ཨ་ཁུ་གླུ་སྨྱོན་གྱི་སྙན་ངག་དང་རྔ་པ་ཚེ་སྐྱིད་ཀྱི་ཁ་རྩལ་འདི་གཉིས་ལ་ངོ་འཛུམ་དཀར་ནག་གི་དབྱེ་བ་མེད་གི ངོ་མས་ཧྲ་གི་ཡ། མུ་མཐུད་དུ་བགྲོ་གླེང་བྱོས་དང་དགའ་བསུ་ཡོད། བཀའ་གདམས་པས། རི་བོ་དལ་གྱིས་བགྲོད། ཉ་ནི་བགས་ཀྱིས་ཟ་ཞེས་པའི་དཔེ་ལྟར་བསམ་བློ་འདི་འདྲ་ཞིག་གིས་མི་ཚེ་སྐྱེལ་སྟངས་ལ་ཡིད་སྨོན་འཆོར་གི འཇིག་རྟེན་མི་ཤེས་པའི་ཆོས་བ་དང་ཆོས་མི་ཤེས་པའི་འཇིག་རྟེན་པས་རང་ཕུང་རང་བརླགས་ཀྱི་ཐབས་ཤེས་ལ་བསྟོད་གླུ་བླངས་ཏེ་འདུག་རྒྱུ་ལས་མིར་སྐྱེས་ཀྱི་རིན་ཐང་མེད་གི་ཡ། ང་ལྟ་བུས་མི་ཚེ་གྲོང་ཆོག་ལ་འགྲོ་མཁན་ཞིག་གིས་ཅི་ཤེས། དེ་མིན་ད་དུང་གཅིག་ཡོད། ཨ་ཚོགས་གླུ་གར་བྱམས་དང་རྟ་ནག་སྐལ་བཟང་ལུང་རིགས་སོགས་ཀྱིས་མང་པོ་ཞིག་བྲིས་ཡོད་ནི་རེད་ཟེར་གི །ཡིན་ཡང་མང་ཚོགས་ཀྱིས་ཁོ་ཚོ་ལ་ཁ་བརྡུང་ཕོག་སོང་། བོད་ནང་ལ་མཚོན་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཇོ་ཡུ་ཚུལ་ཁྲིམས། རྒྱ་གྲོལ། མུན་འཇོམས་སྒྲོན་མེ་སོགས་ཀྱི་རྩོམ་ཡིག་ལ་ཀློག་མཁན་ཁྲི་སྟོང་མང་པོས་དགའ་བསུ་ཐོབ་འདུག འདི་གཉིས་ཀྱི་ཁྱད་པར་ཅི་རེད། ང་དགུ་ལོར་བོད་ཀྱི་ས་ཁུལ་ཡོངས་རྫོགས་རྒྱ་ནག་གིས་བཙན་འཛུལ་བྱས་ཚར་ཡང་གཞིས་ལུས་བོད་མིའི་སེམས་ཁམས་ལ་ད་དུང་བཙན་འཛུལ་བྱས་ཐུབ་མེད ། ཡ་མཚར་བ་ལ་རང་དབང་ལུང་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ན་དམར་ཕྱོགས་པ་རེ་ཟུང་ཐོན་ཡོང་གི འདི་ཚོ་ཡ་མཚན་པོ་རེད་དོ།། དམ་པ་ལྷ་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ང་ཚོའི་ཁ་ཕོར་དུ་ཤོང་ཡོད་ན་ད་ལྟ་ང་ཚོ་རྒྱལ་སྤྱིའི་ཐོག་ཏུ་ངོམ་རིན་ཡོད་པ་ཞིག་དང་བོད་འདི་ཀུན་གྱི་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་ཡོད་ན་ཐང་མོད། སྤྱི་ཚོགས་ཆུང་ངུ་འདིར་དམར་ཕྱོགས་ཀྱི་བསམ་བློ་དང་ཚོང་བ་མང་དྲགས་ནས་དཀའ་ངལ་ཞིག་ཏན་ཏན་ཕྲད་ཡོད་ས་རེད། དེང་དུས་ཀྱི་བསམ་བློ་བ་ཞིག་གིས་ཟེར་ན། ཁ་སང་ནི་དེ་རིང་གི་རྨང་གཞི་ཡིན་པ་ལྟར་དེ་རིང་ཡང་སང་ཉིན་གྱི་འབྱུང་རྩ་ཡིན་པས། སང་ཉིན་ཅི་འདྲ་ཞིག་འཁྱོངས་མིན་དེ་རིང་གི་ཁ་ཕྱོགས་དང་བརྩོན་འགྲུས་ཀྱིས་གཏན་འཁེལ་བྱེད་དགོས་ཟེར་གི སྐད་ཆ་འདི་བདེན་པ་རེད། ང་ཚོས་གོང་ས་མཆོག་གི་ལམ་སྟོན་གྱི་རྨང་གཞིའི་སྟེང་ནས་དེ་རིང་གི་ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་དེ་སང་ཉིན་གྱི་འབྱུང་འགྱུར་ལ་ཐག་ཆོད་བྱས་ན་ཅི་འདྲ་རེད། བདེན་པ་ཉིད་རྒྱལ་བར་སྨོན།།
༼ད་དུང་བཤད་མ་ཚར། སྙིང་གཟེར་བའི་ཕ་མེས་ཚོའི་བདེ་སྡུག་གི་བྱུང་བ་དང་། སེམས་ཕམ་པའི་སྤུན་ཟླ་ཚོའི་ད་ལྟའི་གནས་བབ་ཚང་མ་ད་དུང་ངའི་སེམས་ཁོངས་སུ་ལྷག་སྟེ་ཡོད། ངའི་སེམས་ཁོངས་སུ་ལུས་པའི་བཤད་མ་ཟིན་པའི་སྐད་ཆ་དེ་དག་ང་དང་ཁྱོད་ཀྱིས་གླེང་དགོས་པའི་ན་ཟུག་དག་ཡིན།༽བཤད་པར་བལྟས་རྗེས་ངའི་སེམས་ནང་འདི་ལྟར་དྲན།
ཕྱི་ལོ་ ༡༩༥༡ ལོའི་ཟླ་བ ༥ བའི་ཚེས་ ༢༣ ཉིན་བཙན་ཤུགས་ཀྱིས་བོད་གཞུང་སྐུ་ཚབ་རྣམས་ལ་མིང་རྟགས་བཀོད་བཅུག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་རིམ་པས་ལག་ལེན་བསྟར་འགོ་བཙུགས་ཤིང༌། གྲོས་མཐུན་དེ་ཉིད་གཞི་རྩར་བཟུང་སྟེ་ཕྱི་ལོ་ ༡༩༥༦ ལོའི་ཟླ་ ༣ པའི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དངོས་སུ་དབུ་བརྙེས་པའི་མཛད་སྒོ་བསྡུས། མཛད་སྒོའི་གཙོ་སྐྱོང་དུ་རྒྱ་གཞུང་གི་སྲིན་བློན་གཞོན་པ་དྲིན་ཡེ་ལྷ་སར་འབྱོར། མིག་སྔར་ལྷན་ཁང་དེའི་དབུ་བཞུགས་གཙོ་འཛིན་ྋགོང་ས་མཆོག་དང༌། ཕྱག་རོགས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། དྲུང་ཡིག་ང་ཕོད་བཅས་ཡིན། ལྷན་ཁང་དེ་འཐུས་མི་ང་གཅིག་ལས་གྲུབ་པ་ཞིག་དང༌། དེ་ཡང་བོད་གཞུང་ནས་འཐུས་མི་བཅོ་ལྔ་དང༌། པཎ་ཆེན་ནང་སྒང་ནས་འཐུས་མི་བཅུ། ཆབ་མདོ་བཅིངས་བཀྲོལ་དམག་སྒར་ནས་འཐུས་མི་བཅུ། དགོན་སྡེ་ཆེ་ཁག་དང༌། ཆོས་ལུགས་མི་འདྲ་བ། མི་སེར་དཀྱུས་མ། གྲགས་ཆེན་མི་སྣ་སོགས་ཀྱི་ངོ་བོ་མཚོན་ཆེད་འཐུས་མི་བཅུ་གཅིག སྐབས་དེར་ལྷ་སར་ལྷགས་པའི་རྒྱ་མིའི་ལས་བྱེད་ཁོངས་ནས་འཐུས་མི་ལྔ་བཅས་ཡིན།
སྤྱིར་བཏང་བྱས་ན་བོད་རང་སྐྱོང་ལྗོངས་ཀྱི་ཆབ་དཔལ་རིག་གསུམ་དང༌། དམག་དོན། ཚོང་ལས། ཐ་ན་འགྲིམ་འགྲུལ་ཚུད་ཆད་ཀྱི་ཐོག་ལས་དོན་ཆེ་ཕྲ་གང་འདྲ་ཞིག་གཉེར་རྒྱུར་ྋགོང་ས་མཆོག་གིས་བཀའ་འཁྲོལ་ཐོབ་རྗེས་ལས་དོན་དེ་རིགས་ལ་དངོས་སུ་འཇུག་རྒྱུ་ཡིན་ཡང༌། དེ་ལས་ལྡོག་ཏེ་གནད་དོན་དེའི་རིགས་གོང་ས་མཆོག་ལ་དགོངས་སྐོར་ཙམ་ཡང་མེད་པར་བོད་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་བ་དེས་བཏང་འཛིན་དང་ཡང་ན་བཟོ་བཅོས་ཀྱི་རིགས་བྱེད་རྐྱང་བྱས་པས་ལྷན་ཁང་དེའི་དབུ་བཞུགས་གཙོ་འཛིན་མཆོག་ནི་མིང་ཙམ་གྱི་གཙོ་འཛིན་དུ་གྱུར། བྱེད་སྟངས་དེར་བོད་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་པ་མ་ཟད། བོད་ལས་དོན་ཨུ་ཡོན་ལྷན་ཁང་དེ་ཕྱིར་བསྡུ་བྱེད་དགོས་པའི་སྐྱོན་བརྗོད་ཤུགས་ཆེ་བྱས། བོད་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་བའི་ཚོགས་ཆུང་འདི་རྒྱ་ནག་དམར་གཞུང་གིས་ཐད་ཀར་མངགས་གཏོང་བྱས་པའི་རྒྱ་ནག་གཞུང་གི་མགྲིན་ཚབ་ཚོགས་པ་ལྟ་བུ་ཞིག་ཡིན་སྟབས། ཚོགས་པ་དེའི་ཚོགས་མིའི་གྲས་སུ་བོད་རིགས་གཅིག་ཀྱང་ཚུད་མེད་པ་དེས་ཀྱང་བོད་མི་ཚོའི་སེམས་ནང་དོ་ཕོག་ཤུགས་ཆེ་བཟོས་འདུག
ལྷག་དོན་ྋགོང་ས་མཆོག་དང་བོད་གཞུང་མང་གཉིས་ཀ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེའི་རྩ་གནད་ཁག་ལོ་ངོ་བརྒྱད་ཀྱི་རིང་ལུགས་མཐུན་གྱིས་སྲུང་བརྩི་བྱས་མིན་ལ་མ་ལྟོས་པར་རྒྱ་གཞུང་ནས་གྲོས་མཐུན་དེ་རྩིས་མེད་ཐོག་མདོ་སྨད་དང་ཁམས་ཀྱི་ངོ་ཕྱོགས་ཡོངས་རྫོགས་ལ་དྲག་དམག་གིས་དཔུང་འཇུག་བྱས་པ་དང༌། དམག་མི་ཚོས་གང་འདོད་བཞིན་ཉེས་མེད་མི་སེར་འབུམ་ཕྲག་མང་པོ་དམར་གསོད་དང༌། བཙོན་འཇུག ཚེ་གཡོག ནར་མ་སོན་པའི་བུ་མོ་གཞོན་ནུ་མ་ཚོར་བཙན་གཡེམ་དང༌། མཚན་མའི་ནང་འབར་ཆུ་ཚ་བོ་བླུགས་པ་མ་ཟད། བཙུན་མ་ཚོའི་མོ་མཚན་ནང་ལྕགས་དབྱུག་གིས་བཙུགས་པ་དང༌། དུག་སྦྲུལ་ལ་སོ་རྒྱབ་ཏུ་བཅུག་པ་མ་ཟད། ཕས་རང་གི་བུ་མོ་དང་བུས་རང་གི་མ་དང་མཉམ་དུ་འཁྲིག་སྤྱོར་བཙན་ཤུགས་ཀྱིས་བསྟེན་བཅུག་པ་སོགས་བྱས།
མ་ཟད་ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར་དང༌། རྩ་ཆེའི་དངོས་རྫས་མང་པོ་རྐུ་འཁྱེར་སོགས་བྱས། ཐ་ན་རང་བྱུང་ཁམས་སུ་ཅི་བདེར་འཚོ་བཞིན་པའི་རི་སྐྱེས་སྲོག་ཆགས་དང༌། བདག་ཏུ་བཟུང་བའི་སྒོ་ཟོག་འབྲུ་གཡག་དང་ར་ལུག་ཚུན་ཆད་ཐོག་མེ་མདའ་བརྒྱབས་ཏེ་བསད་པ་སོགས་མི་སྤྱོད་ལས་འདས་པའི་བཙན་འཛུལ་ཤུགས་ཆེ་བྱས། རིམ་པས་བྱེད་སྟངས་དེའི་རིགས་བོད་ས་ཁྱོན་ཡོངས་ལ་ལག་བསྟར་བྱས་པ་མ་ཟད། བོད་མི་རྣམས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ྋགོང་ས་མཆོག་གི་སྐུ་སྲོག་ལའང་ངན་སེམས་ཀྱིས་གཡོ་ཇུས་རིམ་པར་བཤམས་སྟབས། བོད་མི་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ཚེས་ ༡༠ ཉིན་གཟི་བརྗིད་ཅན་གྱི་རང་དབང་སྒེར་ལངས་བྱས་པར་རྒྱ་ནག་གཞུང་གིས་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱེད་རྒྱུར་ངེས་སྟབས། གནས་སྐབས་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཡུལ་གྱར་དུ་མི་འགྲོ་ཐབས་མེད་བྱུང་བ་རེད། གལ་སྲིད་སྐབས་དེའི་དུས་ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་བཞུད་གནང་ཐུབ་མེད་ཚེ་མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་གི་རིང་རང་རེའི་བོད་མི་ཚོར་མིག་དཔེར་འོས་པའི་བོད་རང་དབང་བསྐྱར་གསོའི་ལས་དོན་ལ་སྣེ་ཁྲིད་དང་ལམ་སྟོན་བྱེད་མཁན་གཅིག་ཀྱང་མེད་པར་ཆགས་ཏེ་ཁོང་ཚོས་རང་མགོ་གང་ཐོན་གྱིས་རང་ཉིད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་སོགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུ་ཡིན་པ་གདོད་མི་ཟ་བ་ཞིག་རེད།
བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས།
ཉིད་ཀྱིས་དཔེར་མཚོན་དུ་དྲངས་པའི་དུང་དཀར་གྱི་རང་བཞིན་བརྗོད་པའི་དཔེར་བརྗོད་ནི། སྐབས་དེའི་བཅིངས་གྲོལ་དམག་གི་ཕྱིའི་རྣམ་པ་ཙམ་གྱི་རང་བཞིན་ཞིག་བརྗོད་པ་ལས། སྐབས་དེའི་རྒྱ་གཞུང་གི་སྲིད་བྱུས་རང་གི་ལག་ཆར་བཟུང་ནས། བོད་མི་དམངས་ལ་མགོ་སྐོར་བཏང་ན་ནི། དངོས་ཡོད་བདེན་སྟོབས་དང་བོད་མི་དམངས་ཀྱིས་ནམ་ཞིག་ཡིན་རུང་བརྗེད་ཀི་མ་རེད་དེ། དེ་འདྲའི་ལོ་རྒྱུས་ཀྱིས་ནག་ཉེས་ཟུར་ཙམ་ཡང་ཁོང་ལ་མེད་པས་སོ།། ད་དུང་། ཁོང་གིས་ལྷག་བསམ་དང་རིག་གནས་དཔྱོད་ཤེས་ཀྱི་གྲུབ་འབྲས་ལ་བརྟེན་ནས། བོད་ཀྱི་རིག་གནས་ཀྱི་འཕེལ་ཚད་དེ་ཆེས་ཆེར་གཏིང་ཟབ་ཏུ་སོང་ཡོད་པ་མ་ཟད། དར་རྒྱས་ཆེན་པོ་ཞིག་ཏུའང་ཆགས་ཡོད་དོ།། འདི་ནི།
ངས་ཕྱོགས་འཐེན་རིང་ལུགས་པའི་བསམ་སྤྱོད་འཁུར་ནས། བཤད་པ་ལྟ་བུ་རྩ་བ་ནས་མིན་ལ། འདི་ནི། ཁོང་གི་གསུང་འབུམ་རྣམས་ལ་སློབ་སྦྱོང་དང་དོ་སྣང་ཕྲན་བུ་ཞིག་བྱས་པའི་མྱོང་བ་རྣལ་མ་ཞིག་ཡིན་ལགས།
བཀུར་འོས་དྲ་གྲོགས་འོ་མ་ལགས།
དེང་སང་བོད་ཁམས་ན་མཚན་སྙན་ཆེ་བའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་ཁྱེད་གཉིས་ཀྱི་བར་ན། འགྲོགས་འདྲེས་ཟབ་མོ་ཞིག་ཡོད་པ་ཧ་གོ་སོང་ལགས། དེ་ནི། ང་ལ་མཚོན་ན། གོ་སྐབས་ཤིག་རེད་ལགས། གང་ཡིན་ཟེར་ན། ངས་རྩོམ་པ་པོ་ཁོང་གི་སྐོར་ལ་ཉམས་ཞིབ་རེ་བྱེད་འདུན་ཡོད་སྟབས། ཁྱེད་ལ་མཚོན་ན། རྩོམ་པ་པོ་ཁོང་གི་ཆུང་དུས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ལ་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་པས་ན། ངས་རྗེས་ཕྱོགས་གོ་སྐབས་ཤིག་བཙལ་ནས་ཁྱེད་ལ་བཅར་འདྲི་མང་པོ་ཞིག་བྱ་རྒྱུ་ཡིན་ལགས་ན། དེ་དུས། ཁྱེད་ཀྱིས་ཀྱང་ངའི་ལས་དོན་ལ་རོགས་རེམ་ཞིག་ཡོང་བར་ད་ནས་རེ་འདུན་ཞུའོ།།
རྔ་གཡང་ཕྱོགས་ཀྱི་སྲས་མོ་ཚེ་སྐྱིད་ལགས།
སྒོ་ཤེས་རབ་ལགས་ཀྱི་ལོ་བཅུ་ཡས་མས་ཐོག་ནས་བོད་བརྒྱུད་ནང་བསྟན་ཚད་མའི་རིག་པའི་ཕྱོགས་སུ་དཔྱོད་རྒྱ་ཡངས་ཕྱིར། ཆོས་རྭའི་ནང་བརྒལ་རྩོད་ཀྱིས་མཚན་ཕུད་པ་ཉུང་ཉུང་གཏད་ནས་མིན། ཁོང་གི་རྟགས་གསལ་གཏོང་སྟངས་ཙམ་ལ་ཉན་མི་སུམ་ཅུ་བཞི་ཅུས་རེས་ནམ་རྒྱུན་ཁོང་དང་མཉམ་དུ་ཆོས་རྭའི་ནང་མཚན་ཕུད་བྱེད་ཅིང་དེའི་གྲས་ནས་སྐབས་རེར་ཕྲན་ཡང་ཡོད།
ཁོང་ཉིད་ལོ་ན་དེ་ཙམ་ཞིག་ནས་བོད་ཀྱི་སྙན་སུམ་རིག་པར་ཞོར་བལྟ་བྱས་པས། སྙན་ཚིག་བཅད་ལྷུག་གང་རུང་ཡང་ཤར་མར་དུ་འབྲི་ལ། ད་དུང་རྩེ་མཚར་དང་ཤག་འགྱེད་སོགས་ཀྱིས་མཚོན་པའི་སྒྱུ་རྩོམ་ཡང་སྣ་མང་འབྲི་པས་གྲྭ་གཞོན་ཚང་མ་ཁོང་ལ་མི་དགའ་བ་ཅི་ཡང་མེད།
བོད་ཀྱི་ལོ་རྒྱུས་དང་། ཆོས་འབྱུང་སྐོར་ནས་ཀྱང་ང་ཚོ་ལ་ཤག་གླེང་དང་།་དེ་དག་བརྗོད་སྙིང་དུ་བཟུང་ནས་ཚིག་བཅད་གང་མང་རེ་ཤར་འབྲི་བྱེད།
ང་ཚོའི་དུས་སྐབས་གྲྭ་ཕྲུག་ཚོའི་རྒྱུད་ན་ཁོང་གི་རྣམ་དཔྱོད་ཀྱིས་བག་ཆགས་འཐུགས་པོར་བཞགས་ཕྱིར། ཁོང་གིས་རྩེ་མཚར་གྱི་སྙན་ཚིག་དག་ང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་གཞས་མགུར་ལྟར་ལེན། ཕྲན་གྱིས་ས་མཐའི་དཀའ་སྡུག་གི་ཁྲོད་ནས་ཁོང་གི་སྙན་རྩོམ་དག་དྲན་མཛོད་ནས་བོར་བརླག་བྱུང་འདུག
ཁ་ཆར་དང་བུ་ཡུག་འཚབ་ས་ནས།
བྱ་དང་བྱའུ་གཉིས་ཀྱིས་མལ་ཚང་འཚོལ་ཀི་
ངོ་མ་སྙིང་རྗེ་ནི་ཞིག་མ་རེད་པེ།
སྒོ་ཤེས་རབ་ལགས་དང་ངེད་གཉིས་ཆུང་བྱིས་དུས་ནས་ངོ་ཤེས་ཡིན་པ་མ་ཟད། ངེད་གཉིས་ཀྱིས་ལོ་ངོ་བརྒྱད་ཀྱི་རིང་མདོ་སྨད་ན་ཆེས་མཚན་སྙན་ཆེ་བའི་རྔ་ཡུལ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་འཛིན་གྲྭ་གཅིག་པ་བྱས་ཏེ་གཞུང་ཆེན་བཀའ་པོད་ལྔའི་སྔོན་འགྲོའི་སློབ་ཚན་ཁག་ལ་སྦྱངས་བརྩོན་བྱས་མྱོང་ཞིང། གུས་པ་རྒྱ་གར་ལ་བྲོས་བྱོལ་དུ་མ་ཡོང་བར་ཁོང་གིས་ངེད་ཚོའི་འཛིན་གྲྭའི་སྐྱོར་དཔོན་བྱས་ནས་བཞུགས་པ་རེད།
ཁོང་ལ་ངོ་མཚར་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་སྐྱེན་པ་དེ་ཡིན་སྟབས་ང་དང་ང་འདྲ་བའི་ཅི་ཡང་མི་ཤེས་མཁན་གྱི་བླུན་རྨོངས་འདོད་ཞེན་ཅན་དེ་ཚོས་ཁོང་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་སྨོན་བྱེད་ཀྱི་ཡོད། སྐབས་རེ་ཁོང་གིས་རྩེད་མཚར་གྱི་རྣམ་འགྱུར་འདྲ་མིན་དང་སྦྲགས་ནས་དགེ་འདུན་པ་སྟོང་ཕྲུག་གཉིས་ལྷག་རྒྱུན་བཞུགས་གནང་སའི་གདན་ས་ཆེན་མོ་དེར་ཆོས་ཀྱི་བགྲོ་གླེང་བྱེད་སྟངས་རེ་རེས་བོད་བརྒྱུད་ནང་བསྟན་པའི་བསམ་པའི་དཔལ་ཡོན་ལ་གཟི་ཉམས་འཕྲོ་རུ་འཇུག
ཕྲན་རང་ཁོང་དང་ཡུན་རིང་གཤིབས་མྱོང་བའི་བརྒྱུད་རིམ་ནང་ངས་ཁོང་གི་མ་འོངས་པར་ཁ་ཕྱོགས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཡིད་གཟབ་ཀྱིས་མིག་ལྟོས་བྱེད་ཅི་ཐུབ་བྱས་ཀྱང་། བསམ་བློ་ཞིབ་ཏུ་གཏོང་སྐབས་དེ་ནི་སྣ་འཐེན་ནས་ཁ་ནང་དུ་སླེབས་མི་ཐུབ་པ་ལྟ་བུ་ཡིན་སྟབས་ངས་རང་སྡིག་རང་གིས་ཉོས་པ་རང་རེད། ད་དེ་ཚོ་བཤད་ནས་ཅི་བྱེད་གསེར་ས་འོག་ཏུ་ཡོད་ཀྱང་། འོད་ནམ་མཁར་ཤར་ཡོང་གི་རེད།
དེ་བས་ངས་འདི་ནས་བཤད་འདོད་པ་ནི། སྒོ་ཤེས་རབ་ལགས་ལ་ཤེས་ཡོན་དང་རྣམ་དཔྱོད་གཞན་དང་མི་འདྲ་བ་ཞིག་ཡོད་པ་རྒྱུ་མཚན་དུ་བྱས་ནས་སྐད་ཆ་བཤད་ཚད་དང་ལས་དོན་གཉེར་ཚད་ཡོངས་རྫོགས་སྤུས་དག་པོ་དང་ཡག་པོ་རྐྱང་རེད་ཟེར་རྒྱུ་ནི་ཆེས་དཀའ་མོ་ཞིག་རེད། ཡིན་ན་ཡང་༼ང་ཚོ་སན་རན་༽ཞེས་པའི་དཔེ་དེབ་དེ་ནི་དཔེ་དེབ་གཞན་དང་བསྡུར་ཚད་ངེས་ཅན་དང་ཡང་ན་རྩེ་མོར་སོན་པའི་ནང་བསམ་བློའི་རླབས་བརྒྱུད་གཏིང་ཟབ་མཚོན་ནུས་ཀྱི་དཔེ་དེབ་ཅིག་རེད། དཔེ་དེབ་དེ་གུས་པས་བཀླགས་ཐེངས་རེ་རེར་ང་ཚོའི་མི་རིགས་འདི་སྒྱིད་ལུག་དང་རྨོངས་ཞེན་གྱི་བཟི་ཁ་བཙན་པོས་གཉིད་ལམ་དུ་བརྫངས་པའི་མི་རིགས་ཤིག་ཡིན་པ་སེམས་བསམ་པའི་གཏིང་རྡོ་ནས་དབང་མེད་དུ་འཆར་ཡོང་། ངོ་མ་དཔེ་དེབ་དེ་ནི་གཉིད་འོག་ནས་ཐར་ལམ་དུ་འདྲེན་པར་ལྕག་སྐུལ་གཏོང་བྱེད་ཚད་ལྡན་ཞིག་རེད།
ཁྱེད་དང་ཁོང་ད་དུང་མི་གཞན་པ་ཚོ་སུ་ཡིན་རུང་ཆོག རྣམ་པ་ཚོས་དཔེ་དེབ་འདིའི་རིན་ཐང་གི་དོན་དངོས་རྟོགས་པར་འདོད་ན། ངེས་པར་དུ་དཔེ་དེབ་འདིའི་ནང་དོན་གྱི་དུམ་བུ་རེ་རེ་བརྒྱུད་ནས་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་སྐྱེས་ཤིང་འཚར་བའི་རང་རེའི་བོད་ཚོའི་ནང་བསམ་བློའི་ཁྱེར་སོ་དང་། ཀུན་སྤྱོད་ཤེས་ཡོན་སོགས་ལ་ཕྱོགས་ཡོངས་ནས་དག་ཞིབ་ཅིག་བྱུས་དང་གཞི་ནས་དཔེ་དེབ་དེར་རིན་ཐང་ཅི་ཙམ་ཞིག་ཡོད་མེད་ངེས་ཤེས་རྙེད་སླ་བ་ཞིག་རང་རེད། ད་བདེ་མོ་གྱིས། ང་ལས་ཀར་འགྲོ་རན་སོང་། རྗེས་སོར་ཐུག
དགུ་བཅུ་གོ་དྲུག་གོ་བདུན་གྱི་སྐབས་དེར་རྔ་བ་ཀིརྟི་དགོན་གྱི་ཆོས་རྭའི་ནང་ན་སྒོ་ཤེས་རབ་ཀྱིས་རིག་པའི་འགྲན་ཡ་ཐུབ་མཁན་མཛོད་ཚང་དགེ་བཤེས་བརྩོན་འགྲུབ་ལས་མེད་རབས་བཤད་ཀྱིན་འདུག
བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་དྲན་ཐོག་གི་བསམ་ཚུལ།
ཡ་དྲ་གྲོགས་རྣམ་པ་ཚོ་བདེ་མོ། འདི་ནས་ངས་སྒོ་ཤེས་རབ་ལགས་ཀྱིས་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་རྩོམ་ཡིག་དེ་ཅིག་གླེང་ན་འདོད། སྤྱིར་བཏང་ཆོས་སྲིད་ཟུང་འབྲེལ་འདོད་དང་མི་འདོད་ཆོས་ལ་དགའ་མི་དགའ་དང་ཆོས་ཁས་ལེན་དང་མི་ལེན་ལ་རྩ་བ་ནས་འབྲེལ་བ་མེད། གལ་སྲིད་འབྲེལ་བ་ཡོད་པའི་དབང་དུ་བཏང་ཡང་དེ་ནི་ཁྲིམས་ལུགས་ཀྱིས་སྤྲད་པའི་སྤྱི་མང་ཐོབ་ཐང་ཞིག་རེད། ཁོང་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཏོན་པའི་བསམ་ཚུལ་སྐོར་གྱི་གཙོ་གནད་ཁག་གཅིག་ཏུ་བསྡུས་ན། ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་ཡོང་ཐབས་མེད་ལ། ཟུང་དུ་འབྲེལ་ནས་ཡོད་ཟེར་བའི་ཆོས་སྲིད་ཟུང་འབྲེལ་དེ་ནི་ཆོས་ཆོས་མ་ཡིན་སྲིད་སྲིད་མ་ཡིན་པའི་ཡ་མ་ཟུང་ལྟ་བུ་ཞིག་རེད། དེས་ནམ་ཞིག་རྒྱལ་ཁབ་དེར་ཆོས་ཡང་དག་པ་ཞིག་དང་སྲིད་ཡང་དག་པ་ཞིག་རྦད་དེ་མེད་པ་བཟོ་རྒྱུར་ངེས་སྟབས། དེའི་མཇུག་འབྲས་ནི་ཧ་ཅང་ལྕི་གཡའ་བ་ཞིག་རང་རེད་ཅེས་པ་འདི་མིན་ནམ། ངས་བལྟས་ན་ཕལ་ཆེར་དེ་འདྲ་ཞིག་རེད།
ངས་བསམས་ན། འདས་པའི་ལོ་རྒྱུས་ནང་བོད་འདི་ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་མཁན་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ངོས་འཛིན་དང་། གཞི་རྩ་གང་ཞིག་གི་ཐོག་ནས་བོད་འདི་ཆོས་སྲིད་འབྲེལ་ཡིན་ཟེར་གྱི་ཡོད་མེད་དེ་རེད། ཁོང་ཚོས་གཞི་རྩ་འདི་འདྲ་ཞིག་གི་ཐོག་ནས་བོད་འདི་འདས་པའི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་ཡིན་ཟེར་བ་ཞིག་ཡོད་ཚེ། གཞི་རྩ་དེའི་ཐོག་ནས་དོན་ངོ་མར་ཆོས་སྲིད་ཟུང་འབྲེལ་མཚན་ཉིད་ཚང་བ་ཞིག་བྱས་ཐུབ་ཡོད་མེད་ལྟ་རྒྱུ་དེ་རེད། གལ་སྲིད་འདས་པའི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་མཚན་ཉིད་ཚང་བ་ཞིག་བྱས་ཐུབ་མེད་ན། འདས་པའི་ལོ་རྒྱུས་ནང་བོད་འདི་ཆོས་སྲིད་ཟུང་འབྲེལ་ཡིན་ཚུལ་བཤད་པ་དེ་བཤད་སྟངས་ཙམ་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ།
ཁག་ཅིག་གི་བསམ་པར། ཆོས་སྲིད་ཟུང་འབྲེལ་བྱེད་པར་ཡིན་ཅིག་མིན་ཅིག་ཆོས་སྲིད་ཟུང་འབྲེལ་མཚན་ཉིད་ཚང་བ་ཞིག་བྱེད་དགོས་དོན་མེད་སྙམ་པ་ལྟ་བུ་ཞིག་འཆར་སྲིད། དེ་འདྲ་རང་མི་དགོས་ན། མཚན་ཉིད་མི་ཚང་བའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་འབྱུང་འགྱུར་གྱི་ལོ་རྒྱུས་ནང་ཡོང་མི་ཐུབ་པ་གང་ཡང་མེད། ཡིན་ན་ཡང་དེའདྲ་ཞིག་ལ་དགེ་མཚན་ཅི་ཞིག་ཡོད་དམ།
མཚན་ཉིད་མི་ཚང་བའི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་ལག་བསྟར་བྱེད་པ་ལས། ཆོས་པ་ཚོས་ཆོས་ལུགས་དང་མཐུན་པའི་ཕྱག་ལས་དང་། སྲིད་དོན་པ་ཚོས་སྲིད་ལུགས་དང་མཐུན་པའི་ཕྱག་ལས་གནང་ན་བསམ་བཞིན་དུའམ་བཙན་ཤུགས་ལྟ་བུས་ཆོས་སྲིད་ཟུང་འབྲེལ་བྱེད་པར་འབད་མི་དགོས་པར་རང་བཞིན་གྱིས་ཆོས་ཀྱིས་སྲིད་དོན་ཐོག་ཤུགས་རྐྱེན་བཟོ་བ་དང་སྲིད་དོན་གྱིས་ཆོས་ཀྱི་ཐོག་ཤུགས་རྐྱེན་བཟོ་ཐུབ་པ་ཞིག་ཡོང་རྒྱུ་རེད།
འོ་རེེད། དུང་དཀར་བློ་བཟང་འཕྲིན་ལས་དང་། ཟམ་གདོང་རིན་པོ་ཆེ། དགེན་བློ་བཟང་རྒྱ་མཚོ་སོགས་ཀྱིས་མཚོན་དུས་རབས་ཉི་ཤུ་པའི་ནང་མི་ཚེ་ཧྲིལ་པོའམ་མང་ཤོས་རྗོགས་ཟིན་པའི་རྒན་རབས་པ་མང་པོ་ཞིག་དང་། ལྷག་པར་དུ་སྒོ་ཤེས་རབ་ལགས་ཀྱིས་མཚོན་བོད་ཕྱི་ནང་གི་གཞོན་སྐྱེས་ཆེས་མང་ཤོས་ཤིག་གིས་ཀྱང་ཆོས་སྲིད་ཟུང་འབྲེལ་དེ་དེ་ཙམ་འགངས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། དེ་ནི་རྩ་བ་ནས་མི་དགོས་པ་ཞིག་རེད་དྲན་གྱི་ཡོད། ཧྥ་རན་སི་དང་འཇར་མན་སོགས་ཀྱིས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱིི་ལམ་ལུགས་བསྒྱུར་ནས་ལོ་བརྒྱ་ལྷག་རེ་སོང་ཡོད། དོན་ངོ་མར་ཁོང་ཚོས་ཅི་ཞིག་བསམ་བཞིན་ཡོད་དམ།
ཧྥ་རན་སི་དང་འཇར་མན་སོགས་ཀྱིས་མཚོན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྦད་དེ་བསྒྱུར་ཟིན་པའི་རྒྱལ་ཁབ་ཚོས་གཞི་རྩ་གང་ཞིག་གི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་མོས་མཐུན་བྱེད་ཀྱི་མེད་པ་དེ་ཞིབ་ཚགས་པོའི་སྒོ་ནས་བཤད་ཐུབ་ཀྱི་མེད་ན་ཡང་། བོད་མི་ཤེས་ལྡན་པ་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེར་ཞེ་གཏིང་ནས་མོས་མཐུན་མི་བྱེད་པའི་གཞི་རྩ་དེ་ཕལ་ཆེར་འདི་འདྲ་ཞིག་ཡིན་སྲིད། འདས་པའི་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཀའི་ཐོག་དབང་དང་གོ་གནས་མཐོན་པོ་ཡོད་པའི་བླ་སྤྲུལ་ཚོས་ཚོན་མདོག་དཀར་ནག་འདྲེས་མའི་འབག་མཐུག་ཐག་གཅོད་ཅིག་གིས་གདོང་གཡོགས་ཏེ་ངན་རིགས་བཞི་བརྒྱ་རྩ་བཞིས་མཚོན་པའི་བྱ་ངན་རྫོགས་རྒྱུ་མེད་པ་ཞིག་མངོན་ལྐོག་རྒྱབ་མདུན་གང་ས་ནས་ནུས་ཤུགས་ཡོད་རྒུས་སྤེལ་ཅི་ཐུབ་བྱས་པས་ལན་པ་ཞིག་མ་ཡིནནམ།
དེ་ཡང་གསལ་བོར་བཤད་ན། རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་ནང་གི་གནད་ཡོད་མི་སྣ་ཚོ་ཆོས་པ་འགའི་གཡོ་འོག་ཏུ་ཚུད་དེ་ཁོང་ཚོས་རང་རང་གི་སྲིད་དོན་ཐོག་གི་དབང་ཚད་དེ་དག་ཆོས་ལུགས་པ་དེ་ཚོའི་རྒྱབ་དཔུང་ལྟ་བུར་བཞག་ནས་ཆོས་ལུགས་པ་དེ་ཚོར་གང་འདོད་ཀྱིས་ཆོས་དང་སྲིད་གང་དང་ཡང་མི་མཐུན་པའི་སྐྱུགས་བྲོ་བའི་བྱ་ངན་རིགས་སྤེལ་བཅུག་པ་དང་། དེའི་དབང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཆིག་སྒྲིལ་ལ་གནོད་པའི་བྱ་ངན་མང་དུ་བྱུང་མྱོང་ཡོད། དཔེར་ན། འདས་པའི་ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་ལ་བོད་ཀྱི་བླ་སྤྲུལ་མང་ཆེ་བས་དབུས་གཞུང་དང་ས་གནས་ཁག་གི་དཔོན་ངན་ཚོ་དང་ངན་འབྲེལ་བྱས་ཏེ་ས་འབྲུ་བར་དང་ས་ཕག་བར། དེ་བཞིན་རིན་སྤུངས་དང་དགེ་ལུགས་བར། གཙང་པ་སྡེ་སྲིད་དང་དགེ་ལུགས་བར། རྙིང་མ་དང་དགེ་ལུགས་བར། གཙང་འབྲུག་བར་བཅས་ལ་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་གྲངས་མེད་བསླངས་ཤིང༌། ཐ་ན་སེ་འབྲས་གཉིས་མི་ལོ་ཉི་ཤུའི་རིང་ལྷ་ལྡན་སྨོན་ལམ་ཆེན་མོར་ཕེབས་མ་ཆོག་པ་བཟོས་པ། སྡེ་སྲིད་སངས་རྒྱམ་དམར་གསོད་དང༌། རྒྱལ་པ་ཚངས་དབྱངས་རྒྱ་མཚོ་རྒྱང་ཕུད་དུ་བཏང་བ། རྒྱལ་དབང་ལྔ་བའི་ཡང་སྲིད་རྫུན་མ་བཟོས་པ། མཁས་དབང་དགེ་ཆོས་ཉེས་མེད་བཙོན་འཇུག་བྱས་པ་ཚུན་ཆད་ཀྱི་རྒྱབ་ཕུགས་ཀྱང་ཞིབ་ཚགས་ཀྱིས་བསམས་ན་བླ་སྤྲུལ་འགས་བྱས་པ་ཤ་སྟག་ཏུ་སྣང༌ངོ་།
འོ་ན་དེས་ཅི་ཞིག་མཚོན་ཐུབ་སྙམ་ན། དེ་ཡང་བཤད་པར་བྱ་སྟེ། ཆོས་པ་ཚོས་སྲིད་དོན་གྱི་བྱེད་སྒོར་ལག་པ་ནག་པོ་བསྲིངས་པ་དང་སྲིད་དོན་པ་ཚོས་ཆོས་ལུགས་ཀྱི་བྱེད་སྒོར་ལག་པ་ནག་པོ་བསྲིངས་པ་མཚོན་གྱི་ཡོད་པ་མ་ཟད། དེས་འདས་པའི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་དེ་ཡང་དག་པ་ཞིག་ལག་ལེན་བསྟར་མ་ཐུབ་པའམ། ཆོས་སྲིད་ཟུང་འབྲེལ་བྱས་པར་དགེ་མཚན་རྩ་བ་ནས་མེད་པ་མཚོན་གྱི་ཡོད་པ་མ་ཡིན་ནམ། འོ་རེད་བསམ་ཚུལ་འདི་ཀུ་རེ་ཞིག་གི་ཚུལ་དུ་སེམས་ནང་འཆར་ཚུལ་ལྟར་ཤར་མར་བྲིས།
དབྱངས་ཅན་ལྷ་མཛེས། ངོ་མ་མིང་ཡག་པོ་ཞིག་རེད། ཁྱེད་དྲ་ངོས་སུ་ཕེབས་པར་དགའ་བསུ་ཡོད། ཡིན་ན་ཡང་ངས་གསལ་བཤད་ཅིག་བྱེད་དགོས་བྱུང་བས། དགོངས་འགལ་མེད་པར་ཞུ་རྒྱུ་ཡིན། ཁྱེད་ཀྱིས་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་༽ཞེས་པའི་དཔེ་དེབ་རྩོམ་པ་པོ་དེ་སྒོ་ཤེས་རབ་ཡིན་ཚུལ་བཤད་འདུག དཔེ་དེབ་དེ་རྩོམ་པ་པོའི་སྐྱེས་མིང་ལ་ལྷ་ལྡན་དང་། རབ་ཏུ་བྱུང་བའི་ཆོས་མིང་ལ་ཐུབ་བསྟན་བློ་བཟང་ལྷུན་འགྲུབ་ཟེར་བ་ལས་སྒོ་ཤེས་རབ་མི་ཟེར། ཁོང་༼ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དཔེ་དེབ་རྩོམ་པ་པོ།༽གི་སྐོར་རྒྱུས་ལོན་བྱེད་འདོད་ཡོད་ན་དྲ་ངོས་འདིའི་མཆན་གྲངས་ ༨༢ པར་གཟིགས་དང་མཁྱེན་རྟོགས་ཐུབ་ངེས་ཡིན།
གཞན་ཡང་། ༼ང་ཚོ་སད་རན་༽ཞེས་པའི་དཔེ་དེབ་རྩོམ་པ་པོའི་མཚན་ལ་སྒོ་སྔུན་ཚང་ངམ་སྒོ་ཤེས་རབ་གཉིས་བསལ་འདམ་བྱེད་ཆོག་པ་ལྟ་བུ་ཞིག་བྲིས་ཡོད་ཀྱང་། སྒོ་སྔུན་ཚང་ནི་སྒོ་ཤེས་རབ་ལགས་ཀྱི་ཁྱིམ་ཚང་གི་མིང་ཡིན་པ་ལས། གོང་གསལ་གྱི་དཔེ་དེབ་༼ང་ཚོ་སད་རན་༽དེ་རྩོམ་པ་པོའི་མཚན་མ་ཡིན་སྟབས། རྗེས་སོར་དེ་འདྲའི་རིགས་ལ་ཡིད་གཟབ་གང་ཐུབ་ཐུབ་ཀྱིས་གནང་རོགས་ཞུ་རྒྱུ་ཡིན། ཐུགས་ལ་མི་བདེ་བ་དེ་འདྲ་བྱུང་ཡོད་ན་བསྐྱར་དུ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།་
ད་དུང་རྒྱལ་མོ་རོང་གི་རྒྱལ་ཕྲན་གྱི་རྒྱལ་པོ་དག་ཀྱང་བོད་ཀྱི་བླ་སྤྲུལ་གྱིས་ངན་པ་ལག་འབྲེལ་གྱིས་གསོན་བསྲེགས་བཏངས་ཏེ་རྒྱལ་མོ་རོང་ཡང་རྒྱ་ལག་ཏུ་གཏད་རབས་ཡོད་འདུག་པས་འདི་དག་ཀྱང་དེ་ཡི་ཁུངས་སུ་འཇོག་རོགས།
རྔ་གཡང་ཕྱུག་མོའི་ལྷ་མོ་ཚེ་སྐྱིད་ལགས་ནས་ཕྲན་གྱི་བསམ་ཚུལ་ལ་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ།
འོན་ཀྱང་ད་དུང་ཡང་ང་ཡི་དྭོགས་པ་སེལ་ཁག་པོ་ཆགས་འདུག
མ་གཞི་ནས་མཁས་དབང་ཁོང་གིས་བོད་ཀྱི་རིག་གཞུང་ལ་རྨད་དུ་བྱུང་བའི་ཞབས་འདེགས་ཞུས་པ་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད།
བོད་ཀྱི་གཏམ་དཔེར།
ཕྱུགས་པོས་འཁྲབ་ཚད་ཞབས་བྲོ།
སྤྲང་པོས་འཁྲབ་ཚད་ཐལ་འཚུབ།
ཅེས་པའི་གཏམ་དཔེ་དེ་དྲན་གསོས་ཀྱི།
འོ་རེད། གོང་གསལ་གྱི་མཆན་བརྒྱ་དང་བཅུ་མེད་དགུ་པའི་ནང་གུས་པས་སྒོ་ཤེས་རབ་ལགས་དང་ཁོང་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་གཉིས་ངོ་སྤྲོད་བྱེད་སྐབས། དཔེ་དེབ་ཀྱི་ཁ་བྱང་དུ་༼ང་ཚོ་སན་རན་༽ཞེས་འབྲི་ནོར་བྱུང་ཡོད་སྟབས། དྲ་གྲོགས་རྣམ་པ་ཚོས་༼ང་ཚོ་སད་རན་༽ཞེས་པར་བཅོས་སྒྲིག་གིས་ཀློག་འདོན་གནང་རོགས་ཞུ་རྒྱུ་ཡིན།
ཚེ་སྐྱིད་ཀྱིས་ལན་འདེབས་བྱས་པར་བཀའ་དྲིན་ཆེ། དྲ་གྲོགས་ཚུལ་ལྡན་ཞིག་ཡིན་པའི་སྣང་བ་སྤྲད་སོང་། སྒོ་བརྩོན་གྱི་དེབ་འདིའི་ནང་དོན་ཅི་ཡིན་ལ་བལྟ་ངེས་ཡིན། ཡིན་ནའང་། ད་ལྟའི་དུས་སྐབས་སུ། ང་ཚོ་སད་རན་ཞེས་ཀི་འདེབས་པ་ལས། སོ་སོ་སད་པ་ཙམ་མ་ཟད། སད་ཡོད་པའི་ལག་རྗེས་རེ་དངོས་སུ་སྟོན་ཐུབ་ན་རབ་རེད། བོད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་གཏམ་བཤད་གནས་ཚད་པོ་དང་། རྩོམ་ཡིག་བྲིས་ཚད་པོས། གྲྭ་བ་སྨོན་ལམ་ཟེར་བ་མི་གཅིག་གིས། བོད་ཡིག་གི་སྤྱོད་རྒྱ་ཇེ་ཆེར་གཏོང་བའི་ལམ་ཁ་བཟོ་བཞིན་པ་འདིའི་དོ་ཟླར་ཡོང་གི་མེད་པའི་ཡིད་ཆེས་བྱེད་མཁན་ཞིག་ཡིན། འོ་ཡ། དེ་ནས། ཁྱོད་ཀྱི་དྲ་ཐོག་གི་མཆན་འགོད་སྟངས་འདི་ཡང་སྐྱེས་བུ་རབ་ཅིག་གི་སྤྱོད་པ་ཡིན་པར་བསམ་བཞིན་ཡོད། གང་ཟག་ལ་མི་སྟོན་ཆོས་ལ་སྟོན་ཞེས་པ་ལྟར། ཕ་ཡུལ་རྔ་བ་དང་སྐྱེས་མིང་ཚེ་སྐྱིད་སོགས་ནི་དྲ་ཐོག་ཏུ་འབྲེལ་མེད་དོན་གཞན་ཞིག་རེད།
ལ་སྟོད་པ་འདི་ཆོས་དང་དམིགས་བསལ་དུ་བོན་མ་གཏོགས་བསམ་རྒྱུ་དྲན་རྒྱུ་བཤད་རྒྱུ་མེད་པར་དེའི་ལ་རྒྱས་བསྡམས་ཞིང་བཀྱིགས་ནས་བཞག་ཡོད་པའི་མི་ཁྲོ་ཐུང་གུ་དོག་ཅིག་ཡིན་པ་དྲ་གྲོགས་ཚོར་ས་རིས་ཐང་གསལ་ཡིན་ནོ།
གོང་དུ་གཏམ་བཤད་གནས་ཚད་པོ་ཞེས་འབྲི་ནོར་ཐེབས་པ་དེ་གཏམ་བཤད་གནངས་ཚད་པོ་རུ་བཅོས་རོགས་མཛོད།
ལྷ་ལུང་དོན་འགྲུབ་ལགས།
ཁྱེད་ཀྱི་ཐུགས་དང་འགལ་རིགས་བྱུང་ཚེ་དགོངས་པ་དྭངས་པར་ཞུ།
མི་སུ་ཞིག་ཡིན་ནའང་རིགས་དང་སྐྱེས་ཀྱི་རང་རང་གི་རྒྱལ་ཁབ་དང་ལུགས་དང་ལྟ་གྲུབ་ལས་སོགས་ལ་ཞེན་ཁོག་མེད་པ་གཅིག་གཏན་ནས་མི་སྲིད། ཐམས་ཅད་དག་པར་སྣང་བའི་རྣལ་འབྱོར་པ་རེ་ཟུང་ཕུད་དེ་མིན་འཇིག་རྟེན་འདིར་རྙེད་པ་ཤིན་ཏུ་ནས་དཀོན།
མ་གཞི་ནས་དེ་ལྟར་གཟིགས་པའི་རྒྱུ་མཚན་ཞིག་ཀྱང་གཏན་གཏན་ཡོད་ངེས།
རྒྱུ་མེད་རྐྱེན་མེད་ཀྱིས་བསམ་ཡན་གྱི་འཆར་སྣང་དེ་འདྲ་ཡོང་དྭོགས་མེད།
དཔེར་ན། ཁྱེད་རང་ལ་ཚེ་སྐྱིད་ཀྱིས་ཡ་ལན་གནང་བར་དགའ་བ་བརྟས་འདུག་གཱ།
སྐུ་རྩེད་ཞུས་ཡིན།
ང་རང་ཚོ་སྐབས་རེར་རང་ཕྱོགས་དང་གཞན་ཕྱོགས་གཉིས་སུ་བཟུང་ནས་ཡིན་ལུགས་མིན་ལུགས་འདྲ་བཤད། སྐབས་རེར་དག་སྣང་ཡོད་ཚུལ་གྱིས་གང་སྙན་སྙན་གྱི་གཏམ་འདྲ་བཤད། ཐོད་པར་མཛུབ་མོ་བཙུགས་པའི་ཚེ་དག་སྣང་དེ་དག་དངོས་མེད་ནམ་མཁར་ཡལ།
དེ་འདྲ་ཞིག་ངེད་ཅག་ཀུན་ལ་ལྷན་སྐྱེས་སུ་ཡོད་པའི་ང་ཞེས་སྲ་ཐེང་ངེར་ཡོད་པའི་བདག་འཛིན་བརྟན་པོ་དེ་ཡོད་པའི་ལན་པ་ཡིན་དུས་དེ་སྤོངས་བར་ཡུན་རིང་ཙམ་ཐོགས་ཡོང།
ལྷ་ལུང་དོན་འགྲུབ་ནས (གཏམ་བཤད་གནས་ཚད་པོ་ཞེས་པ་་་་གཏམ་བཤད་གནངས་ཚད་པོ་)ཞེས་སུ་བཅོས་རོགས་གསུངས་འདུག་དེ་ལས་ཀྱང་གོ་དཀའ་བར་ཆགས་སོང།
གཏམ་བཤད་གནངས་ཚད་པོའི་གོ་དོན་ཞིག་འགྲེལ་གནང་ན་ཡོང་ང་འདུག་གམ།
བཀུར་འོས་དྲ་གྲོགས་མིག་བརྒྱད་པ་ལགས།
དྲ་གྲོགས་ཉིད་ཀྱིས་ང་ལ་རྟིང་སྐུལ་དང་དགའ་བསུ་བྱས་པ་ནི་ངའི་སེམས་སྟོབས་ཤིག་ལ་ཆགས་སོང་བས་ན། ཐུགས་རྗེ་ཆེ།
བཙན་བྱོལ་ནང་གི་སྙན་ངག་པ་གླུ་སྨྱོན་ལགས་ནི། ངའི་སྙན་ངག་གི་མིག་དཔེ་ཞིག་ཡིན་ལ། མ་སྐད་བེད་སྤྱོད་གཏོང་མཁན་གྱི་དཔེ་སྟོན་ཡང་ཡིན་ནོ།།
སྤྱིར་ན། ཆབ་སྲིད་པ་ཀླུ་མཁར་བྱམས་ཀྱི་གདེང་སྤོབས་ལ་ཡི་རངས་ཆེན་པོ་ཡོད་མོད། མཚམས་རེར་ཁོས་གཏམ་བཤད་བྱེད་ཕྱོགས་རེ་ཟུང་གིས་རྒྱ་གཞུང་ལ་བརྡ་ལན་སྤྲད་པ་ལྟ་བུའི་ཚོར་སྣང་བྱུང་མྱོང་ཡོད་དེ། ཅིག་བྱས་ན། ངའི་ཆབ་སྲིད་གོ་རྟོགས་ཀྱིས་མ་བསྙོབས་པ་ཡིན་སྲིད། ཡང་མིན་ན། ཏག་ཏག་དེ་འདྲ་ཞིག་ཡིན་སྲིད་ན་ཐང་། གང་ལྟར། ད་ལྟའི་བར་དུ། ཀླུ་མཁར་བྱམས་ཀྱི་གཏམ་བཤད་མང་ཆེ་བའི་ནང་དུ་སྐུ་དྲག་དང་སྤྲུལ་སྐུ་རིགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་འགན་ལེན་བྱས་ན། མཇུག་འབྲས་སྐྱ་ཆད་སྔོ་སྡུག་ཅིག་ཡོང་བ་འདས་པ་དང་ད་ལྟའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་གཞིགས་ནས་ཁ་རྡུང་བཏང་དང་གཏོང་གིན་པ་ནི། གཏིང་ཟབ་པའི་ངོས་འཛིན་དང་མི་རབས་གསར་བར་སྤོབས་པ་བསྐྱེད་གཞི་ཞིག་རེད་ལ། ད་རུང་ཇེ་གསལ་དུ་བཏང་ན། ཁོས་ཆོས་སྲིད་ཁ་ཁ་བྱས་ནས་ངེས་པར་དུ་འགྲོ་དགོས་པའི་བསམ་སྟངས་ལ་དཔྱད་གཞི་ཆེན་པོ་ཡོད་པ་ཞིག་ཀྱང་རེད། རྒྱུ་མཚན་ནི། ང་རང་གི་བསམས་པ་ཡིན་རུང་། བོད་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་འཕེལ་དགོས་ན། དང་ཐོག་ཆོས་སྲིད་གཉིས་ཀའི་རིག་གནས་ཀྱི་དགོས་མཁོ་ལྟར། རང་རང་གི་ལམ་ལུགས་ཐོག་ཏུ་འགྲོ་ཐུབ་པ་བྱས་ན། གཞི་ནས་ཆོས་པ་དང་ཆབ་སྲིད་པ་གཉིས་ཀྱིས་རང་རང་ལ་མཛའ་བའི་ལམ་ལུགས་ཀྱི་སྒང་དུ་བསྐྱོད་རྒྱུ་ལས། ཆོས་པས་ཆབ་སྲིད་ལ་ཐེ་བྱུས་མི་ནུས་པ་དང་ཆབ་སྲིད་པས་ཆོས་ལུགས་ལ་ལག་པ་འཆང་མི་བདེ་བའི་ཕྱིར་རོ།། གང་གིས་ཟེར་ན། ཆོས་སྲིད་རིག་གནས་ཀྱི་རང་རང་གི་དགོས་པ་དང་ངོས་འཛིན། བྱ་ཐབས་དང་ལག་ལེན་ལ་ཁྱད་པར་ཆེན་པོ་མངོན་གསལ་དོད་པོར་ཆགས་འགྲོ་བས་སོ།།
རྟ་ནག་སྐལ་བཟང་ལུང་རིགས་ཀྱི་བསམ་ཚུལ་དང་ཆེད་རྩོམ་མང་ཆེ་ཤོས་བཀླགས་མྱོང་ཡོད། ཁོའི་ཚིག་སྤྱོར་ལ་བསྟན་བཅོས་རྙིང་བའི་ཉམས་འགྱུར་ཞིག་འདུག་ལ། ཁོའི་ལྟ་ཚུལ་ཡིན་ན། གསར་བརྗེ་གསར་གཏོད་ཀྱི་ཕྱོགས་སུ་མཆེད་ཀིན་པ་འདྲ་བོ་རེད་དེ། ཁོའི་བསམ་བློ་གཏོང་ཕྱོགས་མཚམས་རེར་གུ་དོག་པའི་ཚོར་སྣང་འདྲ་ཞིག་ང་ལ་བྱུང་མྱོང་། གང་ལྟར། ཁོ་ནི།
སྙན་ངག་མེ་ལོང་མ་མེར་བསྲེག་གཏོང་ན་འདོད་མཁན་ཞིག་རེད། འདི་ནི། ང་ལ་མཚོན་ན། དགའ་སྤོབས་སྐྱེ་གཞི་ཞིག་རེད། གང་གིས་ཟེར་ན། རྙིང་ཞིང་ཁོགས་པའི་རྩོམ་ཐབས་ཤིག་གིས་བོད་ཀྱི་རྩོམ་རིག་གི་ཚབ་མཚོན་བྱེད་ཐུབ་རྒྱུ་མ་རེད་ལ། འདི་ཚོའི་རིགས་དེ་ངེས་པར་དུ་རྒྱུན་འཛིན་བྱེད་དགོས་པའི་རྒྱབ་ལྗོངས་ཅི་ཡང་ཡོད་ནི་མ་རེད། གཅིག་ནས། རྨང་གཞི་བོད་ཀྱི་རྣམ་དཔྱོད་མིན་པ། གཉིས་ནས། བོད་རང་གི་མཛེས་དཔྱོད་ཀྱིས་རྩོམ་ཐབས་མིན་པ། གསུམ་ནས། རང་ཕལ་བ་དང་གཞན་ཞིག་གལ་ཆེན་དུ་བཟུང་བའི་ངོས་འཛིན་གཞན་ཕྱོགས་ཅན། བཞི་ནས། ད་ལྟའི་བར་དུ། འདིའི་ངན་ཤུགས་ལ་བརྟེན་ནས་བོད་ལ་རྩོམ་རིག་གཞུང་ལུགས་ཤིག་ཆགས་ཐུབ་མེད་པ། ལྔ་ནས། བོད་ཀྱི་ངོས་འཛིན་དང་ལྟ་སྟངས་ལ་ཕྱོགས་མང་པོ་ཞིག་ནས་བཀག་རྒྱ་བཟོས་ཡོད་པ་སོགས་སོ།། ད་རུང་རྗེས་ཕྱོགས་འདིའི་སྐོར་ནས་བགྲོ་གླེང་ཡོང་ན། ལྷོད་ཀྱིས་བསྐྱོད་ཆོག་གི་རེད་ལགས། དྲ་གྲོགས་རྣམ་པ།
འདི་ནས། ངེས་པར་དུ་གླེང་དགོས་པ་ཞིག་ཡོད་པ་ནི། བོན་རྒྱ་བསྟན་འཛིན་རབ་རྒྱས་རེད། ཁོའི་རྩོམ་རྩལ་ནི་བཙན་བྱོལ་ནང་ནས་མི་ཆོག་རྒྱུ་མེད་ཅིང་། ལྷག་པར་དུ་དགོན་སྡེའི་སློབ་གསོའི་སྐོར་ལ་དཔྱད་བརྗོད་སྤེལ་བར་དེ་བས་ཀྱང་རིན་ཐང་ཆེ་གི ད་རུང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་པའི་རྒྱབ་ལྗོངས་དང་ལངས་ཕྱོགས་སོགས་གླེང་སྟངས་ཀྱི་བརྒྱུད་རིམ་ནི། དོན་དམ་གྱི་ཆོས་སྲིད་ཐ་དད་ཡིན་པའི་དངོས་བདེན་ཞིག་དང་གནས་ལུགས་ཤིག་གསེད་བཀྲོལ་བྱས་པ་ནི། བོད་འདི་སད་རིམ་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པས་ན། ངས་ཁོ་ལ་རྒྱབ་སྐྱོར་དང་ཡི་རངས་བྱའོ།།
གཞིས་སུ་བཞུགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་གསུང་རྩོམ་བཅུ་ཉིས་ལྷག་ཡོད་པ་ཕལ་ཆེར་བཀླགས་མྱོང་ཡོད་ལ། རེ་ཤས་ཚར་མང་པོ་ཞིག་བསྐྱར་ཀློག་བྱེད་མྱོང་ཡང་རེད། དེའི་བརྒྱུད་རིམ་ཁྲོད་ནས། ཁོང་ལ་དམིགས་བསལ་གྱི་ཡོན་ཏན་ཞིག་ཡོད་པ་ནི། བོད་ཀྱི་སྐད་ཡིག་འདི་དར་སྤེལ་གཏོང་ཕྱོགས་ཀྱི་གཏིང་ཟབ་པའི་ཐབས་བྱུས་དང་བསམ་དཀར། ལག་ལེན་དང་གྲུབ་འབྲས་སོགས་རེད། ད་དུང་ཁོང་གི་ཆོས་ཀྱི་གོ་རྟོགས་ཚད་མཐོ་ཡིན་པ་མ་ཟད། ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་ལ་ལྟ་རྒྱ་ཆེ་ཞིང་མཐར་ཐུག་གི་ལྟ་བ་གཅིག་ཏུ་འབབ་ཚུལ་གསུངས་འདུག་པ་ནི། ཁོང་རང་ཆོས་པ་ཡིན་པའི་ཆ་ནས་རིན་ཐང་རྙེད་སྟངས་ཤིག་ཡིན་པས་ན་ཡི་རངས་བྱའོ།།
འཇིགས་མེད་རྒྱལ་མཚན་དང་བཛྭ་འཕྲིན་ལས། རྒྱ་གྲོལ་དང་མུན་འཇོམས་སྒྲོན་མེ་སོགས་ནི། ཆོས་དང་ཆོས་ཀྱི་ཕན་ནུས་རང་གི་ཉམས་སུ་ལེན་རྒྱུའི་ཚབ་ལྟ་བུར་དམངས་ཚོགས་དཀྱུས་མ་རྣམས་དང་ལྷག་པར་དུ། མ་འོངས་བོད་ཀྱི་ཤུལ་འཛིན་ཡོད་ན་མེད་ན་གཞོན་སྐྱེས་ཚོ་ལ་ཆོས་ཀྱི་བཀག་རྒྱ་མང་པོ་ཞིག་སྤེལ་བའི་རྐྱེན་གྱིས། འདི་ཡིན་དེ་ཡིན་མེད་པའི་མི་རབས་ཤིག་སྐྱེད་སྲིང་བྱེད་ཀྱིན་པའི་རྣམ་པ་འདིས། བོད་ཀྱི་ཆབ་སྲིད་ཆིག་རྐྱང་བའི་ནུས་ཤུགས་ཉམས་རྒུད་དུ་བཏང་བ་དང་གཅིག་མཚུངས་ཤིག་མ་རེད་དམ། གཞན་ཡང་། འདི་ལྟ་བའི་སློབ་གསོའི་བརྒྱུད་རིམ་ནི། དོན་དངོས་ཀྱི་ཆོས་དང་ཆོས་པའི་རྒྱབ་འགལ་དུ་འགྲོ་གིན་པའང་རེད།
དེ་ནས། དྲ་གྲོགས་ཁྱེད་ཀྱི་ངོས་འཛིན་ལ། ང་དངོས་གནས་ཡ་མཚར་སོང་། གང་གིས་ཟེར་ན། བཙན་བྱོལ་བོད་མིའི་བྱུང་བའི་ནང་དུ། དམར་ཕྱོགས་པའི་ཚོགས་སྡེ་དམིགས་འཛུགས་བྱས་མྱོང་ཡོད་པ་རེད་ལ། ༸ཡིད་བཞིན་ནོར་བུའི་བཀའ་སློབ་རིམ་པའི་ནང་དུ། ཁོང་གི་དགོངས་པ་བཞེས་ཕྱོགས་ཕྱེད་ནང་པ་དང་ཕྱེད་དམར་བོ་ཡིན་པ་ཡང་ཡང་གསུངས་ཟིན་པ་རེད།
སྤྱིར་ན། ཆོས་ཁས་མ་བླངས་ན་དོན་དམ་དམར་ཕྱོགས་པ་ཡིན་པའི་ཁྱབ་ཀི་མ་རེད་ལ། ཆོས་སྲིད་སོ་སོ་བའི་ལམ་དུ་སྐུལ་མཁན་རྣམས་ནི། དེ་བས་ཀྱང་དམར་ཕྱོགས་པ་མ་རེད། ངས་ནམ་ཞིག་ཡིན་རུང་། ནང་ཆོས་ལ་རིན་ཐང་དང་ཕན་ནུས་མེད་ཚུལ་བསྙད་མྱོང་མེད་ལ། གཞན་ཡང་། ཁས་ལེན་མི་ལེན་དེ་རང་མོས་རང་ཐག་གིས་ཡོང་རྒྱུ་ལས་འགྲིགས་མིན་དེ་བས་ཀྱང་བཤད་མྱོང་མེད། མདོར་ན། ངས་གང་ཞིག་གི་ཕྱོགས་སུ་བསམ་ཞིབ་བྱེད་ཀིན་ཡོད་ཟེར་ན། ཆོས་སྲིད་སོ་སོ་བའི་ལམ་དང་ལུགས་སྲོལ་གྱི་ཐོག་ཏུ་ཤར་བསྐྱོད་ཐུབ་རྒྱུ་ན། ཆོས་སྲིད་རིག་གནས་རང་རང་གི་རིན་ཐང་དང་དགོས་དམིགས་རྣམས་མངོན་འགྱུར་ཐུབ་ཀི་རེད་སྙམ་པའི་བསམ་གཞིག་དེ་ཡིན་ནོ།། བོད་འདི། གནའ་ནས་ད་ལྟའི་བར་དུ། བསྲེས་མ་བསྲེས་ཀྱི་ལམ་གཅིག་ཏུ་ཐོག་ཏུ་བསྐྱོད་དྲགས་པའི་སྟོབས་ཀྱིས། ཆོས་སྲིད་རིག་གནས་རང་རང་གི་ཉམས་ཞན་དུ་བཏང་བ་མ་ཟད། བོད་མི་རིགས་ཀྱི་ཁ་ཕྱོགས་འདི་ཡང་འདི་འདྲའི་འཛིན་རྒྱུ་མེད་པ་ཞིག་ཏུ་བསྒྱུར་སོང་བ་རེད།
དེ་འདྲ་ཡིན་དུས། ཁ་སང་གི་འབྲས་བུ་དེ་རིང་གི་ཕམ་ཁ་འདི་ཡིན་ནོ།། སང་ཉིན་གྱི་ཁ་ཕྱོགས་དེ་རིང་གི་འགྲོ་སྟངས་ལ་བརྟེན་ཕྱིར། དེ་རིང་གི་འགྲོ་སྟངས་ནི། ནོར་བར་ཡོ་བསྲང་བྱས་ནས། སང་ཉིན་གྱི་འགྲོ་ཕྱོགས་ཇེ་བཟང་ཇེ་བརྟན་དུ་གཏོང་དགོས་པ་ནི། དུས་རབས་ཉེར་གཅིག་པའི་བོད་མི་རིགས་ཀྱི་རྒྱང་ཆོད་པའི་རྣམ་དཔྱོད་དང་ཆོད་སེམས་ཆེན་པོ་ལ་རག་ལས་ཡོད་སྟབས། གང་ལྟར། གལ་གནད་ལ་ཐུག་དུས། བློས་བཏང་དང་ངོས་འཛིན་ཞིག་ཆེན་པོ་ཞིག་དགོས་པ་དེ་མ་མཐའི་ཆ་རྐྱེན་རེད་དོ།།
བཀུར་འོས་དྲ་གྲོགས་འོ་མ་ལགས།
ཁྱེད་ཀྱིས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་སྐུ་ཚེ་ཆུང་དུས་སྐབས་ཀྱི་དངོས་ཡོད་མདོར་བསྡུས་ཤིག་མཚམས་སྤྱོར་བྱས་པར་བཀའ་དྲིན་ཆེའོ།། ད་དུང་ཡིན་རུང་། ཁོང་གི་གནས་ཚུལ་གང་མང་མང་ཞིག་ངོ་སྤྲོད་ཡོང་བའི་རེ་འདུན་ཞུའོ།།
གང་ལགས་ཞེ་ན། གཅིག་ནས་ཁོང་གིས་བོད་ཀྱི་མདུན་ལྗོངས་ལ་ལྟ་སྟངས་ཡག་པ། གཉིས་ནས་ཁོང་གི་ཐབས་བྱུས་གཏིང་རིམ་ཟབ་པ། གསུམ་ནས་ཁོང་གིས་བོད་འདི་ད་ཡིན་ན་སད་རན་པའི་ཕྱོགས་སྟོན་ཆེན་པོ་ཐོབ་ཡོད་པ། བཞི་ནས་ཁོང་ལ་དངོས་བདེན་དང་གནས་ལུགས་ཀྱི་རྒྱབ་རྟེན་མཐུག་པ་སོགས་ཀྱི། ཁོང་ལ་དོ་སྣང་བྱེད་རིན་ཡོད་པའོ།།
དྲ་གྲོགས་སྤྲིན་དཀར་གྲོང་ཚོ་ལགས།
《བོད》
རླུང་འཚུབ་དྲག་པོའི་ཤུགས་ཀྱིས།།
དར་ལྕེ་ཟད་པོར་བསྒྱུར་སོང་།།
སྐྱོ་མདངས་སྐྱ་ཆད་ཁྲོད་ནས།།
ད་རུང་རང་ངོས་མི་ཟིན།།
《སྲིད》
ཆོས་ཀྱིས་བཀག་རྒྱ་ཐེབས་ནས།།
རང་རྐང་ས་ལ་མ་ཚུགས།།
རང་སྲུང་ནུས་པ་ཕར་ཞོགས།།
རང་ལུགས་རང་ཚུགས་ཤོར་སོང་།།
《ཆོས》
དགོས་དམིགས་རྒྱབ་ལ་བསྐྱུར་ནས།།
མི་དགོས་དང་དུ་བླངས་རུང་།།
ཆོས་སྲིད་གཉིས་ཀའི་ཁ་སྟབས།།
ཇེ་ཞན་ཇེ་དོག་བཏང་སོང་།།
《མ་འོངས》
རིག་གནས་གཉིས་ཀའི་གྲུབ་འབྲས།།
མངོན་གྱུར་ཆེན་པོ་དགོས་ན།།
རང་རང་མཛའ་བའི་ལམ་དེ།།
བགྲོད་རྒྱུ་ཕྱི་ཡང་དྲགས་འདུག །
མཁས་དབང་དུང་དཀར་ཚང་གིས། ༼ “མི་བཞི་ཤོག་ཁག་”གིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་མི་རིགས་ཡོད་པ་ཁས་མི་ལེན་པ་དང་། མི་རིགས་ཀྱི་རིག་གནས་དང་ཡི་གེ་རྗེས་ལུས་ཡིན་པ། བོད་ཡིག་ནི་བླ་མའི་ཡི་གེ་རེད་ཟེར་བ་སོགས་དམའ་འབེབས་ཤུགས་ཆེན་བྱས་ནས་གཏོར་བཤིག་ཚབས་ཆེན་བཏང་བའི་འོག བློ་མཐུན་མི་ཉུང་བ་ཞིག་གིས་བཤད་དོན་དུ། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་བྱས་པ་ཟེར་བའི་ཤོད་ཚུལ་དེ་དཔའ་བོས་ལོ་རྒྱུས་གསར་བསྐྲུན་བྱས་པའི་ལྟ་ཚུལ་ཅེས་བཤད་པར་མ་ཟད། དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་བོད་ཡིག་འདི་གོ་མི་ཆོད་པ་དང་། རྗེས་ལུས་བཅས་སོགས་ཡིན་པས་བོད་ཡིག་གསར་བ་ཞིག་བཟོ་དགོས་ཟེར༽གསུངས་པ་ལྟར་མི་བཞིའི་ཤོག་ཁག་རྩ་མེད་བཏང་བའི་རྗེས་སུ་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཕྱོགས་ལ་ཏན་ཏན་རོགས་འདེགས་བྱས་ཡོད་པ་རེད། ལོ་རབས་བརྒྱད་ཅུ་བའི་དུས་མགོ་ནས་དགོན་པ་ཁག་ཉམས་གསོ་དང་ནང་བསྟན་སློབ་གྲྭ་སོགས་སློབ་གྲྭ་ཁག་གསར་འཛུགས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཞིང་སྒེར་བདག་ཅན་དུ་བསྒྱུར་བ་སོགས་རང་དབང་གི་འཚོ་བ་ལོངས་སུ་སྤྱོད་ཆོག་པ་བཟོས་ཡོད། འདི་རྣམས་གུང་ཁྲན་ལ་མཚོན་ན་འགྱུར་བ་ཆེན་པོ་རེད། དེ་རྣམས་བོད་ཀྱི་བླ་མའི་མགོ་སྐོར་འོག་ཏུ་ཚུད་ནས་བྱུང་བའམ་བོད་ལ་སྙིང་རྗེ་ནས་བྱུང་བ་ཡིན་རྒྱུ་མ་རེད་ལ། མི་སྣ་རེ་གཉིས་ཤིག་གིས་སྒྱུར་ཆོག་ཆོག་ཅིག་དེ་བས་ཀྱང་ཡིན་རྒྱུ་མ་རེད། ཆབ་སྲིད་ཀྱི་དགོས་མཁོ་དང་འཛམ་གླིང་གི་ཁ་ཕྱོགས་དང་བསྟུན་ནས་བྱུང་བ་རེད། འདི་ཤེས་དགོས་པའི་གནད་དོན་གཅིག་རེད། ད་ལྟ་ང་ཚོའི་མདུན་ན་དཀའ་ངལ་གཅིག་རང་ལྷག་ཡོད་པ་ནི་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་འདུམ་འགྲིག་ཡོང་རྒྱུ་དེ་རེད། འདི་ནི་འཛམ་གླིང་གི་ཁ་ཕྱོགས་དང་མཐུན་པ་ཡིན་ལ་གོང་ས་མཆོག་གི་དགོངས་གཞི་ཡང་དེ་རེད། ཡིན་ཡང་འདི་རྒྱ་ནག་གི་དགོས་མཁོ་དང་མཐུན་མིན་བཤད་དཀའ་ལ་འགྱུར་བ་འགྲོ་རྒྱུ་ཅུང་ཁག་པོ་ཡིན་རྒྱུ་རེད། དེ་མིན་ད་ལྟ་ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆ་དེ་ཚོ་ནུས་མེད་ཆགས་ཡོད་པ་དང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཆགས་ཡོད་པ་མ་རེད། དེ་ཡང་དུས་དང་མཐུན་པའི་འགྱུར་འགྲོས་རེད། ད་ལྟའི་གནས་སྐབས་སུ་ག་རེ་གལ་ཆེན་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་རིས་ཐར་བ་མངོན་འདོད་ན།།ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད།།ཞེས་གསུངས་པ་ལྟར་ཡང་དག་པའི་ལྟ་བ་ཟེར་བའི་ཚིག་གཅིག་འདིའི་ནང་དུ་མ་ཐེ་བའི་བསམ་པའི་ལོངས་སྤྱོད་ཚད་ལོངས་པ་ཞིག་འཇོག་དཀའ། བོད་མི་དམངས་ཀྱི་མངོན་འདོད་ཡང་དེ་ཡིན་པས་དེ་ལས་ལྷག་ཅིག་ང་ཚོས་འཇོན་རྒྱུ་མ་རེད་ལ་དེ་ལས་གཞན་ཅི་ཡོད། འགྲོ་བ་མི་རྣམས་ཁ་ཟས་ལ་བརྟེན་ནས་འཚོ་དགོས་བ་དང་གོ་ལ་གཅིག་གི་འདུ་ཤེས་ཀྱི་ཐོག་ནས་མཉམ་གནས་དང་འཚོ་གནས་བྱེད་ཐུབ་པར་འབད་རྩོལ་བྱ་དགོས་པ་ཡིན་རྒྱུ་རེད། ཡིན་ཡང་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་འགག་རྩར་ཐུག་ཡོད་པ་མ་རེད་དམ། ཉེ་ཆར་དཔའ་བོ་ཕུན་ཚོགས་ལགས་ཀྱི་འདྲ་པར་མཐོང་དུས་གྲྭ་བ་ལོ་ན་ཆུང་ཆུང་འདི་འདྲ་ཞིག་གིས་འཛམ་གླིང་ལ་འགུལ་ཀྱག་ཐེབས་སོང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་གི་ངོ་གདོང་གསལ་བོར་བསྟན་སོང་། དེ་རྗེས་ཉག་རུང་དང་དཀར་མཛེས་ཁུལ་ནས་གཅིག་རྗེས་གཉིས་མཐུད་དུ་ལས་འགུལ་འདྲ་མིན་སྤེལ་ཏེ། ཁོ་ཚོས་འབོད་སྒྲ་གཅིག་གི་འོག་ནས་རང་གི་གཅེས་བའི་ལུས་སྲོག་བདེན་པའི་ཆེད་དུ་གཏོང་བ་འདི་ཚོ་ཚང་མ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་མ་རེད་དམ། གལ་སྲིད་ཆོས་ལུགས་འདི་མིན་རྒྱུ་ན་གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་ལྷུང་ངེས་རེད། འདི་ལ་ངོ་མཚར་སྐྱེས་བྱུང་། དེས་ན་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ནང་བསམ་པའི་ལོངས་སྤྱོད་ཀྱི་ཐད་ནས་ཆོས་ཀྱི་སྐད་ཆ་བཤད། ཕྱིའི་དངོས་པོའི་ལོངས་སྤྱོད་ཀྱི་ཐད་ནས་ཚན་རིག་གི་སྐད་ཆ་འདྲ་བཤད་ན་ཉ་བདེ་ཆུ་བདེ། ཚང་མ་བདེའོ།། དེ་མིན་ཆོས་ལུགས་འདི་དགོས་མེད་མཁོ་མེད་ཅིག་ཏུ་བརྩི་ན་ཡོང་རྒྱུ་གང་ཡང་མེད་པ་གོང་སྨོས་གནད་དོན་དེ་དག་གིས་ཤེས་ཐུབ་པའི་རེ་བ་ཡོད། སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་ཙམ་གྱིས་མི་ཆོག་གི འདི་འདྲའི་ཐོག་ལ་ནུས་པ་འདོན་ཐུབ་ན་ཕ་ལ་སྐྱེས་བའི་བུ་རྒོད་རེད། ཨ་མའི་བུ་རེད།
རེག་དུག་གི་ནད་གཞིའི་སྐོར།
by Chap Tsang Jamphel on Sunday, June 12, 2011 at 9:49am
འདི་ལོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུས་པའི་རེག་དུག་ Aids སྐོར་གྱི་མཐོ་རིམ་ཚོགས་འདུ་དེ། འདི་ཟླའི་ཚེས་བརྒྱད་ནས་བཅུ་བར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ལས་ཁང་དུ་འཚོགས་ཡོད། ཚོགས་འདུ་དེ་རྒྱལ་ཁབ་སུམ་ཅུ་ལྷག་གི་མཐོ་རིམ་དཔོན་རིགས་དང་། འབྲེལ་ཡོད་རེག་དུག་གི་ནད་རིགས་སྐོར་གྱི་ཆེད་ལས་ཉམས་ཞིབ་པ་སོགས་འདུས་པའི་ཚོགས་འདུ་ཞིག་རེད།
ཚོགས་འདུ་དེའི་ཐོག རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་མཆོག་གིས། ལོ་ངོ་སུམ་ཅུའི་སྔོན་དེར་རེག་དུག་གི་ནད་འདི་ཤེས་རྟོགས་བྱུང་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་འགོས་ནད་འདི་འགོག་བཅོས་ཀྱི་བྱ་འགུལ་འདྲ་མིན་སྤེལ་བར་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༠༡ ལོ་ལས་ད་ལྟ་ན་ཚ་དེ་གསར་དུ་འགོས་ཁྱབ་སོང་བའི་མིའི་གྲངས་འབོར་བརྒྱ་ཆའི་ཉི་ཤུ་ཙམ་གྱིས་ཇེ་ཉུང་དུ་སོང་ཡོད། ད་ལྟ་ང་ཚོས་ཐུན་མོང་ཐོག་ནས་ན་ཚ་འདི་སྔོན་འགོག་གི་ལས་འགུལ་ཕྱོགས་ཡོངས་ནས་གཞི་རྒྱ་ཇེ་ཆེ་རུ་བཏང་སྟེ་ ༢༠༢༠ ལོར་འགོས་ནད་འདི་རྦད་དེ་རྩ་མེད་དུ་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད།
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་འགོས་ནད་ཞིབ་འཇུག་སྙན་ཐོའི་ནང་། ད་ལྟའི་ཆར་འཛམ་གླིང་གི་མི་གྲངས་ས་ཡ་སུམ་ཅུ་སོ་བཞི་ལ་རེག་དུག་གི་འབུ་ཕྲ་HIVའགོས་ཡོད་པ་དང་། དེ་ལས་བརྒྱ་ཆའི་ ༥༠ ལྷག་གིས་རང་རང་སོ་སོར་རེག་དུག་གི་ནད་འབུ་ཕྲ་མོ་འགོས་ཡོད་པ་ཤེས་རྟོགས་བྱུང་མེད། ད་ལྟའི་ཆར་རེག་དུག་གི་ན་ཚ་གསར་དུ་འགོས་པའི་མི་དེ་དག་ལས་བརྒྱ་ཆ་ ༤༡ གཞོན་སྐྱེས་དང་། དེ་ལས་ཀྱང་བརྒྱ་ཆའི་ ༦༠ ལྷག་བུད་མེད་གཞོན་སྐྱེས་ཀྱི་རིགས་ཡིན། མ་ཟད་འབྱུང་འགྱུར་བུད་མེད་གཞོན་སྐྱེས་ཚོར་རེག་དུག་གི་ན་ཚ་འགོས་པའི་གྲངས་འབོར་སྔར་ལས་ཀྱང་མང་དུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་བ་མ་ཟད། ཨ་ཧྥིུ་རི་ཀའི་ས་ཧ་ར་སོགས་སུ་ཕོ་མོ་འདྲ་མཉམ་མེད་པའི་རྐྱེན་གྱིས་རེག་དུག་གི་ན་ཚ་འགོས་པའི་བུད་མེད་གཞོན་སྐྱེས་ཀྱི་གྲངས་འབོར་དེ་བརྒྱ་ཆའི་ ༧༢ བར་སླེབས་སྲིད་པར་བརྗོད་ཡོད། ངོ་ལོ་ ༣༠ སྔོན་དེར་ཕྱི་ལོ ༡༩༨༡ ལོའི་ཟླ་ ༦ ཚེས་ ༥ ཉིན་ཨ་རིའི་འགོས་ནད་ཆེད་མཁས་མི་སྣས་ཐོག་མར་རེག་དུག་ཅེས་པའི་ན་ཚ་དེ་ངོས་འཛིན་བྱས་པའི་རྗེས་ནས་ད་བར་ངོ་ལོ ༣༠ ལྷག་གི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་གཞིར་བཟུང་ན་འཛམ་གླིང་ཁྱོན་ཡོངས་ནས་མི་གྲངས་ས་ཡ་ ༣༠ ལྷག་ན་ཚ་དེའི་དབང་གིས་འཆི་སྐྱོན་བྱུང་ཡོད།
འོ་ན། ན་ཚ་དེའི་བྱེད་ལས་ཇི་འདྲ་ཞིག་ཡིན་སྙམ་ན། ཐོག་མར་ནད་འབུ་ཕྲ་མོ་དེ་མིའི་ལུས་ཀྱི་ཁུ་ཁྲག་བརྒྱུད་ནས་འགོས་ཀྱི་ཡོད་པ་དང་། གལ་ཏེ་ནད་འབུ་ཕྲ་མོ་དེ་མི་གང་ཡང་རུང་བ་ཞིག་གི་ལུས་པོར་འགོས་ཁྱབ་བྱུང་ཚེ། རིམ་གྱིས་མི་དེའི་གཟུགས་གཞིའི་ནང་གི་ནད་འབུ་ཕྲ་མོའི་རིགས་འགོག་རྒོལ་གྱི་བྱེད་ནུས་ལྡན་པའི་ཁྲག་སྐུད་ཕྲ་ཕུང་དག་བསད་ནས་རྩ་མེད་དུ་གཏོང་གི་ཡོད། དེ་ནས་རིམ་བཞིན་མིའི་ལུས་ཕུང་གི་ནད་གཞི་གང་རུང་གི་སྲིན་འབུ་ཕྲ་མོའི་རིགས་ལ་འགོག་རྒོལ་བྱ་རྒྱུའི་ནུས་པ་ཇེ་ཞན་དུ་སོང་རྗེས། མི་དེར་གློ་ནད་དང་། མཆིན་ནད་ཀྱི་རིགས་འབྱུང་གི་ཡོད། ཐ་ན་སོ་སོའི་སྐྱི་པགས་ལ་རྨ་ཏོག་ཙམ་བཟོས་པ་དེ་ཡང་རྩ་བ་ནས་དྲག་ཐབས་མེད་པའི་གནས་སུ་ལྷུང་རྒྱུ་ཡིན། མ་ཟད་འགོས་ནད་དེ་རེག་དུག་གི་ངོ་བོར་གྱུར་ཟིན་པའི་རྗེས་འགྲོ་གྲོན་ཕོན་ཆེ་བཏང་སྟེ་ཚེ་སྲོག་གི་ཉེན་ཁར་གདོང་ལེན་བྱེད་དགོས་པ་ཆགས་རྒྱུ་ཡིན།
མིའི་ལུས་པོར་རེག་དུག་གི་ནད་འབུ་ཕྲ་མོ་འགོས་པའི་རྗེས་མི་རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལེགས་ཉེས་དང་བསྟུན་ནས་ལོ་གཉིས་ནས་བཅུའི་བར་འགོས་ནད་དེ་རེག་དུག་གི་ན་ཚའི་ངོ་བོར་འགྱུར་གྱི་ཡོད། བརྒྱུད་རིམ་དེའི་ཁྲོད་ནས་སྐབས་ལ་རེར་སྨན་བཅོས་ཀྱི་བྱེད་ཐབས་ལམ་སློང་ལྡན་པའི་དབང་གིས་ལུས་པོའི་ཁྲག་སྐུད་ཕྲ་ཕུང་དག་ཇེ་མང་དུ་གཏོང་ཐུབ་པ་བྱུང་སྟེ། ནད་རིགས་གང་རུང་ཞིག་ལས་དྲག་རྐྱེན་འབྱུང་སྲིད་མོད། འོན་ཀྱང་གཟུགས་གཞིའི་ཁྲོད་ཀྱི་རེག་དུག་གི་ནད་འབུ་ཕྲ་མོ་གཙང་བཟོ་ནམ་ཡང་བྱེད་ཐུབ་ཐབས་བྲལ་བ་རེད། ནམ་རྒྱུན་རེག་དུག་གི་ནད་འབུ་ཕྲ་མོ་དེ་མི་དང་མིའི་བར་འགོས་ཁྱབ་འགྲོ་བའི་བརྒྱུད་ལམ་གཙོ་བོ་ནི། མིའི་ལུས་ཀྱི་ཁུ་ཁྲག་ཡིན་པ་དང་། དེ་ཡང་ཕན་ཚུན་བར་འཁྲིག་སྤྱོད་དང་། ཕན་ཚུན་ཁྲག་མཁོ་འདོན་བྱེད་པ། མི་གཙང་བའི་སྨན་ཁབ་སོགས་ཡང་དང་བསྐྱར་དུ་བེད་སྤྱོད་བྱེད་པ་སོགས་ལས་འགོས་ཀྱི་ཡོད།
ཡིན་ན་ཡང་། རེག་དུག་གི་ན་ཚ་འགོས་ནས་ཡོད་པའི་མི་དང་མཉམ་དུ་ལག་འཇུ་བྱེད་པ་དང་། ཁང་པ་གཅིག་གི་ནང་མཉམ་དུ་སྡོད་པ། གཙང་སྤྱོད་དང་ཁྲུས་ཁང་མཉམ་སྤྱོད་བྱེད་པ་སོགས་ལས་འགོས་ཐུབ་ཀྱི་མེད། རེག་དུག་གི་ནད་འབུ་འགོས་ཡོད་མཁན་ཡོངས་ཀྱི་བརྒྱ་ཆའི་ ༩༠ ཙམ་གྱིས་དེང་ཐོག་རང་ཉིད་ལ་རེག་དུག་གི་ནད་འབུ་དེ་འགོས་ཡོད་པ་ཤེས་ཚོར་བྱུང་མེད་སྐོར་ཞིབ་འཇུག་མི་སྣ་ཚོས་གསུངས་ཡོད་སྟབས། མི་ཚང་མས་རང་ཉིད་ལ་ནད་འབུ་དེ་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། གལ་ཏེ་ནད་འབུ་ཕྲ་མོ་དེ་རང་ཉིད་ལ་འགོས་ཡོད་ཚེ། རྗེས་སོར་རང་ཉིད་ཀྱི་གཟུགས་གཞིའི་འཕྲོད་བསྟེན་ཐོག་དོ་སྣང་མང་ཙམ་མ་བྱས་པར་དེ་མུར་ལྷག་ན། ན་ཚ་དེ་མི་རིང་བར་རེག་དུག་གི་ན་ཚའི་ངོ་བོར་གྱུར་ནས་ཤི་སྒུག་བྱེད་དགོས་ཆགས་རྒྱུ་ཡིན་པར་མ་ཟད། མ་ཤི་བའི་རིང་དེར་ན་ཚ་དེས་ཁྱེད་ལ་བསམ་ཡུལ་ལས་འདས་པའི་མནར་གཅོད་གཏོང་རྒྱུ་ཡིན་སྟབས། ན་ཚ་དེའི་རིགས་མི་ཡོང་བའི་ཆེད་ཕྱོགས་ཡོངས་ནས་གདོང་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངས་བལྟས་ན་གྲྭ་པ་དང་ཨ་ནེ་འགས་ཀྱང་འདིའི་ཐོག་གཟབ་དགོས་ས་རེད།
ལ་སྟོད་བུ།
ཁྱོད་ཀྱིས་བཤད་པ་མ་རེད་ཟེར་རྒྱུ་མི་འདུག རང་ཉིད་འཇིག་རྟེན་ཆོས་བརྒྱད་ལས་ཐར་ཡོད་པར་རྩ་ནས་འདོད་ཀྱི་མེད།
ཆོས་ལ་དབྱེ་འབྱེད་ཆེར་མི་བྱེད་མོད། ཆོས་པ་ལ་གྲུབ་མཐའ་ཁྱད་མེད་ཀྱིས་ཤིན་ཏུ་ནས་དོགས་ཟོན་བྱེད་མཁན་ཞིག་ཡིན།
དེ་བས་བོན་ལ་གདུང་སེམས་མཉམ་སྐྱེད་བྱས་པ་ཙམ་གྱིས། བོན་པོ་ཁ་ཤས་ཀྱིས་ཀི་སྒྲ་དང་ངར་སྒྲ་བསྒྲགས་ནས། བན་དེ་ཚོར་ཕར་བརྙས་བརྐོ་བྱེད་པའི་ཡ་ང་བའི་ཟློས་གར་གྱི་འཁོར་ལོ་གཡོན་སྐོར་བྱེད་པར་ཤིན་ཏུ་དོགས། ཨེ་སི་རལ་གྱི་འཇུའུ་ཚོ་ནི་དེ་འདྲ་རེད། Holocaust ཡི་སྡུག་བསྔལ་བགྲངས་བགྲངས་ཏེ། རྒྱལ་སྤྱིའི་མི་དམངས་ཀྱི་སྙིང་རྗེ་ཐོབ་པའི་མཐའ་མར། ད་ནི་པཱ་ལི་སི་ཐན་གྱི་མི་དམངས་སྡུག་ལ་སྦྱོར་བཞིན་པ་ལྟ་བུ་རེད། ཕྱི་ནང་གི་མི་མང་པོ་ཞིག་གཙེ་ཡུལ་ནས་གཙེ་མཁན་ (Victim ནས་ Victimiser) ལ་འཕོ་སླ་བའི་གནས་ཚུལ་ཧ་ཅང་མང་། གང་ལྟར་ང་ཚོ་རྨོངས་གཉིད་ལས་སད་དགོས་ན། བོན་དང་བོན་པོ་ལ་འདྲ་མཉམ་དང་རང་དབང་སྤྲོད་དགོས་པའི་དུས་ལ་སླེབས་ཡོད་པའང་ཤེས་དགོས་པ་མ་ཟད། བཤད་དགོས་པ་ཞིག་རེད།
ལ་སྟོད་པས་”གཏམ་བཤད་གནངས་ཚད་པོ་”ཟེར་བའི་ཚིག་དོན་དེ་མ་གོ་བ་ལ་ཁག་མེད། ངའི་ཁ་ལག་གཉིས་ཨ་མདོའི་ཕལ་སྐད་ལ་གཞོལ་བའི་སྐྱོན་ཐེབས་པས་རེད། ཁྱོད་ཀྱིས་མ་གོ་ས་དེ་ “ཚད་པོ་” ཞེས་པ་དེ་རེད། ཨམ་སྐད་དུ། བྱ་ཚིག་ཁག་ཅིག་གི་རྗེས་སུ་ “ཚད་” དང་ “ཚད་པོ” སྦྱར་ཏེ། ཡིག་སྐད་དུ་མང་ཉུང་གི་ཚད་སྟོན་པར་བྱེད་པའི་ཚིག་དཔེར་ན། “ཐམས་ཅད” ཟེར་བའི་དོན་སྟོན་ཞིང་། ཟ་མ་བྱིན་ཚད་པོ་མ་ཟ། སྐད་ཆ་བཤད་ཚད་པོར་མ་ཉན་ཞེས་པ་ལྟ་བུ་རེད། སྐབས་འདིའི་ “ཚད་པོ” ཞེས་པའི་ འབྱུང་རྩ་ནི། ཡིག་སྐད་ཀྱི་“ཡོད་ཚད” ཟེར་བ་དེ་རེད།
འདི་ལ་བརྡ་སྤྲོད་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་བསྔོགས་རྒྱུ་དང་འགྲེལ་རྒྱུ་མང་ཙམ་འདུག་མོད། ཡིན་ནའང་ཁྱོད་ལ་ཆོས་རྩོད་མ་གཏོགས་འདི་འདྲའི་རིགས་ལ་དོ་སྣང་དང་དགའ་སྣང་མི་འདུག་ཨང་བསམ་ནས་གོང་གི་ཚིག་དེ་ཐལ་པ་རེད།
ལྷ་ལུང་དོན་འགྲུབ་ལགས།
ཡུལ་སྐད་དེ་ཡིག་སྐད་དུ་བྲིས་ན་སྐྱོན་དེ་འདྲ་བྱུང་བ་རེད།
མ་གཞི་ནས་རྩོམ་ཡིན་ནའང་མཆན་དེ་འདྲ་འབྲི་དུས་སྤྱི་སྐད་དམ་ཡིག་སྐད་དུ་བྲིས་གནང་ན་ཕན་ཐོགས་ཆེ།
ཨོ་ཁྱེད་ལ་དེ་འདྲའི་ཞེ་མཁོན་གཏིང་ཟབ་ཞིག་འདུག་ཐུགས་ཁག་མེད་འཁྲུངས་སའི་སྐྱོན་རེད།ཡུལ་ཕྱོགས་དེར་ཆོས་ཞེན་ཆེན་པོ་ཡོད་པ་གོ་མྱོངས་ཡིན་ནའང་ཐུགས་དགོངས་པ་ཆེ་ཙམ་དང་བཟོད་སྒོམ་ཆེ་ཙམ་དང་མཐོང་ཕུལ་ཆེ་ཙམ་གནང་བའི་རེ་བ་ཡོད།
སྙིང་རྗེ་མ་ནུས་པ་ལ་བསྐྱེད།
བཟོད་པ་ཁྲོ་གཏུམ་ཅན་ལ་བསྒོམ།
ཀུ་རྩེད་ཞུས་ཡིན།
ད་བདེ་མོ་བྱོས།
བཀུར་འོས་དྲ་གྲོགས་ཆབ་ཚང་འཇམ་དཔལ་ལགས།
ཉིད་ཀྱིས་《གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ》་
དེའི་བཙན་ཤུགས་འཇོག་དགོས་བྱུང་བའི་རྒྱབ་ལྗོངས་དང་བརྒྱུད་རིམ་ཆ་ཚང་ཞིག་གསལ་འདོན་གནང་འདུག་པ་ནི། དངོས་གནས་དོན་བཟང་རེད། གང་ཡིན་ཟེར་ན། དེང་སང་རྒྱ་གཞུང་གིས་ངོས་འཛིན་བྱེད་ཕྱོགས་དང་བཙན་བྱོལ་བོད་གཞུང་གིས་ངོས་འཛིན་བྱེད་སྟངས་གཉིས་རྦད་དེ་མ་འདྲ་བ་ཞིག་ཆགས་ཡོད་པ། གཞན་ཡང་། བོད་རྒྱའི་གནད་དོན་ལ་དོ་སྣང་བྱས་དང་བྱེད་ཀྱིན་པའི་གཞུང་སྒེར་མང་པོ་ཞིག་གིས་ཀྱང་ངོས་འཛིན་གཞན་ཞིག་བྱེད་བཞིན་པ་སོགས་ཀྱི་དབང་གིས། སྐབས་དེའི་དངོས་ཡོད་གནས་ཚུལ་གྱི་《གྲོས་མཐུན་དོན་ཚདན་བཅུ་བདུན་ཟེར་བ་》དེ་འཇོག་སྟངས་དང་འགན་འཁུར་མི་སྣ། མཇུག་འབྲས་དང་ལག་ལེན་སོགས་ཀྱི་གནད་སྒོ་ཞིབ་ཕྲ་ཤེས་སོང་ན། དགོས་མཁོ་ཞིག་གི་ཕྱོགས་སུ་ལྷུང་བའི་དེ་རིང་ཁ་སང་ཉིན་གྱི་ངོས་འཛིན་དང་བཤད་སྟངས་སྣ་ཚོགས་པ་དེ་རང་ཤུགས་ཀྱིས་ཉམས་འགྲོ་གི་རེད་ལ། དངོས་ཡོད་ཅི་བཞིན་པའང་གཞི་ནས་གསལ་ཡོང་བས་སོ།།
བཀུར་འོས་དྲ་གྲོགས་ཆབ་ཚང་འཇམ་དཔལ་ལགས།
ཉིད་ལ་སེམས་བསམ་པའི་གཏིང་ནས་ཁ་དྲོ་བཀྲ་ཤིས་ཡིན། རྩོམ་པ་པོ་ཤེས་རབ་རྒྱ་མཚོ་ལགས་དང་ཁྱེད་གཉིས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་སོགས་གསལ་འགྲེལ་གནང་བ་ནི། ཁོང་གི་མཐའ་ཆོད་པའི་ལྷན་རྒྱས་ཀྱི་རྣམ་དཔྱོད་དང་རླབས་ཆེ་བའི་གྲུབ་འབྲས། ཡིད་རྟོན་འཕེལ་བའི་སྤྱོད་ལམ་བཟང་བོ་སོགས་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་བ་དང་། ལྷག་པར་དུ། དྲ་གྲོགས་ཉིད་ཀྱིས་ད་རུང་། ཁོང་གིས་བརྩམས་གནང་བའི་《ང་ཚོ་སད་རན》ཞེས་པའི་དཔེ་དེབ་དེའི་ཕན་ནུས་དང་གཏིང་ཟབ་པའི་ངོས་འཛིན། ཀློག་སྟངས་དང་གདེང་འཇོག་གནང་ཕྱོགས་སོགས་ལ། ཆ་ཡོད་རྒྱུས་ཡོད་ཀྱིས་རྒྱུས་སྟོན་གནང་བ་ནི། ངོ་མ་རིན་ཐང་ཆེ་བས་ན། ཐུགས་རྗེ་ཆེའོ།། ད་དུང་མ་འོངས་པ་ཡིན་ན། ཁོང་དང་ཁོང་ལྟ་བུའི་ཤེས་རྟོགས་དང་ཕྱོགས་སྟོན། ལག་ལེན་དང་མིག་དཔེ་གང་ན་སུ་མཆིས་པ་རྣམས་ལ་ངོས་འཛིན་དང་མཚམས་སྤྱོར་རེ་བྱེད་ཐུབ་རྒྱུ་ན། ང་ཚོ་འདྲ་བོ་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་ལགས་ན། དེ་ལྟར་ཡོང་བའི་རེ་སྐུལ་ཞུའོ།།
བཀུར་འོས་དྲ་གྲོགས་ཆབ་ཚང་འཇམ་དཔལ་ལགས།
ཉིད་ཀྱིས་བྲིས་པའི་ཆོས་སྲིད་ཟུང་འབྲེལ་སྐོར་དེ་ཐེངས་བཞི་ལ་ཞིབ་ཀློག་བྱས་པ་ཡིན་ལ། ངོ་མ་ཅན་གྱི་བློ་སྒོ་ཆེན་པོའང་འབྱེད་སོང་སྟབས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གང་ལྟར། ང་ཚོའི་མི་རིགས་སྐྱོང་ཐབས་ཀྱི་ལམ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་གྱི་རྐྱེན་པས་འདས་པར་ཕལ་ཆེར་ལྟ་སོ་མེད་པ་ལྟ་བུ་རེད་ལ། ད་ལྟའི་གནས་སྟངས་འདི་མག་མོག་རབ་རིབ་ཅིག་ཡིན་པ་ལམ་ལུགས་འདིའི་རྗེས་འབྲས་ལྟ་བུའང་རེད། དེའི་ཕྱིར་ན། ད་ནི། ང་ཚོའི་རིགས་དེ་སད་དགོས་པའི་ཚད་དུ་ཡོད་པ་མ་ཟད། སད་སྟངས་དེ་ཡང་ནོར་འཁྲུལ་གཡོ་བསྲང་བྱས་ནས། ད་ལྟའི་གནས་བབ་འདི་ངོས་ཟིན་པའི་ཐོག་ནས། མ་འོངས་པའི་ཁ་ཕྱོགས་ཇེ་བརྟན་ཇེ་ཡག་ཏུ་ཡོང་བའི་ཆེད་དུ། ཆོས་སྲིད་རིག་གནས་རང་རང་གི་དགོས་དོན་ལྟར། རང་རང་གི་ལམ་བུའི་ཐོག་ཏུ་ཤར་སེ་བསྐྱོད་ཐུབ་ན། རང་རང་གི་མཛེས་པ་དང་ནུས་པ་སོགས་གཟི་བརྗིད་དང་ལྡན་པའི་ངང་ནས་མངོན་གྱུར་ཆེན་པོ་ཐོབ་ཀི་རེད་ལ། མ་ཚད་ཆོས་པར་ལོ་རྒྱུས་ཀྱི་ཉེས་བསགས་ཉུང་དུ་འགྲོ་བ་དང་སྲིད་དོན་པར་རྩོད་ལེན་གྱི་བཀག་རྒྱ་ཆུང་དུ་འགྲོ་བ་སོགས་ཀྱི་དགེ་ཕན་ཆེན་པོ་ཡོད་སྟབས། དེང་སང་གི་དུས་ཚོད་ལ། བོད་འདིའི་གོ་རྟོགས་དང་ལག་ལེན་ལ་ཡིག་ཚད་གཏོང་བཞིན་པ་འདྲ་བོ་ཡིན་དུས། ཡིག་རྒྱུགས་འཕྲོད་མིན་ནི། བོད་འདིའི་རྣམ་དཔྱོད་ལ་རྒྱང་ཆོད་ཡོད་མེད་དང་ལག་ལེན་ལ་གྲུབ་འབྲས་ཡོད་མེད་སོགས་གསལ་རན་པའི་དུས་བབ་གནད་འགག་ཅན་ཞིག་རེད་དོ།།
བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས།
མཁས་དབང་དུང་དཀར་ཚང་དང་སྙན་ངག་རྡོ་ཡས་ཤེས་རབ་རྒྱ་མཚོ་གཉིས་ཀྱི་གསུང་རྩོམ་ཁག་ལྷོད་ཀྱིས་ཀློགས་དང་། གཞི་ནས། ཁྱེད་ལ་ངོས་འཛིན་དང་གདེང་འཇོག་མི་འདྲ་བ་ཞིག་རང་ཤུགས་ཀྱིས་ཡོང་གི་རེད་བསམ་གི་ལགས། སྤྱིར་ན། ངས་ཁོང་རྣམ་པ་གཉིས་ཀྱིས་བོད་རང་གི་རིག་གཞུང་ལ་དཔྱད་ཐབས་དང་གྲུབ་འབྲས་མི་འདྲ་བའི་ཁྱད་པར་ཙམ་བཤད་ཀིན་ཡོད་པ་ལས། ཁོང་རྣམ་པ་གཉིས་ལ་མཁས་བླུན་དང་དབུལ་ཕྱུག་སོགས་ཀྱི་ཐོག་ནས་སྤུ་རིས་འབྱེད་ཀི་མེད་པ་ཤེས་པར་བྱའོ།།
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལ།
བདེན་པ་རེད་ལགས། རང་ཉིད་གཞི་གང་ཞིག་ལ་དགའ་མོས་ཡོད་ན། དེའི་ཐོག་ནས་རང་རང་གི་དཔེ་སྟོན་ཞིག་དགོས་པ་ནི། དགའ་ས་དུང་ས་དེའི་དོན་སྙིང་ཞིག་རེད་འདོད་ཀི་ཡོད་མོད། འོན་ཏང་། སྤྱི་ཡོངས་ནས་སད་ན་མ་གཏོགས། སྤྱིར་ན། བོད་ལ་སད་མཁན་མང་པོ་བྱུང་ཡོད་དེ། སྤྱི་དམངས་མ་སད་པའི་དབང་གིས་གཡོ་འགུལ་ཆེན་པོ་ཐེབས་པའི་འབྲས་རྟགས་ཅང་མེད་པ་འདྲ་བོ་རེད། དེ་འདྲ་ཡིན་དུས། ད་ལྟ་ཡིན་ན། སྔ་མོའི་དུས་ཚོད་དང་མི་འདྲ་བར་སྤྱི་དམངས་མཉམ་གཅིག་ཏུ་སད་ཐུབ་པའི་མཐུན་རྐྱེན་ཆ་ཚང་ཡོད་པ་རེད། སོང་ན། དེའི་ཕྱོགས་སུ་སེམས་བསམ་པའི་གཏིང་ནས་གསལ་འདེབས་དང་རྟིང་སྐུལ་བྱས་པ་ལ། ནོར་ཆ་ཨེ་ཡོད་དམ།
གྲྭ་སྨོན་ལམ་ལགས་ནི། ངས་ནམ་ཞིག་ཡིན་རུང་། བཙན་བྱོལ་ནང་གི་མི་སྒེར་བ་གྲུབ་འབྲས་ཆེ་ཤོས་དང་ཕན་ཐོགས་ཡིན་པར་ངོས་འཛིན་དང་གུས་བརྩི་ཞུ་གིན་ཡོད་ཡ་ལགས། གང་ཡིན་ཟེར་ན། ཁོང་གིས་བཟོ་བསྐྲུན་གནང་བའི་སྨོན་ལམ་བོད་ཡིག་ཁག་དང་ཚིག་མཛོད་སོགས་ནི། དུས་རབས་འདིའི་རྗེས་སུ་ཟིན་པའི་ཕྱག་ལས་གནང་སྟངས་དང་གྲུབ་འབྲས་ཆེན་པོ་བཞག་ཡོད་པས་སོ།།
ངའི་མིང་འདི་གཞན་ལ་མི་ནོར་བའི་ཆེད་དུ་དེ་ལྟར་བཏགས་པ་ལས། གཞན་ཅི་ཡང་མིན་མོད། འོན་ཀྱང་། ཕལ་ཆེར་ལོ་ཟིན་ལ་ཉེ་བའི་དེ་རིང་། ཕྱིར་འདང་རེ་བརྒྱབས་ན། ངའི་མིང་འདིའི་ཐོག་ལ་མི་དགའ་མཁན་དང་དོགས་པ་སྣ་ཚོགས་ཤིག འགྲེལ་བརྗོད་སྣ་ཚོགས་ཤིག་ཐོན་དང་འཐོན་བཞིན་པ་ནི། གཅིག་ནས། དགའ་འོས་པ་ཞིག་རེད་དེ། གཉིས་ནས་དོ་སྣང་ཆེན་པོ་ཞིག་བྱེད་དགོས་པའི་རྒྱུ་མཚན་ཤེས་མ་སོང་ལགས།
རྔ་བ་ཚེ་སྐྱིད་ལགས།
ངས་དུང་དཀར་གྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཅུང་ལྟས་ཁུལ་ཡིན།
ཁྱེད་རང་དགོངས་པ་ཞེས་དང།
ཁོང་ནི་རྒྱ་མིས་བཤད་ཚུལ་༼བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་སྤྱི་ལོ་༡༩༥༦ལོར་ཉིང་ཁྲི་སྤྱི་ཁྱབ་དོན་གཅོད་ཁང་གི་ཨུ་ཡོན་དང་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པར་ངོས་འཛིན་ཐོག་གསར་བརྗེའི་ཕྱག་ལས་སུ་ཞུགས་གནང་མཛད༽
ཅེས་པ་འདི་གཅིག་པོས་གང་ཡིན་ཤེས་ངེས་རེད།
བོད་ཞི་བས་བཅིངས་འགྲོལ་བཏངས་ཚུལ་ཞེས་པའི་སྐབས་སུ་རྒྱ་དགའ་དང་རྒྱར་ཞེན་ཚོར་ཐོབ་དང་གོ་ས་ལས་གནས་སྤྲོད་པས་མ་ཟད་བྱེད་བྱས་ཅན་གྱི་མི་ནར་བརྩིས་སྲོལ་ཞིག་ཡོད། བོད་དགའ་དང་བོད་ཞེན་གྱི་བླ་སྤྲུལ་དཔོན་རིགས་ཚོར་མངའ་བདག་གྲལ་རིམ་ལས་སོགས་གྲལ་རིམ་གྱི་འཐབ་རྩོད་ཀྱི་མུན་བཙོན་ནང་དུ་བཅུགས་ཏེ་མི་དཀར་ལ་ཞྭ་མོ་གཡོགས་པའི་དུས་ངན་དུས་པོ་ཆེ་ཡི་སྐབས་དེར་རྒྱ་མིས་ཁོང་ལ་གོ་གནས་ཅི་ཞིག་སྦྱིན་མི་འདུག་གམ།
དེ་མིན་མང་པོ་བཤད་ན་ཁྱེད་ཀྱི་དད་སེམས་ལ་འགྱུར་ལྡོག་གི་ཕོག་ཐུག་ཤོར་ཉེན་ཆེ་བས་འདི་ཙམ་ཡིན།
འོན་ཀྱང་མི་བུ་གང་ཞིག་ཡིན་རུང་བཟང་ཕྱོགས་དང་ངན་ཕྱོགས་རེ་ཡོད་པ་ནི་ཆོས་ཉིད་ཡིན་གཤིས་ཁོང་ལའང་དེ་ལྟར་ཡོད་པ་ལོས་ཀྱིས་ཡོད། མཁས་བླུན་གང་ཡིན་ཅེ་ན་མཁས་པ་ཡིན་པར་ངས་ཀྱང་འདོད།
དགའ་ལ་སྟོན་བརྒྱ་མཐོང་བར་ཤོག
སྐྱིད་ལ་ལོ་བརྒྱ་ཐུབ་པར་ཤོག
དགའ་སྐྱིད་ཕུན་སུམ་ཚོགས་པར་ཤོག
ད་བདེ་མོ་བྱོས།
དྲ་གྲོགས་ལ་སྟོད་བུ་ལགས།
ངས་དུས་རྟག་ཏུ་ཁོང་ལ། བོད་རང་གི་རིག་གཞུང་ཐོག་ལ་དཔྱད་སྟངས་མི་འདྲ་བ་ཞིག་དང་། ལྷག་པར་དུ། བོད་ཀྱི་ལོ་རྒྱུས་ལ་ལྟ་ཚུལ་རིན་ཐང་ལྡན་པ་ཞིག་ཡོད་པའི་ཤུགས་རྐྱེན་ནི། མཁས་དབང་དུང་དཀར་ཚང་གིས་དམར་བོའི་ལྟ་སྤྱོད་ལ་སློབ་སྦྱོང་མཐར་ཕྱིན་པ་གནང་བ་དང་འབྲེལ་ནས། བོད་རང་གི་རིག་གཞུང་གི་ཕྱུག་ཚད་མཐོན་པོ་ཞིག་ལ་སྐྱེལ་ཐུབ་པ་དེ་རེད། གང་གིས་ཟེར་ན། གལ་སྲིད། ཁོང་ལ་དམར་བོའི་ལྟ་སྤྱོད་ལ་སློབ་སྦྱོང་ལ་མེད་ན། རང་གི་རིག་གཞུང་གི་ཕྱོགས་སུ་ལྷུང་ནས། གཞན་གྱི་ལྟ་གྲུབ་ཀྱི་དགེ་མཚན་མི་མཐོང་བ་ཡོང་གི་རེད་དེ། ཁོང་ནི། དེ་འདྲ་ཞིག་མིན་པར་ནང་ཆོས་རིག་གཞུང་དང་དམར་བོའི་རིག་པའི་གཞུང་ལུགས་གཉིས་ལ་སློབ་སྤྱོང་གནད་ལ་སྨིན་པ་བགྱིས་པའི་གྲུབ་དོན་གྱིས། གཞན་གྱིས་ངོས་འཛིན་མི་ཐུབ་པ་དང་བློ་ཡུལ་ལ་མི་ཤོང་བའི་རིགས་དེ། དང་ལེན་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་ནི། ཁོང་གིས་རིག་གཞུང་གཉིས་ཀར་བྱང་ཆུབ་པའི་རྟགས་མཚན་ཞིག་རེད་ལགས།
འོ་ལགས་སོ།
ད་དེ་འདྲ་ཡིན་ན་གང་ཤེས། མ་གཞི་ནས་མཁས་པ་ཆེན་པོ་གོ་གནས་ཆེན་པོ་ཞིག་གིས་བྱས་ཚད་བྱེད་བྱས་སུ་ངོམས་པ་དང་ཆུང་ངུ་ང་འདྲ་བ་ཞིག་གིས་བཤད་ཚད་མི་བདེན་ཞིང་ཐལ་ཁྲོད་དུ་འཕེན་རྒྱུ་མེད།
ཁྱེད་ནས་བཟོད་སྒོམ་ཆེན་པོ་གསལ་བཤད་ཡང་ཡང་གནང་བར་འོར་ཆེ་ཞུ།
དྲ་གྲོགས་ལ་སྟོད་བུ་ལགས།
གང་ལྟར། ང་ཚོ་སུ་ཡིན་རུང་། བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། འཚོ་ཞིང་གནས་པ་ཡིན་དུས། དེའི་ཆེད་དུ། རང་རང་གི་རྣམ་འགྱུར་གང་ཐོན་རེ་བསྟན་དགོས་པ་ནི། མི་རུ་སྐྱེས་པའི་དོན་གོ་ཡོད་ན་མེད་ན་ཞིག་རེད་ལགས།
དེའི་དབང་གིས།
འདས་པའི་འགྲོ་ཕྱོགས་མ་འགྲིགས་པའི་ཆ་དང་ནོར་བའི་ཕྱོགས། ད་རུང་ད་ལྟའི་གནས་བབ་ཀྱི་ཐད་དུ། བསམ་གཞིག་དང་གྲོས་བསྡུར་བྱེད་དགོས་པ་ནི། ཁྱེད་དང་ང་ལ་བབས་པའི་ཆེས་མ་མཐའི་འགན་ཞིག་རེད། སོང་ན། ང་ཚོའི་རིགས་དང་རིག་གནས་ཀྱི་མ་འོངས་པའི་ཆེད་དུ། དུས་རབས་ལ་ཁ་ཕྱོགས་ནས། དངོས་ཡོད་ལ་ཁ་བསྐོར་ནས། གནས་ལུགས་ལ་ཁ་དྲངས་ནས། ང་ཚོའི་འབྱུང་འགྱུར་ནི། ཐོབ་འབྲས་ཡོད་པ་ཞིག་དང་འཛིན་རྒྱུ་ཡོད་པ་ཞིག་གི་བསྒྱུར་དགོས་པ་ནི། རྣམ་དཔྱོད་དང་སྙིང་སྟོབས་ཐུག་ཡོད་པ་རེད་བསམས་ཀི་ཡོད་ལགས། དེས་ན། ང་རང་གི་ངོས་ནས་ཅི་ཡིན་འདི་ཡིན་མེད་པར་མ་བསྡད་པའི་ཁུལ་ཡིན་ལ། དྲ་གྲོགས་ཁྱེད་ཅག་རྣམ་པའི་ངོས་ནས་བུ་མོ་ང་ལ་བསམ་འཆར་དང་རྒྱུས་སྟོན་བྱེད་རྒྱུ་ལྷོད་ཡངས་མ་བཏང་བ་ཡིན་ན། ང་ལ་གང་ཅིའི་ཐད་ནས་འཕེལ་ཚད་མགྱོགས་པོ་འདྲ་ཞིག་མཐོང་གིན་འདུག་ལགས་ན།
དེ་མཚུངས། ཁྱེད་ཅག་ནི། རྒྱབ་རི་འདྲ་བོ་ཡིན་པར་ཤོག
འོ་ལགས་སོ།
ད་དེ་འདྲ་ཡིན་ན་གང་ཤེས། མ་གཞི་ནས་མཁས་པ་ཆེན་པོ་གོ་གནས་ཆེན་པོ་ཞིག་གིས་བྱས་ཚད་བྱེད་བྱས་སུ་ངོམས་པ་དང་ཆུང་ངུ་ང་འདྲ་བ་ཞིག་གིས་བཤད་ཚད་མི་བདེན་ཞིང་ཐལ་ཁྲོད་དུ་འཕེན་རྒྱུ་མེད།
ཁྱེད་ནས་བཟོད་སྒོམ་ཆེན་པོ་གསལ་བཤད་ཡང་ཡང་གནང་བར་འོར་ཆེ་ཞུ།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དྲ་གྲོགས་ལ་སྟོད་བུ་ལགས་ཀྱི་མཆན་བུ་ཆ་ཚང་དེ་ངའི་མཆན་བུའི་འོག་ཏུ་ཤོར་འདུག་ན། མཆན་བུ་འདེབས་མཁན་དྲ་གྲོགས་ཁོང་དང་ཀློག་མཁན་རྣམ་པར་དགོངས་འགལ་མེད་པར་ཞུའོ།།
ཞི་མོ་ཁྱེད་བཟང་གི་ཡ།
གཏན་འགྲོགས་ཡོང་པའི་སྨོན་ལམ་ཡོད།
བཀུར་འོས་དྲ་གྲོགས་ལ་སྟོད་བུ་ལགས།
ང་ལ་གཏན་གྲོགས་བྱེད་འདུན་ཞིག་ཡོད་ན། ཆོས་སྲིད་ཟུང་འབྲེལ་སྐོར་ལ་ཁྱེད་ཀྱིས་བསམ་ཚུལ་ཤོད་སྟངས་ལ་བལྟས་ཏེ་བལྟ་ཆོག་གི་རེད།
ང་ལ་གཏན་དུ་འགྲོགས་འདུན་ཞིག་ཡོད་ན། ཁྱེད་ཀྱི་རང་རྟོན་རིང་ལུགས་ཀྱི་དཔྱད་ཞིབ་བྱེད་སྟངས་ལ་བལྟས་ནས་བལྟ་ཆོག་གི་རེད།
ང་ལ་ཚེ་གྲོགས་བསྒྲིགས་འདུན་ཞིག་ཡོད་ན། ཁྱེད་ཀྱི་ངོས་འཛིན་དང་ཆོད་སེམས་ལ་བལྟས་རྗེས་དེ་ནས་བལྟ་ཆོག་གི་རེད།
ང་ལ་དགའ་བ་དུང་བ་ངོ་མ་ཞིག་ཡོད་ན། ངའི་འགན་ལེན་དང་རང་ཚུགས་ལ་ཚུལ་བཞིན་བལྟས་ནས་ཤོད་ནུས་ན་དེ་ནས་བལྟ་ཆོག་གི་རེད།
ཨོ་དྲ་གྲོགས་ཚེ་སྐྱིད་ནས་ཆ་རྐྱེན་མང་པོ་ཞིག་བཏོན་གནང་འདུག
ཆོས་སྲིད་ཟུང་འབྲེལ་གྱིས་གནོད་ཚུལ་གསལ་པོ་ཞིག་ང་ལ་འགྲེལ་བརྗོད་བྱེད་དགོས།
མ་ཟད་དེང་དུས་རབས་གསར་པའི་མི་རྣམས་ནི་སྨྲ་བརྗོད་རང་དབང་དང་འགྲོ་འདུག་བྱ་གཞག་གིས་མཚོན་པའི་མི་བུ་རང་ཉིད་ཀྱི་ལྟ་གྲུབ་བསམ་བློའི་ཐག་ཆོད་ལ་བཀག་རྒྱ་མེད་པའི་མི་ཚེ་ཞིག་བསྐྱེལ་རྒྱུར་དགའ་བའི་དུས་ཤིག་ཡིན་པས།
དེ་ནི་སངས་རྒྱས་ཀྱིས་སྔར་ནས་ཐག་བཅད་ནས་གསུངས་པ་ལྟར། དེ་ཡི་ཚེ་དེ་ཡི་དུས། ཞེས་གསུངས་ཡོད་པས་དུས་ཀྱི་འགྱུར་འགྲོས་ཀྱི་གནས་ཚུལ་ལ་བཀོད་འདོམས་ཇི་ལྟར་བྱེད་ནུས་སམ། ཕ་མས་བུ་ཕྲུག་ལའང་བཀོད་འདོམས་མི་ནུས་པའི་སྐབས་འདིར་དཀའ་སེ་ཡིན་རྒྱུ་རེད། མ་གཞི་ནས་བརྩེ་དུང་གི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་པའི་མི་བུ་ཇི་སྙེད་ཅིག་ཡོད་པས་གཏན་གཏན་བསམ་བློ་གཏོང་ཆོག་གི་རེད།
འོན་ཀྱང་འགྲོ་བའི་ཁམས་ཀྱི་བསམ་བློའི་ལྟ་བ་ཐམས་ཅད་གཅིག་གྱུར་ཅིག་འཇིག་རྟེན་བྱེད་པོར་འདོད་པ་ལྷ་ཆེན་དབང་ཕྱུག་ལས་སོགས་ཀྱིས་ཀྱང་བཀོད་འདོམས་བྱེད་ཐུབ་མེད་པས་དེ་དག་ལའང་དགོངས་པ་ཆེ་ཙམ་བཞེས་རྒྱུ་མི་འདུག་གམ།
ཞོལ་རྡོ་རིང་ཕྱི་མ་ངོ་སྤྲོད།
རྩེ་པོ་ཏ་ལའི་ཞོལ་རྡོ་རིང་ཕྱི་མ་ནི། ཞོལ་གཞུང་སྒོའི་མདུན་གྱི་གཞུང་ལམ་ཕྱི་མའི་ལྷོ་ངོས་སུ་ཡོད་པའི་རྡོ་རིང་ཕྱི་མ་དེར་ཟེར་ཞིང། རྡོ་རིང་དེའི་རྒྱབ་ཀྱི་ངོ་ཕྱོགས་དེར་རྡོ་རིང་གཞན་ཞིག་ཡོད་སྟབས་ཞོལ་རྡོ་རིང་ཕྱི་མ་ཞེས་བཏགས། རྡོ་རིང་འདི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་དཀྱིལ་མི་རྗེ་ཁྲི་སྲོང་གི་དུས་སུ་བསླངས། རྡོ་རིང་དེའི་རིང་ཚད་ལ་སྤྱི་ཁྲེ་བདུན་དང་། རྡོ་རིང་དེའི་རྩིག་རྨང་ལ་བང་རིམ་གསུམ། རྩེ་མོར་ཆར་འགོག་གྲུ་བཞིའི་བཟོ་དབྱིབས་ཅན་ཏོག་དང་བཅས་པ་ཡོད་པ་ཞིག་ཡིན།
རྡོ་རིང་༼ཞོལ་རྡོ་རིང་ཕྱི་མ།༽དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་རྡོ་རིང་འགའ་ཤས་ཡོད་པའི་ནང་ནས་ཅུང་སྔ་ཤོས་དང་བོད་རྒྱའི་འདས་སོང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་གཞི་གལ་འགངས་ཆེ་ཤོས་ཤིག་ཀྱང་ཡིན། རྡོ་རིང་༼ཞོལ་རྡོ་རིང་ཕྱི་མ།༽དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་གི་ནང་བློན་ཆེན་མོ་སྟག་སྒྲ་ཀླུ་ཁོང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དམག་དོན་ཐོག་བྱས་རྗེས་རླབས་ཆེན་བཞག་པར་གཟེངས་བསྟོད་ཀྱི་བཀའ་གཙིགས་བསྐོས་པའི་རྡོ་རིང་དེ་ཡིན།
རྡོ་རིང་༼ཞོལ་རྡོ་རིང་ཕྱི་མ།༽དེ་ཕྱི་ལོ་ ༧༨༣ ལོར་བོད་ཀྱི་དམག་དཔུང་གིས་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་དཔུང་འཇུག་གིས་ཁྲང་ཨན་ཉིན་བཅོ་ལྔའི་རིང་བཙན་བཟུང་བྱས་པའི་མཇུག་ཙམ་ཞིག་ལ་བཙུགས་པ་ཞིག་ཡིན་པ་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད། དེར་བརྟེན་རྡོ་རིང་དེ་བཙུགས་ནས་ད་བར་མི་ལོ་ཧྲིལ་པོ་ ༡༢༠༠ ལྷག་ཅིག་གི་ལོ་རྒྱུས་ལྡན་པའི་རྡོ་རིང་རྙིང་གྲས་སུ་ཞིག་ཏུ་ཆགས།
རྡོ་རིང་དེར་ངོས་བཞི་ཡོད་པའི་ནང་ནས་བྱང་ངོས་སུ་ཡི་གེ་མེད་པ་མ་གཏོགས། ངོས་ལྷག་མ་གསུམ་ལ་ཡེ་གེ་འཁོད་ཡོད། དེ་ཡང་ཤར་ངོས་སུ་ཡིག་ཕྲེང་བཅུ་དྲུག་དང་། ལྷོ་ངོས་སུ་ཡིག་ཕྲེང་བདུན་ཅུ་དོན་བཞི། ནུབ་ངོས་སུ་ཡིག་ཕྲེང་དྲུག་ཅུ་རེ་བརྒྱད་༼དུང་དཀར་ཚང་གིས་ཡིག་ཕྲེང་དྲུག་ཅུ་ལས་མེད་པར་བཤད།༽བཅས་བསྡོམས་རྡོ་རིང་དེ་ཡིག་ཕྲེང་ ༡༥༦ ལས་གྲུབ། ཡི་གེ་དེ་དག་ཆ་ཚང་བ་དེང་སང་མཇལ་དུ་མེད། གང་ཡིན་ཟེར་ན། གཅིག་ནས་རྡོ་རིང་དེ་བཙུགས་ནས་ད་བར་ལོ་ངོ་ཧྲིལ་པོ་ ༡༢༠༠ ལྷག་ཙམ་སོང་བ་དང་། གཉིས་ནས་འདས་པའི་ལོ་རྒྱུས་ནང་རྡོ་རིང་དེ་སྲུང་སྐྱོབ་ཆེད་དམིགས་བསལ་མཐུན་རྐྱེན་གང་ཡང་བསྐྲུན་མེད། གསུམ་ནས་བོད་མི་ཚོས་རྡོ་རིང་རྩ་ཆེན་ཡིན་པ་ཤེས་ཀྱི་ཡོད་ཀྱང་བདག་གཅེས་བྱེད་སྟངས་མ་ཤེས་པས་ལན་པ་ཞིག་མ་ཡིན་ནམ།
དེ་ཙམ་མ་ཟད་ཡི་གེ་དེ་ཡང་གནའ་སྔ་མོའི་ཡི་གེ་འབྲི་སྟངས་དེ་རང་ཡིན་སྟབས་ཡིག་གཟུགས་དང་ནང་དོན་སོགས་གང་ས་ཅི་ཐད་ནས་ཐད་ཀར་གོ་དོན་རྟོགས་དཀའ་ཙམ་ཞིག་ཡོད། ཡིན་ཡང་ཕྱིས་སུ་ལོ་རྒྱུས་སྨྲ་བ་ཚོས་རྡོ་རིང་ཐོག་ཏུ་གསལ་བའི་ཡི་གེ་རྣམས་ཇི་མ་ཇི་བཞིན་བཤུས་ཏེ་ནང་དོན་ཁག་ཕྱོགས་ཡོངས་ནས་གོ་བདེ་རུ་བཏང་སྟེ་པར་སྐྲུན་བྱས།
རྡོ་རིང་དེའི་ནང་དོན་སྙིང་བསྡུས་ཙམ་བརྗོད་ན། བློན་ཆེན་སྟག་སྒྲ་ཀླུ་ཁོང་༼བློན་ཆེན་འདི་འཕན་པོར་རྒྱལ་པོའི་སྐུ་གླུད་དུ་བརྫངས་ནས་གསོན་པོར་དུར་དུ་བཅུག་པའི་སྟག་ར་ཀླུ་གོང་དང་འཁྲུལ་མི་རུང།༽གིས་བོད་ཀྱི་ཆབ་སྲིད་དང་དམག་དོན་ཐོག་བྱས་རྗེས་བཞག་པའི་རྣམ་གྲངས་དང་། དེའི་གཟེངས་བསྟོད་ཀྱི་རིམ་པ་དག་ཡིན། རྡོ་རིང་དེའི་ནང་འཁོད་པའི་ནང་དོན་དེ་ཚོར་བརྟེན་ནས་སྐབས་དེ་དང་དེའི་དུས་ཀྱི་བཙན་པོའི་ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤུགས་རགས་ཙམ་ཤེས་རྟོགས་ཐུབ་ཀྱི་ཡོད་སྟབས། རྡོ་རིང་དེ་ནི་འདས་པའི་ལོ་རྒྱུས་ལ་དཔྱད་གཞིའི་བདེན་དཔང་འགངས་ཆེན་ཞིག་ཡིན།
འོ་ན། བློན་པོ་སྟག་སྒྲ་ཀླུ་ཁོང་༼དུང་དཀར་ཚང་གིས་སྐབས་རེ་སྟག་སྒྲ་ཀླུ་ཁོང་དང་སྐབས་རེ་ཡང་སྟག་སྒྲ་ཀླུ་གོང་ཞེས་བྲིས་འདུག༽ཟེར་བ་དེ་དོན་ངོ་མར་ཅི་ཞིག་ཡིན་སྙམ་ན། དེ་ཡང་ངོ་སྤྲོད་ཐུང་ཙམ་ཞིག་བྱེད། བློན་པོ་སྟག་སྒྲ་ཀླུ་ཁོང་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་གྱི་གྲས་ནས་ནང་བློན་ཆེན་མོ་དང་། བཀའ་བློན་གྱི་ལས་གནས་ཡོད་པ་ཞིག་ཡིན་པ་མ་ཟད། བློན་པོ་འབལ་སྐྱེས་བཟང་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཙན་པོའི་ཡབ་ཁྲི་ལྡེ་གཙུག་བརྟན་ལྐོག་ཏུ་བཀྲོངས་ཏེ་སྲིད་འགྱུར་སློང་རྩིས་བྱས་པར་ཐེར་འདོན་དང་ཚར་གཅོད་མཐིལ་ཕྱིན་བྱེད་མཁན་དེ་ཡང་ཡིན། ལྷག་དོན་དུ་ཁོང་གིས་བོད་དམག་༼ཐང་གི་རྒྱལ་ས་ཁྲང་ཨན་ལེན་སྐབས་བོད་དམག་འབུམ་གཅིག་ལྷག་ཡོད་པར་བཤད།༽གིས་རྒྱ་ནག་ཐང་རྒྱལ་ཁབ་ལ་དཔུང་འཇུག་ཐེངས་གཉིས་བྱས་པའི་སྐབས་ཐོག་སོ་སོར་དམག་དཔོན་གྱི་ལས་གནས་བླངས་ཏེ་རྒྱའི་རྒྱལ་ས་ཁྲང་ཨན་ཉིན་གྲངས་བཅོ་ལྔའི་རིང་བཙན་བཟུང་སོགས་བྱས་སྟབས། ཁོང་ནི་འདས་པའི་བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་ཐོག་བྱས་རྗེས་རླབས་ཆེན་ཡོད་པའི་མི་སྣ་གྲགས་ཅན་ཞིག་རེད།
རྒྱུན་ཤེས་དང་ལམ། ཞེས་དེབ་དེའི་བརྗོད་གཞི་ཅི་ཞིག་ཡིན་མིན་སྐོར་གསལ་ཆ་མཐོང་ནས། ཀློག་པ་པོ་མང་པོ་ཞིག་གིས་་་་་་མི་རབས་གསར་བའི་འདུ་ཤེས་སུ་འབྲེལ་བརྗོད་དང་མདུན་བསུའི་རྔ་སྒྲ་ཞིག་ཡིན་སྲིད་ཟེར། ཡང་འགའ་ཞིག་གིས་ཆོས་སྲིད་གཉིས་ལྟ་བའི་ཤེད་འབྱེད་སྐོར་གྱི་འགག་བཞགས་ཀྱི་རྩོད་བརྡ་ཞིག་ཡིན་སྲིད་ཟེར། ད་དུང་འགའ་ཞིག་གིས་འདྲ་མཉམ་མིན་པའི་གང་ཞིག་ན་དབང་སྒྱུར་གྲལ་རིམ་གྱི་གཏེ་བོ་སུ་ཞིག་གི་ངན་སྤྱོད་གསལ་བསྒྲགས་ཡིན་སྲིད། ཅེས་ང་ཚོས་དགའ་འཁྱིལ་ཇ་ཁང་གི་ཡང་ཐོག་ནས་དེ་ལྟར་ལབ་གླེང་ཞིག་གི་འགོ་བརྩམས་ནས་ཅུང་མ་འགོར་བར། ཤ་ཟ་དམར་པོ་ཡོང་ནས་་་་ངས་བསམ་ན་དེང་སྐབས་སྨྲ་བརྗོད་རང་དབང་མེད་པའི་སྤྱི་ཚོགས་གང་ཞིག་གི་སྡུག་བསྔལ་བརྗོད་པ་ངེས་ཡིན། བརྗོད་གཞི་དེ་ཡིན་གཅིག་མིན་གཉིས་བཤད་དགོས་པ། བསྒྲུབ་དགོས་པ། བརྩོད་དགོས་པའི་དུས་ལ་བབས་ཡོད་ཕྱིར་དེ་ལྟར་ངེས་པར་ཡིན་ཟེར། ཁོས་ད་དུང་ཁོང་ཁྲོས་རྫིགས་ཉམས་ཤིག་དང་བཅས་མདུན་ཅོག་ཐོག་ཁུ་ཚུར་ཞིག་ཞུས་ནས་་སྨྲ་བརྗོད་རང་དབང་མེད་པའི་སྐྱ་སེར་གཉིས་ཀྱི་སྤྱི་ཚོགས་གང་ཞིག་ཡིན་རུང་། ངས་དམར་པོ་ཁྲག་གི་འཁོར་ལོ་བསྐོར་ན་འདོད་ཞེས་བཤད་དུས་་་་་ང་ལ་ཅུང་འཇིགས་སྣང་ཞིག་སྐྱེས།
ཚེ་སྐྱིད། སྐད་ཆ་དྲང་མོར་བཤད་ན། ཁྱོད་ཀྱིས་མིའི་བསམ་བློའི་ནུས་པ་ལ་རིན་ཐང་འཇལ་རྒྱུ་མང་དྲགས་མེད་དམ་བསམ། སྤྱི་ཚོགས་རིག་པ་ཟེར་རྒྱུ་ཞིག་ཡོད་པ་དེའི་གཞུང་དུ། Society v Individual གཉིས་ཀྱི་འབྲེལ་བ་བཤད་སྟངས་ལ་རྩོད་པ་ཆེན་པོ་འདུག དེ་ནི་ Social acts དང་ Individual acts ཟེར་བའི་ཁྱད་པར་འབྱེད་སྟངས་ཀྱི་ཐོག་ནས་རེད་ལ། ཁ་ཤས་ཀྱིས་མི་སྒེར་གྱི་སྤྱོད་ལམ་ནི་སེམས་ཁམས་རིག་པའི་ལས་ཀ་ཞིག་ལས་སྤྱི་ཚོགས་རིག་པའི་ལས་ཀ་ཞིག་ཏུ་མི་བརྩི། གང་ལྟར། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ idealist མང་སྐྱོན་འདུག་ལ། ཁྱོད་ཀྱི་བསམ་བློ་གཏོང་སྟངས་ལའང་དེའི་ཤུགས་རྐྱེན་ཆེ་བར་མཐོང་། ཤ་ཚ་ནས་བཤད་པ་ཡིན། དེ་མ་གཏོགས་ང་ནི་འདིར་ཆོན་བརྒྱག་ཏུ་ཡོང་བ་མ་གཏོགས། མྱི་སྐད་བཤད་དུ་ཡོང་གི་མེད།
མཛེས་སྣང་རི་མོ་ཙམ་མིན་པ།།
ཐུབ་པ་ཆེན་པོའི་དགོངས་དོན་བཞིན།།
ཆོས་ཉིད་རི་མོ་གསལ་བརྗོད་པའི།།
རྒྱུན་ཤེས་དང་ནི་ལམ་དེའོ།།
མི་རབས་གསར་བའི་འདུ་ཤེས་ཀྱི།།
འོད་སྟོང་འཅར་བའི་ཉི་གཞོན་མ།།
རྒྱུན་དུ་ཤར་བའི་འཇིག་རྟེན་དེར།།
བདེ་བར་བཞུད་པའི་ལམ་ཞིག་འཐེན།།
བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་
རྨང་གཞིའི་རྩ་དོན།
དེ་ཡང་བོད་ཀྱི་བདེན་དོན་འཐབ་རྩོད་འདི་སྲིད་དབང་བོད་མིས་འཛིན་དང༌། རྒྱ་ནག་གིས་འཛིན་ཞེས་སྲིད་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་དང༌། དེ་བཞིན་སྲིད་དོན་གྱི་ལྟ་གྲུབ་མ་མཐུན་པའི་འཐབ་རྩོད་ཅིག་དང༌། མི་རིགས་གཉིས་མ་མཐུན་པའི་འཐབ་རྩོད་ཅིག་གཏན་ནས་མིན་པར་ཆབ་སྲིད་དབང་བསྒྱུར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་ཞན་ཐོག་རྩོད་པ་ཞིག་ཡིན་ཚུལ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དང་སྲིད་བྱུས་ལས་རིམ་བཅས་ཀྱི་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་རྒྱས་བཤད་ཅེས་པའི་ནང་གསལ་བོར་བཀོད་འདུག་པ་ལྟར་ཡིན་ལ། དེ་འདྲའི་འཐབ་རྩོད་ནི་གཞི་རྒྱ་ཆེ་ལ་རྙོག་འཛིང་གི་གཞི་རྩ་ཧ་ཅང་མང་བའི་འཐབ་རྩོད་ཅིག་ཡིན་སྟབས། ལས་སླ་བོ་དང་དུས་ཚོད་ཐུང་ཐུང་ནང་སེལ་འགྲོ་བ་ཞིག་མིན་པ་ཀུན་གྱིས་ཤེས་དགོས་ངེས་ཤིག་ཡིན།
རྒྱ་ནག་གཞུང་དང་ད་ལྟའི་ཆར་བོད་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཚོས་ས་བཤིག་གི་ཨ་བྲ་དང༌། སྡེ་བཤིག་གི་ཇག་པ་ལྟ་བུའི་བྱེད་ཐབས་སྤྱད་དེ་བོད་ཀྱི་ཆོས་དང་རིག་གཞུང་དང་ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་ལ་བརྩི་མཐོང་དང་ཆ་འཇོག་གཏན་ནས་མི་བྱེད་པར་སྔར་བཞིན་ཇེ་སྡུག་ཇེ་ཞན་དུ་སོང་ན། བོད་རྒྱའི་འཐབ་རྩོད་དེ་ཆབ་སྲིད་དབང་བསྒྱུར་བྱེད་སྟངས་ཀྱི་ལམ་སྲོལ་བཟང་ཞན་གྱི་རྩོད་པར་མི་ཆགས་པར་མི་རིགས་གཉིས་མ་མཐུན་པའི་འཐབ་རྩོད་ཅིག་ཏུ་འགྱུར་ངེས་ཡིན་ལ། ཉིན་དེ་ནས་བཟུང་བོད་རྒྱའི་དཀའ་རྙོག་དེ་ལོ་ངོ་བརྒྱ་ཕྲག་འགོར་བའི་རྗེས་སུའང་རྒྱ་ནག་གཞུང་གིས་གདུང་ལེན་ཚབས་ཆེན་བྱེད་དགོས་པའི་དཀའ་རྙོག་ཅིག་ཏུ་ཆགས་རྒྱུ་ཙམ་མ་ཟད། འཚེ་བ་མེད་པའི་རྒྱ་རྒོལ་ལས་འགུལ་གྱི་འཐབ་རྩོད་དེ་ཡང་འཚེ་བ་ཅན་གྱི་རྒྱ་རྒོལ་ལས་འགུལ་གྱི་འཐབ་རྩོད་དང༌། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་དེ་ཡང་རང་བཙན་འཐབ་རྩོད་ཀྱི་རྣམ་པར་མི་འགྱུར་བའི་ངེས་པ་གང་ཡང་མེད། དེར་བརྟེན་སྣ་གཅིག་ལས་གཞན་དག་མི་གཉེར་བའི་ལྟ་ཚུལ་དང་ལས་དོན་བྱེད་སྟངས་དེ་རིགས་ཡོངས་སུ་བསྐྱུར་ནས་ཕྱོགས་གཉིས་ཀས་འགལ་བའི་གཙོ་གནད་ངོས་ཟིན་པའི་ཐོག་ཕན་ཚུན་ཞིབ་བསྡུར་གྱི་ལམ་ནས་གང་མགྱོགས་གནད་དོན་ཐག་གཅོད་བྱེད་དགོས་པ་ཞིག་རེད།
གྲོགས་དང་གྲོགས་ཕན་ཚུན་བར་ནས་ཁྱིམ་མཚེས་དང་ཁྱིམ་མཚེས་ཕན་ཚུན་བར་དང༌། དེ་བཞིན་དུ་ཆོས་ལུགས་དང་ཆོས་ལུགས་ཕན་ཚུན་བར་ནས་རྒྱལ་ཁབ་དང་རྒྱལ་ཁྱབ་ཕན་ཚུན་བར་དུ་སེལ་དཀའ་བའི་གནད་དོན་ཆེ་ཕྲ་ཅི་ཞིག་བྱུང་ཡང༌། དགྲ་དང་རང་ཕྱོགས་བར་གྱི་འདུ་ཤེས་དང༌། ཁྱོད་ཤི་ང་གསོན་ལྟ་བུའི་འདུ་ཤེས་མི་འཛིན་པར། ཕྱོགས་གཉིས་ཀའི་ཁེ་ཕན་སྙོམས་སྒྲིག་གི་བསམ་བློའི་རྨང་གཞིའི་ཐོག་ཡིན་ལུགས་ཚུལ་མཐུན་གྱིས་ཕན་ཚུན་འབྲེལ་མོལ་བྱེད་སྟངས་ཀྱི་ཐབས་ལམ་འདི་ནི་ཡང་དག་པའི་ཐབས་ལམ་དང་ནུས་པ་ཐོན་མགྱོགས་ཤོས་ཀྱི་ཐབས་ལམ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། དེར་བརྟེན་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེར་བསྐྱེད་ཀྱིས་ཏིང་ཞའོ་ཕིང་གི་དགོངས་བཞེད་དང་མཐུན་པའི་ཐོག་ནས་ྋགོང་ས་མཆོག་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་གྲོལ་བྱེད་ཐུབ་ན་རྒྱ་ནག་ནང་ཁུལ་གྱི་བརྟན་བརླང་དང་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད།
དེ་སྔར་ྋགོང་ས་མཆོག་ནས་དུས་ནས་དུས་སུ་ཏིང་ཞའོ་ཕིང་གི་དགོངས་བཞེད་དང་ཕྱོགས་གཉིས་ཀའི་ཁེ་ཕན་ལ་དགོངས་བཞེད་ཟབ་མོས་ལོ་རྒྱུས་ཐོག་གི་བོད་རང་བཙན་དེ་བློས་གཏོང་གིས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ལ་ཁྱབ་པའི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་ལེན་མཐའ་གཅིག་ཏུ་གནང་རྒྱུའི་བརྡ་ལན་ཕུལ་ཡོད། གཞི་རྩ་དེའི་ཐོག་ནས་ད་ལྟའི་བར་བོད་རྒྱའི་རྩ་དོན་ཐོག་འབྲེལ་མོལ་ཐེངས་བཅུ་ཕྲག་ལྷག་བྱས་ཡོད་ཀྱང་མིག་མཐོང་ལག་ཟིན་ལྟ་བུའི་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད། ང་ཚོ་དང་ཏཱ་ལའི་བར་གྱི་འཐབ་རྩོད་ནི་སྒམ་བརླིང་ལྡན་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་དང༌། ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འཐབ་རྩོད་ནི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པ་དང༌། བཙན་རྒྱལ་རང་ལུགས་ཀྱིས་བོད་ལ་བཙན་འཛུལ་བྱས་ཚུན་ཡུན་རིང་གནས་པའི་གཅིག་གྱུར་དང་ཁ་ཕྲལ་གྱི་འཐབ་རྩོད་ཀྱི་རྒྱུན་མཐུད་པ་ཞིག་ཡིན་ཞེས་གཡོ་མཆུ་བསྲིངས་ནས་འཛམ་གླིང་གི་ཕྱི་ནང་གང་སར་སྒྲོག་བཞིན་ཡོད།
དེ་ཙམ་མ་ཟད་ད་ཐེངས་ཀྱི་བོད་མིའི་ཞི་རྒོལ་ལས་འགུལ་དེ་ཏཱ་ལའི་རུ་ཚོགས་ཀྱི་རྒྱུགས་ཁྱི་རེ་ཟུང་ཞིག་གིས་བྱས་ཚུལ་ཏང་གི་སྲིད་བྱུས་གཞི་རྩར་བཞག་ནས་འདོན་འགྲེམས་བྱེད་དགོས་པའི་རྒྱ་ནག་ནང་ཁུལ་གྱི་གཞུང་འབྲེལ་ཚགས་ཤོག་ཉིས་སྟོང་ལྷག་གི་ནང་བཤད་དེ་དོན་དངོས་སྦས་ཐབས་བྱས་ཡོད་ཀྱང་འཇིག་རྟེན་གཏམ་དཔེར་དེ་ཕོ་རུམ་ནང་བསྡུས་ན་རྔ་མ་མཆན་ནས་བུད་ཟེར་བའི་དཔེ་ལྟར་རྒྱ་ནག་གཞུང་གིས་སྦས་སྐོང་མ་ཐུབ་པའི་གནས་ཚུལ་བོད་མིའི་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པ་དེར་རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དབུ་ཁྲིད་དང་གནད་ཡོད་མི་སྣ་ཆེས་མང་པོས་ཤུགས་ཆེའི་སྐྱོན་བརྗོད་དང༌།
ལྷག་དོན་བཙན་བྱོལ་དུ་ཡོད་པའི་བོད་དང་བོད་དོན་རྒྱབ་སྐྱོར་པ་བརྒྱ་སྟོང་ཁྲི་འབུམ་དུ་མས་ལྷབ་ལྷུབ་ཏུ་གཡོ་བའི་གངས་ཅན་པའི་རྒྱལ་དར་མཁའ་དབྱངས་སུ་བསྒྲེངས་ནས་རྒྱ་ནག་གཞུང་གི་དཔལ་འབར་སྐོར་སྐྱོད་ཀྱི་བརྒྱུད་ལམ་ཡོད་ཚད་བཀག་འགོག་བྱས་ཏེ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཚོགས་ཀྱིས་འཇར་མན་ཧེ་ཊ་ལའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་གཞུང་དང༌། འགྲོ་བ་མིའི་རིགས་དམར་གསོད་བཏང་བའི་གྲངས་འབོར་ས་ཡ་དྲུག་ཅུ་ལས་བརྒལ་བའི་རྒྱ་ནག་གཞུང་གཉིས་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་སྤྲད་པ་ནི་ཚབས་ཆེའི་ནོར་འཁྲུལ་ཞིག་ཡིན་ཞེས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་མ་ཟད། བོད་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་སྐྲ་བཞར་བ་དང་དཔུང་རྟགས་ནག་པོ་སོགས་བཏགས་ནས་དྲུག་བཞིའི་དམར་གསོད་ཆེན་པོ་དང༌། འདས་དང་ད་ལྟའི་བོད་ནང་གི་ཞི་རྒོལ་ལས་འགུལ་ཁྲོད་དམར་གསོད་བཏང་བའི་ཕུང་པོ། དེ་བཞིན་ཤི་རྨས་དང་བཙོན་འཇུག་ཐེབས་པའི་བོད་རྒྱ་སོ་སོའི་མི་རིགས་ཁག་ལ་གུས་བདུད་དང༌། རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཐབས་བྱེད་ཀྱི་ཡོད་པ་དང༌། ལྷག་དོན་ཡོ་རོབ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ས་ཡ་དུང་ཕྱིར་མང་པོས་ཅི་ཞིག་མཐོང་བ་ལྟ་བུའི་རྣམ་འགྱུར་ཞིག་གིས་དམར་མདངས་འཕྲོ་བའི་རས་རྐྱང་གི་ན་བཟའ་དཀྱུས་མ་གྱོན་ཞིང༌། དགྱེས་ཉམས་དོད་པའི་ྋགོང་ས་མཆོག་གི་ཞལ་རས་ལ་ཕྱོགས་པ་ནི་ཇི་འདྲའི་སྤྲོ་ནང་ཆེ་བ་ཞིག་རེད་ཨང༌། རྒྱ་ནག་གཞུང་གིས་ནམ་ཡང་མཐོང་ན་མི་འདོད་པའི་གནས་ཚུལ་འདི་རིགས་ཀྱིས་རྒྱལ་སྤྱིའི་སྟེང་གི་གཟུགས་མཐོང་གློག་འཕྲིན་དང༌། གསར་འགྱུར་བརྒྱུད་ལམ་ཡོད་ཚད་བཀང་བ་འདིས་རྒྱ་དམར་གྱི་དཔོན་རིགས་ཚོའི་ཤ་ལྕིའི་བར་ན་ཇི་འདྲའི་ཟུག་གཟེར་ཞིག་གིས་མནར་བཞིན་ཡོད་ཀྱང༌། ད་དུང་ཅང་མིན་མདོག་གི་རྣམ་འགྱུར་འདིས་རྡོ་སྤིས་དགེ་བཤེས་ཤེར་རྒྱམ་གྱིས་ངས་སྔོན་མ་རྒྱ་དམར་མི་རེད་བསམས་ནས་ཁ་བརྡ་བྱས་པ་ཡིན། ད་ལྟ་བལྟས་ན་མི་མ་རེད་ཅེས་གསུངས་མྱོང་ཡོད་པ་དེ་སླར་ཡང་ངའི་སེམས་ནང་དྲན་དུ་བཅུག།
༼ལྷ་སའི་བཀའ་འགྱུར༽ འདི་ནི་རྒྱལ་དབང་བཅུ་གསུམ་པའི་རིང་ལ། འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་མཆོག་གིས་མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་སྦྱར་བ་ལ་བརྟེན། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་མེ་ཏོག་སྤྱི་བོར་བསྩལ་བ་བཞིན། མཁས་པའི་དབང་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་གྲུ་འཛིན་པོ་ཏ་ལར་ཕེབས་ནས་ལོ་དྲུག་ཙམ་གྱི་རིང་ལ་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་ལེགས་པར་གྲུབ་པ་དང། སྤྱི་ལོ་༡༩༢༡་ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བཀའ་ཡིག་ཕེབས་དོན། བཀའ་འགྱུར་ནི་བོད་ཀྱི་མཁས་པ་སྔ་རབས་པ་དང་རྒྱ་གར་མཁས་པ་མང་པོས་བོད་གངས་ཅན་གྱི་ལྗོངས་སུ་འགྱུར་བར་མཛད་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཕྱིར་། དུས་ཚོད་རིང་པོ་ཕྱིན་པའི་དབང་གིས་པར་ཤིང་ལ་ལ་རྙིང་ནས་ཡི་གེ་མི་གསལ་བ་དང་། ལ་ལ་ཆད་པ་མི་ཉུང་བ་བྱུང་ཡོད། ལྷག་པར་ལྷ་སའམ་ཡང་ན་རྩེའི་ཕོ་བྲང་དུ་བཀའ་འགྱུར་གྱི་པར་གཞི་ཆ་ཚང་ཞིག་མེད་སྟབས་ངས་སྦྱིན་བདག་བྱེད། ཁྱེད་རང་གིས་ཞུ་དག་དང་ཞུ་དག་གི་བྱ་བར་འགན་ཁུར་ནས་རྒྱལ་བའི་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་བྱེད་ན་ཇི་འདྲ་རེད། ངའི་བསམ་པར་དགེ་བཤེས་ལ་ལ་གཞུང་ལ་མཁས་ན་རིག་གཞུང་མི་མཁས་པ་དང་། རིག་གཞུང་ལ་མཁས་ན་གཞུང་ལ་མི་མཁས་པས་ཡིན་ཞེས་བཀའ་ཕེབས་པ་ལ། དགེ་བཤེས་ཁོང་གིས་ཀྱང་འདི་ནི་བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། བསྟན་པ་ཡར་རྒྱས་ལ་ལག་རྗེས་ཆེན་པོ་ཞིག་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པར་བསམ་ནས་ལགས་སོ།། ཞེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སྤྱི་གཙུག་ཏུ་བླངས་ནས་སྣར་ཐང་པར་སོགས་དང་གཞན་ཡང་བྲིས་མ་ཁག་ཅིག་གོ་བསྡུར་དང་ཕྱི་མོར་བགྱིས་ཐོག བཀའ་འགྱུར་པར་གསར་བཞེངས་ཀྱི་ཞུ་ཆེན་མཛད་དེ་ལོ་ངོ་བརྒྱད་ཙམ་གྱིས་པར་གཞི་གསར་བཞེངས་ལེགས་གྲུབ་བྱུང་བ་ནི་ད་ལྟའང་ང་ཚོའི་མིག་གིས་མཐོང་བ་དང་ལག་ཟིན་གྱི་ཡུལ་དུ་བཞུགས་པ་སྟེ་ཞོལ་པར་གསར་ཞེས་རྩེ་ཞོལ་གྱི་པར་དེ་ལགས་སོ།། དེ་ནི་ཤིང་པར་དུ་བཞེངས་བའི་བཀའ་འགྱུར་ལས་ཡི་གེ་ཆེས་ཤོས་ཡིན་ལ། ངོ་རེར་ཐིག་ཕྲེང་བརྒྱད་རེ། སྣག་པར་དུ་བགྱིས་པ། པར་གསལ་བ། ཡི་གེ་དག་པ། གཟབས་ལེགས་པ་བཅས་ཀྱིས་མཇལ་བ་པོ་རྣམས་ཀྱིས་བཟང་བསྟོད་བྱེད་བཞིན་པ་འདིའོ།།
ཆབ་ཚང་འཇམ་དཔལ་ལགས་ཀྱི་གོང་གི་༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་དྲན་ཐོག་གི་བསམ་ཚུལ།༽་དང་༼བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་རྨང་གཞིའི་རྩ་དོན།༽ཞེས་པ་འདི་གཉིས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་པའི་བསམ་བློ་བ་ཞིག་གི་སྐད་ཆ་ལོས་ཡིན་སྙམ་པ་རང་ཤུགས་ཀྱིས་འཆར་འོང་གི ངོ་མས་བཟང་གི བོད་ཀྱི་རྩ་དོན་ལ་ཕན་པའི་ཕྱག་ལས་མུ་མཐུད་དུ་གནོངས་དང་རྗེས་སུ་ཡི་རང་ཡོད། ཁྱེད་ལྟ་བུ་བོད་མི་རིགས་ལ་དགོས་མཁོ་ཆེའོ།། ཨ་མའི་བུ། ཕ་ལ་སྐྱེས་བའི་བུ་རྒོད།
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
ཉིད་ཀྱིས་ང་ལ་སྤྱིར་བཏང་རྒྱུན་ཤེས་དང་བསམ་དཀར་གྱི་ཐོག་ནས་བཤད་ཀིན་ཡོད་པ་ལ་བཀའ་དྲིན་ཆེའོ།། སྤྱིར་ན། ང་ཚོ་སུ་ཞིག་ཡིན་རུང་། སྤྱི་ཚོགས་ཤིག་ནང་དུ་འཐིམས་བསྡད་པ་རེད། དེར་བརྟེན། ཁྱོན་ཡོངས་ཀྱིས་སྤྱི་ཚོགས་ལ་འགན་ཞིག་འཁུར་དགོས་པ་ནི། དཀའ་སྡུག་ཆེན་པོ་འདིས་དུས་ལ་གཏུགས་པ་ཞིག་ཡིན་སྟབས། རང་འགུལ་རང་སྟོབས་ཀྱིས་རྣམ་དཔྱོད་ཅིག་འདོན་དགོས་པ་དེ་ལྡོག་ཐབས་མེད་པ་ཞིག་རེད། དེས་ན། མིའི་བསམ་བློས་སྣེ་ཁྲིད་ཅིག་བྱེད་དགོས་པར་མཐོང་། བསམ་བློ་ནི། ཐབས་ཇུས་འདོན་སྤྱད་ཀྱི་རིགས་ལམ་ཞིག་ཡིན་པ་མ་ཟད། ནུས་པ་ཞིག་ཀྱང་རེད། དེའི་སྟབས་ཀྱིས། སྤྱི་ཚོགས་དང་བསམ་བློ་གཉིས་ཀྱི་བར་ཐག་ཅི་ཙམ་ཉེ་ན་དེ་ཙམ་གྱིས་སྦྱང་བརྡར་ཆེན་པོ་ཐོབ་ཀི་རེད། གཞི་ནས། སྤྱི་ཚོགས་ལ་ལྟ་སྟངས་ཤིག་དང་ངོས་འཛིན་ཆེན་པོ་ཞིག་འཐོབ་ཀི་རེད་ལ། ལྷག་པར་དུ། སྤྱི་ཚོགས་ཀྱི་འགྲོ་སྟངས་མང་པོ་ཞིག་མིའི་བསམ་བློ་འགྱུར་བག་གི་ཁྲོད་ནས་རྙེད་པ་ཤ་སྟག་ཡིན་པ་ད་གདོན་ཧ་གོ་སོང་བ་མ་རེད་དམ། ཡིན་ན། སྤྱི་ཚོགས་གཡོ་འགུལ་ཐེབས་སྤྱད་གཙོ་བོ་མིའི་བསམ་བློའི་ཐབས་ཇུས་ལ་ཐུག་སོང་བ་རེད། རྒྱུ་མཚན་དེ་ལ་ལྟོས་ན། ཁྱེད་དང་ང་ཡི་བསམ་བློ་གཏོང་ཕྱོགས་འདི་བག་ལ་མ་ཞ་བར་ཡང་ཡང་དཀྲུགས་དཀྲུགས་བཏང་བ་ཡིན་ན། ནུས་ཤུགས་ཆེན་པོ་ཆགས་འགྲོ་བ་ཆོས་ཉིད་ཅིག་ལ་འབྲེལ་བ་མེད་འགྲོའོ།།
དྲ་གྲོགས་འོ་མ་ལགས།
བོད་འདི་ཆོས་ལ་དགའ་ཞེན་ཆེ་ཡང་།།
ཆོས་ཀྱི་གནད་འགག་ཉམས་ལེན་མེད་པས།།
ལྡོག་པར་ཕྱོགས་པའི་བསམ་སྤྱོར་རྩུབ་པོ།།
བསྒྱུར་བར་དཀའ་བའི་གོམས་གཤིས་ཆགས་འདུག །
ཆོས་ལ་ཆོས་ཀྱི་ངོས་འཛིན་མེད་པས།།
ཆོས་འདི་བོད་ཀྱི་མཛེས་ཉམས་ཆགས་འདུག །
ཆོས་ཀྱི་གལ་གནད་ཉམས་ཆག་ཕྱིན་པས།།
ཆོས་ལ་དགའ་བ་དོན་སྙིང་དབེན་འདུག །
སྲིད་ཀྱི་རྒྱབ་ལྗོངས་ཆོས་པར་གཏད་པས།།
སྲིད་དོན་པ་ཡི་ནུས་སྟོབས་ཉམས་སོང་།།
སྲིད་ལ་སྲིད་ཀྱི་འགྲོ་སྟངས་མེད་པས།།
སྲིད་ཀྱི་མགོ་འཕང་ད་དུང་དམའ་འདུག །
ཆོས་སྲིད་གཉིས་ཀར་བསྲེས་པའི་དབང་གིས།།
གཉིས་ཀའི་དགོས་དོན་འགྲུབ་རྒྱུ་མ་དགོས།།
གཉིས་ཀར་མཛའ་བའི་ལམ་ཞིག་མེད་པས།།
ཅི་འདི་མེད་པའི་འདི་ལྟར་རྫོགས་སོང་།།
དྲ་གྲོགས་མིག་བརྒྱད་པ་ལགས།
དྲ་གྲོགས་ཉིད་ཀྱི་བསམ་ཚུལ་ལ་སྤྱི་ཡོངས་ནས་མོས་མཐུན་ཡོད་དེ། མི་མཐུན་ས་ཞིག་ཡོད་པ་ནི། ཆོས་སྲིད་ཟུང་འབྲེལ་གྱི་སྐོར་དང་། ད་རུང་། དབུ་མའི་ལམ་གྱི་སྐོར་རེད། ངས་ནམ་ཞིག་ང་ཚོའི་འདས་པར་བསྐྱར་ཞིབ་ཅིག་བྱེད་དགོས་པ་མཐོང་གིན་ཡོད་ལ། དེ་ལས་ཀྱང་། ད་ལྟའི་གནས་བབ་ལ་ཞིབ་མོ་ཞིག་ངེས་པར་དུ། བལྟ་དགོས་པ་བསམས་ཀི་ཡོད་ལགས། གང་ལྟར། ང་ཚོའི་འདས་པ་ནི་འདས་པ་རང་ཡིན་པས་ན། ཕྱིར་ཡོང་ཡོད་པ་མ་རེད་དེ། དེར་ཉམས་མྱོང་ཆེན་པོ་ཞིག་ལེན་རྒྱུ་ཏན་ཏན་ཡོད་པ་རེད་ལ། ང་ཚོའི་འདས་པ་དེ་གང་འདྲ་བྱས་ནས་གཟད་ཡོད་པའང་ངེས་ཅན་གྱི་ཤེས་དགོས་པ་དང་གཅིག དེ་ཡང་ཤེས་རྟོགས་ཙམ་གྱི་ཐོག་ཏུ་ཅམ་འཇོག་མི་བྱེད་པར་མ་འགྲིགས་པ་དང་ནོར་འཁྲུལ་གྱི་ཆ་དེ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པ་དང་གཉིས། ཏག་ཏག་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱིས་ང་ཚོའི་འདས་པར་གྲུབ་འབྲས་ཀྱི་ཕྱོགས་ཀི་མང་གི་རེད་དམ། ཡང་ན། ནོར་འཁྲུལ་དང་ཉེས་སྐྱོན་གྱི་ཕྱོགས་སུ་སོང་ཡོད་མེད་དཔྱད་ཞིབ་ཅིག་བྱེད་དགོས་པ་དང་གསུམ། ལམ་ལུགས་དེས་ང་ཚོའི་འགྲོ་ཕྱོགས་ལ་ཏན་ཏན་ལམ་ཞིག་ཡོད་པ་ཞིག་བཟོས་ཡོད་ན་འགྲིགས་མོད། འོན་ཀྱང་། དེ་འདྲ་མེད་སྟབས་ད་ལྟའི་ཁ་སྟབས་སྐྱོ་བོ་འདི་འདྲ་ཞིག་ལ་བསྐྱལ་བཞག་པ་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་དང་བཞི། ངས་ཚར་མང་པོ་བཤད་ཟིན་པ་བཞིན་ཏག་ཏག་བོད་འདི་ལམ་ལུགས་དེའི་ཐོག་ནས་མུ་མཐུད་ནས་སོང་ན། ཆོས་སྲིད་གཉིས་ཀའི་དགོས་དོན་འགྲུབ་ཀི་ཡོད་དམ་མེད་ལ་བསམ་གཞིག་གཏིང་ཟབ་བྱེད་དགོས་པ་དང་ལྔ། གང་ལྟར། ད་རུང་ཡིན་ཡང་། འདི་ལྟར། རྒྱུན་བསྲིངས་ནས་སོང་ན། ང་ཚོའི་འགྲོ་ཕྱོགས་འདི་མག་མོག་རབ་རིབ་ལས་བརྒལ་ཐུབ་ཀི་རེད་དམ།
བོད་རྒྱའི་དཀའ་རྙོག་འདི་སེལ་དགོས་ན། སེལ་ཐབས་ཀྱི་སྲིད་བྱུས་ལ་རག་ལས་ཡོད་པ་ཚང་མར་ངོས་འཛིན་ཡོད་པ་རེད་དེ། ད་ལྟའི་བར་དུ་བོད་མིའི་ངོས་ནས་བཏོན་པའི་སྲིད་བྱུས་རབ་དང་རིམ་པར་འགྱུར་བ་ཆེན་པོ་སོང་ཡོད་པ་རེད། དེ་ཡང་། རང་བཙན་གཙང་མ་ནས་རང་སྲིད་རང་སྐྱོང་། ད་རུང་ས་གནས་མི་རིགས་རང་སྐྱོང་དང་རྒྱ་ནག་མི་དམངས་རྩ་ཁྲིམས་སོགས་ཀྱི་འོག་ཏུ་སྲིད་བྱུས་ཀྱི་ཁ་ཕྱོགས་ཡོད་པ་རེད་མོད། ད་ལྟའི་བར་དུ་གྲུབ་འབྲས་ཤིག་བྱུང་བ་ནི། བཀའ་ཁྲི་ཟམ་གདོང་གིས་ཟེར་ན། སྲིད་བྱུས་འདི་ངོ་སྤྲོད་ཐུབ་ཡོད་པ་འདི་ཡིན་ཚུལ་གླེང་དང་གླེང་བཞིན་པ་ཡིན་རུང། ངས་བསམས་ན། ཁ་རྡུང་ཚད་མེད་འཁུར་བ་དང་སྦྲགས་ནས་བོད་ཀྱི་ཉམས་འདི་ཤོར་ཚར་བ་རེད་འདོད། འདི་ནི། མི་སྒེར་བ་ཞིག་གི་བསམ་ཕྱོགས་ཡིན་ནོ།། གང་ལྟར་ཀྱང་། ཨ་འཐུས་ཨུ་ཚུགས་ཀྱི་སྒོ་ནས་དབུ་མའི་ལམ་སྲིད་བྱུས་ཀྱི་ཐོག་ཏུ་འགྲོ་དགོས་པ་ཡོད་པ་མ་རེད། ཁ་ཅིག་གིས་ཟེར་ན། ད་ལྟའི་བཙན་བྱོལ་བོད་དང་བོད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སླེབས་ཐུབ་པ་ནི། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་འདིའི་ཕན་ནུས་རེད་ཅེས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་འདུག་མོད། འོན་ཀྱང་། ངས་བལྟས་ན། གཙོ་བོ་གྲུབ་འབྲས་ལ་བལྟ་དགོས་པ་གལ་གནད་ཆེན་པོ་ཞིག་འཁུམས། གལ་སྲིད། མཇུག་འབྲས་ཅང་མེད་ན་ངེས་པར་དུ། སྲིད་བྱུས་འདི་འགྱུར་བ་གཏོང་དགོས། དེའི་རྒྱབ་ལྗོངས་ནི། གཅིག་ནས། སྲིད་བྱུས་འདི་ལ་ནུས་པ་མ་ཡོད་པ་མཚོན་པ་དང་། གཉིས་ནས། སྲིད་བྱུས་འདིའི་ཁ་ཕྱོགས་རྒྱ་གཞུང་ལ་བསྟུན་ཆེ་དྲགས་ཡོད་པ། གསུམ་ནས། བདེན་པ་དང་དངོས་ཡོད་གནས་ཚུལ་མང་པོ་ཞིག་ལ་བརྩི་འཇོག་བྱས་མེད་པ། བཞི་ནས། ཉིས་སྟོང་བརྒྱད་ཀྱི་ལོར་དམིགས་བསལ་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་སྐབས་སུའང་། མང་མོས་ཀྱིས་ཐོག་ནས་གྲོས་ཆོད་ཀྱང་དེ་ལྟར་བཞག་ཡོད་པ། ལྔ་ནས། གཞིས་བཞུགས་བོད་མི་དམངས་ཀྱི་ངོས་ནས་ད་ལྟའི་བར་དུ་འབོད་སྒྲ་མཚམས་མ་ཆད་པ་ནི། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་དང་བོད་རང་བཙན་གཙང་མ་ཡིན་ཞེས་པ་སོགས་རེད། ད་རུང་བཙན་བྱོལ་ནང་གི་ཚོགས་སྡེ་ཆེ་ཤོས་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་ཤེས་འཇོན་ལྷག་བསམ་ལྡན་པའི་མི་སྒེར་མང་པོ་ཞིག་གིས་ཀྱང་བོད་རང་བཙན་གྱི་སྲིད་བྱུས་འདི་ཉིད་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་པ་རེད་དེ། འདི་ནས་ངས་ངེས་པར་དུ། བོད་རང་བཙན་གྱི་སྲིད་བྱུས་ཉག་ཅིག་འཛིན་དགོས་པའི་ལྟ་ཚུལ་བཤད་ཀིན་མེད་རུང་། ད་ལྟའི་སྲིད་བྱུས་འདི་ལ་འགྱུར་བ་ཞིག་འགྲོ་ན་ཆོག་པར་བརྗོད་ཀྱིན་པ་ཡིན་ནོ།།
བཀུར་འོས་དྲ་གྲོགས་ཆབ་ཚང་འཇམ་དཔལ་ལགས།
ཉིད་ཀྱིས་རེག་དུག་གི་ནད་གཞིའི་སྐོར་ངོ་སྤྲོད་དང་འབྲེལ་ནས་འཕྲོད་བསྟེན་བྱེད་སྟངས་ལ་རྒྱུན་ཤེས་ཆེན་པོ་ཞིག་གི་སྒོ་མོ་འབྱེད་པ་ནི། ཁ་དྲོ་ཡིན་ལགས། བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། ངེས་པར་གཟབ་དགོས་པ་ཞིག་དང་ཤེས་དགོས་པ་ཞིག་ཡིན་པས་ན། ད་རུང་མུ་མཐུད་ནས་འདིའི་རིགས་ཀྱི་སྤྱིར་བཏང་ཤེས་བྱའི་སྐོར་ནས་ངོ་སྤྲོད་དང་ལམ་སྟོན་གནང་རོགས་ཞུའོ།།
དངོས་ནས་ཡག་པོ་ཞིག་ཁྱབ་བསྒྲགས་བྱས་འདུག མཁས་དབང་འདི་འདྲ་བོད་གཞི་བྱེས་གཉིས་ན་དཀོན་པ་རེད། ད་ནི་ང་ཚོ་སད་རན་བཞག ད་མ་གཉིད་ཡ།
http://www.tibetcy.com/shownews.asp?news_id=797
བོད་ནང་གི་《སེང་རྡོར》་དང་《ཚངས་དབྱངས་》དྲ་ཚིགས་གཉིས་སུ་འདི་ལྟར། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསར་རྩོམ་གནང་བའི་《རྒྱུན་ཤེས་དང་ལམ》ཞེས་པ་འོས་སྤྱོར་བྱས་འདུག་ན། དྲ་གྲོགས་རྣམ་པས་གཟིགས་ཞིབ་ཡོང་བར་ཞུའོ།།
སེང་རྡོར། http://www.sangdhor.com/list_c.asp?id=3926
ཚངས་དབྱངས། http://www.tibetcy.com/shownews.asp?news_id=797
དེང་དུས་བོད་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་༼རྒྱུན་ཤེས་དང་ལམ་༽ཞེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་གྱིས་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་དངོས་སུ་འཁྲུངས་པར་ཡུན་རིང་རེ་བས་སྒུག་པའི་དོན་འབྲས་མངོན་དུ་གྱུར་པས་ཁོ་བོ་ཅག་དགའ་སྤྲོ་འབུམ་དུ་བརྟས། དཔེ་དེབ་དེའི་ནང་དོན་ཚད་མ་རྣམ་འགྲེལ་གྱི་མཚན་ཉིད་བསམ་བློའི་རྒྱུན་ཤེས་དང་། སྨག་རུམ་ཁྲོད་ཀྱི་བརྗེད་བྱང་། བློ་དཀར་སེམས་ཀྱི་ཁ་བརྡ། དམངས་གཙོའི་རྒྱུན་ཤེས་གནད་བསྡུས་བཅས་དོན་ཚན་ཆེ་བ་ཁག་བཞི་ལས་གྲུབ་པར་བྱས་འདུག ཁྱད་པར་དུ་ཚད་མ་རྣམ་འགྲེལ་གྱི་འབྲས་རང་མ་དམིགས་པའི་རྟགས་དང་། གཞན་སེལ་གྱི་རྣམ་གཞག རྗེས་དཔག་གི་མི་ཚེའི་སྙིང་དོན། སྐྱེ་བ་སྔ་ཕྱི་དང་ནང་པའི་མི་ཚེའི་ལྟ་ཚུལ། བདེ་སྡུག་དང་ཐར་པའི་རྣམ་གཞག་སོགས་ཐད་མཚན་ཉིད་རིག་པའི་དཔྱད་ཐབས་གསར་པའི་རིགས་པའི་ལམ་ནས་སྔར་བྱུང་མྱོང་མེད་པའི་དཔྱད་བརྗོད་གནད་ལ་འཐིངས་པ་གནང་ཡོད་ཅིང་། དེ་བཞིན་བསམ་བློའི་རྒྱུན་ཤེས་དང་ཡོངས་ཁྱབ་རིན་ཐང་། དམངས་གཙོའི་ཁྱད་རྟགས་སོགས་ཐད་ལའང་མི་བུའི་བློ་སྐྱེད་འཕེལ་ཐུབ་པའི་འགྲེལ་བརྗོད་ཁ་གསལ་གནད་འདུས་ཅན་མང་དུ་བཞུགས་ཡོད་ས་རེད་འདུག་པས་ལྷན་རྒྱས་ནས་ལེགས་རྩོམ་འདི་དང་འབྲེལ་བ་རེ་འཇོག་ཐབས་གནང་རྒྱུའི་འོས་སྦྱོར་ཞུ་བ་ལགས།།
ལྷ་ས་ཁུལ་གྱི་དེབ་འདི་དགོས་མཁན་ཚོས་ཁ་པར། བསོད་ནམས་སྒྲོལ་མ། ༡༥༠༨༩༠༩༧༥༧༡ དང་འབྲེལ་བ་གནང་ནའང་ཆོག
རྔ་པ་ཚེ་སྐྱིད་ལགས། ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་ངེས་ཅན་འདུག ངས་ཀྱང་སྔོན་མ་ནས་ཆོས་སྲིད་ཐ་དད་རེད་ཟེར་གྱི་ཡོད། ཆོས་པ་ཚོས་མིག་དཔེ་བལྟ་ས་བཅོམ་ལྡན་འདས་རེད། ཁོང་གིས་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན་སྤངས་ནས་རབ་ཏུ་བྱུང་བ་རེད། ཡིན་ན་ཡང་ཆོས་པ་ཡིན་ན་རྒྱལ་སྲིད་སྤང་དགོས་པ་དང་འཇིག་རྟེན་པ་ཡིན་ན་ཆོས་སྤང་དགོས་བའི་སྐད་ཆ་མ་རེད། གུང་ཁྲན་རིང་ལུགས་པས་འཛམ་གླིང་གི་ལོ་རྒྱུས་ན་ཤཱཀྱ་ཐུབ་པ་ལ་མཚན་སྨོད་དང་རྒྱལ་པོའི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་བྱས་ཏེ་རང་གི་ཆོས་ལུགས་དར་སྤེལ་གཏོང་ཡོད་སྐོར་བཤད་འདུག ད་དུང་ཡབ་ཀྱི་བཀའ་ལ་མ་བརྩི་བའི་ནག་ཉེས་བགྲང་འདུག རྒྱ་ནག་གུང་ཁྲན་རིང་ལུགས་པས་མི་ག་ཚོད་ཅིག་བསད་ཡོད་པ་རེད། འཕྲོག་བཅོམ་ག་ཚོད་བྱས་ཡོད་པ་རེད། དགོན་པ་ག་ཚོད་གཏོར་བ་རེད། ཆབ་སྲིད་ཀྱི་འདོད་རྔམ་ཁོ་ནའི་རྗེས་སུ་འབྲངས་ཏེ་བྱམས་བརྩེ་ལ་རྒྱབ་ཀྱི་ཕྱོགས། མིའི་རིགས་ལ་རིན་ཐང་མེད། སྡིག་པ་མེད། དགེ་བ་མེད། དེ་བཞིན་དུ་སུའུ་ལན་དང་ལྗར་མན་གྱི་དམར་ཕྱོགས་པ་ཚོས་ཀྱང་དེ་བཞིན་རང་གི་ལྟ་གྲུབ་ཆེད་མི་རིགས་ཁྲི་སྟོང་མང་པོ་བསད་པ་དང་ཆོས་ལུགས་པ་མང་པོ་རྩ་མེད་བཏང་ཡོད་པ་རེད། འདི་དག་ནི་ཆོས་ལུགས་དང་མ་འབྲེལ་བའི་སྲིད་རེད། དཔེར་ན། རྒྱ་གར་དང་ཨ་རི་ལྟ་བུ་དམག་ཤུགས་དང་སྟོབས་ཤུགས་ཡོད་པ་རེད་དེ་དམག་རྒྱག་སྟངས་ཁ་ཁ་རེད། ད་ལྟའི་གནས་སྐབས་སུ་ཆོས་པ་ཚོས་ཀྱང་ཆབ་སྲིད་ལ་ལག་པ་མ་བསྐྱངས་ན་གང་ཡང་ཡོང་རྒྱུ་མེད་ནོ་ཁྱེད་ཀྱིས་ཤེས་ནོ་དེ་རེད། འཛམ་གླིང་གི་ཁ་ཕྱོགས་དང་དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་འགྲོ་དགོས་ནི་རེད། མིའི་སྐད་སྨྲ་ཞིང་མིས་འདོད་པའི་ཆབ་སྲིད་ལམ་ལུགས་འདི་དག་མིས་བཟོས་པ་རེད། ལྷ་ཡིས་བཟོས་པ་མ་རེད།
རྔ་པ་ཚེ་སྐྱིད་ལགས། ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་ངེས་ཅན་འདུག ངས་ཀྱང་སྔོན་མ་ནས་ཆོས་སྲིད་ཐ་དད་རེད་ཟེར་གྱི་ཡོད། ཆོས་པ་ཚོས་མིག་དཔེ་བལྟ་ས་བཅོམ་ལྡན་འདས་རེད། ཁོང་གིས་རྒྱལ་སྲིད་མཆི་མའི་ཐལ་བ་བཞིན་སྤངས་ནས་རབ་ཏུ་བྱུང་བ་རེད། ཡིན་ན་ཡང་ཆོས་པ་ཡིན་ན་རྒྱལ་སྲིད་སྤང་དགོས་པ་དང་འཇིག་རྟེན་པ་ཡིན་ན་ཆོས་སྤང་དགོས་བའི་སྐད་ཆ་མ་རེད། གུང་ཁྲན་རིང་ལུགས་པས་འཛམ་གླིང་གི་ལོ་རྒྱུས་ན་ཤཱཀྱ་ཐུབ་པ་ལ་མཚན་སྨོད་དང་རྒྱལ་པོའི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་བྱས་ཏེ་རང་གི་ཆོས་ལུགས་དར་སྤེལ་གཏོང་ཡོད་སྐོར་བཤད་འདུག ད་དུང་ཡབ་ཀྱི་བཀའ་ལ་མ་བརྩི་བའི་ནག་ཉེས་བགྲང་འདུག རྒྱ་ནག་གུང་ཁྲན་རིང་ལུགས་པས་མི་ག་ཚོད་ཅིག་བསད་ཡོད་པ་རེད། འཕྲོག་བཅོམ་ག་ཚོད་བྱས་ཡོད་པ་རེད། དགོན་པ་ག་ཚོད་གཏོར་བ་རེད། ཆབ་སྲིད་ཀྱི་འདོད་རྔམ་ཁོ་ནའི་རྗེས་སུ་འབྲངས་ཏེ་བྱམས་བརྩེ་ལ་རྒྱབ་ཀྱི་ཕྱོགས། མིའི་རིགས་ལ་རིན་ཐང་མེད། སྡིག་པ་མེད། དགེ་བ་མེད། དེ་བཞིན་དུ་སུའུ་ལན་དང་ལྗར་མན་གྱི་དམར་ཕྱོགས་པ་ཚོས་ཀྱང་དེ་བཞིན་རང་གི་ལྟ་གྲུབ་ཆེད་མི་རིགས་ཁྲི་སྟོང་མང་པོ་བསད་པ་དང་ཆོས་ལུགས་པ་མང་པོ་རྩ་མེད་བཏང་ཡོད་པ་རེད། འདི་དག་ནི་ཆོས་ལུགས་དང་མ་འབྲེལ་བའི་སྲིད་རེད། དཔེར་ན། རྒྱ་གར་དང་ཨ་རི་ལྟ་བུ་དམག་ཤུགས་དང་སྟོབས་ཤུགས་ཡོད་པ་རེད་དེ་དམག་རྒྱག་སྟངས་ཁ་ཁ་རེད། ད་ལྟའི་གནས་སྐབས་སུ་ཆོས་པ་ཚོས་ཀྱང་ཆབ་སྲིད་ལ་ལག་པ་མ་བསྐྱངས་ན་གང་ཡང་ཡོང་རྒྱུ་མེད་ནོ་ཁྱེད་ཀྱིས་ཤེས་ནོ་དེ་རེད། འཛམ་གླིང་གི་ཁ་ཕྱོགས་དང་དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་འགྲོ་དགོས་ནི་རེད།
བོད་ནང་གི་《སེང་རྡོར》་དང་《ཚངས་དབྱངས་》དྲ་ཚིགས་གཉིས་སུ་འདི་ལྟར། སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསར་རྩོམ་གནང་བའི་《རྒྱུན་ཤེས་དང་ལམ》ཞེས་པ་འོས་སྤྱོར་བྱས་འདུག་ན། དྲ་གྲོགས་རྣམ་པས་གཟིགས་ཞིབ་ཡོང་བར་ཞུའོ།།
སེང་རྡོར། http://www.sangdhor.com/list_c.asp?id=3926
ཚངས་དབྱངས། http://www.tibetcy.com/shownews.asp?news_id=797
དེང་དུས་བོད་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་༼རྒྱུན་ཤེས་དང་ལམ་༽ཞེས་པ་ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་གྱིས་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་དངོས་སུ་འཁྲུངས་པར་ཡུན་རིང་རེ་བས་སྒུག་པའི་དོན་འབྲས་མངོན་དུ་གྱུར་པས་ཁོ་བོ་ཅག་དགའ་སྤྲོ་འབུམ་དུ་བརྟས། དཔེ་དེབ་དེའི་ནང་དོན་ཚད་མ་རྣམ་འགྲེལ་གྱི་མཚན་ཉིད་བསམ་བློའི་རྒྱུན་ཤེས་དང་། སྨག་རུམ་ཁྲོད་ཀྱི་བརྗེད་བྱང་། བློ་དཀར་སེམས་ཀྱི་ཁ་བརྡ། དམངས་གཙོའི་རྒྱུན་ཤེས་གནད་བསྡུས་བཅས་དོན་ཚན་ཆེ་བ་ཁག་བཞི་ལས་གྲུབ་པར་བྱས་འདུག ཁྱད་པར་དུ་ཚད་མ་རྣམ་འགྲེལ་གྱི་འབྲས་རང་མ་དམིགས་པའི་རྟགས་དང་། གཞན་སེལ་གྱི་རྣམ་གཞག རྗེས་དཔག་གི་མི་ཚེའི་སྙིང་དོན། སྐྱེ་བ་སྔ་ཕྱི་དང་ནང་པའི་མི་ཚེའི་ལྟ་ཚུལ། བདེ་སྡུག་དང་ཐར་པའི་རྣམ་གཞག་སོགས་ཐད་མཚན་ཉིད་རིག་པའི་དཔྱད་ཐབས་གསར་པའི་རིགས་པའི་ལམ་ནས་སྔར་བྱུང་མྱོང་མེད་པའི་དཔྱད་བརྗོད་གནད་ལ་འཐིངས་པ་གནང་ཡོད་ཅིང་། དེ་བཞིན་བསམ་བློའི་རྒྱུན་ཤེས་དང་ཡོངས་ཁྱབ་རིན་ཐང་། དམངས་གཙོའི་ཁྱད་རྟགས་སོགས་ཐད་ལའང་མི་བུའི་བློ་སྐྱེད་འཕེལ་ཐུབ་པའི་འགྲེལ་བརྗོད་ཁ་གསལ་གནད་འདུས་ཅན་མང་དུ་བཞུགས་ཡོད་ས་རེད་འདུག་པས་ལྷན་རྒྱས་ནས་ལེགས་རྩོམ་འདི་དང་འབྲེལ་བ་རེ་འཇོག་ཐབས་གནང་རྒྱུའི་འོས་སྦྱོར་ཞུ་བ་ལགས།།
ལྷ་ས་ཁུལ་གྱི་དེབ་འདི་དགོས་མཁན་ཚོས་ཁ་པར། བསོད་ནམས་སྒྲོལ་མ། ༡༥༠༨༩༠༩༧༥༧༡ དང་འབྲེལ་བ་གནང་ནའང་ཆོག
རྨེའུ་རུ་དཀོན་རྒྱམ་ཁྱོས་ཚོད་བཟུང་ན་དགའ་་་་་་ཨ་མདོ་རྔ་བའི་མིང་ཁུལ་ནས་ཚེ་སྐྱིད་ཡིན་མདོག་ཁ་བོ་མ་བྱེད། ཁྱོ་གྲྭ་བ་ཞིག་ཡིན་བཞིན་བུ་མེད་ཅིག་ཡིན་ཟེར་ན་འོས་འཚམས་རེད་དམ།
ལམ་ནི།
ག་དུས་ཡིན་རུང་། མིའི་རིགས་ཀྱི་རྐང་བའི་འོག་ན་ཡོད་པ་ཞིག་ཡིན་དུས། ལམ་བཏོད་ཐུབ་པ་ཞིག་དང་ཆོག་པ་ཞིག་ཀྱང་རེད།
ལུགས་སྲོལ་ནི།
བརྗེ་དགོས་པ་ཞིག་ཡིན་པའི་མི་ཚད་བརྗེ་སྟངས་ཀྱང་གསར་གཏོད་ཀྱི་སྒོ་ནས་འགྲོ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ལམ་སྲོལ་ནི་འཆིང་རྒྱ་ཞིག་ཡིན་པ་རེད། དེས་ན། རྒྱུན་སྐྱོང་དང་ལུགས་སྲོལ་ནི་སྒེར་གཅོད་ཁག་གིས་ཁེ་བཟང་བདའ་བྱེད་ཙམ་ཞིག་ལ་གྱུར་འདུག་ན། འདི་དག་རྙིང་བརྗེ་གསར་གཏོད་མ་བྱས་ན། ང་ཚོའི་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དེ་ཆེས་གུ་དོག་དང་མཁྲེགས་འཛིན་ཅན་དུ་འགྱུར་གི་རེད། དེ་དུས། ང་ཚོའི་མི་རིགས་ཀྱི་ནུས་པ་དང་གཟི་བརྗིད་སོགས་ཕྱི་རྫིགས་ནང་སྟོང་གི་ངོ་བོར་གྱུར་ཚར་བ་རེད།
ཆན་ཡས་ཐོག་ཁང་གི་འགོ་གཙོ་གསུམ་པ་ལ།
《ཁྱོས་ཚོད་བཟུང་ན་དགའ》 ཟེར་ནས་འཇིགས་སྐུལ་དང་རྩིང་སྤྱོད་ཀྱི་རྣམ་འགྱུར་མ་སྟོན་རོགས་ཞུའོ།།
གཅིག་ནས། རིག་གནས་བགྲོ་གླེང་གི་ཁོར་ཡུག་གནོད་པ་དང་། གཉིས་ནས་ང་དང་ངའི་མིང་འདི་རྩོད་གཞི་མ་རེད་ལ། སྐབས་བབ་བརྗོད་གཞི་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་རེད། གསུམ་ནས། རྒྱ་ཆེ་ནས་བོད་མི་རིགས་དང་རིག་གཞུང་། ཆུང་ས་ནས་ཕ་ཡུལ་ལ་སོགས་པར་འཐུས་ཚང་འགྲོ་བར་བསམ་ཞིབ་བྱས་དང་བྱེད་ཀྱིན་པ་ཡིན་ནོ།།
གང་ལྟར། ང་ནི་ང་རང་དེ། གཞན་ཞིག་གིས་ཅི་ཞིག་བཤད་ཀྱང་། དམའ་འབེབས་བཏང་རུང་། དེར་སྐྱོན་ཆེན་པོ་རེད་བསམ་གི་མེད་དེ། མ་ཤེས་བཞིན་དུ་ཤེས་ཁུལ་བྱེད་པ་དང་ཤེས་བཞིན་དུ་མ་ཤེས་ཁུལ་བྱེད་པའི་འདུ་ཤེས་ཉི་ཚེ་བའི་རིགས་ལ། ག་དུས་ཡིན་རུང་ཁ་གཏད་ལ་ལངས་ངེས་ཡིན་ལ། དེ་ཡང་། རྒྱུ་མཚན་དང་རྒྱབ་ལྗོངས་ཡོད་པའི་ཐོག་ནས། གུ་ཡངས་དང་གུས་བརྩི་ཡོད་པའི་ཐོག་ནས། བསམ་ཚུལ་བརྗེ་རེས་བྱེད་པ་ལས་སྤྱི་ཚོགས་རྙིང་བའི་ལམ་དང་ལུགས་སྲོལ། ཕྱོགས་ཞེན་དང་ཕྲག་དོག་གིས་བཟི་ནས། རང་གཞན་གྱི་མི་ཕན་པའི་བཤད་སྟངས་དང་སྤྱོད་སྟངས་སྤེལ་གི་མིན་ནོ།།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་། ངས་རང་གི་ལྟ་ཚུལ་འདི་ཇེ་གསལ་གྱི་ཆེད་དུ། ངོས་འཛིན་བྱུང་བ་ཁག་ཅིག་དཔྱད་གཞིར་ཙམ་ལ་ཕུལ་ན་འདོད་བྱུང་། དེ་གང་དག་ཡིན་ཟེར་ན།
༡༽ ཁ་སང་གི་ཉམས་མྱོང་གཏིང་ནས་མི་བརྗེད་ཅིང་། དེ་རིང་གི་འགྱུར་ལྡོག་ངོས་ཟིན་རྒྱུ་ན། སང་ཉིན་གྱི་ལམ་དེ་འགྲོ་ཕྱོགས་ཡོད་པ་ཞིག་ཏུ་འགྱུར་གི་རེད།
༢༽ འཛམ་གླིང་ཡུལ་གྲུ་སྤྱི་དང་། ལྷག་པར་དུ་ས་གཞི་ཟླུམ་པོའི་ཡང་རྩེར་སྙེག་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལོ་རྒྱུས་ལ་ཕྱིར་དྲན་རེ་བྱས་དུས། ཤེས་རབ་ཀྱིས་དོགས་དཔྱོད་བྱས་ཤིང་ལག་ལེན་གྱི་ཁ་ཕྱོགས་གནད་ལ་ཟུག་ནས། ཕྱིའི་དཔལ་ཡོན་དེ་འཕེལ་རྒྱས་ཆེན་པོ་བཏང་བ་ཞིག་རེད་ཨང་།
༣༽ ང་ཚོའི་མི་རིགས་འདི་དང་འདིའི་རིག་གནས་ཤིག་ཤི་ལ་ཉེ་བ་དང་སྟོངས་ལ་ཉེ་བའི་སྐབས་སུ། རང་བསྟོད་རང་གིས་བརྒྱབས་ནས་མི་འདུག་པར་ཐབས་ལམ་གསར་བ་ཞིག་འཚོལ་བའི་ཆེད་དང་། ལྷག་པར་དུ། དེང་སང་གི་འགྲོ་སྟངས་གསར་བའི་ཕྱོགས་སུ་བསྐྱོད་དགོས་པའི་དུས་ཤིག་འཁེལ་འདུག
༤༽ ནམ་ཡིན་ཡང་། དབྱེ་ཞིབ་ཀྱི་བསམ་བློ་ཞིག་དང་། འཚོ་ཚིས་གསར་བ་ཞིག་བཙལ་དགོས་པ་ནི། ང་ཚོའི་མི་རིགས་དང་རིག་གནས་དག་གི་འཐུས་སྒོ་ཇེ་ཚང་ཇེ་ལེགས་སུ་འགྲོ་བས་རེད།
༥༽ ད་ཆ་ནི། མཉམ་བསྲེས་ཀྱི་ལམ་ལུགས་ནང་དུ་མི་འཛུལ་བར་རིག་གནས་རང་རང་གི་ཁྱད་ཆོས་དང་ནུས་པར་བསྟུན་པའི་སྒོ་ནས། འགྲོ་སྟངས་ཤིག་ཡོད་སྟབས། ང་ཚོ་ཡང་དེར་བསྟུན་གྱི་འགྲོ་དགོས་པ་གལ་གནད་ཅིག་རེད།
༦༽ ད་སྐབས། མི་རིགས་དང་མི་སྒེར་སོགས་ཀྱིས། རང་རང་གི་རིགས་ལམ་གྱི་རྣོ་ངར་བརྡར་ནས་གསར་གཏོད་ཀྱི་སྒོ་མོ་ཆེན་པོ་ཞིག་ཕྱེས་དང་འབྱེད་བཞིན་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་དུས། ང་ཚོའི་མི་རབས་ཀྱི་རྣམ་དཔྱོད་དང་བློ་གྲོས་འདོན་རན་པའི་དུས་བབ་ཅིག་རེད།
༧༽ མི་རིགས་གཞན་གྱི་སྐྱེས་བུ་སྒེར་རེ་རེ་ལ། སྒེར་ཚུགས་དང་རང་ཚུགས་རྙེད་དང་རྙེད་བཞིན་པའི་སྒང་ཡིན་པ་མ་ཟད། དེ་ཡང་། སྟོབས་ཤུགས་ཤིག་ལ་གྱུར་དང་འགྱུར་བཞིན་པའང་རེད། དེས་ན། ང་ཚོའི་མི་རིགས་ཀྱི་མི་རང་རང་གི་སྒལ་ཚུགས་རྙེད་དགོས་པའི་ཚད་དུ་སླེབས་ཟིན་པ་རེད།
༨༽ དེང་སང་གི་དུས་ཚོད་འདིར། མི་སུ་ཡིན་རུང་བསམ་བློ་གཏོང་ཕྱོགས་འདྲ་མིན་ཡོང་ཆོག་པ་མ་ཟད། དེས་བསྐྱེད་པའི་སྤྱོར་བ་སྣ་ཚོགས་ཤིག་རྩོམ་ཆོག་པ་དེ་རེད། དེར་བརྟེན། ང་ཚོའི་མི་རབས་ཀྱི་ངོས་ནས་ཀྱང་གསར་བསྐྲུན་བྱེད་ཕྱོགས་ལ། བསམ་བློ་བསྒྲིམས་ནས་བྱ་ཐབས་ཕན་ནུས་ལྡན་པ་ཞིག་འདོན་རན་པའི་དུས་ཤིག་འཁེལ་འདུག
༩༽ ད་སྐབས། རིག་གནས་ཤིག་འཐུས་ཚང་དང་འཕེལ་རྒྱས་ཆེན་པོ་ཞིག་ལ་བསྒྱུར་དགོས་ན། དུངས་ཞེན་དང་ཕྱོགས་ཞེན་ཙམ་གྱིས་ནུས་པའི་འདང་གི་མེད་པ་གསལ་བོ་རེད། བྱས་དུས། དོགས་སློང་དགག་སྒྲུབ་ཀྱི་སྒོ་ནས། གྲོས་བསྡུར་རྩོད་གླེང་གི་ཐོག་ནས། ཐབས་རྩལ་འདོན་སྟངས་ཀྱི་སྒོ་ནས། རྒྱ་ཆེ་ཞིང་གཏིང་ཟབ་བའི་ཁ་ཕྱོགས་ཤིག་གཏན་འབེབས་གནང་རན་རེད།
༡༠༽ ད་ནི། རང་ལམ་ཞིག་བཏོན་དགོས་པའི་ཚད་དུ་སླེབས་པ་རེད། དེའི་ཕྱིར་ན། རང་གི་མ་འོངས་པའི་ཁ་ཕྱོགས་ལ་མཛའ་བའི་ལམ་བུ་དེའི་ཆེད་དུ། ཆ་རྐྱེན་གང་ཞིག་བསྐྲུན་དགོས་པ། ཁྱད་པར་དུ། སྡུག་ས་ནས་གྲ་སྒྲིག་ཇི་ལྟར་བྱ་དགོས་པའི་འཆར་གཞི་བསྒྲིག་དགོས་པ་སོགས་གནད་དོན་དེ་བོར་མི་ཉན་པ་ཞིག་རེད།
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
༡ བོད་མི་རིགས་ཀྱི་དཔྱོད་ཤེས་དང་ལག་ལེན་རྣལ་མ་དེ་སུ་ཞིག་གིས་འཕྲོག་སོང་བ་རེད་དམ།
༢ བོད་མིའི་སྒལ་ཚུགས་སུ་ཞིག་གིས་བཅོམས་བཞག་པ་རེད་དམ།
༣ ཇི་ལྟར་བྱས་ནས་བོད་པ་ཚང་གི་སྐྱབས་བཅོལ་གཞན་རྟེན་གྱི་འདུ་ཤེས་དེ་རྫོགས་ཚིག་འབྲི་ཐུབ་ཀི་རེད་དམ།
༤ ཆོས་ལུགས་དང་འབྲེལ་བའི་རིག་གནས་རྐྱང་རྐྱང་གིས་ང་ཚོའི་མི་རིགས་ཀྱི་ངོ་གདོང་ངོ་མ་དེ་སྟོན་ཐུབ་བམ།
༥ ག་འདྲ་བྱས་ནས་བོད་མི་རིགས་ཀྱི་གསར་གཏོད་ཀྱི་ཆ་དེ་བསྐྱུར་ནས། རྒྱུན་སྐྱོང་བ་དང་ཤུལ་འཛིན་པ་ཙམ་ཞིག་འགྱུར་སོང་བ་རེད་དམ།
༦ ག་དུས་ཤིག་ལ་འཚོ་བ་དངོས་ཀྱི་རིག་གནས་དེ་ང་ཚོའི་ངོས་ནས་བོར་བརླགས་བྱུང་བ་རེད་དམ།
༧ ད་ལྟའི་ང་ཚོའི་མི་རིགས་ཀྱི་ཉམས་ཉེས་དང་ཉེན་ཁ་དེ་སུ་ཞིག་གིས་བསྐྲུན་པ་རེད་དམ།
༨ ཆོས་ལུགས་དང་མ་འབྲེལ་ན་ང་ཚོའི་མི་རིགས་ཀྱི་སྟོབས་ཤུགས་ཡོད་ཚད་ཚར་སོང་བ་ཨེ་རེད།
༩ ས་རྡོའི་གཟུགས་རིས་དེ། ང་ཚོའི་མི་རིགས་དང་རིག་གནས་ཀྱི་མཚོན་དོན་ངོ་མ་འགྱུར་ཐབས་ཨེ་ཡོད་དམ།
༡༠ དོགས་སློང་དང་ཚོད་ལྟ་རྣམས་ནི། ངེས་པར་དུ། དག་སྣང་དང་བཏང་སྙོམ་གྱི་དཀྱིལ་དུ་འཇོག་དགོས་པ་རེད་དམ།
བཀུར་འོས་རིགས་མཐུན་དྲ་གྲོགས་རྣམ་པ་ལགས།
དེ་རིང་ཡང་། བུ་མོ་ངའི་ལྟ་ཚུལ་རེ་ཤས་གསལ་འདེབས་དང་དྲན་སྐུལ་གྱི་ཚུལ་ད་ུའདོན་ན་འདོད་ཀི། དེས་ན། གཤམ་དུ་ཨང་རིམ་བཞིན་འགོད་རྒྱུ་ཡིན་ལགས།
༡༽ དོགས་སློང་དང་དཔྱོད་ཤེས་ཀྱི་སྒོ་མོ་ཇི་ལྟར་ཆེ་ཞིང་ཡངས་ན། དེ་ལྟར་ངོས་འཛིན་དང་ཐབས་བྱུས་དེ་ཡང་གཏིང་ཇེ་ཟབ་ཇེ་མཐུག་ཏུ་འགྲོ་རྒྱུ་མ་རེད་དམ།
༢༽ འགན་འཁྲི་དང་སྙིང་སྟོབས་ཀྱི་བློས་བཏང་ཇི་ལྟར་བླངས་ཤིང་དོན་ལ་གནས་ན། དེ་ལྟར་གྲུབ་འབྲས་དང་དགོས་དམིགས་དེ་ཡང་མངོན་པར་ཇེ་གསལ་ཇེ་ཆགས་སུ་འགྲོ་གི་མ་རེད་དམ།
༣༽ སྒེར་ཚུགས་དང་རང་རྟོན་གྱི་རྣམ་འགྱུར་ཇི་ལྟར་ཆེ་ཞིང་ཁྱད་ཆོས་ཡོད་ན། དེ་ལྟར་སྤྱི་ཡོངས་ཀྱི་སྒལ་ཚུགས་དང་འགྲོ་སྟངས་དེ་ཡང་ཁ་ཕྱོགས་ཇེ་ཆེ་ཇེ་ཡངས་སུ་འགྲོ་རྒྱུ་མ་རེད་དམ།
༤༽ དགག་སྒྲུབ་དང་རྩོད་གླེང་གི་གླེང་སྟེགས་ཇི་ལྟར་ཡངས་ཤིང་རྒྱ་ཆེ་ན། དེ་ལྟར་གུ་ཡངས་དང་མཐོང་རྟོགས་དེ་ཡང་ཕྱོགས་ཡོངས་ཅན་ཞིག་ཏུ་འགྲོ་རྒྱུ་མ་རེད་དམ།
༥༽ དུས་རབས་དང་གནས་ལུགས་ལ་ཇི་ལྟར་བདེན་ཁ་བྱིན་ཞིང་ཆ་འཇོག་ཆེ་རྒྱུ་ན། དེ་ལྟར་མདུན་ལྗོངས་ཡངས་ཤིང་ཡར་ཐོན་ཅན་གྱི་ལམ་དུ་བགྲོད་ཐུབ་པར་ཕན་རྒྱུ་མ་རེད་དམ།
ཚེ་སྐྱིད་ལགས་ཁྱེད་ནི་མི་རིགས་ཀྱི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་པའི་བོད་ཀྱི་དཔའ་མོ་གཅིག་པུ་དེ་རེད་ཅེས་ན་མ་འགྲིག་པ་གང་ཡང་མ་ཐོང།
བསམ་ཚུལ་ནི་བསམ་ཚུལ་ཙམ་ཞིག་ཏི་ངོས་མི་བཟུང་པར་དེ་ཡི་སྟོབས་སུགས་ལ་བལྟ་དགོས། འཇིག་རྟེན་གསར་པ་དུས་རབས་གསར་པ་འདིར་ལག་པས་ལས་ཀྱང་བསམ་ཚུལ་གྱིས་ནུས་ཤུགས་ཆེ་བ་ཡོད། ཐོག་མར་མི་སེམས་འགུལ་བ་ལ་བསམ་ཚུལ་ཤོད་རེས་བྱེད་དགོས་བསམ་ཚུལ་གང་ཡིན་པ་དེ་ཡིས་མི་ཚོས་གོ་དགོས་དེ་ལ་རྒྱབ་སྐྱོར་ཇི་ལྟར་མང་བ་ཙམ་གྱིས་བསམ་ཚུལ་དེ་ལག་ལེན་དངོས་སུ་འགེལ་རྒྱུར་དཀའ་ཚེགས་གང་ཡང་མེད། དུས་རབས་གསར་པའི་མགོ་ཁྲིད་བདག་གིས་རྒྱལ་ཁམས་དབང་ལ་བསྒྱུར་གྱིན་ཡོད། ཁོང་ཚོས་བསམ་པའི་འདུ་ཤེས་ཀྱིས་དབང་བསྒྱུར་བྱེད་པ་ལས་ལག་གིས་བྱེད་པ་ཉིན་མོའི་སྐར་མ་ལྟ་དཀོན། དེས་ན་ཁྱེད་ཀྱིས་བསམ་ཚུལ་དང་གླེང་སྟེགས་ཀྱིས་ཀྱང་མི་སེམས་བཀུག་ཟིན་ཡོད། ད་དུང་། བོད་ཀྱི་གཏམ་དཔེར། མིས་ཅི་སྨྲ་ལ་མ་ཉན། མིས་ཅི་གྱིད་ལ་ལྟོས། ཞེས་པ་ཞིག་ང་ཡི་ཡབ་དམ་པས་བཤད་མྱོངས། ལས་བྲེལ་གྱི་དབང་གིས་ཁྱེད་ཀྱིས་བྲིས་པ་ཀུན་ཀ་ཀླགས་ཀྱང་དྲི་བ་འདོན་རྒྱུའི་དུས་ཁོམ་མ་བྱུང་།
དེ་ཐུགས་ལ་འཇག་རོགས། སེམས་ཤུགས་བསྐྱེད་དེ་དྲྭ་ཐོག་ཏུ་ཕེབས་རོགས། ཁྱེད་དང་ཧེ་རུ་ཀ་གཉིས་ལས་སྣང་བ་འགྲོ་བའི་དྲྭ་ཉུལ་བ་སུ་གང་ཡང་མ་མཐོང། དེ་ནི་ཁྱེད་ཀྱི་སེམས་ཀྱི་ཁྱེར་སོའི་འདུ་ཤེས་ལས་བྱུང་བ་རེད།
སྐུ་གཟུགས་ལ་ཐུགས་འཇག་གནང་རོགས།
ཉེ་རབས་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ལས་འཕྲོས་པའི
ཆེད་གཏམ་རགས་བསྡུས།
གཅིག རྩོམ་རིག་ཅེས་པའི་གོ་དོན།
སྤྱིར་བཏང་རྩོམ་རིག་ཅེས་པར་སྒྲ་ཡངས་འཇུག་གི་དབང་དུ་བྱས་པ་དང་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད། དེ་ཡང་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་དོན་གང་ཞིག་ཚིག་གི་སྡེབ་སྦྱོར་ལ་བཅིངས་ཚད་ཀྱི་རྣམ་གྲངས་ཡོངས་རྫོགས་ལ་གོ་དགོས། དཔེར་ན་སུམ་རྟགས་གཉིས་དང༌། རྒྱལ་རབས་དང་ཆོས་འབྱུང༌། རྟོགས་བརྗོད་དང་རྣམ་ཐར། གླུ་མགུར་དང་བཞད་གར། ཟློས་གར་དང་གསར་འགྱུར་ལྟ་བུ་ཡིན། འགྲེལ་ཚུལ་འདིའི་དབང་དུ་བྱས་ན་རྩོམ་རིག་དང་རྩོམ་རིགས་གཉིས་ཀྱི་དོན་སྟེང་ལ་ཁྱད་པར་གང་ཡང་མེད།
སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་གྱི་འགྱིང་ཉམས་ཁྱད་དུ་འཕགས་པ་ཐོན་པའི་གནའ་ནས་ད་བར་གྱི་རྩོམ་རིག་literature སྤྱི་ཡོངས་ལ་ཟེར་གྱི་ཡོད། སྒྱུ་རྩལ་ཅེས་པ་ནི་རྩོམ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཁྱད་ཆོས་འདི་ལ་བརྟེན་ནས་སྒྲ་ཡངས་དོག་གི་དབང་དུ་བྱས་པའི་རྩོམ་རིག་གཉིས་ཀྱི་གཞི་རྩའི་ཁྱད་ཡོན་གླེང་དགོས་པ་ཞིག་རེད།
འོ་ན་སྒྱུ་རྩལ་ཅེས་པ་ཇི་འདྲ་ཞིག་ལ་ཟེར་སྙམ་ན། དེ་ནི་ཚིག་དོན་སྒྲིག་སྟངས་ཀྱི་ཐབས་ཇུས་དམིགས་བསལ་བ་ཞིག་ལ་ཟེར་གྱི་ཡོད། སྤྱིར་བཏང་བྱས་ན་སྒྱུ་རྩལ་ལ་དྲང་སྲོང་ནིའུ་ལིའི་བུས་༼སེན་མོས་བྲད་དང་སོས་གདབ་དང༌། །འཁྱིད་པ་དང་ནི་མཐང་སྦྱར་དང༌། །བྱ་བ་དང་ནི་ལག་པས་གདབ། །སྒྲ་ཡི་བྱེ་བྲག་དང་དང་ནི། །སྐྱེས་པའི་སྟེང་དུ་ཉལ་དང་བརྒྱད། །རེ་རེ་ལའང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །༽ཞེས་སོགས་སྒྱུ་རྩལ་ལ་རྣམ་གྲངས་ཧ་ཅང་མང་པོ་ཡོད་མོད་ཀྱང༌། སྐབས་འདིའི་སྒྱུ་རྩལ་ཅེས་པར་བརྗོད་བྱ་དང་རྗོད་བྱེད་གཉིས་གཞི་གཅིག་ཏུ་འབྲེལ་བའི་ཐོག་བརྗོད་དོན་གང་ཞིག་གདམས་གསེས་བྱས་པ་ཀློག་པ་པོས་འཕྲལ་དུ་རྟོགས་མི་ཐུབ་པའི་ཆེད་ཅུང་ཟད་ལྐོག་གྱུར་རམ་སྦས་པའི་ཚུལ་གྱིས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཅིག་དང༌། གང་བསྟན་བྱའི་དོན་དེ་མཚུངས་དཔེ་གཞན་ཞིག་བརྒྱུད་མི་དགོས་པར་ཚིག་གི་ངོ་གདོང་རང་གིས་ཐད་ཀར་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཉིས་ཡོད།
སྒྱུ་རྩལ་རྩོམ་རིག་གང་ཞིག་སྤེལ་རུང་རྣམ་གྲངས་དེ་གཉིས་གཞི་རྩར་འཛིན་དགོས་པ་མ་ཟད། སྒྱུ་རྩལ་གྱི་ཆ་དེ་རིགས་བརྒྱུད་ནས་སྐབས་ཐོག་གི་དངོས་བྱུང་འཚོ་བའི་ནང་གི་དགའ་སྐྱོ་ཆགས་སྡང་གི་རིགས་གསོན་ཉམས་ལྡན་པའི་ཐོག་ནས་མཚོན་ཐུབ་པ་བྱེད་དགོས། གསོན་ཉམས་ལྡན་པ་ཞེས་པ་ནི་དངོས་ཡོད་འཚོ་བའི་ནང་གི་སྣང་བརྙན་ཇི་བཞིན་འབྲི་བཞེངས་བྱེད་རྒྱུ་ཙམ་མིན་པར། སྣང་བརྙན་དེ་འདྲ་ཞིག་གཞི་རྩར་བྱས་ཐོག་འབུར་ཐོན་ཅན་གྱི་སྣང་བརྙན་གསར་རྐྱང་ཞིག་བསྐྲུན་ཐབས་བྱེད་དགོས་པ་དེ་ཡིན།
མདོར་བསྡུས་ནས་བཤད་ན། རྩོམ་རིག་ཅེས་པ་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ལ། དེ་ཡང་ཡིད་ཀྱི་འགྱུར་བ་མཚོན་པའི་ངག་གི་བྱེད་ལས་ཁྱད་པར་བ་ཞིག་ལ་གོ་དགོས། དེ་ལ་ཡང་ནང་གསེས་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་གཏོགས་པ་དང་མ་གཏོགས་པ་ཅི་རིགས་ཤིག་ཡོད་པ་གོང་དུ་བཤད་ཟིན་ལྟར་ཡིན་ནོ།།
གཉིས། གནའ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཞང་བོད་གཅིག་གྱུར་མ་བྱས་པའི་སྔོན་རྗེས་སོ་སོར་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་ཀྱི་བར་དང༌། ལོ་ངམ་དང་གྲི་གུམ་གྱི་སྲས་ཤ་ཁྱི་དང་རུ་ལས་སྐྱེས་སོགས་ཀྱི་བར་བྱུང་བའི་དམར་འཛིང་གི་དོན་རྐྱེན་གྱི་སྔ་རྗེས་སུ་བླངས་པའི་མགུར་དང༌། སྲོང་བཙན་གྱིས་དབའས་དབྱི་ཚབ་ལ་བླངས་པའི་མགུར། དབྱི་ཚབ་ཀྱིས་དེའི་ལན་ལ་བླངས་པའི་མཆིད། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱིས་ཞང་ཞུང་ནས་གསང་བརྡའི་རྣམ་པར་བླངས་པའི་མགུར། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་དུས་རྒྱ་ཡུལ་ཕབ་པར་བརྒྱབས་པའི་རྗེས་རྒྱལ་བློན་སོ་སོས་བླངས་པའི་མགུར། འདུས་སྲོང་གིས་མགར་བློ་ལོག་པའི་སྐབས་བླངས་པའི་མགུར། དེ་བཞིན་ཁྱུང་པོ་སྤུང་ཟད་ཀྱིས་གནམ་རི་ལ་འཕྱ་སྨོད་ཀྱི་ཚུལ་དུ་བླངས་པའི་གླུ་སོགས་གླུ་མགུར་མཆིད་གསུམ་གྱི་རིགས་མང་དུ་སྣང་བ་དེ་དག་ནི་བོད་ཀྱི་ཆེས་ཐོག་མའི་ངག་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་ནང་བྱུང་བའི་ཚབ་མཚོན་རང་བཞིན་ཅན་ཤ་སྟག་ཡིན་པས་སྐབས་དེ་དང་དེའི་དུས་ཀྱི་རྩོམ་རིག་གི་གནས་ཚད་གསལ་བོར་མཚོན་ཐུབ་པ་ཞིག་ཀྱང་རེད།
དེ་རྗེས་མར་པ་ལོ་ཙཱ་བ་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྗེ་མི་ལ་བཞད་པའི་རྡོ་རྗེ། འཁྲུལ་ཞིག་རྒྱ་རས་པ། ཀླུང་ཆེན་རབ་འབྱམས་པ། ཞབས་དཀར་བ་སོགས་ཀྱིས་སྐབས་སོ་སོར་བླངས་པའི་གསུང་མགུར་དཔེ་གཟུགས་དང༌། བསྡུས་བརྗོད་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པ་མང་དུ་ཡོད་པ་ཙམ་དུ་མ་ཟད། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་དང་རྗེ་མི་ལ་བཞད་པའི་རྡོ་རྗེ་སོགས་ཀྱི་གསུང་མགུར་འགའི་ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་ཀྱི་གོ་རིམ་མ་འཁྱོལ་བར་བཞག་པ་དང༌། ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་གཟུགས་མ་འགྱུར་བར་ཐོན་པ། ཚིག་རྐང་རེ་རེའི་ནང་དུ་གསལ་བྱེད་ཀྱི་སྡེ་བ་རེ་རེ་ཚང་བར་བྱས་པ། ཚིག་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་ཡང་ཡང་སླེབས་པར་བྱས་པ་སོགས་སྔར་མེད་རྩོམ་ཐབས་ཀྱི་རྣམ་པ་གསར་བཏོད་མང་དུ་བྱས་འདུག དེར་བརྟེན་སྔར་ཡབ་མེས་རྒྱལ་བློན་སོ་སོའི་སྐབས་བླངས་པའི་ངག་ཐོག་གླུ་མགུར་གྱི་རིགས་དང་གཏན་ནས་མི་འདྲ་བར་ནང་དོན་དང་བརྡ་སྐད་སོགས་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད།
མདོར་བསྡུས་ནས་བཤད་ན། སྙན་ངག་མེ་ལོང་མ་བོད་དུ་མ་འགྱུར་བའི་ཡར་སྔོན་དང༌། བསྒྱུར་བའི་རྗེས་སུ་བྱུང་བའི་བོད་ཀྱི་ཡིག་ངག་གཉིས་ཐོག་གི་གནའ་རྩོམ་དེ་དག་གི་ཚིག་དོན་གཉིས་ཕན་ཚུན་འབྲེལ་ཆགས་ཤིང༌། ཚིག་གི་མཛེས་ཉམས་དང༌། དོན་གྱི་རོ་བཅུད་ཤིན་ཏུ་ཆེ་བ། ལྷག་དོན་རང་བཞིན་བརྗོད་པའི་རྒྱན་གཙོར་བཟུང་བྱས་པ་བཅས་སྤྱི་ཡོངས་ནས་བལྟས་ཚེ་གླུ་མགུར་མཆིད་གསུམ་དེ་རིགས་ཀྱིས་སྙན་ངག་མེ་ལོང་མའི་ལུགས་སུ་བྱས་པའི་བོད་ཀྱི་སྲོལ་རྒྱུན་རྩོམ་ཐབས་ལ་གཞོགས་འདེགས་ངེས་ཅན་ཞིག་བྱས་ཡོད་པ་མཚོན་ཐུབ།
གཞན་ཡང་འགྱུར་རྩོམ་གྱི་རིགས་དཔེར་ན། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་<>དང༌། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི<>སློབ་དཔོན་མ་ཁོལ་གྱིས་མཛད་པའི་<> སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<> སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་<> ནག་མོའི་ཁོལ་གྱིས་མཛད་པའི་<> སློབ་དཔོན་དཔའ་བོས་མཛད་པའི་<> རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་<> སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་<>དང༌། <>སོགས་ཀྱིས་ཀྱང་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་སེམས།
ཕྱིས་སློབ་དཔོན་དབྱུག་པ་ཅན་གྱིས་དྲང་སྲོང་རྒྱས་པའི་<>དང༌། མེ་བཞིན་འཇུག་གི་<> གྲོགས་མཁར་གྱི་<> མརྐཎཡའི་<> ནག་མོ་ཁོལ་གྱི་<>སོགས་རྒྱ་གར་ཤར་ལྷོའི་གྲགས་ཅན་གྱི་བསྟན་བཅོས་གང་མང་ཞིག་གི་སྙིང་བོ་བསྡུ་ལེན་གྱིས་སྦྱར་བའི་སྙན་ངག་མེ་ལོང་མ་ལས་རྒྱན་ཉུང་ཤས་ཤིག་བལ་བོའི་མཁས་པ་སངྒྷ་ཤྲི་དང༌། རྗེ་ས་པཎ་གཉིས་ཀྱིས་བོད་སྐད་དུ་བསྒྱུར། དེ་རྗེས་ཤོང་སྟོན་གྱིས་ཆ་ཚང་བ་བསྒྱུར་བ་ཙམ་མ་ཟད། ཁོང་གིས་དངོས་སུ་དཔེ་བརྗོད་དང་སྦྲགས་ནས་འཆད་ཁྲིད་ཀྱི་ལམ་སྲོལ་བཏོད་པ་དང༌། རྗེས་འཛིན་པ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ་དང་འཇམ་དབྱངས་ཁ་ཆེ་སོགས་ཀྱིས་ཀྱང་འཆད་ཁྲིད་རྒྱ་ཆེར་བྱས་པས། རིམ་པས་སྙན་གཞུང་དེ་བོད་ཀྱི་གནའ་རབས་རྩོམ་རིག་གམ་སྲོལ་རྒྱུན་རྩོམ་རིག་ཧྲིལ་པོའི་ཁ་ཕྱོགས་ལ་མཛུབ་ཁྲིད་ཀྱི་ནུས་པ་ལྡན་པའི་གཞུང་ལུགས་ཤིག་ཏུ་གྱུར།
རིམ་པས་ད་ལྟའི་བར་སྙན་ངག་མེ་ལོང་མའི་རྩ་འགྲེལ་དང་དཔེར་བརྗོད་དོགས་གཅོད་ཀྱི་རིགས་སོགས་རྒྱས་བསྡུས་ལ་མ་ལྟོས་པར་བརྒྱ་དང་དྲུག་ཅུ་ལྷག་ཙམ་བྱུང་ཡོད་པར་མ་ཟད། གཞུང་དེ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོའི་ཁྲོད་དུ་བྲིན་ཁ་རྒྱུག་པོ་བྱུང་ཡོད་པ་རེད། དེར་བརྟེན་རྗེ་ས་པཎ་ནས་ད་ལྟའི་བར་མི་ལོ་བདུན་བརྒྱ་ལྷག་གི་རིང་གྲགས་ཅན་རྩོམ་པ་པོ་ཇི་སྙེད་ཅིག་བྱུང་ཡོད་ན་ཡང༌། མཁས་པ་འགའ་ཤས་ཤིག་གིས་མེ་ལོང་མས་མ་བསྡུས་པའི་རྒྱན་གྱི་རིགས་དཔེར་ན་བཟློས་དཔེ་དང༌། བཟློག་པའི་གཟུགས་ཅན། སྦས་པའི་གཟུགས་ཅན། ཚབ་བྱེད་ཀྱི་རྒྱན། འགལ་བའི་རྒྱན་ཟེར་བ་སོགས་ཉུང་ཤས་ཤིག་གསར་བཏོད་བྱས་པ་མ་གཏོགས། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་རིང་མོའི་ནང་རྩོམ་འབྲིའི་ཉམས་མྱོང་ཕྱོགས་སྡོམ་གྱི་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་གཏན་ནས་འཇོག་མྱོང་མེད། གཅིག་བྱས་ན་རང་རེའི་བོད་ཀྱི་རྩོམ་པ་པོ་ཚོའི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་མེ་ལོང་མ་ལས་བརྒལ་ཐུབ་མེད་པས་ཡིན་སྲིད་པ་ཞིག
གང་ལྟར་མེ་ལོང་མ་འདི་བོད་སྐད་ཐོག་ཐོན་པ་ནས་བཟུང་རང་རེའི་བོད་ནང་ཕུལ་དུ་བྱུང་བའི་རྩོམ་རྩལ་མངའ་བའི་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་བྱུང་ཡོད། དེ་དག་ལས་བརྩམ་ཆོས་འགའ་ཞིག་ངོ་སྤྲོད་ཐུང་ཙམ་ཞུ་ན། རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚེག་བར་དགུ་ཅན་དང་བདུན་ཅན་སོགས་ལས་གྲུབ་པའི་ཚིགས་སུ་བཅད་པའི་བསྟོད་པ་<>དང༌། འགྲོ་མགོན་ཆོས་འཕགས་ཀྱིས་མཛད་པའི་ཚེག་བར་བདུན་དང་བཅུ་དགུ་ཉེར་བདུན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་སྤེལ་མ་བྱས་པ་<>དང༌། ཚེག་བར་དགུ་ཅན་གྱི་ཚིགས་བཅད་ཀ་རྩོམ་<> ཀླུང་ཆེན་རབ་འབྱམས་པས་མཛད་པའི་ཚེག་བར་བཅོ་ལྔ་དང་དགུ་ཅན་བརྒྱད་ཅན་བདུན་ཅན་དྲུག་ཅན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་འདྲ་མིན་ཚིག་ལྷུག་དང་སྤེལ་མ་བྱས་པ<>སོགས་ཀྱིས་མཚོན་པའི་བོད་སྔ་རབས་པའི་མཁས་པ་ཚོས་མཛད་པའི་མེ་ལོང་མའི་ལུགས་སུ་བྱས་པའི་རབ་བཏགས་དང་སྒྲ་རྒྱན་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པའི་ཚིགས་སུ་བཅད་པའི་སྙན་རྩོམ་གྲངས་ལས་འདས།
དེ་རྒྱས་རྗེ་ཙོང་ཁ་པས་བཤེས་གཉེན་སྦ་བས་བསྐུལ་ངོར་མཛད་པའི་ཚེག་བར་བདུན་མ་ཅན་<>དང༌། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚེག་བར་དགུ་མ་ཅན་རྗེ་བཙུན་སྒྲོལ་མ་བཞུགས་གནས་སེང་ལྡེང་ནགས་ཀྱི་ཕོ་བྲང་ལ་བསྟོད་པ་<> དགེ་སློང་ཐོས་བསམ་རྒྱ་མཚོས་བསྐུལ་ངོར་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཚེག་བར་བདུན་མ་ཅན་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ལ་བསྟོད་པ་<> ཀུན་གཟིགས་ལྔ་བ་ཆེན་པོས་རྒྱ་ཡག་རབ་འབྱམས་པ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐུལ་ངོར་མཛད་པའི་རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཚེག་བར་དགུ་མ་ཅན་<> གུང་ཐང་བསྟན་པའི་སྒྲོན་མེས་ཨ་མཆོག་དགེ་བཤེས་མཁྱེན་རབ་དབང་ཕྱུག་གིས་བསྐུལ་ངོར་མཛད་པའི་འཇམ་མགོན་བླ་མའི་བསྟོད་པ་ཚེག་བར་དགུ་མ་ཅན་<> ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་མཁས་གྲུབ་རིན་པོ་ཆེ་ལ་བསྟོད་པ་ཚེག་བར་བདུན་མ་ཅན་<> སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ཚེག་བར་བདུན་དང་དགུ་བཅུ་གཅིག་ཉེར་གསུམ་ཅན་སོགས་ཚེག་བར་རིང་ཐུང་འདྲ་མིན་ལས་གྲུབ་པའི་ཚིགས་སུ་བཅད་པའི་ཞུ་འཕྲིན་<> དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ཚེག་བར་བརྒྱད་མ་ཅན་<>སོགས་མཛེས་དཔྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་གྲགས་ཅན་གྱི་བརྩམས་ཆོས་མང་དུ་བྱུང་ཡོད། དེ་དག་གྲངས་འབོར་གྱི་ཆ་ནས་མང་བ་ཙམ་མ་ཡིན་པར་ཚེག་བར་རེ་རེ་དང་ཚིག་རྐང་རེ་རེའི་སྟེང་གོ་སྐོན་བློ་འགུག་གི་ནུས་པ་ཤུགས་ཆེ་ལྡན་པ་ཤ་སྟག་ཡིན་པས། དེ་རིགས་ལ་བརྟེན་ནས་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་ཇི་འདྲ་ཞིག་ལ་སླེབས་ཡོད་མེད་གསལ་བོར་རྟོགས་ཐུབ་པ་ཞིག་རེད། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཡོངས་རྫོགས་ཆོས་དང་འབྲེལ་བ་ཤ་སྟག་ཏུ་སོང་ཀློག་འདོན་ཐེངས་འགར་བྱས་པ་ཙམ་གྱིས་དོན་གྱི་རོ་བཅུད་ཡོངས་སུ་མྱོང་ཐུབ་པ་ཧ་ཅང་དཀའ་བ་སོགས་ཐུན་མིན་གྱི་ཁྱད་ཡོན་མང་དུ་སྣང་བ་བཅས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་མ་ལག་ཧྲིལ་པོའི་བྱུང་འཕེལ་གྱི་གཞི་རྩའི་ལོ་རྒྱུས་མཚོན་ཙམ་བཤད་ཟིན།།
གསུམ། ཉེ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཕྱི་ལོ་༡༩༨༠ ལོར་<>དང༌། རིམ་པས་<><><><><><><>ཟེར་བ་སོགས་འདས་པའི་ལོ་ངོ་སྟོང་ཕྲག་རིང་བྱུང་མྱོང་མེད་པའི་དེང་དུས་དང་མཐུན་པའི་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་མང་དུ་བྱུང༌།
༡༩༨༣ ལོའི་<>དུས་དེབ་གཉིས་པའི་ཐོག་དོན་གྲུབ་རྒྱལ་གྱིས་བརྩམས་པའི་རྙིང་ཞེན་དང་བག་འཁུམ་གྱི་རྗེས་སུ་མི་འབྲང་བར་བསྐུལ་བའི་<>ཟེར་བའི་གྲགས་ཅན་སྙན་རྩོམ་དེ་ཐོན། ལྗང་བུས། བྱབྱལང་ཚོའི་རྦབ་ཆུ་ནི་རང་ཅག་སྙན་ངག་གསར་བའི་བསྒྲགས་གཏམ་ཡི་གེ་དང༌། ང་ཚོའི་སྙན་ངག་དུས་རབས་གསར་བ་ཞིག་ལ་སླེབས་པའི་མཚོན་རྟགས་ཡིནབྱབྱཞེས་བཤད་པ་དོན་ལ་གནས། གསར་རྩོམ་དེར་ཡིད་འཕྲོག་པའི་སྣོད་ཀྱི་བཀོད་པ་དང་མཛེས་ཉམས་སོགས་ངོ་སྤྲོད་བྱས་པ་བརྒྱུད་ནས་བྲག་ངོས་ན་གཟར་བའི་རྦབ་ཆུ་ཞིག་གིས་བོད་རིགས་གཞོན་སྐྱེས་ཚོའི་དཔའ་འཛངས་རྟུལ་ཕོད་མངོན་པར་བྱས་པ་མ་ཟད། གཞོན་སྐྱེས་ཚོར་བཅངས་པའི་བརྩེ་སེམས་དང་རེ་བ། གཞོན་སྐྱེས་ཚོའི་དེང་དུས་ཀྱི་ལས་འགན་སོགས་མཚོན་ཐབས་བྱས་ཡོད། ལྗང་བུས་མི་རིགས་ཤིག་གི་གཞི་རྩའི་དམིགས་འདུན་མཚོན་བྱེད་དུ་དགུན་དུས་ཤིག་གི་སྣོད་བཅུད་ཀྱི་གནས་བབ་ལ་སྦྱར་བའི་བསྡུས་བརྗོད་ཀྱི་རྩོམ་ཐབས་སྤྱད་པའི་སྙན་རྩོམ་<>ཞེས་པ་དེར་དཔེ་གསར་ཡ་མཚན་ཅན་མང་པོ་བསྒྲིགས་ནས་གསོན་ཉམས་ཐོན་ཐབས་བྱས་ཡོད་པས་དངོས་གནས་སྙན་རྩོམ་ཚད་ལྡན་ཞིག་ཏུ་བརྩི་ཆོག ད་དུང་ཆར་ཆུས་བརླན་པའི་ནགས་ཚལ་དབེན་ཞིང་ཉམས་དགའ་བའི་མཛེས་ལྗོངས་ཤིག་གི་འོག་ནས་ཆེས་ཐོག་མའི་བརྩེ་དུངས་རྣལ་མ་ཞིག་གི་བརྒྱུད་རིམ་གླེང་བའི་<> འཇུ་སྐལ་བཟང་གིས་བྱབྱཕྱི་དངོས་པོའི་དཔལ་ཡོན་བྱབྱདང། ་བྱབྱནང་བསམ་པའི་དཔལ་ཡོན་བྱབྱགཉིས་དོ་མི་མཉམ་པའི་གནས་ཚུལ་དངོས་ཀ་ཁའི་བང་རིམ་ལྟར་གྱི་རྩོམ་ཐབས་སྤྱད་པའི་<>སོགས་དང༌། དེ་མིན་གཅན་མེ་སྟག་གིས་འདས་ཟིན་པའི་གཏམ་རྒྱུད་ཅིག་གི་བརྒྱུད་རིམ་གླེང་ནས་རང་ཉིད་ཀྱི་རེ་སྒུག་མངོན་ཐབས་བྱས་པའི་<>དང༌། ཆབ་སྤེལ་གྱིས་ཟུང་ལྡན་གྱི་རྩོམ་ཐབས་སྤྱད་པའི་ཚིགས་བཅད་མི་ལོ་སུམ་ཅུའི་རིང་གི་བོད་ལྗོངས་གསར་བའི་སྣོད་བཅུད་གཉིས་ཀྱི་བཀོད་པར་བསྟོད་བསྔགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། ད་དུང་ནམ་ཡང་བློ་ཁ་ཚུམ་མི་སླ་བར་ཐུན་མོང་གི་ནུས་ཤུགས་གཅིག་སྒྲིལ་གྱིས་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན་པའི་<> ནོར་ལྡེའི་<> རེབ་གོང་རྡོ་རྗེ་མཁར་གྱི་<>སོགས་རྙིང་ཞེན་དང་རྨོངས་དད་བཅས་ཀྱི་རྗེས་སུ་མི་འབྲང་བར་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་གསར་བའི་རྗེས་སུ་གོམ་གང་མདུན་སྤོ་བྱེད་དགོས་པར་བསྐུལ་མ་ཤུགས་ཆེ་བྱས་པའི་སྙན་རྩོམ་གྱི་རིགས་དང༌། གཞན་ཡང༌། ནོར་ལྡེའི་<>ཅེས་པ་དང༌། དོན་གྲུབ་དབང་འབུམ་གྱི་<> འཇུ་སྐལ་བཟང་གི་<>སོགས་ཉེ་རབས་བོད་ཀྱི་རྩོམ་རིག་གསར་བའི་ཚབ་མཚོན་རང་བཞིན་ཅན་གྱི་སྙན་རྩོམ་མང་དུ་བྱུང༌།
ད་དུང་འཇུ་སྐལ་བཟང་གི་<>དང༌། ལྗང་བུའི་<>དང༌། <><> ཨ་རྡོར་དང་སྐྱབས་ཆེན་བདེ་གྲོལ་ཟུང་གི་<> ཁྱུང་ཐར་རྒྱལ་གྱི་<>དང༌། <> མདའ་བཙན་པོའི་<>དང༌། <> སྙན་བཟང་ཡུམ་སྐྱབས་རྒྱལ་གྱི་<>དང༌། <> རྨོག་རུ་ཤེས་རབ་རྡོ་རྗེའི་<>དང༌། <>སོགས་ཚད་གཞི་ངེས་ཅན་ཞིག་ལོངས་མིན་ལ་མ་ལྟོས་པའི་སྙན་རྩོམ་གཅེས་བཏུས་ཀྱི་དེབ་གྲངས་འབོར་ཆེན་བྱུང༌། མ་ཟད་<>དེབ་གྲངས་བཅུ་དང༌། <>དེབ་དྲུག་བཅས་ཀྱང་ཐོན་ཡོད།
དེར་བརྟེན་ཉེ་རབས་བོད་ཀྱི་རྩོམ་རིག་ཟེར་དུས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཙམ་མ་ཟད། ཡོངས་ཁྱབ་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་ཞིག་ཀྱང་རེད། དེས་དུས་ཡུན་ཐུང་ངུའི་རིང་གལ་འགངས་ཆེ་བའི་བོད་ཀྱི་རྩོམ་རིག་གི་གོ་བབ་ངེས་ཅན་ཞིག་བཟུང་བ་དང༌། མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེ་བྱུང་བ་མཚོན་ཐུབ་པ་ཞིག་རེད།
ཁག་ཅིག་གིས་བོད་ཀྱི་ཉེ་རབས་རྩོམ་རིག་སྐོར་གྱི་བརྩམས་ཆོས་དག་མི་རིགས་གཞན་གྱི་རྩོམ་རིག་དང་བསྡུར་ན་རྗེས་ལུས་ཡིན་ཚུལ་བཤད་མོད་ཀྱང༌། ཕྱི་ལོ་ ༡༩༨༡ ལོར་པེ་ཅིན་དུ་རྒྱལ་ཡོངས་གྲགས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་གཟེངས་བསྟོད་ཅེས་པའི་ཚོགས་ཆེན་ཐོག་རང་རེའི་བྱབྱབོད་རིགས་རྩོམ་པ་པོ་བཅུ་གཅིགབྱབྱདང་བྱབྱརྩོམ་ཡིག་བཅུ་གཅིག་བྱབྱལ་བྱ་དགའ་ཐོབ་པ་དང༌། ཕྱི་ལོ་ ༡༩༨༤ ལོར་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་འདེམས་ཁྲོད་བོད་རིགས་རྩོམ་པ་པོ་ ༦༢ ལ་གོང་བཞིན་བྱ་དགའ་ཐོབ། སྦྲང་ཆར་རྩོམ་སྒྲིག་ཁང་ནས་སྦྲང་ཆར་སྤེལ་ནས་ལོ་ངོ་ཧྲིལ་བོ་ཉི་ཤུ་འཁོར་བའི་བསྒྲགས་གཏམ་ནང་ ༢༠༠༡ བར་སྦྲང་ཆར་གྲངས ༨༢ སྤེལ་ཟིན་པ་དང༌། དེ་དག་གི་ནང་རྩོམ་པ་པོ་གྲངས ༡༠༠༠ དང། བརྩམས་ཆོས ༤༠༠༠ ལྷག ༦༠ ཙམ་ལ་རྒྱ་ནག་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། ༧༠ ལྷག་རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་བསྒྱུར། ༡༠༠ ལྷག་སློབ་གྲྭ་ཆེ་འབྲིང་གི་སྐད་ཡིག་སློབ་དེབ་ཏུ་བདམས་འདུག་པ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བལྟས་ཚེ་རྗེས་ལུས་ཀྱི་རྣམ་པ་མངོན་མིན་རྟོགས་ཐུབ་པ་ཞིག་རེད།
དེ་ལྟའི་རྩོམ་རིག་གསར་བའི་ཆེས་ཐོག་མའི་དུས་མཚམས་དེ་གནའ་རབས་བོད་ཀྱི་རྩོམ་རིག་ལ་གསར་བཅོས་ཀྱི་རྣམ་པ་ཐོག་མར་ཐོན་པའི་དུས་སྐབས་ཤིག་ནས་འཇོག་དགོས་ཤིང༌། དེ་ཡང་གནའ་རབས་རྩོམ་རིག་གིས་མཛུབ་ཁྲིད་ཀྱི་མ་ལག་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་ལས། ཕྱིརྐྱེན་གྱི་རྩོམ་ཐབས་གསར་བ་འབའ་ཞིག་གིས་སྐུལ་སྤེལ་བྱས་པ་ཞིག་གཏན་ནས་མིན། དེར་བརྟེན་གནའ་བོའི་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་ལ་བལྟོས་བཅས་ཀྱི་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་རེད། བལྟོས་བཅས་ཀྱི་འབྲེལ་བ་དེ་ཡང་གནའ་བོའི་རྩོམ་རིག་གི་རྨང་གཞིའི་ཐོག་ཉེ་རབས་རྩོམ་རིག་གི་རྣམ་པ་གསར་བསླངས་བྱས་པ་ཞིག་ལ་གོ་བ་ལེན་དགོས། རྣམ་པ་གསར་བསླངས་ཞེས་པ་ནི་དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་བསྒྲིལ་བྱས་ནས་གསར་བཏོད་བྱས་པ་ཞིག་ལ་ཟེར། དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་ནི་རྩོམ་རིག་ཡོངས་དང་ལྷག་དོན་རྩོམ་རིག་གསར་བའི་རྩ་འཛིན་གྱི་མ་ལག་གལ་ཆེན་ཞིག་ཡིན།
བོད་ཀྱི་ཉེ་རབས་རྩོམ་རིག་གམ་རྩོམ་རིག་གསར་བའི་རིགས་དེ་ཕྱི་ཕྱོགས་ཀྱི་རྩོམ་རིག་གསར་བར་ལད་ཟློས་བྱས་པའམ་དེ་ནང་འདྲེན་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་མོད། དེ་རིགས་བསམ་ཚུལ་ལྟར་སྣང་བ་ཤ་སྟག་ཡིན། རྒྱའི་རྩོམ་པ་པོ་ཝིན་དབྱི་ཏོ་ཡིསབྱབྱགསར་བཏོད་ཅེས་པ་ནི་རང་ཉིད་ལ་སྔར་ཡོད་པའི་སྙན་ངག་ལ་ལྟོས་ན་གསར་བ་ཞིག་ཡིན་དགོས་པར་མ་ཟད། ནུབ་གླིང་བའི་སྙན་ངག་ལས་ཀྱང་གསར་བ་ཞིག་ཡིན་དགོས།བྱབྱཚུལ་བཤད་པ་གཞིར་བཟུང་ལས། ཕྱི་ཕྱོགས་ནས་རྩོམ་རིག་གསར་བ་ཞིག་ནང་འདྲེན་བྱས་པ་ཙམ་ག་ལ་ཡིན། དེ་ལྟར་གོང་དུ་རྩོམ་རིག་གསར་བའམ་ཉེ་རབས་རྩོམ་རིག་གི་བྱུང་འཕེལ་གྱི་ལོ་རྒྱུས་ཅུང་ཙམ་བཤད་ཁུལ་བྱས་པ་ནི་ཆེས་རགས་པའི་བཤད་ཚུལ་ཞིག་ཡིན།
བཞི། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་གྱི་དབྱེ་མཚམས།
གཞོན་སྐྱེས་འགས་བོད་དུ་ངག་ཐོག་རྩོམ་རིག་ཐོག་མར་དར་བ་ནས་བཟུང་སྟེ་གཉའ་ཁྲིའི་སྲིད་དབང་ལམ་ལུགས་ཡོངས་སུ་མཇུག་མ་སྒྲིལ་བར་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། གླང་དར་མ་ནས་ ༡༩༥༩ བར་དུ་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག ༡༩༥༩ ལོ་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད་པ་དང༌། ཁ་ཅིག་གིས་ས་སྐྱ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། ས་སྐྱ་ནས་ ༡༩༥༡ བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག ༡༩༥༡ ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཟེར་བ་ཡང་ཡོད། ཡང་འགའ་ཤས་ཀྱིས་གླང་དར་མ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་དང༌། གླང་དར་མ་ནས་ཕག་གྲུའི་མཇུག་བར་དར་བའི་རྩོམ་རིག་ལ་བར་དར་རྩོམ་རིག ཕག་གྲུའི་མཇུག་ནས་དགའ་ལྡན་ཕོ་བྲང་གི་དུས་ཡུན་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག དགའ་ལྡན་ཕོ་བྲང་གི་མཇུག་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད། ལ་ལས་ས་སྐྱ་པ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། ས་སྐྱ་ནས་རྒྱལ་དབང་ལྔ་བའི་བར་དར་བའི་རྩོམ་རིག་ལ་སྔ་དར་རྩོམ་རིག རྒྱལ་དབང་ལྔ་བ་ནས་དགེ་ཆོས་བར་དར་བའི་རྩོམ་རིག་ལ་ཕྱི་དར་རྩོམ་རིག དགེ་ཆོས་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཟེར། ཁག་ཅིག་གིས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དང༌། བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག ས་ཕག་རིན་གཙང་དུས་སྐབས་ཀྱི་རྩོམ་རིག དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་རྩོམ་རིག་བཅས་དབྱེ། གོང་དུ་བཀོད་པའི་རྩོམ་རིག་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་བྱུང་བའི་དུས་མཚམས་མི་འདྲ་བ་དག་ནི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་གྲོས་སོ་སོའི་འགག་རྩ་འགའ་དང་སྦྱར་ནས་རྩོམ་རིག་གི་བརྒྱུད་རིམ་ལ་དུས་བཅད་བྱས་པ་ཞིག་མ་གཏོགས། རྩོམ་རིག་སོ་སོའི་རང་སྟེང་གི་འགྱུར་འགྲོས་ལ་དབྱེ་ཞིབ་ཀྱིས་དུས་མཚམས་བྱས་པ་ཞིག་མིན་པས་དེ་ཙམ་གལ་འགངས་མི་ཆེ།
འོ་ན་རྩོམ་རིག་རང་སྟེང་ནས་དུས་མཚམས་དབྱེ་སྟངས་ཇི་ལྟར་ཡིན་སྙམ་ན། དེ་ནི་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གཉིས་སུ་དབྱེ་དགོས་པ་དེ་ཡིན། གནའ་རབས་རྩོམ་རིག་ཟེར་དུས་བོད་ཀྱི་ངག་ཐོག་རྩོམ་རིག་གླུ་མགུར་མཆིད་གསུམ་སོགས་དར་བ་ནས་བཟུང་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་བར་དར་བའི་རྩོམ་རིག་ལ་ཟེར་ཞིང༌། ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཏུ་འབོད། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ལ་ཡང་རྒྱུས་མངའ་རྩ་བ་ནས་མེད་པའི་གཞོན་སྐྱེས་འགས་ཉེ་རབས་རྩོམ་རིག་ཟེར་དུས་གནའ་བོའི་རྩོམ་རིག་དང་ཡོངས་སུ་འགལ་ཟླའི་རང་བཞིན་དུ་གནས་པ་ཞིག་ཏུ་འདོད་ཀྱང༌། དེ་ལྟར་གཏན་ནས་མ་ཡིན་པ་མ་ཟད། ཉེ་རབས་རྩོམ་རིག་གི་ཐོག་མཐའ་བར་གསུམ་དུ་གནའ་བོའི་རྩོམ་རིག་གི་ཤུགས་རྐྱེན་གཏིང་ཟབ་ཡོད་པ་ཞིག་རེད། དེ་འདྲའི་ཤུགས་རྐྱེན་དེ་ནམ་ཡང་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན། དེ་ནི་རྩོམ་རིག་གསར་རྙིང་བར་བྱུང་བའི་དམིགས་བསལ་གྱི་གནས་ཚུལ་ཙམ་མ་ཡིན་པར་སྤྱིར་བཏང་གི་བྱ་དངོས་གསར་རྙིང་ཡོངས་རྫོགས་ལ་ཡོད་པའི་འབྲེལ་བའི་ཆོས་ཉིད་ཅིག་རེད།
གང་ལྟར་ལྡོག་མེད་ཀྱི་ཆོས་ཉིད་དེ་གཞི་རྩར་བླང་ཐོག་རྩོམ་རིག་གསར་རྙིང་བར་གྱི་འགལ་བའི་རང་བཞིན་གྱི་དོན་དངོས་ཁོང་དུ་ཆུད་པར་བྱེད་དགོས། བྱེད་ཐབས་འདི་རྩོམ་རིག་གསར་རྙིང་བར་གྱི་ས་མཚམས་དོན་དངོས་དང་མཐུན་པར་འཇོག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། དེ་ཡོང་བ་ལ་རྩོམ་རིག་གསར་རྙིང་སོ་སོའི་རྒྱུད་རིམ་ཧྲིལ་པོའི་གྲུབ་ཆའི་མ་ལག་ཡོངས་ལ་ཞིབ་ཚགས་པོས་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྩོམ་རིག་གསར་རྙིང་སོ་སོའི་གཞི་རྩའི་གྲུབ་ཆའི་རིགས་རང་ཤེད་དང་དཔག་ཚོད་ཙམ་གྱིས་བཤད་པ་མིན་པར། དོན་དངོས་དང་མཐུན་པའི་སྒོ་ནས་ཤེས་རྟོགས་འཐུས་ཚང་བྱེད་ཐུབ་པ་བྱུང་ན། དེ་ནས་བཟུང་སྐབས་གང་ཞིག་ནས་ཉེ་རབས་རྩོམ་རིག་གི་རྣམ་པ་བྱུང་ཡོད་མེད་ངོས་འཛིན་མ་ནོར་བ་བྱེད་ཐུབ་པ་ཞིག་རེད།།
ལྔ། མཇུག་མཐའི་གཏམ་གླེང་ཐུང་ངུ།
གནའ་རབས་རྩོམ་རིག་གམ་རྩོམ་རིག་རྙིང་བའི་ཁ་ཕྱོགས་ལ་གསར་བརྗེའི་རྣམ་པ་བྱུང་བ་ནས་བཟུང་གཞོན་སྐྱེས་མང་ཆེ་བ་ཞིག་གིས་དུས་རབས་གསར་བའི་རྩོམ་རིག་ལ་དོན་སྣང་ཤུགས་ཆེ་བྱས་པས། མེ་ལོང་མའི་ལུགས་ལྟར་བརྩམས་པའི་སྲོལ་རྒྱུན་རྩོམ་རིག་གི་སྒྱུ་རྩལ་གྱི་བློས་བསླངས་ཐད་ཉམས་ཆག་ཤུགས་ཆེ་བྱུང་ཡོད། དེར་བརྟེན་དེང་གི་དུས་གནའ་བོའི་སྒྱུ་རྩལ་རྩོམ་རིག་གི་བསྟན་དོན་ཇི་བཞིན་མྱོང་ཐུབ་པའི་ཤེས་རྟོགས་དང་ལག་ལེན་གྱི་རྣམ་བཞག་གཉིས་ཆ་མེད་པ་ཆགས་བསྡད་ཡོད།
གང་ལྟར་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ཡིན་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་དུས་རབས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་གལ་ཆེན་གཉིས་ཡིན་པར་སོང་ངེས་པར་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མུ་མཐུད་ནས་བརྩོན་ལེན་བྱེད་དགོས་པ་ཞིག་རེད། ལྷག་དོན་ལོ་རྒྱུས་ཐོག་གི་གསར་དར་རྩོམ་རིག་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ན་ངེས་པར་དུ་རྩོམ་རིག་གསར་རྙིང་གཉིས་ཀ་ཤེས་རྟོགས་དང་ལག་ལེན་གྱི་རྣམ་གཞག་རྒྱུན་སྐྱོང་བྱེད་དགོས་པར་མ་ཟད། ཤེས་རྟོགས་དང་ལག་ལེན་ཟུང་འབྲེལ་གྱི་ལམ་ནས་རང་ཉིད་ལ་སྦྱོང་བརྡར་ངེས་ཅན་ཞིག་ཐེབས་པ་བྱེད་དགོས།
ཕྲན་གྱིས་གོང་བཀོད་ས་བཅད་ལྔའི་ནང་དུ་གནའ་རབས་རྩོམ་རིག་ལ་ཕྱིར་བལྟས་ཀྱིས་ཉེ་རབས་རྩོམ་རིག་གི་དབྱེ་མཚམས་དང༌། དེ་བྱུང་འཕེལ་གྱི་གནས་བབ་ཉུང་བསྡུས་ཤིག་གླེང་ཁུལ་བྱས་མོད་ཀྱང༌། གུས་པས་རྩོམ་རིག་གི་ཕྱོགས་ལ་དོ་སྣང་དང་ཉམས་ཞིབ་བྱས་པའི་དུས་ཡུན་ཧ་ཅང་ཐུང་བས། གང་ས་ཅི་ཐད་ནས་ཞིབ་ཚགས་མིན་པ་དང་བལྟ་སྟངས་ནོར་བ་སོགས་ཡོད་ངེས་པས། ཡིན་གཅིག་མིན་གཉིས་ཡན་པར་མི་གཏང་བར་མཛུབ་ཁྲིད་གནང་རོགས་ཞུ་རྒྱུ་ཡིན།།
ཉེ་རབས་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ལས་འཕྲོས་པའི
ཆེད་གཏམ་རགས་བསྡུས།
གཅིག རྩོམ་རིག་ཅེས་པའི་གོ་དོན།
སྤྱིར་བཏང་རྩོམ་རིག་ཅེས་པར་སྒྲ་ཡང་འཇུག་གི་དབང་དུ་བྱས་པ་དང་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད། དེ་ཡང་སྒྲ་ཡང་འཇུག་གི་དབང་དུ་བྱས་ན་དོན་གང་ཞིག་ཚིག་གི་སྡེབ་སྦྱོར་ལ་བཅིངས་ཚད་ཀྱི་རྣམ་གྲངས་ཡོངས་རྫོགས་ལ་གོ་དགོས། དཔེར་ན་སུམ་རྟགས་གཉིས་དང༌། རྒྱལ་རབས་དང་ཆོས་འབྱུང༌། རྟོགས་བརྗོད་དང་རྣམ་ཐར། གླུ་མགུར་དང་བཞད་གར། ཟློས་གར་དང་གསར་འགྱུར་ལྟ་བུ་ཡིན། འགྲེལ་ཚུལ་འདིའི་དབང་དུ་བྱས་ན་རྩོམ་རིག་དང་རྩོམ་རིགས་གཉིས་ཀྱི་དོན་སྟེང་ལ་ཁྱད་པར་གང་ཡང་མེད།
སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་གྱི་འགྱིང་ཉམས་ཁྱད་དུ་འཕགས་པ་ཐོན་པའི་གནའ་ནས་ད་བར་གྱི་རྩོམ་རིག་ རྡདྲྤྟཔྱཎྤསྤྱཔྱྟ སྤྱི་ཡོངས་ལ་ཟེར་གྱི་ཡོད། སྒྱུ་རྩལ་ཅེས་པ་ནི་རྩོམ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན། ཁྱད་ཆོས་འདི་ལ་བརྟེན་ནས་སྒྲ་ཡངས་དོག་གི་དབང་དུ་བྱས་པའི་རྩོམ་རིག་གཉིས་ཀྱི་གཞི་རྩའི་ཁྱད་ཡོན་གླེང་དགོས་པ་ཞིག་རེད།
འོ་ན་སྒྱུ་རྩལ་ཅེས་པ་ཇི་འདྲ་ཞིག་ལ་ཟེར་སྙམ་ན། དེ་ནི་ཚིག་དོན་སྒྲིག་སྟངས་ཀྱི་ཐབས་ཇུས་དམིགས་བསལ་བ་ཞིག་ལ་ཟེར་གྱི་ཡོད། སྤྱིར་བཏང་བྱས་ན་སྒྱུ་རྩལ་ལ་དྲང་སྲོང་ནིའུ་ལིའི་བུས་བྱབྱསེན་མོས་བྲད་དང་སོས་གདབ་དང༌། །འཁྱིད་པ་དང་ནི་མཐང་སྦྱར་དང༌། །བྱ་བ་དང་ནི་ལག་པས་གདབ། །སྒྲ་ཡི་བྱེ་བྲག་དང་དང་ནི། །སྐྱེས་པའི་སྟེང་དུ་ཉལ་དང་བརྒྱད། །རེ་རེ་ལའང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །བྱབྱཞེས་སོགས་སྒྱུ་རྩལ་ལ་རྣམ་གྲངས་ཧ་ཅང་མང་པོ་ཡོད་མོད་ཀྱང༌། སྐབས་འདིའི་སྒྱུ་རྩལ་ཅེས་པར་བརྗོད་བྱ་དང་རྗོད་བྱེད་གཉིས་གཞི་གཅིག་ཏུ་འབྲེལ་བའི་ཐོག་བརྗོད་དོན་གང་ཞིག་གདམས་གསེས་བྱས་པ་ཀློག་པ་པོས་འཕྲལ་དུ་རྟོགས་མི་ཐུབ་པའི་ཆེད་ཅུང་ཟད་ལྐོག་གྱུར་རམ་སྦས་པའི་ཚུལ་གྱིས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཅིག་དང༌། གང་བསྟན་བྱའི་དོན་དེ་མཚུངས་དཔེ་གཞན་ཞིག་བརྒྱུད་མི་དགོས་པར་ཚིག་གི་ངོ་གདོང་རང་གིས་ཐད་ཀར་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཆ་གཉིས་ཡོད།
སྒྱུ་རྩལ་རྩོམ་རིག་གང་ཞིག་སྤེལ་རུང་རྣམ་གྲངས་དེ་གཉིས་གཞི་རྩར་འཛིན་དགོས་པ་མ་ཟད། སྒྱུ་རྩལ་གྱི་ཆ་དེ་རིགས་བརྒྱུད་ནས་སྐབས་ཐོག་གི་དངོས་བྱུང་འཚོ་བའི་ནང་གི་དགའ་སྐྱོ་ཆགས་སྡང་གི་རིགས་གསོན་ཉམས་ལྡན་པའི་ཐོག་ནས་མཚོན་ཐུབ་པ་བྱེད་དགོས། གསོན་ཉམས་ལྡན་པ་ཞེས་པ་ནི་དངོས་ཡོད་འཚོ་བའི་ནང་གི་སྣང་བརྙན་ཇི་བཞིན་འབྲི་བཞེངས་བྱེད་རྒྱུ་ཙམ་མིན་པར། སྣང་བརྙན་དེ་འདྲ་ཞིག་གཞི་རྩར་བྱས་ཐོག་འབུར་ཐོན་ཅན་གྱི་སྣང་བརྙན་གསར་རྐྱང་ཞིག་བསྐྲུན་ཐབས་བྱེད་དགོས་པ་དེ་ཡིན།
མདོར་བསྡུས་ནས་བཤད་ན། རྩོམ་རིག་ཅེས་པ་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ལ། དེ་ཡང་ཡིད་ཀྱི་འགྱུར་བ་མཚོན་པའི་ངག་གི་བྱེད་ལས་ཁྱད་པར་བ་ཞིག་ལ་གོ་དགོས། དེ་ལ་ཡང་ནང་གསེས་སྒྱུ་རྩལ་རྩོམ་རིག་གི་ཁུངས་སུ་གཏོགས་པ་དང་མ་གཏོགས་པ་ཅི་རིགས་ཤིག་ཡོད་པ་གོང་དུ་བཤད་ཟིན་ལྟར་ཡིན་ནོ།།
གཉིས། གནའ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཞང་བོད་གཅིག་གྱུར་མ་བྱས་པའི་སྔོན་རྗེས་སོ་སོར་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་ཀྱི་བར་དང༌། ལོ་ངམ་དང་གྲི་གུམ་གྱི་སྲས་ཤ་ཁྱི་དང་རུ་ལས་སྐྱེས་སོགས་ཀྱི་བར་བྱུང་བའི་དམར་འཛིང་གི་དོན་རྐྱེན་གྱི་སྔ་རྗེས་སུ་བླངས་པའི་མགུར་དང༌། སྲོང་བཙན་གྱིས་དབའས་དབྱི་ཚབ་ལ་བླངས་པའི་མགུར། དབྱི་ཚབ་ཀྱིས་དེའི་ལན་ལ་བླངས་པའི་མཆིད། སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱིས་ཞང་ཞུང་ནས་གསང་བརྡའི་རྣམ་པར་བླངས་པའི་མགུར། བཙན་པོ་ཁྲི་ལྡེ་གཙུག་བརྩན་གྱི་དུས་རྒྱ་ཡུལ་ཕབ་པར་བརྒྱབས་པའི་རྗེས་རྒྱལ་བློན་སོ་སོས་བླངས་པའི་མགུར། འདུས་སྲོང་གིས་མགར་བློ་ལོག་པའི་སྐབས་བླངས་པའི་མགུར། དེ་བཞིན་ཁྱུང་པོ་སྤུང་ཟད་ཀྱིས་གནམ་རི་ལ་འཕྱ་སྨོད་ཀྱི་ཚུལ་དུ་བླངས་པའི་གླུ་སོགས་གླུ་མགུར་མཆིད་གསུམ་གྱི་རིགས་མང་དུ་སྣང་བ་དེ་དག་ནི་བོད་ཀྱི་ཆེས་ཐོག་མའི་ངག་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་ནང་བྱུང་བའི་ཚབ་མཚོན་རང་བཞིན་ཅན་ཤ་སྟག་ཡིན་པས་སྐབས་དེ་དང་དེའི་དུས་ཀྱི་རྩོམ་རིག་གི་གནས་ཚད་གསལ་བོར་མཚོན་ཐུབ་པ་ཞིག་ཀྱང་རེད།
དེ་རྗེས་མར་པ་ལོ་ཙཱ་བ་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྗེ་མི་ལ་བཞད་པའི་རྡོ་རྗེ། འཁྲུལ་ཞིག་རྒྱ་རས་པ། ཀླུང་ཆེན་རབ་འབྱམས་པ། ཞབས་དཀར་བ་སོགས་ཀྱིས་སྐབས་སོ་སོར་བླངས་པའི་གསུང་མགུར་དཔེ་གཟུགས་དང༌། བསྡུས་བརྗོད་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པ་མང་དུ་ཡོད་པ་ཙམ་དུ་མ་ཟད། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་དང་རྗེ་མི་ལ་བཞད་པའི་རྡོ་རྗེ་སོགས་ཀྱི་གསུང་མགུར་འགའི་ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་ཀྱི་གོ་རིམ་མ་འཁྱོལ་བར་བཞག་པ་དང༌། ཚིག་རྐང་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་གཟུགས་མ་འགྱུར་བར་ཐོན་པ། ཚིག་རྐང་རེ་རེའི་ནང་དུ་གསལ་བྱེད་ཀྱི་སྡེ་བ་རེ་རེ་ཚང་བར་བྱས་པ། ཚིག་རེ་རེའི་གནས་ཐོག་མར་གསལ་བྱེད་འབྲུ་གཅིག་ཡང་ཡང་སླེབས་པར་བྱས་པ་སོགས་སྔར་མེད་རྩོམ་ཐབས་ཀྱི་རྣམ་པ་གསར་བཏོད་མང་དུ་བྱས་འདུག དེར་བརྟེན་སྔར་ཡབ་མེས་རྒྱལ་བློན་སོ་སོའི་སྐབས་བླངས་པའི་ངག་ཐོག་གླུ་མགུར་གྱི་རིགས་དང་གཏན་ནས་མི་འདྲ་བར་ནང་དོན་དང་བརྡ་སྐད་སོགས་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་རེད།
མདོར་བསྡུས་ནས་བཤད་ན། སྙན་ངག་མེ་ལོང་མ་བོད་དུ་མ་འགྱུར་བའི་ཡར་སྔོན་དང༌། བསྒྱུར་བའི་རྗེས་སུ་བྱུང་བའི་བོད་ཀྱི་ཡིག་ངག་གཉིས་ཐོག་གི་གནའ་རྩོམ་དེ་དག་གི་ཚིག་དོན་གཉིས་ཕན་ཚུན་འབྲེལ་ཆགས་ཤིང༌། ཚིག་གི་མཛེས་ཉམས་དང༌། དོན་གྱི་རོ་བཅུད་ཤིན་ཏུ་ཆེ་བ། ལྷག་དོན་རང་བཞིན་བརྗོད་པའི་རྒྱན་གཙོར་བཟུང་བྱས་པ་བཅས་སྤྱི་ཡོངས་ནས་བལྟས་ཚེ་གླུ་མགུར་མཆིད་གསུམ་དེ་རིགས་ཀྱིས་སྙན་ངག་མེ་ལོང་མའི་ལུགས་སུ་བྱས་པའི་བོད་ཀྱི་སྲོལ་རྒྱུན་རྩོམ་ཐབས་ལ་གཞོགས་འདེགས་ངེས་ཅན་ཞིག་བྱས་ཡོད་པ་མཚོན་ཐུབ།
གཞན་ཡང་འགྱུར་རྩོམ་གྱི་རིགས་དཔེར་ན། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་<>དང༌། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི<>སློབ་དཔོན་མ་ཁོལ་གྱིས་མཛད་པའི་<> སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་<> སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་<> ནག་མོའི་ཁོལ་གྱིས་མཛད་པའི་<> སློབ་དཔོན་དཔའ་བོས་མཛད་པའི་<> རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་<> སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་<>དང༌། <>སོགས་ཀྱིས་ཀྱང་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་སེམས།
ཕྱིས་སློབ་དཔོན་དབྱུག་པ་ཅན་གྱིས་དྲང་སྲོང་རྒྱས་པའི་<>དང༌། མེ་བཞིན་འཇུག་གི་<> གྲོགས་མཁར་གྱི་<> མརྐཎཡའི་<> ནག་མོ་ཁོལ་གྱི་<>སོགས་རྒྱ་གར་ཤར་ལྷོའི་གྲགས་ཅན་གྱི་བསྟན་བཅོས་གང་མང་ཞིག་གི་སྙིང་བོ་བསྡུ་ལེན་གྱིས་སྦྱར་བའི་སྙན་ངག་མེ་ལོང་མ་ལས་རྒྱན་ཉུང་ཤས་ཤིག་བལ་བོའི་མཁས་པ་སངྒྷ་ཤྲི་དང༌། རྗེ་ས་པཎ་གཉིས་ཀྱིས་བོད་སྐད་དུ་བསྒྱུར། དེ་རྗེས་ཤོང་སྟོན་གྱིས་ཆ་ཚང་བ་བསྒྱུར་བ་ཙམ་མ་ཟད། ཁོང་གིས་དངོས་སུ་དཔེ་བརྗོད་དང་སྦྲགས་ནས་འཆད་ཁྲིད་ཀྱི་ལམ་སྲོལ་བཏོད་པ་དང༌། རྗེས་འཛིན་པ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ་དང་འཇམ་དབྱངས་ཁ་ཆེ་སོགས་ཀྱིས་ཀྱང་འཆད་ཁྲིད་རྒྱ་ཆེར་བྱས་པས། རིམ་པས་སྙན་གཞུང་དེ་བོད་ཀྱི་གནའ་རབས་རྩོམ་རིག་གམ་སྲོལ་རྒྱུན་རྩོམ་རིག་ཧྲིལ་པོའི་ཁ་ཕྱོགས་ལ་མཛུབ་ཁྲིད་ཀྱི་ནུས་པ་ལྡན་པའི་གཞུང་ལུགས་ཤིག་ཏུ་གྱུར།
རིམ་པས་ད་ལྟའི་བར་སྙན་ངག་མེ་ལོང་མའི་རྩ་འགྲེལ་དང་དཔེར་བརྗོད་དོགས་གཅོད་ཀྱི་རིགས་སོགས་རྒྱས་བསྡུས་ལ་མ་ལྟོས་པར་བརྒྱ་དང་དྲུག་ཅུ་ལྷག་ཙམ་བྱུང་ཡོད་པར་མ་ཟད། གཞུང་དེ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོའི་ཁྲོད་དུ་བྲིན་ཁ་རྒྱུག་པོ་བྱུང་ཡོད་པ་རེད། དེར་བརྟེན་རྗེ་ས་པཎ་ནས་ད་ལྟའི་བར་མི་ལོ་བདུན་བརྒྱ་ལྷག་གི་རིང་གྲགས་ཅན་རྩོམ་པ་པོ་ཇི་སྙེད་ཅིག་བྱུང་ཡོད་ན་ཡང༌། མཁས་པ་འགའ་ཤས་ཤིག་གིས་མེ་ལོང་མས་མ་བསྡུས་པའི་རྒྱན་གྱི་རིགས་དཔེར་ན་བཟློས་དཔེ་དང༌། བཟློག་པའི་གཟུགས་ཅན། སྦས་པའི་གཟུགས་ཅན། ཚབ་བྱེད་ཀྱི་རྒྱན། འགལ་བའི་རྒྱན་ཟེར་བ་སོགས་ཉུང་ཤས་ཤིག་གསར་བཏོད་བྱས་པ་མ་གཏོགས། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་འཕེལ་རིམ་གྱི་ལོ་རྒྱུས་རིང་མོའི་ནང་རྩོམ་འབྲིའི་ཉམས་མྱོང་ཕྱོགས་སྡོམ་གྱི་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་གཏན་ནས་འཇོག་མྱོང་མེད། གཅིག་བྱས་ན་རང་རེའི་བོད་ཀྱི་རྩོམ་པ་པོ་ཚོའི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་མེ་ལོང་མ་ལས་བརྒལ་ཐུབ་མེད་པས་ཡིན་སྲིད་པ་ཞིག
གང་ལྟར་མེ་ལོང་མ་འདི་བོད་སྐད་ཐོག་ཐོན་པ་ནས་བཟུང་རང་རེའི་བོད་ནང་ཕུལ་དུ་བྱུང་བའི་རྩོམ་རྩལ་མངའ་བའི་བརྩམས་ཆོས་རི་བོའི་གཏོས་དང་མཉམ་པ་བྱུང་ཡོད། དེ་དག་ལས་བརྩམ་ཆོས་འགའ་ཞིག་ངོ་སྤྲོད་ཐུང་ཙམ་ཞུ་ན། རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚེག་བར་དགུ་ཅན་དང་བདུན་ཅན་སོགས་ལས་གྲུབ་པའི་ཚིགས་སུ་བཅད་པའི་བསྟོད་པ་<>དང༌། འགྲོ་མགོན་ཆོས་འཕགས་ཀྱིས་མཛད་པའི་ཚེག་བར་བདུན་དང་བཅུ་དགུ་ཉེར་བདུན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་སྤེལ་མ་བྱས་པ་<>དང༌། ཚེག་བར་དགུ་ཅན་གྱི་ཚིགས་བཅད་ཀ་རྩོམ་<> ཀླུང་ཆེན་རབ་འབྱམས་པས་མཛད་པའི་ཚེག་བར་བཅོ་ལྔ་དང་དགུ་ཅན་བརྒྱད་ཅན་བདུན་ཅན་དྲུག་ཅན་སོགས་ཚིག་རྐང་རིང་ཐུང་དོ་མི་མཉམ་པའི་ཚིགས་བཅད་འདྲ་མིན་ཚིག་ལྷུག་དང་སྤེལ་མ་བྱས་པ<>སོགས་ཀྱིས་མཚོན་པའི་བོད་སྔ་རབས་པའི་མཁས་པ་ཚོས་མཛད་པའི་མེ་ལོང་མའི་ལུགས་སུ་བྱས་པའི་རབ་བཏགས་དང་སྒྲ་རྒྱན་སོགས་རྒྱན་གྱི་རྣམ་གྲངས་འདྲ་མིན་གྱིས་བཅིངས་པའི་ཚིགས་སུ་བཅད་པའི་སྙན་རྩོམ་གྲངས་ལས་འདས།
དེ་རྒྱས་རྗེ་ཙོང་ཁ་པས་བཤེས་གཉེན་སྦ་བས་བསྐུལ་ངོར་མཛད་པའི་ཚེག་བར་བདུན་མ་ཅན་<>དང༌། རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚེག་བར་དགུ་མ་ཅན་རྗེ་བཙུན་སྒྲོལ་མ་བཞུགས་གནས་སེང་ལྡེང་ནགས་ཀྱི་ཕོ་བྲང་ལ་བསྟོད་པ་<> དགེ་སློང་ཐོས་བསམ་རྒྱ་མཚོས་བསྐུལ་ངོར་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི་ཚེག་བར་བདུན་མ་ཅན་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་ལ་བསྟོད་པ་<> ཀུན་གཟིགས་ལྔ་བ་ཆེན་པོས་རྒྱ་ཡག་རབ་འབྱམས་པ་གྲགས་པ་རྒྱལ་མཚན་སོགས་ཀྱིས་བསྐུལ་ངོར་མཛད་པའི་རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཚེག་བར་དགུ་མ་ཅན་<> གུང་ཐང་བསྟན་པའི་སྒྲོན་མེས་ཨ་མཆོག་དགེ་བཤེས་མཁྱེན་རབ་དབང་ཕྱུག་གིས་བསྐུལ་ངོར་མཛད་པའི་འཇམ་མགོན་བླ་མའི་བསྟོད་པ་ཚེག་བར་དགུ་མ་ཅན་<> ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་མཁས་གྲུབ་རིན་པོ་ཆེ་ལ་བསྟོད་པ་ཚེག་བར་བདུན་མ་ཅན་<> སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་ཚེག་བར་བདུན་དང་དགུ་བཅུ་གཅིག་ཉེར་གསུམ་ཅན་སོགས་ཚེག་བར་རིང་ཐུང་འདྲ་མིན་ལས་གྲུབ་པའི་ཚིགས་སུ་བཅད་པའི་ཞུ་འཕྲིན་<> དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་ཚེག་བར་བརྒྱད་མ་ཅན་<>སོགས་མཛེས་དཔྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་གྲགས་ཅན་གྱི་བརྩམས་ཆོས་མང་དུ་བྱུང་ཡོད། དེ་དག་གྲངས་འབོར་གྱི་ཆ་ནས་མང་བ་ཙམ་མ་ཡིན་པར་ཚེག་བར་རེ་རེ་དང་ཚིག་རྐང་རེ་རེའི་སྟེང་གོ་སྐོན་བློ་འགུག་གི་ནུས་པ་ཤུགས་ཆེ་ལྡན་པ་ཤ་སྟག་ཡིན་པས། དེ་རིགས་ལ་བརྟེན་ནས་མེ་ལོང་མའི་རྩོམ་ཐབས་སྤྱད་པའི་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཚད་གཞི་ཇི་འདྲ་ཞིག་ལ་སླེབས་ཡོད་མེད་གསལ་བོར་རྟོགས་ཐུབ་པ་ཞིག་རེད། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཡོངས་རྫོགས་ཆོས་དང་འབྲེལ་བ་ཤ་སྟག་ཏུ་སོང་ཀློག་འདོན་ཐེངས་འགར་བྱས་པ་ཙམ་གྱིས་དོན་གྱི་རོ་བཅུད་ཡོངས་སུ་མྱོང་ཐུབ་པ་ཧ་ཅང་དཀའ་བ་སོགས་ཐུན་མིན་གྱི་ཁྱད་ཡོན་མང་དུ་སྣང་བ་བཅས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་མ་ལག་ཧྲིལ་པོའི་བྱུང་འཕེལ་གྱི་གཞི་རྩའི་ལོ་རྒྱུས་མཚོན་ཙམ་བཤད་ཟིན།།
གསུམ། ཉེ་རབས་རྩོམ་རིག་གི་ཐོག་མའི་འཕེལ་རིམ།
ཕྱི་ལོ་༡༩༨༠ ལོར་<>དང༌། རིམ་པས་<><><><><><><>ཟེར་བ་སོགས་འདས་པའི་ལོ་ངོ་སྟོང་ཕྲག་རིང་བྱུང་མྱོང་མེད་པའི་དེང་དུས་དང་མཐུན་པའི་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་མང་དུ་བྱུང༌།
༡༩༨༣ ལོའི་<>དུས་དེབ་གཉིས་པའི་ཐོག་དོན་གྲུབ་རྒྱལ་གྱིས་བརྩམས་པའི་རྙིང་ཞེན་དང་བག་འཁུམ་གྱི་རྗེས་སུ་མི་འབྲང་བར་བསྐུལ་བའི་<>ཟེར་བའི་གྲགས་ཅན་སྙན་རྩོམ་དེ་ཐོན། ལྗང་བུས། བྱབྱལང་ཚོའི་རྦབ་ཆུ་ནི་རང་ཅག་སྙན་ངག་གསར་བའི་བསྒྲགས་གཏམ་ཡི་གེ་དང༌། ང་ཚོའི་སྙན་ངག་དུས་རབས་གསར་བ་ཞིག་ལ་སླེབས་པའི་མཚོན་རྟགས་ཡིནབྱབྱཞེས་བཤད་པ་དོན་ལ་གནས། གསར་རྩོམ་དེར་ཡིད་འཕྲོག་པའི་སྣོད་ཀྱི་བཀོད་པ་དང་མཛེས་ཉམས་སོགས་ངོ་སྤྲོད་བྱས་པ་བརྒྱུད་ནས་བྲག་ངོས་ན་གཟར་བའི་རྦབ་ཆུ་ཞིག་གིས་བོད་རིགས་གཞོན་སྐྱེས་ཚོའི་དཔའ་འཛངས་རྟུལ་ཕོད་མངོན་པར་བྱས་པ་མ་ཟད། གཞོན་སྐྱེས་ཚོར་བཅངས་པའི་བརྩེ་སེམས་དང་རེ་བ། གཞོན་སྐྱེས་ཚོའི་དེང་དུས་ཀྱི་ལས་འགན་སོགས་མཚོན་ཐབས་བྱས་ཡོད། ལྗང་བུས་མི་རིགས་ཤིག་གི་གཞི་རྩའི་དམིགས་འདུན་མཚོན་བྱེད་དུ་དགུན་དུས་ཤིག་གི་སྣོད་བཅུད་ཀྱི་གནས་བབ་ལ་སྦྱར་བའི་བསྡུས་བརྗོད་ཀྱི་རྩོམ་ཐབས་སྤྱད་པའི་སྙན་རྩོམ་<>ཞེས་པ་དེར་དཔེ་གསར་ཡ་མཚན་ཅན་མང་པོ་བསྒྲིགས་ནས་གསོན་ཉམས་ཐོན་ཐབས་བྱས་ཡོད་པས་དངོས་གནས་སྙན་རྩོམ་ཚད་ལྡན་ཞིག་ཏུ་བརྩི་ཆོག ད་དུང་ཆར་ཆུས་བརླན་པའི་ནགས་ཚལ་དབེན་ཞིང་ཉམས་དགའ་བའི་མཛེས་ལྗོངས་ཤིག་གི་འོག་ནས་ཆེས་ཐོག་མའི་བརྩེ་དུངས་རྣལ་མ་ཞིག་གི་བརྒྱུད་རིམ་གླེང་བའི་<> འཇུ་སྐལ་བཟང་གིས་བྱབྱཕྱི་དངོས་པོའི་དཔལ་ཡོན་བྱབྱདང། ་བྱབྱནང་བསམ་པའི་དཔལ་ཡོན་བྱབྱགཉིས་དོ་མི་མཉམ་པའི་གནས་ཚུལ་དངོས་ཀ་ཁའི་བང་རིམ་ལྟར་གྱི་རྩོམ་ཐབས་སྤྱད་པའི་<>སོགས་དང༌། དེ་མིན་གཅན་མེ་སྟག་གིས་འདས་ཟིན་པའི་གཏམ་རྒྱུད་ཅིག་གི་བརྒྱུད་རིམ་གླེང་ནས་རང་ཉིད་ཀྱི་རེ་སྒུག་མངོན་ཐབས་བྱས་པའི་<>དང༌། ཆབ་སྤེལ་གྱིས་ཟུང་ལྡན་གྱི་རྩོམ་ཐབས་སྤྱད་པའི་ཚིགས་བཅད་མི་ལོ་སུམ་ཅུའི་རིང་གི་བོད་ལྗོངས་གསར་བའི་སྣོད་བཅུད་གཉིས་ཀྱི་བཀོད་པར་བསྟོད་བསྔགས་ཤུགས་ཆེ་བྱས་ཡོད་པ་མ་ཟད། ད་དུང་ནམ་ཡང་བློ་ཁ་ཚུམ་མི་སླ་བར་ཐུན་མོང་གི་ནུས་ཤུགས་གཅིག་སྒྲིལ་གྱིས་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པར་བསྟན་པའི་<> ནོར་ལྡེའི་<> རེབ་གོང་རྡོ་རྗེ་མཁར་གྱི་<>སོགས་རྙིང་ཞེན་དང་རྨོངས་དད་བཅས་ཀྱི་རྗེས་སུ་མི་འབྲང་བར་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་གསར་བའི་རྗེས་སུ་གོམ་གང་མདུན་སྤོ་བྱེད་དགོས་པར་བསྐུལ་མ་ཤུགས་ཆེ་བྱས་པའི་སྙན་རྩོམ་གྱི་རིགས་དང༌། གཞན་ཡང༌། ནོར་ལྡེའི་<>ཅེས་པ་དང༌། དོན་གྲུབ་དབང་འབུམ་གྱི་<> འཇུ་སྐལ་བཟང་གི་<>སོགས་ཉེ་རབས་བོད་ཀྱི་རྩོམ་རིག་གསར་བའི་ཚབ་མཚོན་རང་བཞིན་ཅན་གྱི་སྙན་རྩོམ་མང་དུ་བྱུང༌།
ད་དུང་འཇུ་སྐལ་བཟང་གི་<>དང༌། ལྗང་བུའི་<>དང༌། <><> ཨ་རྡོར་དང་སྐྱབས་ཆེན་བདེ་གྲོལ་ཟུང་གི་<> ཁྱུང་ཐར་རྒྱལ་གྱི་<>དང༌། <> མདའ་བཙན་པོའི་<>དང༌། <> སྙན་བཟང་ཡུམ་སྐྱབས་རྒྱལ་གྱི་<>དང༌། <> རྨོག་རུ་ཤེས་རབ་རྡོ་རྗེའི་<>དང༌། <>སོགས་ཚད་གཞི་ངེས་ཅན་ཞིག་ལོངས་མིན་ལ་མ་ལྟོས་པའི་སྙན་རྩོམ་གཅེས་བཏུས་ཀྱི་དེབ་གྲངས་འབོར་ཆེན་བྱུང༌། མ་ཟད་<>དེབ་གྲངས་བཅུ་དང༌། <>དེབ་དྲུག་བཅས་ཀྱང་ཐོན་ཡོད།
དེར་བརྟེན་ཉེ་རབས་བོད་ཀྱི་རྩོམ་རིག་ཟེར་དུས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཙམ་མ་ཟད། ཡོངས་ཁྱབ་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་ཞིག་ཀྱང་རེད། དེས་དུས་ཡུན་ཐུང་ངུའི་རིང་གལ་འགངས་ཆེ་བའི་བོད་ཀྱི་རྩོམ་རིག་གི་གོ་བབ་ངེས་ཅན་ཞིག་བཟུང་བ་དང༌། མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེ་བྱུང་བ་མཚོན་ཐུབ་པ་ཞིག་རེད།
ཁག་ཅིག་གིས་བོད་ཀྱི་ཉེ་རབས་རྩོམ་རིག་སྐོར་གྱི་བརྩམས་ཆོས་དག་མི་རིགས་གཞན་གྱི་རྩོམ་རིག་དང་བསྡུར་ན་རྗེས་ལུས་ཡིན་ཚུལ་བཤད་མོད་ཀྱང༌། ཕྱི་ལོ་ ༡༩༨༡ ལོར་པེ་ཅིན་དུ་རྒྱལ་ཡོངས་གྲགས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་གཟེངས་བསྟོད་ཅེས་པའི་ཚོགས་ཆེན་ཐོག་རང་རེའི་བྱབྱབོད་རིགས་རྩོམ་པ་པོ་བཅུ་གཅིགབྱབྱདང་བྱབྱརྩོམ་ཡིག་བཅུ་གཅིག་བྱབྱལ་བྱ་དགའ་ཐོབ་པ་དང༌། ཕྱི་ལོ་ ༡༩༨༤ ལོར་ལྗོངས་དང་ཞིང་ཆེན་ལྔའི་བོད་ཀྱི་རྩོམ་རིག་གསར་འདེམས་ཁྲོད་བོད་རིགས་རྩོམ་པ་པོ་ ༦༢ ལ་གོང་བཞིན་བྱ་དགའ་ཐོབ། སྦྲང་ཆར་རྩོམ་སྒྲིག་ཁང་ནས་སྦྲང་ཆར་སྤེལ་ནས་ལོ་ངོ་ཧྲིལ་བོ་ཉི་ཤུ་འཁོར་བའི་བསྒྲགས་གཏམ་ནང་ ༢༠༠༡ བར་སྦྲང་ཆར་གྲངས ༨༢ སྤེལ་ཟིན་པ་དང༌། དེ་དག་གི་ནང་རྩོམ་པ་པོ་གྲངས ༡༠༠༠ དང། བརྩམས་ཆོས ༤༠༠༠ ལྷག ༦༠ ཙམ་ལ་རྒྱ་ནག་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ། ༧༠ ལྷག་རྒྱ་ཡིག་དང་དབྱིན་ཡིག་སོགས་སུ་བསྒྱུར། ༡༠༠ ལྷག་སློབ་གྲྭ་ཆེ་འབྲིང་གི་སྐད་ཡིག་སློབ་དེབ་ཏུ་བདམས་འདུག་པ་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བལྟས་ཚེ་རྗེས་ལུས་ཀྱི་རྣམ་པ་མངོན་མིན་རྟོགས་ཐུབ་པ་ཞིག་རེད།
དེ་ལྟའི་རྩོམ་རིག་གསར་བའི་ཆེས་ཐོག་མའི་དུས་མཚམས་དེ་གནའ་རབས་བོད་ཀྱི་རྩོམ་རིག་ལ་གསར་བཅོས་ཀྱི་རྣམ་པ་ཐོག་མར་ཐོན་པའི་དུས་སྐབས་ཤིག་ནས་འཇོག་དགོས་ཤིང༌། དེ་ཡང་གནའ་རབས་རྩོམ་རིག་གིས་མཛུབ་ཁྲིད་ཀྱི་མ་ལག་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་ལས། ཕྱིརྐྱེན་གྱི་རྩོམ་ཐབས་གསར་བ་འབའ་ཞིག་གིས་སྐུལ་སྤེལ་བྱས་པ་ཞིག་གཏན་ནས་མིན། དེར་བརྟེན་གནའ་བོའི་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་ལ་བལྟོས་བཅས་ཀྱི་འབྲེལ་བ་ཤུགས་ཆེ་ཡོད་པ་ཞིག་རེད། བལྟོས་བཅས་ཀྱི་འབྲེལ་བ་དེ་ཡང་གནའ་བོའི་རྩོམ་རིག་གི་རྨང་གཞིའི་ཐོག་ཉེ་རབས་རྩོམ་རིག་གི་རྣམ་པ་གསར་བསླངས་བྱས་པ་ཞིག་ལ་གོ་བ་ལེན་དགོས། རྣམ་པ་གསར་བསླངས་ཞེས་པ་ནི་དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་བསྒྲིལ་བྱས་ནས་གསར་བཏོད་བྱས་པ་ཞིག་ལ་ཟེར། དམིགས་ཡུལ་དང་འཆར་གཞི་བྱེད་ཐབས་གསུམ་ནི་རྩོམ་རིག་ཡོངས་དང་ལྷག་དོན་རྩོམ་རིག་གསར་བའི་རྩ་འཛིན་གྱི་མ་ལག་གལ་ཆེན་ཞིག་ཡིན།
བོད་ཀྱི་ཉེ་རབས་རྩོམ་རིག་གམ་རྩོམ་རིག་གསར་བའི་རིགས་དེ་ཕྱི་ཕྱོགས་ཀྱི་རྩོམ་རིག་གསར་བར་ལད་ཟློས་བྱས་པའམ་དེ་ནང་འདྲེན་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་མོད། དེ་རིགས་བསམ་ཚུལ་ལྟར་སྣང་བ་ཤ་སྟག་ཡིན། རྒྱའི་རྩོམ་པ་པོ་ཝིན་དབྱི་ཏོ་ཡིསབྱབྱགསར་བཏོད་ཅེས་པ་ནི་རང་ཉིད་ལ་སྔར་ཡོད་པའི་སྙན་ངག་ལ་ལྟོས་ན་གསར་བ་ཞིག་ཡིན་དགོས་པར་མ་ཟད། ནུབ་གླིང་བའི་སྙན་ངག་ལས་ཀྱང་གསར་བ་ཞིག་ཡིན་དགོས།བྱབྱཚུལ་བཤད་པ་གཞིར་བཟུང་ལས། ཕྱི་ཕྱོགས་ནས་རྩོམ་རིག་གསར་བ་ཞིག་ནང་འདྲེན་བྱས་པ་ཙམ་ག་ལ་ཡིན། དེ་ལྟར་གོང་དུ་རྩོམ་རིག་གསར་བའམ་ཉེ་རབས་རྩོམ་རིག་གི་བྱུང་འཕེལ་གྱི་ལོ་རྒྱུས་ཅུང་ཙམ་བཤད་ཁུལ་བྱས་པ་ནི་ཆེས་རགས་པའི་བཤད་ཚུལ་ཞིག་ཡིན།།
བཞི། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་བར་གྱི་དབྱེ་མཚམས།
གཞོན་སྐྱེས་འགས་བོད་དུ་ངག་ཐོག་རྩོམ་རིག་ཐོག་མར་དར་བ་ནས་བཟུང་སྟེ་གཉའ་ཁྲིའི་སྲིད་དབང་ལམ་ལུགས་ཡོངས་སུ་མཇུག་མ་སྒྲིལ་བར་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། གླང་དར་མ་ནས་ ༡༩༥༩ བར་དུ་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག ༡༩༥༩ ལོ་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད་པ་དང༌། ཁ་ཅིག་གིས་ས་སྐྱ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། ས་སྐྱ་ནས་ ༡༩༥༡ བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག ༡༩༥༡ ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཟེར་བ་ཡང་ཡོད། ཡང་འགའ་ཤས་ཀྱིས་གླང་དར་མ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་དང༌། གླང་དར་མ་ནས་ཕག་གྲུའི་མཇུག་བར་དར་བའི་རྩོམ་རིག་ལ་བར་དར་རྩོམ་རིག ཕག་གྲུའི་མཇུག་ནས་དགའ་ལྡན་ཕོ་བྲང་གི་དུས་ཡུན་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག དགའ་ལྡན་ཕོ་བྲང་གི་མཇུག་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་དེང་རབས་རྩོམ་རིག་ཏུ་འདོད། ལ་ལས་ས་སྐྱ་པ་ཕན་ཆད་ལ་དར་བའི་རྩོམ་རིག་ལ་གནའ་རབས་རྩོམ་རིག་དང༌། ས་སྐྱ་ནས་རྒྱལ་དབང་ལྔ་བའི་བར་དར་བའི་རྩོམ་རིག་ལ་སྔ་དར་རྩོམ་རིག རྒྱལ་དབང་ལྔ་བ་ནས་དགེ་ཆོས་བར་དར་བའི་རྩོམ་རིག་ལ་ཕྱི་དར་རྩོམ་རིག དགེ་ཆོས་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཟེར། ཁག་ཅིག་གིས་བཙན་པོའི་དུས་སྐབས་ཀྱི་རྩོམ་རིག་དང༌། བོད་སིལ་བུའི་དུས་སྐབས་ཀྱི་རྩོམ་རིག ས་ཕག་རིན་གཙང་དུས་སྐབས་ཀྱི་རྩོམ་རིག དགའ་ལྡན་ཕོ་བྲང་དུས་སྐབས་ཀྱི་རྩོམ་རིག་བཅས་དབྱེ། གོང་དུ་བཀོད་པའི་རྩོམ་རིག་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་བྱུང་བའི་དུས་མཚམས་མི་འདྲ་བ་དག་ནི་བོད་ཀྱི་ཆབ་སྲིད་ཀྱི་འགྱུར་གྲོས་སོ་སོའི་འགག་རྩ་འགའ་དང་སྦྱར་ནས་རྩོམ་རིག་གི་བརྒྱུད་རིམ་ལ་དུས་བཅད་བྱས་པ་ཞིག་མ་གཏོགས། རྩོམ་རིག་སོ་སོའི་རང་སྟེང་གི་འགྱུར་འགྲོས་ལ་དབྱེ་ཞིབ་ཀྱིས་དུས་མཚམས་བྱས་པ་ཞིག་མིན་པས་དེ་ཙམ་གལ་འགངས་མི་ཆེ།
འོ་ན་རྩོམ་རིག་རང་སྟེང་ནས་དུས་མཚམས་དབྱེ་སྟངས་ཇི་ལྟར་ཡིན་སྙམ་ན། དེ་ནི་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གཉིས་སུ་དབྱེ་དགོས་པ་དེ་ཡིན། གནའ་རབས་རྩོམ་རིག་ཟེར་དུས་བོད་ཀྱི་ངག་ཐོག་རྩོམ་རིག་གླུ་མགུར་མཆིད་གསུམ་སོགས་དར་བ་ནས་བཟུང་ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་བར་དར་བའི་རྩོམ་རིག་ལ་ཟེར་ཞིང༌། ལོ་རབས་བརྒྱད་ཅུ་བའི་མགོ་སྟོད་ནས་ད་ལྟའི་བར་དར་བའི་རྩོམ་རིག་ལ་ཉེ་རབས་རྩོམ་རིག་ཏུ་འབོད། གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ལ་ཡང་རྒྱུས་མངའ་རྩ་བ་ནས་མེད་པའི་གཞོན་སྐྱེས་འགས་ཉེ་རབས་རྩོམ་རིག་ཟེར་དུས་གནའ་བོའི་རྩོམ་རིག་དང་ཡོངས་སུ་འགལ་ཟླའི་རང་བཞིན་དུ་གནས་པ་ཞིག་ཏུ་འདོད་ཀྱང༌། དེ་ལྟར་གཏན་ནས་མ་ཡིན་པ་མ་ཟད། ཉེ་རབས་རྩོམ་རིག་གི་ཐོག་མཐའ་བར་གསུམ་དུ་གནའ་བོའི་རྩོམ་རིག་གི་ཤུགས་རྐྱེན་གཏིང་ཟབ་ཡོད་པ་ཞིག་རེད། དེ་འདྲའི་ཤུགས་རྐྱེན་དེ་ནམ་ཡང་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན། དེ་ནི་རྩོམ་རིག་གསར་རྙིང་བར་བྱུང་བའི་དམིགས་བསལ་གྱི་གནས་ཚུལ་ཙམ་མ་ཡིན་པར་སྤྱིར་བཏང་གི་བྱ་དངོས་གསར་རྙིང་ཡོངས་རྫོགས་ལ་ཡོད་པའི་འབྲེལ་བའི་ཆོས་ཉིད་ཅིག་རེད།
གང་ལྟར་ལྡོག་མེད་ཀྱི་ཆོས་ཉིད་དེ་གཞི་རྩར་བླང་ཐོག་རྩོམ་རིག་གསར་རྙིང་བར་གྱི་འགལ་བའི་རང་བཞིན་གྱི་དོན་དངོས་ཁོང་དུ་ཆུད་པར་བྱེད་དགོས། བྱེད་ཐབས་འདི་རྩོམ་རིག་གསར་རྙིང་བར་གྱི་ས་མཚམས་དོན་དངོས་དང་མཐུན་པར་འཇོག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད། དེ་ཡོང་བ་ལ་རྩོམ་རིག་གསར་རྙིང་སོ་སོའི་རྒྱུད་རིམ་ཧྲིལ་པོའི་གྲུབ་ཆའི་མ་ལག་ཡོངས་ལ་ཞིབ་ཚགས་པོས་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྩོམ་རིག་གསར་རྙིང་སོ་སོའི་གཞི་རྩའི་གྲུབ་ཆའི་རིགས་རང་ཤེད་དང་དཔག་ཚོད་ཙམ་གྱིས་བཤད་པ་མིན་པར། དོན་དངོས་དང་མཐུན་པའི་སྒོ་ནས་ཤེས་རྟོགས་འཐུས་ཚང་བྱེད་ཐུབ་པ་བྱུང་ན། དེ་ནས་བཟུང་སྐབས་གང་ཞིག་ནས་ཉེ་རབས་རྩོམ་རིག་གི་རྣམ་པ་བྱུང་ཡོད་མེད་ངོས་འཛིན་མ་ནོར་བ་བྱེད་ཐུབ་པ་ཞིག་རེད།།
ལྔ། མཇུག་མཐའི་གཏམ་གླེང་ཐུང་ངུ།
གནའ་རབས་རྩོམ་རིག་གམ་རྩོམ་རིག་རྙིང་བའི་ཁ་ཕྱོགས་ལ་གསར་བརྗེའི་རྣམ་པ་བྱུང་བ་ནས་བཟུང་གཞོན་སྐྱེས་མང་ཆེ་བ་ཞིག་གིས་དུས་རབས་གསར་བའི་རྩོམ་རིག་ལ་དོན་སྣང་ཤུགས་ཆེ་བྱས་པས། མེ་ལོང་མའི་ལུགས་ལྟར་བརྩམས་པའི་སྲོལ་རྒྱུན་རྩོམ་རིག་གི་སྒྱུ་རྩལ་གྱི་བློས་བསླངས་ཐད་ཉམས་ཆག་ཤུགས་ཆེ་བྱུང་ཡོད། དེར་བརྟེན་དེང་གི་དུས་གནའ་བོའི་སྒྱུ་རྩལ་རྩོམ་རིག་གི་བསྟན་དོན་ཇི་བཞིན་མྱོང་ཐུབ་པའི་ཤེས་རྟོགས་དང་ལག་ལེན་གྱི་རྣམ་བཞག་གཉིས་ཆ་མེད་པ་ཆགས་བསྡད་ཡོད།
གང་ལྟར་གནའ་རབས་རྩོམ་རིག་དང་ཉེ་རབས་རྩོམ་རིག་གང་ཡིན་རུང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་དུས་རབས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་རྩོམ་རིག་གལ་ཆེན་གཉིས་ཡིན་པར་སོང་ངེས་པར་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མུ་མཐུད་ནས་བརྩོན་ལེན་བྱེད་དགོས་པ་ཞིག་རེད། ལྷག་དོན་ལོ་རྒྱུས་ཐོག་གི་གསར་དར་རྩོམ་རིག་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ན་ངེས་པར་དུ་རྩོམ་རིག་གསར་རྙིང་གཉིས་ཀ་ཤེས་རྟོགས་དང་ལག་ལེན་གྱི་རྣམ་གཞག་རྒྱུན་སྐྱོང་བྱེད་དགོས་པར་མ་ཟད། ཤེས་རྟོགས་དང་ལག་ལེན་ཟུང་འབྲེལ་གྱི་ལམ་ནས་རང་ཉིད་ལ་སྦྱོང་བརྡར་ངེས་ཅན་ཞིག་ཐེབས་པ་བྱེད་དགོས།
ཕྲན་གྱིས་གོང་བཀོད་ས་བཅད་ལྔའི་ནང་དུ་གནའ་རབས་རྩོམ་རིག་ལ་ཕྱིར་བལྟས་ཀྱིས་ཉེ་རབས་རྩོམ་རིག་གི་དབྱེ་མཚམས་དང༌། དེ་བྱུང་འཕེལ་གྱི་གནས་བབ་ཉུང་བསྡུས་ཤིག་གླེང་ཁུལ་བྱས་མོད་ཀྱང༌། གུས་པས་རྩོམ་རིག་གི་ཕྱོགས་ལ་དོ་སྣང་དང་ཉམས་ཞིབ་བྱས་པའི་དུས་ཡུན་ཧ་ཅང་ཐུང་བས། གང་ས་ཅི་ཐད་ནས་ཞིབ་ཚགས་མིན་པ་དང་བལྟ་སྟངས་ནོར་བ་སོགས་ཡོད་ངེས་པས། ཡིན་གཅིག་མིན་གཉིས་ཡན་པར་མི་གཏང་བར་མཛུབ་ཁྲིད་གནང་རོགས་ཞུ་རྒྱུ་ཡིན།། །།
གུས་པས་རྩོམ་ཡིག་ཅིག་སྤེལ་བར་ཐད་ཀར་དྲ་ངོས་སུ་འགྲོ་མ་ཐུབ་པར་དྲ་ངོས༼༡༦༢་དང་༡༦༣ ༽སྟོང་པར་ཆགས་སོང་། དགོངས་འགལ་མེད་པར་ཞུ། རྗེས་སོར་རྩོམ་ཡིག་དྲ་ངོས་སུ་གཏང་ཆོག
རྔ་པ་ཚེ་སྐྱིད་ཀྱིས་༼ལམ་སྲོལ་ནི་འཆིང་རྒྱ་ཞིག་ཡིན་པ་རེད།༽ཞེས་ཟེར་གི ལམ་སྲོལ་ཟེར་ན་ལུགས་སྲོལ་རེད་ལ། ཁྱོད་ཀྱིས་འཆིང་རྒྱ་ཡིན་པའི་དོན་དངོས་ཀྱི་གཞི་འཛིན་ས་ཞིག་དགོས་ངེས་ཆགས་ཡོད། དེ་མིན་དེའི་གོ་དོན་ལོང་བས་ལོང་བར་བརྒྱུད་པ་ཞིག་ཡིན་ན་ཁྱེད་བདེན། ངས་བལྟས་ན་དེ་འདྲ་ཞིག་ཨེ་ཡིན་བསམ། གདོད་མའི་སྤྱི་ཚོགས་རིག་གནས་འཕེལ་རིམ་ནས་གླེང་ཚེ་བོད་ཀྱི་ལམ་སྲོལ་ནི་བོད་མི་རིགས་ཀྱི་བློ་རིག་འཕེལ་རིམ་ཞིག་ལ་ངོས་འཛིན་བྱེད་ན་འདོད་དོ།། དམངས་གཙོའི་ལམ་སྲོལ། དམར་བའི་ལམ་སྲོལ། འཚེ་བ་མེད་པའི་ལམ་སྲོལ་སོགས་མང་གི་ཡ།
ནད་མུག་དང་འཁྲུག་རྩོད་ཀྱི་འཇིགས་པ།
རྫས་འགྱུར་གད་སྙིགས་དང༌། རྡུལ་ཕྲན་གྱི་སྙིགས་རོ་སོགས་བཟོ་ལས་རྣམ་གྲངས་ཀྱི་དུག་རིགས་གད་སྙིགས། མིས་བཟོས་སྦྱར་རྫས་ལུད་སྨན། སྲོག་ཆགས་ཤི་བའི་རོ། ཟས་ཀྱི་ལྷག་མ། ཟས་ཧྲལ་ཧྲུལ། ཤོག་ལྷེ་འདྲ་མིན། འགྱིག་ཤོག གོས་ཧྲལ། ལྕགས་སྣོད། ལྕགས་སྙིགས། བཤིང་གཅི། མཆིལ་མ། སྣབས་སོགས་འཚོ་བའི་གད་སྙིགས་རིགས་འདྲ་མིན་གཡུག་པའི་མཚོ་དང༌། མཚེའུ། རྫ་ཆུ། ཁྲོན་ཆུ། ཆུ་མིག རྒྱུགས་ཆུ་སོགས་ཀྱིས་གང་སར་ཁྱབ་སྟབས་ཆུ་ལས་བྱུང་བའི་ནད་རིགས་འདྲ་མིན་གྱིས་ཉིན་རེར་མི་གྲངས་ 500 དང༌། ལོ་རེར་མི་གྲངས་ 180000 ལྷག་དུས་མིན་རྐྱེན་འདས་སུ་གཏོང་བཞིན་ཡོད། མ་ཟད་མི་འབོར་ཐེར་འབུམ་གཅིག་ཙམ་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ནང་ལྷུང་དུ་བཅུག
ལྷག་པར་དུ་གད་སྙིགས་དེའི་རིགས་གྲོང་དང་གྲོང་ཁྱེར་གྲོང་བརྡལ་སོགས་ཀྱི་ཉེ་འགྱངས་གང་སར་དུས་ཡུན་ངེས་མེད་ནང་ཕུང་གསོག་བྱས་པའི་རུལ་རླངས་དང༌། དེ་དག་མེར་བསྲེགས་པའི་དུད་རླངས། ཨེ་རན་ནང་གི་རྡོ་སྣུམ་གྱི་དུད་རླངས། ཡོ་རོབ་དང་ལྷོ་ཨ་རི་ཁུལ་གྱི་མཁའ་དབུགས་བཙོག་པ། དབྱིན་ཡུལ་དང༌། སི་པན། ནེ་རྡིར་ལན་ཊི། ཨ་རི། རྒྱ་གར་སོགས་ཀྱིས་དངུལ་ཆུའི་རྫས་དུག་གི་ཚོང་ལས། ཟས་རིགས་ཀྱི་བརྒྱ་ཆ་དགུ་བཅུ་ལྷག་ལ་དུག་ཤེད་ཆེ་བའི་རྫས་ངན་གྱིས་བསླད་པ་སོགས་ཀྱིས་བྲང་ཁ་ན་བ་དང༌། གློ་ལུ་བ། སྐྱུག་ནད། མགྲིན་འགག་ནད། བྱིས་པ་མངལ་དུ་མི་གནས་པའི་ནད། སྒྱུ་མའི་ནང་དུ་ཁྲག་འབབ་པའི་ནད། གློ་བའི་གཉན་རིམས་ Severe Acute Respiratory Syndrom་ཀྱི་ནད། ནད་པའི་ཁྲག་རྩ་ཕྲ་མོ་རྣམས་འགགས་ཏེ་ཆུ་བུར་ཐོན་པ་དང༌། སྐྱི་ལྤགས་ཤོག་བུ་རློན་པ་བཞིན་ལྡུར་འགྲོ་བ་དང༌། མཐར་མིག་དང༌། སྣ་བུག རྣ་བ་སོགས་ནས་ཁྲག་ཐོན་པའི་ཁར་ནང་ཁྲོལ་ལྡུར་འཕྲོ་རྣམས་ཁུ་སྙིགས་ནག་པོའི་རང་བཞིན་དུ་སྐྱུགས་ཏེ་ཉིན་དགུའི་ནང་ཚུན་དུ་ཚེ་སྲོག་ཤོར་འགྲོ་བའི་ཨེ་བྷོ་ལ་ Ebola Virus ཞེས་པའི་ནད་འབུ་ཕྲ་རབ་ཀྱི་ན་ཚ་སོགས་མང་དུ་བྱུང་དང་འབྱུང་བཞིན་པ་མ་ཟད། སྨུག་ཕྱི་འཕར་ཚད་ཤུགས་ཆེ་བས་འབྲས་སྐྲན་དང༌། ལྤགས་ནད། ལིང་སྒྲིབ། རིམས་ནད་ཀྱི་རིགས་ཀྱང་མང་དུ་འབྱུང་བཞིན་ཡོད།
གཞན་ཡང༌། ཚད་ལྡན་མིན་པའི་སྙིགས་བཙོག་བུད་ཤིང་དང༌། རྡོ་སོལ། འབྲས་སོག སྲོག་ཆགས་ཀྱི་བཤིང་ལྕི། སྐྱེ་དངོས་འབུད་རྫས་སོགས་ལ་བརྟེན་ནས་དྲོད་བསྲོ་བ་དང༌། ཟ་མའི་རིགས་གཡོ་སྐོལ་བྱེད་པ། ཉེ་བའི་ལོ་ཤས་ནང་བཅོས་མའི་རྫས་འགྱུར་བདུན་ཁྲི་ལྷག་བཟོ་སྐྲུན་བྱས་པ་དང༌། ད་དུང་ལོ་རེར་དུག་རིགས་བརྒྱ་ནས་ཆིག་སྟོང་བར་གསར་དུ་བཟོ་བཞིན་ཡོད་པ་སོགས་ཀྱིས་ཀྱང་མིའི་ཚེ་སྲོག་དང་འབྲེལ་བའི་བདེ་ཐང་ཐད་གནོད་པ་ཤུགས་ཆེ་འབྱུང་བཞིན་ཡོད།
དེ་བཞིན་ཨེ་ཤ་ཡའི་སྐྱེས་པ་བརྒྱ་ཆ་ 60 ལྷག་གིས་ཐ་མག་གི་རིགས་འདྲ་མིན་འཐེན་བཞིན་ཡོད་སྟབས་ཡུལ་དེ་དག་ཏུ་ཁྲག་རྩའི་ནད་དང༌། གློ་བ། ཁ། མགྲིན་པ། རྐན། མིད་ཐག གཤེར་རྨེན། སྐེ། མཁལ་མ། གཅིན་སྣོད་སོགས་གང་རུང་སྤྲི་ནད་དམ་ཀེན་སར་གྱིས་བཟུང་བའི་མི་གྲངས་ཧ་ཅང་མང་པོ་ཡོད།
དེ་མཚུངས་ཡོ་རོབ་ནང་གི་མི་འབོར་ཁྱོན་ཡོངས་མི་གྲངས་དྲུག་དྲུག་གི་སྡེ་ཚན་བྱས་པའི་སྡེ་ཚན་རེ་རེའི་ནང་ནས་མི་གཅིག་རེ་ཐ་མག་གི་རྐྱེན་གྱིས་འདས་གྲོངས་སུ་འགྲོ་བཞིན་འདུག་ལ། ཐ་མག་རྐང་གཅིག་འཐེན་པས་མི་ཞིག་གི་མི་ཚེའི་ནང་ནས་དུས་ཡུན་སྐར་མ་དྲུག་རེ་ཐུང་དུ་འགྲོ་བཞིན་ཡོད་པ་ཚོད་དཔག་བྱས་ཡོད། དེར་བལྟས་ན་མི་ལོ་ལྔ་བཅུའི་ཚེ་ཚད་མ་གཏོགས་མེད་མཁན་གྱི་མི་ཞིག་གིས་ཐ་མག་རྐང་ཆིག་སྟོང་འཐེན་པའི་དབང་དུ་བཏང་ན་མི་དེ་འཆི་མ་རན་པའི་སྐར་མ་དྲུག་སྟོང་ལྷག་གི་སྔོན་དུ་འཆི་དགོས་འབྱུང་གི་ཡོད།
གཞན་ཡང་། བཟོ་གྲྭའི་རྫས་རོ་དང༌། བཙོག་ཆུ། ཞིང་ཁའི་རྫས་ལུད། གྲུ་གཟིངས་རིགས་ལས་བྱུང་བའི་སྙིགས་རོ་སོགས་བོད་ནས་རྒྱ་ནག་ཏུ་བཞུར་བཞིན་པའི་འབྲི་ཆུར་འགོས་སྟབས་འབྲི་ཆུ་དེ་ཀེན་སར་གྱི་ན་ཚ་ཡོད་པའི་རྫས་དུག་གིས་ཁེངས་པ་དང་དེས་འབྲི་ཆུ་བཞུར་ཡུལ་གྱི་རྒྱ་ནག་གི་གྲོང་ཁྱེར་ 168 ལྷག་ཉེན་ཁར་གནས་དགོས་བཟོས་ཡོད།
དེ་བཞིན་ ཕྱི་ལོ་ 2003 ལོར་ཤར་ལྷོ་ཡེ་ཤ་ཡའི་རྒྱལ་ཁབ་ 60 ཙམ་ལ་ཉེན་ཚབས་བཟོས་པའི་བྱ་ནད་དང༌། 2008 ལོར་རྒྱ་ནག་པེ་ཅིང་དང༌། ཀོང་ཏུང༌། ཀྲེ་ཅིང༌། ཧེ་པེ་དང༌། ཅང་སུའུ། ཧུའི་པེ་སོགས་སུ་བྱུང་བའི་བྱིས་པའི་ནད་ཡམས། ལོ་རེར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་གྲངས་ས་ཡ་གཉིས་ལྷག་གི་ཚེ་སྲོག་འཕྲོག་བཞིན་ཡོད་པའི་ཊི་བྷི་ན་ཚ། ཆ་སྙོམས་ཉིན་རེར་མི་གྲངས་ 8000 ལྷག་གི་ཚེ་སྲོག་འཕྲོག་བཞིན་ཡོད་པའི་སྲིན་འབུ་འཁྲུགས་པའི་ན་ཚ (ན་ཚ་འདིས་སྤྱི་ལོ་ 1981 ལོ་ནས་སྤྱི་ལོ་ 2006 བར་མི་གྲངས་ 25000000 ལྷག་གི་ཚེ་སྲོག་འཕྲོག་པ་དང༌། མི་གྲངས་ 40000000 ལྷག་ན་ཚ་དེས་བཟུང་ཡོད།)། རྒྱུན་སྤྱོད་གློག་འོད་དང༌། ཁྱིམ་སྤྱོད་གློག་ཆས། རླངས་འཁོར། འབར་རྫས། རྡོ་སྣུམ། སོལ་རླངས། དུག་ཤེད་ཆེ་བའི་དྲོད་རླངས་རྫས་འགྱུར་གྱི་རིགས་བེད་སྤྱོད་ཤུགས་ཆེ་བྱས་པ་དང༌།
ལྷག་དོན་དྲོད་ཁང་རླངས་རྫས་ green house gases མང་དྲགས་པས་གོ་ལའི་ལྷོ་བྱང་གི་སྣེ་གཉིས་དང་གླིང་ཆེན་ནུབ་ངོའི་འཁྱག་རོམ་དང་བོད་ས་མཐོའི་འཁྱག་རོམ་གྱི་ཁུལ་དུ་ཚ་དྲོད་ལྷག་པར་ལངས་སྟབས་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་འགྱུར་ལྡོག་ཤུགས་ཆེ་བྱུང་བ་དང༌། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་ཚ་རླུང་གིས་ས་སྟེང་དུ་ཡོད་པའི་བཙོག་སྙིགས་འདྲ་མིན་གྱི་རླངས་པ་ཁྱེར་ནས་རླུང་ཁམས་དང་འདྲེས་ཁྱབ་ཀྱིས་ལྤགས་ནད་དང༌། སྐྲ་འཐོར་བའི་ནད། མིག་ནད། མཁྲིས་ནད། ཚ་ནད་ཀྱི་རིགས་ཀྱང་མང་དུ་འབྱུང་བཞིན་ཡོད། ལྷག་དོན་ཁོར་ཡུག་བཙོག་སྐྱོན་གྱི་རྐྱེན་པས་སེ་པན་གྱི་ཆམ་ནད་ (A/H1N1ཆམ་ནད་འདི་སྤྱི་ལོ་ 1918 ལོར་བྱུང་ཞིང༌། ཆམ་ནད་དེ་ཕོག་པའི་མིའི་གྲངས་འབོར་ས་ཡ་ལྔ་བརྒྱ་དང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་བརྒྱ་ཡིན།) དང༌། ཨེ་ཤེ་ཡེ་ཆམ་ནད་A/H2N2 (ཆམ་ནད་འདི་སྤྱི་ལོ་ 1956 ལོ་ནས་ 1958 བར་བྱུང་ཞིང༌། ཆམ་ནད་དེ་ཕོག་པའི་མིའི་གྲངས་འབོར་མི་གསལ་ཡང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་གཉིས་ཙམ་ཡིན།) ཧོང་ཀོང་ཆམ་ནད་A/H3N2 (ཆམ་ནད་འདི་སྤྱི་ལོ་ 1968 ནས་ 1968 བར་བྱུང་ཞིང༌། ཆམ་ནད་དེ་ཕོག་པའི་མིའི་གྲངས་འབོར་མི་གསལ་ཡང༌། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ས་ཡ་གཅིག་ཙམ་ཡིན།) རྒྱུན་ལྡན་ཆམ་ནད(A/H3N2, A/ H1N1) (ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་ལོ་རེར་ས་ཡ་སུམ་བརྒྱ་བཞི་བཅུ་ནས་ཐེར་འབུམ་གཅིག་ཙམ་ཡིན། ད་ལྟའི་བར་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་འབུམ་ལྔ་ཙམ་ཡིན།) ཕག་པའི་ཆམ་ནད་(A/H3N2) ཆམ་ནད་འདི་སྤྱི་ལོ་ 2009 ལོར་བྱུང་ཞིང༌། ཆམ་ནད་འདི་ཕོག་པའི་མིའི་གྲངས་འབོར་ས་ཡ་གཉིས་ལྷག་ཡིན། འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་ད་ལྟའི་ཆར་ལྔ་སྟོང་བདུན་བརྒྱ་ཡིན།) སོགས་ཀྱིས་མཚོན་ཆམ་ནད་ཀྱི་རིགས་ཀྱང་མང་དུ་བྱུང་དང་འབྱུང་བཞིན་པ་དང༌། ཆམ་ནད་དེ་དག་ཁྱོན་བསྡོམས་མི་གྲངས་ཐེར་འབུམ་གཅིག་དང་ས་ཡ་ལྔ་བརྒྱ་བཅུ་བཞིར་ 1514’000’000. ཕོག་པ་དང༌། དེ་དག་ལས་མི་གྲངས་ས་ཡ་ཆིག་བརྒྱ་བཅུ་མེད་གསུམ་དང་ལྔ་འབུམ་ལྔ་སྟོང་བདུན་བརྒྱ་ 103’505’700. ལྷག་འཆི་སྐྱོན་གྱི་གནས་བབ་ལས་ཐར་ཐུབ་མེད། རང་བྱུང་འབྱུང་བའི་གནོད་འཚེ་དང༌། ནད་ཡམས་འདྲ་མིན་གྱིས་འཆི་བ་ཙམ་མ་ཡིན་པར། སོག་པོའི་རྒྱལ་པོ་གོ་ཏན་གྱིས་ལོ་སྐོར་བཅུ་གཉིས་ཀྱི་རེའི་མཚམས་སུ་ལོ་ངོ་དགུ་ཡན་ཆད་ལོན་པའི་བྱིས་པ་འབུམ་ཕྲག་མང་པོ་རྒྱ་མཚོར་འདེད་བཞིན་པ་དང༌། ཧི་ཀྲི་ལར་གྱིས་འཇུའུ་མི་རིགས་ས་དྲུག་ལ་ཉེ་བ་མེ་དུང་དུ་བཅུག་པ། སྤྱི་ལོ་ 1993 ཚུན་དུ་འཛམ་གླིང་དངུལ་ཁང་གིས་བརྗོད་པ་ལྟར་རྒྱ་དཀར་ནག་གཉིས་སུ་བུད་མེད་ས་ཡ་ 53 ལྷག་འཕྲོད་བསྟེན་དང་ཟས་བཅུད་ཀྱིས་མ་འདང་བར་ཤི་བ། ཁྲིམས་འོག་ནས་ཤི་བ། འཇིགས་སྐུལ་རང་ལུགས་པས་ཚུར་རྒོལ་གྱི་འོག་ནས་ཤི་བ། ལྷག་པར་དུ་ཀྲུང་གོ་དང་འཇར་མན་བར་གྱི་དམག་འཁྲུག འཛམ་གླིང་དམག་ཆེན་དང་གཉིས། ཨུ་རུ་སུའི་གསར་བརྗེ་དམག་འཁྲུག ཨེ་རག་གི་དམག་འཁྲུག ཨ་ཧཕི་གྷ་སི་ཐཱན་གྱི་དམག་འཁྲུག རྒྱ་གར་དང་པ་ཀི་སུ་ཐན་བར་གྱི་དམག ཀོ་རི་ཡའི་ནང་འཁྲུག ཨ་ཕེ་རི་ཀའི་ར་ཝན་ཌ་རྒྱལ་ཁབ་ཀྱི་ནང་འཁྲུག་སོགས་ཀྱི་སྐབས་སུ་མེ་སྒྱོགས་དང་འབར་རྫས་ཀྱི་རིགས་བེད་སྤྱོད་ཀྱིས་མི་འབོར་ས་ཡ་མང་པོ་དམར་གསོད་དང་མུག་ཤིར་ཐེབས་བཅུག་ཡོད་པར་མ་ཟད། སྐབས་དེ་དག་ཏུ་མེ་སྒྱོགས་དང་འབར་རྫས་ཀྱི་རིགས་བེད་སྤྱོད་ཤུགས་ཆེ་བྱས་སྟབས་སའི་གོ་ལའི་གདོང་ཤིན་གྱི་ཕྱོགས་ཡོངས་རྩབ་རལ་ཆེན་པོ་བཟོས་ཡོད་པ་སོགས་སའི་གོ་ལའི་སྟེང་གི་མི་ཤི་རྟ་འགྱེལ་གྱི་འཇིགས་པ་འདིར་བསམས་ན་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གསར་པ་དང་། ཁོང་གི་ཕྱག་ལས།
མཁས་དབང་བློ་བཟང་སེང་གེ་མཆོག་ནི་ལོ་ན་ཆུང་ཞིང། གཞོན་ཤ་རྒྱས་པའི་དཔོན་ཚུགས་ཀྱི་རྣམ་པ་མངོན་པའི་ཕོ་རྒོད་ཅིག་ཡིན་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ནང་ནས་ཆབ་སྲིད་ཀྱི་དབང་ཚད་མཐོ་ཤོས་ཀྱི་གོ་གནས་ཡོད་པའི་བཀའ་ཁྲི་དང་པོ་དེ་ཡང་ཡིན། ལྷག་དོན་ཁོང་གི་ལས་དོན་དང་གཏམ་བཤད་ཀྱི་རྣམ་པར་བབ་བསྟུན་གྱི་ཁྱད་ཆོས་ལྡན་སྟབས། འབྱུང་འགྱུར་གྱི་ལས་འཆར་འདྲ་མིན་ཐོག་མངོན་གསལ་གྱི་གྲུབ་འབྲས་གཡུལ་དུ་ཟ་བ་ཐོན་རྒྱུར་གུས་པར་ཡིིད་ཆེས་གཙང་མ་ཡོད། ཁོང་གིས་ཉེ་ཆར་གསར་འགོད་པ་ཞིག་གི་བོད་ཀྱི་རྩ་དོན་འཐབ་རྩོད་བྱེད་ཕྱོགས་དང་འབྲེལ་བའི་དྲི་བ་ཞིག་ལ་ལན་འདེབས་ཀྱི་གཏམ་བཤད་སྤེལ་སྐབས་༸གོང་ས་མཆོག་བོད་ནང་གདན་འདྲེན་བྱེད་ཐབས་བྱེད་རྒྱུ་དང་། བོད་མིའི་ཤེས་ཡོན་གྱི་གནས་ཚད་མཐོ་རུ་གཏོང་ཐབས་བྱེད་རྒྱུ་གཉིས་ལས་དོན་ཐབས་ཅད་ཀྱི་གཙོ་གནད་རང་བཞིན་དུ་བཟུང་ཡོད་ཚུལ་བཀའ་གནང་བ་འདིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འགག་རྩའི་ནུས་པ་འགངས་ཆེ་ཤོས་གཉིས་དེ་གསལ་བཤད་བྱས་པ་ཞིག་རེད།
འདས་པའི་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྦྲུགས་ཀྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་ཕྱག་ལས་འདྲ་མིན་སྣ་ཚོགས་ཤིག་ཧུར་བརྩོན་ཆེན་པོས་བྱས་ཡོད་ཀྱང་། རྩ་དོན་རང་གི་ཐོག་ལག་པ་འཆང་སའི་གྲུབ་འབྲས་འདི་ཡིན་ཞིག་དུས་ད་ལྟའི་བར་གཏན་ནས་སྟོན་རྒྱུ་མེད་པའི་མེད་པ་མ་ཟད། ད་དུང་བོད་མི་ཚོའི་འདོད་འདུན་མངོན་དུ་གྱུར་པར་ཕྱོགས་འགའ་ཤས་ནས་ཐག་ཇེ་རིང་སོང་འདུག དེ་ནི་ང་ཚོའི་ཁ་གཏད་དེ་དཔལ་འབྱོར་དང་དམག་ཤུགས་གཉིས་ཐོག་ནས་སྟོབས་འབྱོར་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས་སམ། ཡང་ན་ང་ཚོར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ནང་གི་འགྱུར་འགྲོས་ཁག་སྐབས་བསྟུན་གྱིས་བེད་སྤྱོད་བྱེད་ཐུབ་པའི་གོ་སྐབས་མ་བྱུང་བའམ། ཡང་མིན་ན་གོ་སྐབས་བྱུང་ཡང་འགྱུར་འགྲོས་དེ་དག་སྐབས་ཐོག་སོ་སོར་ངོས་འཛིན་གྱིས་འཕྲལ་རྒོལ་ཇི་བཞིན་བྱེད་མ་ཐུབ་པས་ལན་པ་ཞིག་ཡིན་སྲིད།
གང་ལྟར་བྱེད་ཐབས་གང་འདྲ་ཞིག་འདོན་དགོས་ཀྱང་བོད་རྒྱའི་དཀའ་རྙོག་འདི་མ་སེལ་བར་ཐབས་མེད་པ་ཞིག་ཡིན་སྟབས། འབྱུང་འགྱུར་གྱི་བཀའ་ཤག་གསར་པའི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་ལས་དོན་བྱེད་པའི་རྣམ་པ་དེ་དག་ཕྱོགས་ཡོངས་ནས་ཚད་མཐོ་རུ་གཏོང་ཐབས་ཆེད་གཤམ་འོག་ལས་བྱེད་དང་མི་མང་མང་ཚོགས་ཚོས་བཀའ་ཤག་གསར་པདང་དཔུང་ནུས་མཉམ་གཤིབ་ཀྱིས་སྐབས་ཐོག་སོ་སོར་རོགས་འདེགས་དང་འགེངས་ཆེའི་ལས་དོན་ཐོག་ལྟ་སྐུལ་བྱེད་རྒྱུའི་ནུས་པ་གང་ལེགས་འདོན་རྒྱུ་ནི་ཆེས་འདོར་དུ་མི་རུང་བའི་རྩ་དོན་ཞིག་ཡིན། དེ་ལྟར་མ་བྱུང་ཚེ་བཀའ་ཁྲི་གསར་པ་དེར་སྟོབས་དང་ནུས་པ་ཇི་འདྲ་ཞིག་ཡོད་ཀྱང་དཔའ་བོ་ལག་རྡུམ་བྲག་ལ་འཛེགས་པ་ནང་བཞིན་ཆགས་རྒྱུ་ཡིན།
དེ་བཞིན་བཀའ་ཁྲི་གསར་པས་ཀྱང་ཞི་དུལ་གྱི་ཉམས་བརྗིད་ལྡན་པའི་ངང་གོ་སྐོན་བློ་འགུགས་ཀྱི་བྱེད་ཐབས་བརྒྱུད་ནས་བོད་ཕྱི་ནང་གི་བོད་མི་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་བྱེད་ནུས་གཅིག་ཏུ་སྤུང་ཐུབ་ཐབས་བྱེད་དགོས། མ་ཟད་ཁོང་ཚོའི་ལས་འགུལ་གྱི་སེམས་ཤུགས་དང་འཇོན་ཐང་སྔར་ལས་ཀྱང་ཆེ་རུ་གཏོང་ཐབས་ཆེད་འཚེ་མེད་ཞི་བའི་ཐབས་ཇུས་ཀྱི་རྣམ་གྲངས་དག་ལུས་སེམས་གཉིས་ཐོག་ནས་མངོན་གྱུར་ཡོང་ཐབས་བྱེད་རྒྱུར་དམིགས་བསལ་གྱིས་ཤུགས་ནོན་རྒྱག་དགོས་པ་མ་ཟད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་སྤྱིའི་སྟེང་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་དང་མི་མང་སྒེར་བཅས་པར་སྔར་ལས་ཀྱང་མཐུན་བསྒྲིལ་དམ་ཟབ་ཀྱིས་ཁོང་ཚོས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་ཚད་མཐའ་དག་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་ཐད་ཀར་ནུས་པ་ཐོན་ཆེད་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་དགོས། དེ་ལྟར་བྱུང་ན་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་རྣམ་པ་དང་ནང་དོན་ཐོག་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ་གྱི་དྲང་བདེན་དང་ཞི་བདེར་དགའ་བའི་མི་མང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་ངེས་ཡིན་པ་མ་ཟད། དེར་བརྟེན་ནས་འབྱུང་འགྱུར་གྱི་དུས་ཡུན་ཐུང་ངུའི་ནང་ང་ཚོའི་རྩ་དོན་འཐབ་རྩོད་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ངེས་ཡིན།
ཅི་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ཟེར་རམ།
དྲ་གྲོགས་རྣམ་པ་ཚོ། ཡང་ངར་ཅིག་གླེང་འདོད་སྐྱེས། དོན་ངོ་མར་ཆོས་སྲིད་ཟུང་དུ་འབྲེལ་སྟངས་ཅི་ཞིག་ཡིན་ནམ། ཆོས་སྲིད་ཟུང་འབྲེལ་དང་། ཐབས་ཤེས་ཟུང་འབྲེལ། ཆོས་ཚན་ཟུང་འབྲེལ། ཞི་དྲག་ཟུང་འབྲེལ། ཟུང་འབྲེལ་འདིའི་གོ་བ་རྣལ་མ་ཞིག་ལོན་པར་དཀའ་ཚེགས་ཤིན་ཏུ་ཆེ། ལོ་རྒྱུས་སྨྲ་བ་འགས་རྒྱལ་ཁབ་ཅིག་གི་ནང་ཡོངས་ཁྱབ་ཏུ་དར་བའི་ཆོས་དང་སྲིད་གཉིས་ཀྱི་རྩ་བའི་དབང་ཚད་དེ་མི་གཅིག་གི་ལག་པར་ཤོར་བ་ནས་བཟུང་ཡུལ་དེའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཚུགས་ཟེར། ངོ་མ་ཁེ་མཚར་རེད། གང་ཡིན་ཟེར་ན། དེས་གང་ཟག་ཅིག་ལ་རྒྱལ་ཁབ་དེའི་ཆོས་སྲིད་གཉིས་ཀྱི་རྩ་བའི་འགན་དབང་ཅི་ཙམ་ཞིག་ཡོད་མེད་གསལ་བཤད་བྱས་པ་ཙམ་མ་གཏོགས་ཆོས་སྲིད་ཟུང་དུ་འབྲེལ་སྟངས་ཤིག་རྩ་བ་ནས་གསལ་བཤད་བྱས་མེད།
རྒྱལ་ཁབ་ཅིག་ཆོས་སྲིད་ཟུང་འབྲེལ་ཡིན་མིན་བཤད་པའི་སྐབས་ལ། དུས་དང་གནས་སྐབས་འདི་འདྲ་ཞིག་གི་ནང་རྒྱལ་ཁབ་དེས་ཆོས་དང་སྲིད་གཉིས་རྣམ་པ་དང་ནང་དོན་འདི་འདྲ་ཞིག་གི་འོག་ནས་ཟུང་འབྲེལ་བྱས་སྟབས། དུས་དེ་ནས་བཟུང་རྒྱལ་ཁབ་དེ་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཅིག་ཏུ་ཆགས་པ་རེད་ཟེར་དགོས་པ་མ་ཡིན་ནམ།
གལ་སྲིད་དེ་ལྟར་ཡིན་པར་ཆ་བཞག་ན། འོ་ན། ཆོས་སྲིད་གཉིས་ཟུང་དུ་འབྲེལ་སྟངས་ཅི་ཞིག་ཡིན་ནམ། དྲི་བ་འདི་རང་ཤུགས་ཀྱིས་ཡོད་ཡོད་པ་ཞིག་རེད། ཆོས་སྲིད་ཟུང་འབྲེལ་དང་ཐབས་ཤེས་ཟུང་འབྲེལ་གཉིས་ཀྱི་གོ་དོན་གཅིག་པ་ཡིན་ནམ། ཡང་ན་ཐ་དད་ཡིན། གཅིག་པ་ཡིན་དབང་དུ་བཏང་ན། ཆོས་ཀྱིས་སྲིད་དོན་གྱི་ངོ་བོ་གོང་འཕེལ་དང་། ཡང་ན་སྲིད་དོན་གྱིས་ཆོས་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་བར་ཕན་གྲོགས་བྱེད་པ་གང་རུང་ཞིག་ལ་གོ་དགོས་པ་སྨོས་མེད་རེད། ཕྱི་མ་འདི་ལ་ཆོས་ལུགས་པ་ཚོས་དུས་ནམ་ཡང་ཡིད་རྟོན་བྱེད་མི་སྲིད་སྟབས། སྔ་མའི་ལུགས་དེ་བཟུང་ན་ཆོས་སྲིད་ཟུང་དུ་འབྲེལ་ལུགས་ཐད་གོ་བ་གཏིང་ཚུགས་པ་ཞིག་རྙེད་རྒྱུ་ཡོད་དམ།
དེར་ཡང་རྒྱུ་མཚན་ཆེར་མེད་སྙམ་ན། འོ་ན། ཆོས་སྲིད་ཟུང་འབྲེལ་དེ་ཆོས་ཚན་ཟུང་འབྲེལ་དང་ཞི་དྲག་ཟུང་འབྲེལ་གང་རུང་ཞིག་ལ་གོ་རྒྱུ་ཡིན་ནམ། གལ་སྲིད་དེ་གཉིས་གང་རུང་ལ་ཞིག་ལ་གོ་རྒྱུ་ཡིན་ན། དེ་གཉིས་ཀྱི་གང་དང་གཅིག་མཚུངས་ཀྱིས་གོ་བ་ལེན་དགོས་སམ། ཆོས་ཚན་ཟུང་འབྲེལ་དང་གོ་དོན་གཅིག་པ་ཡིན་ནམ། དེ་ལྟར་ཡིན་ན། སྐབས་འདིའི་ཆོས་སྲིད་ཟུང་དུ་འབྲེལ་སྟངས་དེ། ཆོས་ཀྱིས་མ་འདང་བའི་ཕྱོགས་ལ་སྲིད་དོན་གྱིས་ཁག་ཐེག་བྱེད་པ་དང་། སྲིད་དོན་གྱིས་མ་འདང་བའི་ཕྱོགས་ལ་ཆོས་ཀྱིས་ཁག་ཐེག་བྱེད་པ། དེ་གཉིས་ཀས་མ་འདང་བའི་ཕྱོགས་ལ་གཉིས་ཀས་མཉམ་རུབ་ཀྱིས་གཞི་རྩ་བཟོ་བ་ལྟ་བུ་ཞིག་ལ་རང་ཤུགས་ཀྱིས་གོ་འགྲོ་བ་མ་ཡིན་ནམ།
དེ་ཡང་ཏག་ཏག་ཅིག་ཁས་ལེན་དཀའ་ན། དེས་ན་ཆོས་སྲིད་ཟུང་དུ་འབྲེལ་སྟངས་དེ་ཞི་དྲག་ཟུང་དུ་འབྲེལ་སྟངས་དང་གཅིག་པར་འདོད་རྒྱུ་ཨེ་ཡིན། དེ་འདྲ་ཞིག་ཏུ་འདོད་ན། སྐབས་རེ་རྒྱལ་ཁབ་དེ་ཆོས་དང་མཐུན་པའི་ཐོག་ནས་སྐྱོང་བ་དང་། ཡང་སྐབས་རེ་སྲིད་དང་མཐུན་པའི་ཐོག་ནས་སྐྱོང་བ་ལྟ་བུ་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ལམ་ཆོས་སྲིད་སྤེལ་མར་གོ་རྒྱུ་ལས་ལམ་གཞན་ཞིག་ཏུ་འགྲོ་ས་གཏན་ནས་མེད། ངས་བལྟས་ན་དེ་འདྲའི་ཟུང་དུ་འབྲེལ་སྟངས་དེ་ནི་དོན་སྙིང་རྩ་བ་ནས་མེད་པའི་བྱ་སྤྱོད་སྤེལ་སྟངས་ཤིག་རང་རེད།
གང་ལྟར་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་ཆོས་སྲིད་ཟུང་དུ་འབྲེལ་སྟངས་ཐད་གོ་བ་ཞིག་ནི་ངེས་པར་དུ་ལེན་དགོས་སྙམ། འོ་རེད། ཡང་མིན་ན། ཆོས་དང་སྲིད་གཉིས་ཕན་ཚུན་བསྲེས་བཞག་པ་ཞིག་ལ་ཆོས་སྲིད་ཟུང་དུ་འབྲེལ་བར་གོ་ན་བདེ་འམ། དེར་བསམ་བློ་གཏང་ས་ཞིག་མེད་དམ་སྙམ་ན། འོ་ན། དེ་གཉིས་ཇི་ལྟར་བསྲེ་དགོས། དེ་གཉིས་ཀྱི་ཕྱོགས་སོ་སོ་ན་དེ་གཉིས་ཕན་ཚུན་བསྲེ་ཐུབ་པའི་རྨང་གཞིའི་ཆ་རྐྱེན་གྱི་རིགས་ཡོད་དམ། ཡོད་ན། དེ་དག་གང་དང་གང་དག་རེད། མེད་ན། དེ་གཉིས་ཇི་ལྟར་བསྲེས་ནས་འདྲེས། འདྲེས་ནས་མ་འཐོར་བར་ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་རྒྱུན་གནས་ཐུབ་པ་བྱུང་བ་རེད།
ངས་བལྟས་ན། བོད་འདི་འདས་པའི་ལོ་རྒྱུས་ནང་ཆོས་སྲིད་ཟུང་འབྲེལ་ཡིན་ཞེས་བཤད་བསྡད་པའི་ཆོས་སྲིད་ཟུང་འབྲེལ་དེ་ནི། གཞུང་གིས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་གི་སྒྲོམ་གཞིའི་རྣམ་པ་དང་ནང་དོན་ཁག་གཏན་འབེབས་ཀྱིས་བསམ་བཞིན་དུ་རྒྱལ་ཁབ་དེ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་སོང་བ་ཞིག་མ་ཡིན་པར། རྒྱལ་ཁབ་དེའི་མི་སེར་བརྒྱ་ཆའི་གོ་དགུ་ལྷག་རྩ་བའི་ཆ་ནས་ཆོས་དང་མཐུན་པའི་བྱ་བར་ཞུགས་སྟབས་སྲིད་ལུགས་སྐྱོང་སྟངས་ཐད་ཆོས་དང་མཐུན་པའི་བཟང་སྤྱོད་ཀྱི་ཆས་ཤུགས་རྐྱེན་ཅུང་ཞིག་ཐེབས་པར་བོད་མི་ཚོས་ཆོས་སྲིད་ཟུང་འབྲེལ་ཞེས་ཕར་བཙན་གྱིས་བཏགས་བཞག་པ་ཞིག་རང་རེད་སྙམ་མོ།
བསྐལ་བ་ཡ་ཐོག་གི་མི་ཚོ་ཐོག་མར་འཇིག་རྟེན་འདིར་རྐང་གཉིས་སར་འཛུགས་ཤེས་པ་ནས། རང་དང་རང་ཉིད་གང་ན་གནས་པའི་རང་བྱུང་གི་ཁོར་ཡུག་ཁྲོད། གོམ་འགྲོས་ནས་འགྲུལ་བཞུད། སྨྲ་བརྗོད་ནས་བརྡ་སྤྲོད། བཟའ་བཏུང་ནས་ཐབ་རྡོ། བསམ་སྤྱོད་ནས་ཤེས་རིག། འདོད་པ་ནས་བརྩེ་བ། མཐུན་ཕྱོགས་ནས་ཁྱིམ་གཞིས་སོགས། རང་བྱུང་ཁམས་དང་གཤིབ་བསྡུར་རང་རང་འཚོ་གནས་ཀྱི་རྒྱུ་ཆ་འདེམས་པའི་བརྒྱུད་རིམ་ནང་། ཚེ་སྲོག་དང་རྣམ་རིག་གི་ནུས་པ་ག་ཚོད་ཅིག་བཏང་ཡོད་པ་བློས་འཆུན་དཀའ་བ་ཞིག་རེད། ཤ་ཁྲག་གདོས་བཅས་ཀྱི་ལུས་པོ་ཞིག་བླངས་ཟིན་མཚམས། དེ་གསོན་གནས་དང་། དེ་ཤེད་བསྐྱེད། དེ་གཅེས་སྲུང་གི་ཆེད། འབྱུང་ཁམས་འཕྲོད་བསྟེན་གྱི་དྭངས་མ་བཀོལ་སྤྱོད་ཀྱི་མགོ་ཚུགས་ཤིང་། དུས་བཞི་དང་འབྱུང་ཁམས་ཀྱི་འགྱུར་ལྡོག་ལ་བརྟེན་ནས། བྲག་སྐྱིབས་དང་གད་སྐྱིབས། ཤིང་སྡོང་། ནགས་རྫོང་། སེམས་ཅན་གཞན་གྱི་རུས་པགས་སོགས། ཉེན་སྐྱོབ་ཀྱི་གྲོགས་སུ་བསྟེན་ཅིང་། བསམ་བློའི་འདུ་ཤེས་བག་ལ་ཉལ་ཅུང་ནར་སོན་པ་དང་ཆབས་ཅིག མི་སྟོབས་ལྡན་དང་། དཔའ་བོ། རིག་པ་ཅན། རྩལ་ཆེན་སོགས་བྱུང་བ། རིམ་པས་མགོན་དཔུང་དུ་བསྟེན་པས། མི་ལྷ་དང་ལྷ་མི་རུ་བལྟ་བའི་ངོ་མཚར་བའི་གསང་བ་ལྐོག་གྱུར་གྱི་བརྩམས་སྒྲུང་རྒྱ་ཆེ་གཏིང་ཟབ་དག་རྟོག་བཞེངས་ཀྱི་མགོ་ཚུགས། སྐབས་དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་སེམས་ཁམས་དང་། རང་བྱུང་གི་ཁོར་ཡུག་གཉིས་གདོང་དང་གདོང་གཏུགས་ནས། ཕན་ཚུན་རྒྱུས་ལོན་བྱེད་པའི་དུས་ཤིག་ཡིན་ཞེས་ལབ་ཆོག་ཅིང་། རྣམ་རིག་དང་ཡུལ་འཕྲད་པའི་རྫུ་འཕྲུལ་ལྟ་བུའི་སྣང་ཚུལ་སྣ་ཚོགས་ཀྱིས་མགོ་རྨོངས་སུ་བཅུགས་པས། སྣང་སྲིད་ཀྱི་ཆོས་ལ་ཐེ་ཚོམ་གྱི་དྲི་རྟོག་དང་། བརྟག་པ་བྱེད་པ་སྟེ། ཅིའི་ཕྱིར་ཉིན་མཚན་གྱི་དབྱེ་བ་བྱུང་བ་ཡིན། ཅིའི་ཕྱིར་དུས་བཞིའི་འབྱུར་ལྡོག་བྱུང་བ་རེད། ང་ཚོ་འཚོ་གནས་ཀྱི་འཇིག་རྟེན་འདི་ཇི་ལྟར་བྱུང་བ་རེད། སྲོག་ཆགས་མི་འདྲ་བ་འདི་ཚོ་ཅི་ཞིག་ཡིན།
ང་ཚོ་འདི་ན་ཅིིའི་ཕྱིར་ཡོད་པ་ཡིན། ང་ཚོ་ལ་དམིགས་ཡུལ་དང་ཁ་ཕྱོགས་ངེས་ཅན་ཞིག་ཡོད་དམ་མེད། ཞེས་རང་གི་མཐོང་ཐོས་ཀྱི་ཡུལ་ན་ཡོད་ཀྱང་། ལན་གསལ་བོ་མ་རྙེད་པའི་སྣང་ཚུལ་ལས་ཆོས་ལུགས་ཞེས་པའི་ཨ་མ་མཁྲེགས་པོ་འདི་བྱུང་བ་རེད། ཆོས་ལུགས་དེའང་རིགས་མཐུན་ཕྱོགས་བསྡུས་ཀྱིས་ཕྱེ་ན། ལྷ་མང་ཆོས་ལུགས། ལྷ་གཅིག་ཆོས་ལུགས། དངོས་ཀུན་ལྷར་འདོད་ཀྱི་ཆོས་ལུགས་སྟེ་གསུམ་དུ་དབྱེ་ཞིང་། དེའང་ཡུལ་གྱི་ཆོས་ལུགས་དང་། ཡུལ་ཅན་གྱི་ཆོས་ལུགས་སྟེ་གཉིས་སུ་ཕྱེ་ནའང་འགྲིགས། སྤྱི་ལོ་སྔོན་གྱི་ལོ༣༠༠༠ཡས་མས་ཤིག་གི་ནང་། ཁྱབ་འཇུག་གི་འཇུག་པ་བརྒྱད་པར་གྲགས་པ། (Krishna)ནག་པོ་ཨེ་ཡིན་སྙམ་སྐུ་འཁྲུངས་པར་བཤད་ཅིང་། ཁོང་གིས༼དཀོན་མཆོག་གི་གླུ༽ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་བདུན་བརྒྱ་ཡོད་པ། ཧིན་རྡུའི་ཆོས་ཀྱི་ལྷ་དང་ལྷ་མོ། སྐྱེ་རྒ་ན་འཆིའི་རང་བཞིན། ལས་འབྲས་ཀྱི་རྣམ་བཞག་སོགས། འཁོར་སློབ་མ་དག་ལ་བཤད་ནས་ཧིན་རྡུའི་ཆོས་ལུགས་འཕེལ་རྒྱས་ཀྱི་དབུ་ཚུགས། དེ་ནས་སྤྱི་ལོ་སྔོན་གྱི་ལོ་༢༠༠༠ཡས་མས་ཤིག་ཏུ་ཡ་ཧི་དྰ་བའི་གནའ་ཆོས་ཀྱི་འབྱུང་ཁུངས་སུ་གྱུར་པ། ཨ་བྷིར་ཧེམ་སྐུ་བལྟམས། ཁོང་ནི་ཡི་ཤི་དང་། ཁ་ཆེ། ལྗོས་ཆོས་ལུགས་ཀྱི་འབྱུང་ཁུངས་ལྟ་བུ་ཞིག་རེད། ཡ་ཧི་དྰ་བའི་གནས་ཆོས་ལྗེན་སི(Genesis)ལྟར་ན། དཀོན་མཆོག་གིས་ཨ་བྷིར་ཧེམ་ལ། རང་ཉིད་ཨེ་ཟི་རལ་མི་རིགས་ལ་ལྷག་པར་ཡང་ཐུགས་ཐག་ཉེ་བོ་ཡོད་པར་ཁས་བླངས་རབས། ཨེ་ཟི་རལ་མི་མང་གིས་དཀོན་མཆོག་སྐྱབས་གནས་སུ་འཛིན་དགོས་པ་དང་། དཀོན་མཆོག་གི་བཀའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་སྐོར། དཀོན་མཆོག་གིས་ཨ་བྷིར་ཧེམ་རྒྱལ་ཁབ་ཆེན་པོ་ཞིག་གི་བསྐྱེད་ཡབ་ཏུ་འགྱུར་རྒྱུར་ཞལ་བཞེས་གནང་བས་མ་ཚད། འོ་ཆུ་དང་སྤྲང་རྩིའི་བཅུད་ཀྱིས་གཏམས་པའི་ས་ཁུལ་ཞིག་ཐོབ་སྐལ་དུ་གནང་བར་ཞལ་གྱིས་བཞེས་ཚུལ། དཀོན་མཆོག་གི་བཀའ་ལྟར། ཨ་བྷིར་ཧེམ་ཞལ་བཞེས་ས་ཁུལ་དུ་ཕེབས་ནས། དགུང་ལོ་བརྒྱ་བའི་ཐོག་ཡུམ་སེམས་ཅན་དང་ལྡན་པར་གྱུར་ཏེ། བུ་རྒན་པ་ཨ་སེ་ཁི་རིགས་རྒྱུད་དང་བཅས་པས་དཀྱིལ་ཤར་ས་ཆ་མང་བོ་མངའ་འོག་ཏུ་བཅུགས་སྐོར། ལྷག་པར་ཡང་དམ་ཆོས་རྙིང་མ་རྩོམ་མཁན་གཙོ་བོའི་གྲས། (Moses)མོ་སེ་སི་མཆོག་གིས་ལྗོས་རིགས་དག་ཨེ་ལྗེབ་ཀྱི་བྲན་གཡོག་ནས་སྣེ་ཁྲིད་དེ། དཀོན་མཆོག་གི་ཞལ་གྱིས་བཞེས་པའི་ས་ཚིགས་ནང་ཇི་ལྟར་ཕེབས་པ། དཀོན་མཆོག་གིས(Moses)མོ་སེ་སི་ལ་ཡ་ཧུ་དྰ་བའི་ཆོས་གཞུང་ཁྲོ་ར་དང་(Torah and Ten commandments)བཀའི་གདམས་པ་བཅུ་ཇི་ལྟར་གནང་ཚུལ། ལྗོས་རིགས་རྣམས་ཁྲིམས་ཡིག་དེའི་བཀའ་ལས་འདས་མི་རུང་བ་སོགས་ཡིན་ཞིང་། དེ་ལ་རྩ་འགྲེལ། རྒྱས་འགྲེལ། ཡང་འགྲེལ་སོགས་བརྩམས་ཏེ། གླེགས་བམ་གྱི་ཕུང་བོ་མང་བོ་བྱུང་བར། ལྗོས་རིགས་ཙམ་མ་ཟད་ཡི་ཤུ་ཆོས་བརྒྱུད་ཕལ་ཆེར་གྱིས་དད་གུས་གཙིགས་ཆེར་བརྩི་བཞིན་པ་རེད། དེ་རྗེས་སྤྱི་ལོ་སྔོན་གྱི་ལོ༤༨༠ནང་། སངས་རྒྱས་ཤཀྱྰ་ཐུབ་པ་འཇིག་རྟེན་འདིར་བྱོན་ཞིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས། འགྲོ་བའི་བདེ་སྡུག་འདི་ཚོ་ཅི་ཞིག་ཡིན་མིན་དང་། དེ་དག་གང་ལས་བྱུང་ཚུལ་ལ་ཐུགས་དྭོགས་གནང་ཡོད། ཁམས་གསུམ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་། སྡུག་བསྔལ་དེའི་འབྱུང་རྩ། སེམས་ཅན་རང་ཉིད་ཀྱི་འདོད་ཆགས། ཞེ་སྡང་། གཏི་མུག་སོགས་ཉོན་མོངས་དུག་གསུམ་པོ་འདི་དག་ཡིན་ཚུལ། དེའང་གང་ཟག་དང་ཆོས་ལ་བདག་ཏུ་བཟུང་བའི་འཛིན་པ་ཞིག་ལས་བྱུང་བ། དེ་དག་དགག་ཐབས་བདག་མེད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་འཆད་པས། འཛམ་གླིང་གི་ཆོས་བརྒྱུད་ཁག་ལས་འབུར་དུ་ཐོན་ཏེ་དར་ཁྱབ་ཕྱིན་པ་ཞིག་རེད། སངས་རྒྱས་འདས་ནས་ལོ་བརྒྱ་ཕྲག་ཁ་ཤས་སོང་བ་ན། ཡི་ཤུ་མ་ཤི་ཀ་སྐུ་འཁྲུངས། ཡི་ཤུའི་ཆོས་ཀྱི་རྗེས་འཇུག་དག་གིས་བཤད་ན། ཡི་ཤུ་མ་ཤི་ཀ་ནི་དཀོན་མཆོག་གི་ཐུགས་སྲས། དམ་ཆོས་རྙིང་མ་ལས་བཤད་པའི་མ་འོངས་འཇིག་རྟེན་གྱི་བདག་པོ། མ་སེ་ཡ(Messiah)ཡིན་པར་འདོད་ཅིང་། ཡི་ཤུའི་ཆོས་ལུགས་ལྟར་ན། ང་ཚོ་ནི་དཀོན་མཆོག་གི་བཀའ་དང་འགལ་བས་སྡིག་པའི་ལས་ཀྱི་སྲིད་པ་ཞིག་ན་ཡོད་པ་དང་། ཡི་ཤུ་མ་ཤི་ཀ་འཇིག་རྟེན་འདིར་ཕེབས་ནས། སྐུ་གཟུགས་རྒྱང་ཤིང་སྟེང་འཛེར་ནོན་བྱས་པ་སོགས། ང་ཚོའི་ཆེད་སྐུ་ངལ་མང་བོ་མྱང་བས། ང་ཚོའི་སྡིག་ཇེ་ཡང་དང་ཇེ་དག་ཏུ་སོང་སྟེ། དཀོན་མཆོག་དང་འབྲེལ་ཐག་ཉེ་ནས་ཉེ་རུ་གཏོང་བཞིན་ཡོད་པར་ཡིད་ཆེས་བྱེད། ཡི་ཤུ་བ་ཚོས་རྩ་ཆེར་བརྩིས་པའི་ཡབ་དང་སྲས་དམ་པའི་ཐུགས་བཅས། (Holy Trinity)དམ་པ་གསུམ་ལྡན་གྱི་ཆོས་གཞུང་ལྟར་ན། ཡི་ཤུ་རང་ཉིད་ཀྱི་ཀུན་སྤྱོད་ལྟར། བྱམས་བརྩེ་དང་། བཟོད་སྒོམ་གཉིས་ནི། ཆོས་ཀྱི་སྙིང་བོ་ཡིན་པར་བསྟན་པ་དང་། དཀོན་མཆོག་ནི་ཡབ་དང་། སྲས། དམ་པའི་ཐུགས་ཀྱི་རང་བཞིན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཞིག་ཡིན་པར་བཤད་འདུག ངས་འདི་སྐོར་ཀློག་སྐབས། རྗེ་བླ་མས། སྔགས་རིམ་ཆེན་མོ་ན། དེས་ན་ཐེག་པ་ཆེ་ཆུང་ནི་ལྟ་བས་མི་འབྱེད་པར་ཀྱི་ཐབས་མཁས་ཀྱི་སྤྱོད་པས་ཕྱེ་བར་འཕགས་པ་ཡབ་སྲས་བཞེད་དེ། མ་ནི་བུ་རྣམས་ཀྱི་ཐུན་མོང་གི་རྒྱུ་ཡིན་ལ། ཕ་ནི་དེ་དག་གི་རིགས་སོ་སོ་འབྱེད་པའི་རྒྱུ་ཡིན་པ་བཞིན་དུ། ཡུན་ཤེར་ཕྱིན་ནི་སྲས་བཞི་ཀའི་ཐུན་མོང་གི་རྒྱུ་ཡིན་ལ། དེ་རྣམས་ཐེག་པ་ཆེ་ཆུང་གི་རིགས་སོ་སོར་འབྱེད་པའི་རྒྱུ་ནི་སེམས་བསྐྱེད་ལ་སོགས་པའི་ཐབས་རྣམས་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའིཤེས་རབ་ཀྱིས་སྲས་འཕགས་པ་བཞི་བསྐྱེད་ཚུལ་དང་། འདྲ་མཚུངས་འདྲ་བོ་ཞིག་འདུག་པས་བརྟག་པར་བྱའོ།། གང་ལྟར་ཀྱང། ཡི་ཤུ་མ་ཤི་ཀའི་བཀའ་མཆིད་དང་། རྣམ་ཐར་ལོ་རྒྱུས། དམ་ཆོས་རྙིང་མའི་དཀོན་མཆོག་གི་འཇིག་རྟེན་བཞེབས་རབས་སོགས། བསྐྱར་སྒྲིག་མཉམ་བསྲེ་བྱས་པས་དམ་ཆོས་གསར་མའི་ལུགས་བྱུང་བ་ཞིག་རེད།
སྤྱི་ལོ༥༧༠ཡས་མས་ཤིག་ཏུ་ཁ་ཆེ་སྟོན་པ་སྤྲང་རྩིའི་བློ་གྲོས་ཕེབས་ཤིང་། ཁོང་ལོ་ན་བཞི་བཅུའི་སྒང་སྒོམ་ལ་ཞུགས་པས། མཐོང་སྣང་དུ་མཁའ་འགྲོའི་གཙོ་མོ་ལྗེབ་རོལ(Gabriel)ཞེས་པ་ཞིག་བྱུང་ནས། དཀོན་མཆོག་གི་འཕྲིན་ཡིན་ཞེས་ཆོས་སྤྱོད་སྐོར་གྱི་གསུང་མཆིད་མང་བོ་ཞིག་བཤད་པ། ཕྱོགས་བསྡུ་བྱས་པ་ནི་ཁ་ཆེའི་དམ་ཆོས་ཁོ་རན་ཞེས་པ་དེ་རེད། དེའི་བརྗོད་བྱ་གཙོ་བོ་ནི། གཅིག དཀོན་མཆོག་མེད་ཀྱང་ཨ་ལ་ནི་དཀོན་མཆོག་ངོ་མ་དེ་ཡིན་ལ། སྤྲང་རྩིའི་བློ་གྲོས་ནི་དཀོན་མཆོག་གི་འཕྲིན་པ་ཡང་དག་པ་ཡིན་པ། གཉིས། ཁ་ཆེ་ཚོ་ཉིན་རེ་ཡང་མོ་ཧམ་མོ་ཏིའི་འཁྲུངས་ཡུལ(Mecca)ཕྱོགས་སུ་ཁ་འཁོར་ནས། གསོལ་སྨོན་ཐེངས་ལྔ་རེ་བྱེད་པ། གསུམ། ཟླ་དགུ་བའི་ནང་མྱོང་གནས་ལ་བརྩོན་པ། བཞི། མ་མཐའ་ཡང་སྤྲང་རྩིའི་བློ་གྲོས་འཁྲུངས་ཡུལ་དུ་ཐེངས་གཅིག་གནས་སྐོར་ལ་འགྲོ་དགོས་པ་སོགས། མདོར་ན། ཁ་ཆེའི་ཆོས་ནི་འཚེ་མེད་ཞི་བདེའི་རང་བཞིན། འཛམ་གླིང་བཟང་བོའི་ཀུན་སྤྱོད་ཀྱི་ལམ་དུ་འཁྲིད་མཁན། ཕུལ་བུ་བྱུང་བ། གོང་ན་མེད་པ། ཡང་དག་པ་ཞིག་ཡིན་པར་འདོད། ཨ་ད་ཉལ་རན་སོང་། ཞུ་དག་གཏོང་ཁོམ་མ་བྱུང་བས་དགོངས་དག་ཞུ་ཡ་ཡིན།
དྲ་གྲོགས་རྣམ་པ་བདེ་མོ་ཡིན་ནམ། བཀུར་འོས་རྔ་བ་རྒྱལ་ཁམས་པས་ཆོས་ལུགས་དང་འབྲེལ་བའི་དགོངས་ཚུལ་གྱི་རྩོམ་ཐུང་དེར་༼དེ་རྗེས་སྤྱི་ལོ་སྔོན་གྱི་ལོ༤༨༠ནང་། སངས་རྒྱས་ཤཀྱྰ་ཐུབ་པ་འཇིག་རྟེན་འདིར་བྱོན་ཞིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས། འགྲོ་བའི་བདེ་སྡུག་འདི་ཚོ་ཅི་ཞིག་ཡིན་མིན་དང་། དེ་དག་གང་ལས་བྱུང་ཚུལ་ལ་ཐུགས་དྭོགས་གནང་ཡོད། ཁམས་གསུམ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་། སྡུག་བསྔལ་དེའི་འབྱུང་རྩ། སེམས་ཅན་རང་ཉིད་ཀྱི་འདོད་ཆགས། ཞེ་སྡང་། གཏི་མུག་སོགས་ཉོན་མོངས་དུག་གསུམ་པོ་འདི་དག་ཡིན་ཚུལ། དེའང་གང་ཟག་དང་ཆོས་ལ་བདག་ཏུ་བཟུང་བའི་འཛིན་པ་ཞིག་ལས་བྱུང་བ། དེ་དག་དགག་ཐབས་བདག་མེད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་འཆད་པས། འཛམ་གླིང་གི་ཆོས་བརྒྱུད་ཁག་ལས་འབུར་དུ་ཐོན་ཏེ་དར་ཁྱབ་ཕྱིན་པ་ཞིག་རེད།༽ཞེས་གསུངས་པ་མཐོང་རྗེས། ངའི་སེམས་ནང་འདི་ལྟར་དྲན། དེ་ཡང་བསྐལ་བ་འདིའི་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་སྟོང་གི་ཐོག་མ་འཁོར་བ་འཇིག སུམ་ཁྲི་ལ་གསེར་ཐུབ། ཉི་ཁྲི་ལ་འོད་སྲུང༌། བརྒྱ་པ་ལ་ཤཱཀྱ་ཐུབ་པ། བརྒྱད་ཁྲིའི་དུས་སུ་བྱམས་པ་འབྱོན་པ་སོགས་སངས་རྒྱས་རེ་རེའི་ཡུལ་དང་རིགས་དང་འོད་དང་ཡབ་དང་ཡུམ་དང་སྲས་དང་རིམ་འགྲོ་བ་དང་ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་དང་འཁོར་དང་སྐུ་ཚེ་དང་བསྟན་པའི་གནས་ཚད་དང་སྐུ་གདུང་སྟེ་དོན་བཅུ་གསུམ་དང་བཅས་མདོ་སྡེ་བསྐལ་བཟང་ལས་ཞིབ་པར་བསྟན་ཅིང༌། སངས་རྒྱས་དེ་དག་གི་སྐུ་ཚེ་འཕྲིན་ལས་གཅིག་ཏུ་བསྡུས་པ་དེ་བཞིན་གཤེགས་པ་སྣང་མཛད་ཅེས་བྱ་བའི་འཇིག་རྟེན་འདྲེན་པ་འབྱོན་པར་གསུངས་པ་ལས། དེ་དག་གི་དབུས་ན་སངས་རྒྱས་ཀུན་གྱིས་སྤངས་པའི་རྩོད་དུས་ཀྱི་གདུལ་བྱ་བཟུང་བའི་སྙིང་སྟོབས་ལ་སུས་ཀྱང་འགྲན་ཟླ་མེད་སྟབས། ཨེ་མ་བྱང་ཆུབ་སེམས་དཔའ་འདི་ནི་པདྨ་དཀར་པོ་ལྟ་བུའོ་ཞེས་རྒྱལ་བ་སྲས་དང་བཅས་པས་བསྔགས་ཤིང་ཆེད་དུ་བརྗོད་པ་ནི་རྣམ་འདྲེན་བཞི་པ་འདི་ཉིད་ཡིན་ལ། དེ་ལྟའི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ཏེ། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན། །མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་གསུངས་པ། །ཞེས་པའི་དོན་ལྟར། ཝ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་དང༌། བྱ་རྒོད་ཕུང་པོའི་རི། ཡངས་པ་ཅན། ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་སོགས་སུ་གདུལ་བྱ་གྲངས་ལས་འདས་པའི་མོས་བློ་དང་འཚམ་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་གནང་མཛད།
སྐབས་དེའི་ཡས་མས་སུ་རྒྱ་གར་གྱི་དབུས་དང་མཐའི་ས་ཡི་ཁྱོན་ཀུན་ཏུ་རྟག་སྨྲའི་བཞི། རྒྱུ་མེད་དུ་སྨྲ་བའི་གཉིས། མཐའ་དང་ལྡན་མི་ལྡན་དུ་སྨྲ་བའི་བཞི་སོགས་ལྟ་ངན་དྲུག་ཅུ་རྩ་གཉིས་ཀྱིས་མཚོན་ཡང་དག་པ་མ་ཡིན་པའི་ལྟ་ངན་དང་ལྟ་ངན་སྨྲ་བའི་གྲུབ་མཐའ་གྲངས་ལས་འདས་པ་བྱུང་ཞིང༌། དེ་དག་ཚུར་བསྡུ་ན་གྲངས་ཅན་པ་དང༌། བྱེ་བྲག་པ། གཅེར་བུ་བ། དཔྱོད་པ་བ། རྒྱང་འཕེན་པ་བཅས་རྟོག་གེའི་སྡེ་ལྔའི་ནང་དུ་འདུ། དེ་ཡང་བསྡུ་ན་རྟག་ཆད་ཀྱི་མཐའ་གཉིས་ཀྱི་ནང་དུ་འདུ་ཞིང༌།
དེ་མིན་ལོ་ངོ་སྟོང་ཕྲག་བཞིའི་གོང་རོལ་ཙམ་ནས་དར་བའི་འཇིའུ་ཆོས་ལུགས་དང༌། གཞན་ཡང༌། ཡེ་ཤུ་དང༌། ཁ་ཆེ། ཧུན་དི། བོན་པོ། པར་སིག་གི་ཆོས་ལུགས་ཛོལ་ཛོ་དིམ་སོགས་ཀྱིས་མཚོན་འཇིག་རྟེན་འདིར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་བོ་བྱུང་ཡོད་པ་མ་ཟད། གྲངས་ཅན་ལྷ་མེད་པ་དང༌། གཅེར་པུ་བ། དཔྱོད་པ་བ། རྒྱང་འཕེན་པ། བོན་པོ། ནང་པའི་ཆོས་ལུགས་སོགས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད་པ་མ་གཏོགས། གྲངས་ཅན་ལྷར་བཅས་པ་དང༌། ཚངས་པ་བ། བརྡ་སྤྲོད་པ། རིག་བྱེད་མཐའ་བ། གསེང་བ་པ། དབང་ཕྱུག་པ། བྱེ་བྲག་པ་སོགས་ཀྱིས་མཚོན་འཇིག་རྟེན་འདིར་དར་བའི་ཆོས་ལུགས་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོ་དང་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་འདོད་པར་ཡོད།
དེ་དག་ལས་ཆོས་བྱེད་ས་ཡ་སྟོང་ཕྲག་ལྷག་རེ་ཡོད་པའི་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས། དེ་བཞིན་ས་ཡ་དྲུག་བརྒྱར་ཉེ་བ་ཡོད་པའི་ཧིན་དིའི་ཆོས་ལུགས་དང༌། ས་ཡ་བཞི་བརྒྱ་ལྷག་ཙམ་ཡོད་པའི་ནང་པའི་ཆོས་ལུགས་སོགས་ནི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེ་ཁག་ཏུ་བརྩི།
སྤྱིར་བཏང་བྱས་ན་ཆོས་ལུགས་དེ་དག་ཕལ་མོ་ཆེས་རང་རང་གི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་སེར་རྣམས་སོ་སོའི་བྲན་གཡོགས་ལྟ་བུར་ངོས་འཛིན་བྱེད་པ་མ་གཏོགས། ཁོང་ཚོའི་ཆེད་དུ་ཁོང་ཚོར་ཕན་པའི་བྱེད་ཐབས་ཆེས་ཉུང་ངུ་ཞིག་ལས་བཤད་ཀྱི་མེད་པ་དང༌། ལྷག་པར་དུ་སྐབས་ཐོག་གཅིག་གི་མི་སྡེའི་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ཡུལ་གྱི་གོམས་པའི་གཤིས་ལུགས་དང་འདྲེས་ཚབས་ཤིན་ཏུ་ཆེ་སྟབས་དུས་རབས་ཀྱི་འགྱུར་འགྲོས་དང་ཡང་མི་མཐུན་པར་བརྟེན། ཆོས་ལུགས་དེ་ཚོའི་གྲས་འགྲོ་བ་མིའི་རིགས་ལ་དཀའ་ངལ་ཕལ་མ་༼མཆོད་སྦྱིན་འགའ་ཞིག་མི་ལོ་གཞོན་གྱི་རིགས་མཆོད་སྦྱིན་བྱེད་ཀྱི་ཡོད། དཔེར་ན། གནའ་དུས་ཀྱི་ལ་ཊེན་ཨ་མི་རི་ཀ་དང༌། མ་ཡ་ལྟ་བུ་རེད། ད་དུང་ལྷ་ཁང་སོགས་སུ་དེ་སྔ་སྐྱེས་པ་དང་འཕྲད་མ་མྱོང་བའི་བུད་མེད་ལོ་གཞོན་དག་ལ་བཙན་གཡེམ་བྱས་ན། ལྷ་དགྱེས་པའི་མཆོད་པར་འགྲོ་བར་འདོད་མཁན་གྱི་ཆོས་ལུགས་པའི་རིགས་ཀྱང་མང་དུ་སྣང་།༽སྤྲོད་བྱེད་ཀྱི་ཆབ་སྲིད་ཀྱི་ཇུས་སྒྲོམ་ལྟ་བུ་ཞིག་ལས་མ་མཆིས་སྟབས། མིའི་རིགས་ཀྱི་རྣམ་དཔྱོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆོས་ལུགས་དེ་ཚོའི་རིགས་རྩ་མེད་རང་བཞིན་ལྟ་བུའི་ཉམས་ཆག་ཏུ་འགྲོ་མུས་སུ་ཡོད།
ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལོ་ངོ་གཉིས་སྟོང་ལྔ་བརྒྱའི་གོང་རོལ་ནས་དར་བའི་ཆོས་ལུགས་ཤིག་ཡིན་ཞིང༌། ཆོས་ལུགས་འདི་འཛམ་གླིང་འདིའི་ལྷོ་བྱང་དང་ཤར་གླིང་ནུབ་རྒྱུད་ཀྱི་ཕྱོགས་མཚམས་སོ་སོར་དར་བའི་ཆོས་ལུགས་གཞན་གང་དང་ཡང་མི་མཚུངས་པའི་རྨད་དུ་བྱུང་བའི་ཆོས་ལུགས་ཤིག་ཡིན་ལ། དེ་ཡང་གཙོ་བོ་ཆོས་ལུགས་འདིས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཞིག་བཤད་ཀྱི་ཡོད་པས་ཡིན།
གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ཟེར་དུས་གཞི་བདེན་པ་གཉིས་དང༌། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ལ་ཟེར་གྱི་ཡོད། དེ་ཡང་གསལ་བོར་བཤད་ན་གཞི་དངོས་པོའི་གནས་ཚོད་ཇི་འདྲ་ཞིག་ཡོད་པ་རྨང་གཞིའི་གཙོ་གནད་དུ་བཟུང་ནས་ལམ་ཐབས་ཤེས་གཉིས་ཡ་མ་བྲལ་བའི་བྱེད་ཐབས་བརྒྱུད་ཉོན་ཤེས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྤངས་པའི་འབྲས་བུ་བླ་ན་མེད་པའི་མྱང་འདས་མངོན་དུ་བྱེད་སྟངས་ཀྱི་རྣམ་གཞག་ཅིག་ལ་འདོད། དེ་ནི་ཆོས་ལུགས་གཞན་གྱི་སྟོན་པ་སུས་ཀྱང་བློ་ངོར་འཆར་དཀའ་བའི་གསུངས་སྟངས་དམིགས་བསལ་བ་ཞིག་ཡིན།
མ་ཟད་ཆོས་ལུགས་འདི་ལྟོས་པའི་རིགས་པ་དང༌། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། བྱ་བ་བྱེད་པའི་རིགས་པ་སོགས་རིགས་པ་འབའ་ཞིག་གིས་གཏན་ལ་ཕབ་པ་མ་གཏོགས། ཆོས་ལུགས་དེ་གསུང་བ་བོ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་སྟབས་ཆོས་དེ་ཡང་དག་པ་ཡིན་ཞེས་དུས་ནམ་ཡང་བཤད་པ་མེད། དེར་བརྟེན་དེང་རབས་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པའི་ཆོས་ལུགས་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉག་གཅིག་ཡིན།
གན་དྷའི་རྗེས་འཇུག་པ་གྲགས་ཅན་དུ་བརྩི་བའི་ནང་དོན་རིག་པའི་མཁས་དབང་ཨཱ་ཅཱརྱ་བི་ནོ་བཱ་བྷཱེས་ཀྱང༌། ཚན་རིག་ལ་མ་བརྟེན་པའི་ནང་དོན་རིག་པ་དེ་ཞ་བོ་ལྟ་བུ་དང༌། ནང་དོན་རིག་པ་ལ་མ་བརྟེན་པའི་ཚན་རིག་དེ་ལོང་བ་ལྟ་བུ་ཡིན་པས། ལོང་བ་དང་ཞ་བོ་གཉིས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་པ་ཡིན་ན། ལས་དོན་ཆེན་པོ་བསྒྲུབ་ཐུབ། དེ་བཞིན་ཚན་རིག་གིས་ནང་དོན་རིག་པ་ལ་བརྟེན་པ་དང༌། ནང་དོན་རིག་པས་ཚན་རིག་ལ་བརྟེན་པ་ཡིན་ན། འཇིག་རྟེན་གྱི་ཕན་བདེ་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད། ད་ལྟ་ཚན་རིག་དང་ནང་དོན་རིག་པ་གཉིས་ཡར་རྒྱས་འགྲོ་བཞིན་པ་དང༌། ཉིན་ཞིག་ཡར་རྒྱས་ཀྱི་མཐར་ཐུག་པའི་སྐབས་ལ་ཚན་རིག་དང་ནང་དོན་རིག་པ་གཉིས་ཀ་མཉམ་དུ་སླེབས་ཡོང་གི་རེད། དེ་དུས་ཚན་རིག་དང་ནང་དོན་རིག་པ་གཉིས་ལོགས་སུ་སོ་སོར་མ་བསྡད་པར་གཅིག་པ་ཆགས་འགྲོ་གི་རེད། ཅེས་གསུངས་མྱོང་བ་དེ་ཡང་དག་པའི་ལྟ་ཚུལ་རླབས་ཆེན་ཞིག་རང་རེད།
དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པ་སོ་སོར་གྲགས་ཅན་ལྷ་ཆོས་རིག་པ་བ་ཕ་རན་སིའི་ Perter-ablard དང༌། ཨི་ཊ་ལིའི་ Thomas-Aquinas སོགས་ལྷ་ཆོས་རིག་པ་བ་བརྒྱ་ཕྲག་མང་པོས་ཡེ་ཤུ་ཆོས་ལུགས་འདི་བཞིན་ཡང་དག་པའི་ཚན་རིག་གི་ལྟ་གྲུབ་རང་བཞིན་དང་མཐུན་ཐབས་ཆེད་འབད་བརྩོན་ཡོད་རྒུ་རྩལ་སྦྲུགས་བྱས་ཀྱང་གྲུབ་འབྲས་གང་ཡང་མ་སོན། སྤྱིར་བཏང་ནས་བཤད་ན་ནུབ་ཕྱོགས་པའི་ཆོས་ལུགས་མང་ཆེ་བ་ཞིག་ཤར་ཕྱོགས་པའི་ཆོས་ལུགས་ཁག་དང་བསྡུར་ན་ཕྱོགས་ཡོངས་ནས་ཡང་དག་པ་ཞིག་ཏུ་གྱུར་ཐུབ་མེད། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་པ་ཕལ་མོ་ཆེས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སོ་སོའི་འཁོར་ཡུག་འཛུགས་སྐྲུན་དང་དཔལ་འབྱོར་འདུ་འགོད་སོགས་ཀྱི་ཆེད་ཧམ་སེམས་དྲག་པོས་ནུས་ཤུགས་ཡོད་རྒུ་འདོན་རྒྱུར་གཙོར་འདོད་བྱས་ཏེ་སོ་སོའི་ཆོས་ལུགས་ཁྱབ་སྤེལ་དང་སྲུང་སྐྱོབ་སློབ་སྦྱོང་སོགས་ཀྱིས་མཚོན་ཆོས་ལུགས་དང་འབྲེལ་བའི་བྱེད་སྐོ་འགངས་ཆེའི་རིགས་མང་ཆེ་བ་ཞིག་སྣང་མེད་བསྐྱུར་འཇོག་བྱས་པའི་རྐྱེན་གྱིས་ཡིན་སྲིད།
དེ་བཞིན་འཛམ་གླིང་འདིའི་ཆོས་ལུགས་ཕལ་མོ་ཆེས་སྙིང་རྗེའི་རྣམ་གཞག་ཅིག་བཤད་ཀྱི་ཡོད་ཀྱང༌། ཆོས་ལུགས་མང་ཆེ་བ་ལམ་དང་ལུགས་སྲོལ་ཙམ་དང་འཕྲལ་སེལ་གྱི་དགོས་མཁོ་ཁོ་ནར་དམིགས་ནས་གསུངས་པ་ཤ་སྟག་ལས། འགྲོ་བ་མི་དང་སྲོག་ཆགས་འབུ་སྲིན་ཚུན་ཆད་ཀྱི་གཞི་རྩའི་ཁེ་ཕན་ལ་ཆེད་དམིགས་ཀྱིས་གསུངས་པ་ཞིག་མིན་སྟབས། ཆོས་ལུགས་དེ་ཚོའི་ནང་གི་སྙིང་རྗེའི་རིགས་ཀྱང་སེམས་ཅན་སྤྱི་སྙོམས་ལ་ཁྱབ་པའི་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ལྟ་བུ་མ་ཡིན།
བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ཀུན་ཤེས་ཀཽའུ་ཎི་ན་ཡ། རྟ་ཐུལ། རླངས་པ་སོགས་འཁོར་ལྔ་སྡེ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ཐོག་མར་བསྐོར་བ་ནས་བཟུང་ཡུལ་དང་དུས་དང་གདུལ་བྱའི་ཁམས་མོས་སོགས་དང་སྒོ་བསྟུན་ནས་བསྐོར་སྟབས། སྙིང་རྗེའི་ངོ་བོ་དང་ཁྱབ་ཁོངས་སོགས་ཀྱི་ཐད་ནང་ཆོས་ཀྱི་ཐེག་པ་གོང་འོག་སོགས་ནས་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། དཔེར་ན། ཐེག་དམན་གྱི་མདོ་སྡེ་སྡེ་སྣོད་སོགས་ནས་སྙིང་རྗེའི་རྣམ་གཞག་ཅིག་བཤད་ཀྱི་ཡོད་ཀྱང༌། དེ་ནི་གཙོ་བོ་རང་དོན་ཡིད་བྱེད་ཀྱིས་རྩིས་ཟིན་པའི་སྙིང་རྗེ་ཞིག་ལས་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ལྟ་བུའི་ཚད་གཞི་ངེས་ཅན་ལ་སླེབས་པ་དེ་འདྲ་མ་ཡིན། འོན་ཀྱང་སྙིང་རྗེ་དེ་ཚོའི་གྲས་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་དང་རྩ་བའི་ཆ་ནས་རིགས་འདྲ་ཙམ་དུ་ངེས་པས། དེས་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་རང་རྒྱུད་ལ་བསྐྱེད་པར་ནུས་པ་དམིགས་བསལ་འདོན་ཐུབ།
ཆོས་ཡང་དག་པར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ།། ཞེས་གསུངས་པས། གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེའམ་སྙིང་རྗེ་ཆེན་པོ་ནི་ནང་པ་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང༌། ལྷག་པར་དུ་ཐེག་པ་ཆེན་པོའི་ལམ་གྱི་སྲོག་ཤིང་ལྟ་བུ་ཞིག་ཡིན་པས། དེ་ལྟའི་སྙིང་རྗེ་དེ་རང་རྒྱུད་ལ་མ་སྐྱེས་ན་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་གང་ཡང་རང་རྒྱུད་ལ་སྐྱེ་མི་ཐུབ།
གཞན་ཡང༌། ནང་པའི་ཆོས་ལུགས་འདི་བཞིན་ཆོས་ལུགས་གཞན་དག་དང་མི་འདྲ་བར་མི་རིགས་དང་ས་ཁུངས། རིགས་རུས་མཐོ་དམན་དང་གཟུགས་བཟང་ངན། སྟོབས་ཆེ་ཆུང་དང་ཐོབ་གོ་ས། དྲག་ཞན་དང་དབུལ་ཕྱུག མི་དང་འབུ་སྲིན། ལྷ་དང་ལྷ་མ་ཡིན་སོགས་ཀྱི་དབྱེ་བ་མེད་པར་སེམས་ཅན་ཐུན་མོང་ལ་ཕན་བདེ་ཉག་གཅིག་བྱེད་ཐུབ་པའི་ཆོས་ལུགས་ཤིག་ཡིན། དེའི་རྒྱུ་མཚན་ནི་འབྲེག་མཁན་གྱི་རིགས་ལས་ཉེ་བ་འཁོར་དང་མཁར་བའི་བུ་ཙུནྡ་སོགས་རབ་ཏུ་བྱུང་བ་དང༌། ཁོང་གི་ཉེ་འཁོར་དུ་གདོལ་བ་དང༌། ཤན་པ། ཉ་པ། ལྷམ་མཁན་གྱི་རིགས་སོགས་དམན་པའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་བརྒྱ་ཕྲག་མང་པོ་དང༌། ལྷག་པར་དུ་ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ། ཞེས་དང༌། ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ། ཞེས་སོགས་གསུངས་པ་དང༌། ས་བླའི་ལྷ་དང་དེ་བཞིན་བར་སྣང་ལྷ། །དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ། །དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག །རྣམ་པར་ངེས་བདེན་གཏམ་ཡང་དེ་འདྲའོ། །ངང་པ་ཁྲུང་ཁྲུང་ཀ་ལ་པིང་ཀ་དང༌། །རྨ་བྱ་ནེ་ཙོ་ཁུ་བྱུག་ཤང་ཤང་ཏེའུ། །རི་སྐེགས་དང་ནི་ངུལ་པ་ཀུ་ནལ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིམ་པར་བྱེད། །སྟག་དང་སེངྒེ་དེ་བཞིན་དོམ་དང་སྦྲེའུ། །གཟིག་དང་བྱི་ལ་རི་དྭགས་གླང་ཆེན་བསེ། །རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིསྦྲ་པར་བྱེད། །གང་དག་རྐང་བཞི་པ་དང་རྐང་གཉིས་པ། །རྐང་མང་དང་ནི་དེ་བཞིན་རྐང་མེད་རྣམས། །བསྐུལ་དང་ཆད་པས་བཅད་དང་ཕན་གདགས་ཕྱིར། །ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག །སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན། །རབ་བབ་འབྲིང་ངམ་འོན་ཏེ་ཐ་མའམ། །དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང༌། །ལྷ་མི་རྣམས་དང་དེ་ནི་སྐད་ཀྱང་མཐུན། །ཇི་ལྟར་རིགས་པར་བྱེད་པ་སྟོན་ཀྱང་ནི། །མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད། ། ཅེས་སོགས་མང་དུ་གསུངས་པས་ལེགས་པར་མཁྱེན་ཐུབ་པ་ཞིག་རེད།
དེ་འདྲའི་རླབས་ཆེ་ཞིང་གཏིང་ཟབ་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་ཆོས་ལུགས་འདི་རྒྱ་གར་འཕགས་པའི་ཡུལ་དུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དཔེར་ན། བདག་ཅག་གི་སྟོན་པ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་ཆོས་ལུགས་འདི་དར་སའི་ཁྱབ་ཁོངས་ཆེ་ཆུང་དང༌། དར་ཡུན་རིང་ཐུང༌། དགེ་འདུན་གྱི་སྡེ་མང་ཉུང་སོགས་ལ་མ་ལྟོས་པར་གང་ལྟར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཞིག་དར་ཡོད།
སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ། བདག་ཅག་གི་སྟོན་པས། ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་གསུང་རྣམས་ཀྱི་ཐོག་མར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སོགས་མཚམས་སྦྱོར་གྱི་ཚིག་རྣམས་བསྡུས་ལ་ཆུག་ཤིག་ཅེས་ཉེ་གནས་ཀུན་དཀའ་བོ་ལ་བཀའ་བསྩལ་བ་བཞིན། ཉན་ཐོས་འོད་སྲུང་དང་ཉེ་བར་འཁོར་ཀུན་དགའ་བོ་སོགས་དགྲ་བཅོམ་པ་བདུན་གྱིས་སངས་རྒྱས་ཀྱི་གསུང་རྣམས་བཀའ་བསྡུ་རིམ་པ་གསུམ་བྱས་པ་དང༌། ལྷག་པར་དུ་སངས་རྒྱས་མྱ་ངན་འདས་ནས་དུས་རབས་དང་པོའི་མཇུག་བར་ཀུན་དགའ་བོ་དང༌། ཤ་ནའི་གོས་ཅན། ཉེར་སྦས་སོགས་བསྟན་པའི་གཏད་རབས་བདུན་དང༌། ཡན་ལག་འབྱུང་དང༌། མ་ཕམ་པ། ནགས་ན་གནས་ལ་སོགས་པའི་འཕགས་པའི་གནས་བརྟན་བཅུ་དྲུག་གིས་གཙོས་ནང་ཆོས་ཀྱི་རྒྱུད་འཛིན་པ་ཕལ་མོ་ཆེ་ཉན་ཐོས་སྡེ་བའི་དགེ་འདུན་གྱི་སྡེ་ཤ་སྟག་ཡིན་སྟབས་ལུང་བ་དེའི་ཡུལ་དབུས་དང་ཡུལ་དེའི་ཕྱོགས་མཐའ་ཀུན་ཏུ་ཕལ་ཆེན་སྡེ་བ་ལྔ་དང༌། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། གནས་བརྟན་སྡེ་བ་གསུམ། མང་བཀུར་བ་གསུམ་སོགས་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱིས་མཚོན་ཉན་ཐོས་ཀྱི་སྡེ་ཁག་༼མདོ་སྡེ་བའི་གྲུབ་མཐའ་རང་སྐྱ་ཐུབ་པ་སྟོན་པའི་གཞུང་དང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལུགས་སྲོལ་ཞིག་ཟུར་དུ་རང་རེའི་བོད་ཁམས་སུ་བྱུང་མེད་ཀྱང༌། མདོ་སྡེ་བའི་འདོད་ཚུལ་ཕལ་མོ་ཆེ་ཞིག་མཛོད་རང་འགྲེལ་དང༌། དེ་བཞིན་མངོན་པ་ཀུན་བཏུས་རྩ་འགྲེལ་དང༌། ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་རྣམས་ལས་མང་དུ་འབྱུང་ཞིང༌། ལེགས་ལྡན་འབྱེད་དང་ཞི་འཚོ་ཡབ་སྲས་ཀྱི་གཞུང་དག་ཏུའང་ཐོར་བུའི་རིགས་མང་དུ་འབྱུང་བཞིན་ཡོད།༽མི་འདྲ་བའི་བསྟན་པ་ཤུགས་ཆེ་དར།
ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ཆེ་ལྷ་དང་ཀླུའི་རིགས་ཀྱིས་རང་རང་གི་གནས་སུ་གདན་དྲངས་པ། ལྷག་པར་དུ་ལྷག་ལུས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་ཉན་ཐོས་སྡེ་བའི་མདོ་སྡེ་ཁག་དང་གཞི་གཅིག་ཏུ་བསྲེས་ནས་བཀའ་བསྡུ་བྱས་པར་བརྟེན། ཐེག་ཆེན་གྱི་བསྟན་པ་སྤྱི་དང་ཡང་དགོས་གསང་བ་སྔགས་ཀྱི་བསྟན་པ་ཡོངས་ཁྱབ་རང་བཞིན་དུ་དར་རྒྱས་བྱུང་མེད་པ་རེད།
དུས་རབས་དང་པོའི་རྗེས་རོལ་ཙམ་ནས་ཐེག་ཆེན་གྱི་བསྟན་པ་འཛིན་པའི་གནས་བརྟན་དགྲ་བཅོམ་པ་དགའ་བོ་བྱ་བ་བྱོན་ཞིང༌། ཁོང་གི་དུས་སུ་བཙུན་པ་ཨ་བི་ཏརྐ། བི་ག་ཏ་ར་ག་དྷཱ་ཛ། དི་བྱ་ག་ར་གུཔ྄ཏ། རཱ་ཧུ་ལ་མི་ཏྲ། ཛྙཱ་ན་ཏ་ལ། སངྒ་ཏ་ལ་སོགས་ཀྱིས་བྱམས་པ་དང༌། འཇམ་དཔལ། སྤྱན་རས་གཟིགས། གསང་བའི་བདག་པོ་སོགས་ལས་ཤེར་ཕྱིན་མདོ་སྡེ་རིན་པོ་ཆེ་དང་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་སོགས་པའི་ཐེག་ཆེན་གྱི་ཆོས་སྐོར་དངོས་སུ་གསན་པ་མ་ཟད། སྐབས་དེའི་ཡས་མས་སུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་ཙམ་བྱུང་བ་དང༌། དེ་དག་ལས་ཀྱང་ཐེག་ཆེན་པ་དུ་མ་འཕེལ།
དེ་རྣམས་དང་དུས་མཚུངས་སུ་འཕགས་པ་དཀོན་མཆོག་བརྩེགས་པ་འབུམ་པ། འཕགས་པ་ཕལ་མོ་ཆེ་འབུམ་པ། ལང་དཀར་གཤེགས་པ་ཉིས་ཁྲི་ལྔ་སྟོང་པ། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས་པ། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་མོ་ཆེ་ཡང་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། སྲིན་པོ་ལ་སོགས་པའི་ཡུལ་ཐ་དད་པ་རྣམས་ནས་མི་ཡུལ་དུ་ཕེབས་ཤིང༌། ཁྱད་པར་ཀླུའི་ཡུལ་ནས་བྱུང་བ་མང༌། དེའི་ཚེ་ཐེག་པ་ཆེན་པོའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པས། སྐབས་དེ་ནས་བཟུང་དགེ་སློང་བདེ་བྱེད་༼དགེ་སློང་འདི་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པའི་རིག་པའི་རྒྱན་མཛད་པ་པོ་ཡིན། བོད་ཀྱི་ལོ་རྒྱུས་འགར་བསྟན་བཅོས་དེར་ཤོ་ལོ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་ཚུལ་བཤད་པ་དེ་ངག་སྒྲོས་འཆུགས་པ་ཡིན་ཚུལ་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་དུ་བཤད།༽སོགས་ཉན་ཐོས་སྡེ་བའི་དགེ་སློང་དག་གིས་ཐེག་པ་ཆེན་པོའི་བསྟན་པ་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ནན་གྱིས་བསྒྲགས་སྟབས། ཐེག་ཆེན་གྱི་བསྟན་པ་བདེ་བླག་ངང་དར་རྒྱས་བྱུང་བར་ཕྱོགས་ཡོངས་ནས་གནོད་པ་ཚབས་ཆེན་ཐེབས།
དེ་ལྟ་ན་ཡང་སྐབས་དེའི་དུས་ཞལ་བཞུགས་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱས་རྟེན་འབྲེལ་གྱི་གནད་དུ་མར་དགོངས་ནས་འཕགས་པ་ཤཱ་རིའི་བུའི་འཁྲུངས་གནས་ནཱལནྡཱ་སྟེ་བོད་སྐད་དུ་རྒྱུན་སྟེར་ཞེས་འབོད་པའི་གནས་མཆོག་དེ་ནས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་བསྟན་པར་མཛད་པ་མ་ཟད། བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྐུ་མཆེད་སོགས་བསྟན་པའི་སྦྱིན་བདག་དུ་མས་གཙུག་ལག་ཁང་བརྒྱད་ཙམ་བཞེངས་ནས་ཐེག་ཆེན་གྱི་གླེགས་བམ་འབྱུམ་ཕྲག་བརྒྱ་ཙམ་ཉར་ཚགས་ཡང་དག་པར་བྱས་པ་དང༌། ཕྱིས་བཙུན་པ་དགའ་བོ་དང་ཡང་དག་བདེན་སོགས་ཀྱིས་རྣམ་རིག་པའི་ལྟ་བ་སྟོན་པའི་བསྟན་བཅོས་མང་དུ་མཛད་པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པ་སྔར་ལྷག་འཕེལ་རྒྱས་ཆེན་པོ་བྱུང༌།
གོང་གསལ་ལྟར་སྐབས་དེའི་ཡས་མས་སུ་བྱོན་པའི་ཐེག་ཆེན་གྱི་སློབ་དཔོན་ལྔ་བརྒྱ་རྗེས་འབྲང་དང་བཅས་པ་རྣམ་རིག་སྨྲ་བ་དང་རྣམ་རིག་སྨྲ་བའི་རྗེས་འཛིན་པ་ཤ་སྟག་ཡིན་པ་ཕྱོགས་མང་པོ་ཞིག་ནས་ཚོད་དཔག་བྱེད་མི་ཐུབ་པ་མེད་མོད། འོན་ཀྱང་སྐབས་དེ་དག་ཏུ་རྣམ་རིག་པའི་ལྟ་གྲུབ་དེ་རང་ཚུགས་ཐུབ་པའི་ལྟ་གྲུབ་ཅིག་གི་རྣམ་པར་ཆགས་ཐུབ་མེད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ།
ཕྱིས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན་ནས་ལྷ་དང་མིའི་རྣམ་པར་བྱོན་པའི་ཐེག་ཆེན་གྱི་སློབ་དཔོན་བརྒྱ་ཕྲག་འགའི་མདུན་ནས་མདོ་རྒྱུད་ཀྱི་ཆོས་མང་པོ་ཁོང་དུ་ཆུབ་པར་བྱས་ཐོག་ནཱལནྡཱར་བྱོན་ཏེ་ཐེག་པ་ཆེན་པོའི་དབུ་མའི་ཚུལ་ལུགས་དང་མཐུན་པའི་ཆོས་མང་དུ་གསུངས། དེ་དང་དུས་མཚུངས་སུ་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་བརྒྱད་ཙམ་བྱུང་བ་མ་ཟད། བཙུན་པ་བྲ་ཀཱ་ཤ་དྷརྨ་མ་ཎིས་འདུས་བ་ཆེན་པོ་སྟོང་ཕྲག་བརྒྱ་བ་ལེའུ་སྟོང་ཡོད་པའི་མདོ་སྡེ་འདི་ཉིད་ཀླུ་ཡུལ་ནས་སྤྱན་དྲངས་པ་དང༌།
དེ་རྗེས་མདོ་སྡེ་ལང་ཀར་གཤེགས་པ་དང༌། རྔ་བོ་ཆེའི་མདོ། འཇམ་དཔལ་རྩ་རྒྱུད། དུས་ཀྱི་འཁོར་ལོ་སོགས་མདོ་རྒྱུད་དུ་མ་ནས་ལུང་གིས་ཡང་ཡང་བསྔགས་པའི་མགོན་པོ་ཀླུ་སྒྲུབ་གྲགས་པའི་སྐྱེས་བུ་དམ་པ་འདི་ཉིད་བྱོན་ནས་རྒྱ་གར་ཡུལ་དབུས་དང༌། ཡུལ་དེའི་ལྷོ་ཕྱོགས་ཁུལ། དཔལ་གྱི་རི་སོགས་སུ་ཕེབས་ནས་ཐེག་ཆེན་གྱི་ཆོས་མང་དུ་གསུངས་པ་མ་ཟད། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་ལྷག་ཙམ་བཞེངས། ལྷག་པར་དུ་ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་སྦྱན་དྲངས་ནས་གཏམ་གྱི་ཚོགས་དང༌། རིགས་པའི་ཚོགས། བསྟོད་པའི་ཚོགས་ཏེ་ཚོགས་གསུམ་གྱི་རིགས་མཛད་ནས་བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་ཆེས་ཤིན་ཏུ་གསལ་བར་བཀྲལ་བའི་དབུ་མ་པ་སྤྱིའི་ཤིང་རྟའི་སྲོལ་རྒྱ་ཁྱབ་ཏུ་ཕྱེ་བ་མ་ཟད། རྣམ་འགྲེལ་ལས་བཤད་པ་ལྟར་གྱི་མདོ་སྡེ་བ་དང༌། གནས་མ་བུ་བའི་སྡེ་བ་འགའ་ཤས་ཕུད་པས་ཐེག་ཆེན་གྱི་ཆོས་ཤེར་ཕྱིན་འབུམ་པ་སོགས་སངས་རྒྱས་ཀྱི་བཀའ་རུ་མི་བརྩི་བའི་ཉན་ཐོས་དངོས་སྨྲ་བ་རྣམས་རིགས་པའི་རྩལ་ཤུགས་དྲག་པོས་ཅི་ཡང་སྨྲ་མི་ནུས་པའི་གནས་སུ་བཀོད། ༼རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མདོ་སྡེ་རྒྱན་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཞིབ་མོ་རྣམ་འཐག ཨརྱ་དེ་བས་མཛད་པའི་དབུ་མ་བཞི་བརྒྱ་བ། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་གེའི་འབར་བ། ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ། སྤྱོད་འཇུག་ཆེན་མོ་སོགས་ཀྱི་ནང་དུ་ཕྱི་རོལ་མུ་སྟེགས་པས་འདོད་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་དང༌། ཐེག་ཆེན་སངས་རྒྱས་ཀྱི་བཀར་མི་འདོད་པའི་ཉན་ཐོས་དངོས་སྨྲ་བ་རྣམས་ཞིབ་མོའི་ལུགས་སུ་བྱས་ནས་བཀག་གནང་ཡོད།༽
སློབ་མའི་ཚོགས་ཀྱང་ཨརྱ་དེ་བ་དང༌། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ཀླུའི་བྱང་ཆུབ། ཀླུའི་བཤེས་གཉེན་སོགས་ཀྱིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་ས་ཡི་རྡུལ་དང་མཉམ་པ་བྱུང་ཞིང༌། དངོས་སློབ་སངས་རྒྱས་བསྐྱངས་ཀྱིས་བམ་པོ་གཅིག་དང་ཤོ་ལོ་ཀ་ཆིག་བརྒྱ་བཞི་བཅུ་ཡོད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏ་མཛད་དེ་རྩ་ཤེས་སུ་གསལ་བའི་རིགས་པ་རྣམས་ཐལ་འགྱུར་བའི་ལུགས་སུ་བཀྲལ་ཞིང་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པ་དང༌།
དེ་རྗེས་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་བ་ཤེས་རབ་སྒྲོན་མེར་བུདྡྷ་པཱ་ལི་ཏ་རྩ་ཤེས་ཀྱི་འགྲེལ་བ་ཚད་ལྡན་ཞིག་མ་ཡིན་པའི་རྩོད་གླེང་ཤུགས་ཆེ་བྱས་ཏེ་རང་རྒྱུད་ཀྱི་གཏན་ཚིགས་ངེས་པར་དུ་འགོད་དགོས་པའི་རྒྱུ་མཚན་བགྲངས་ཐོག་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས།
དེའི་འོག་ཏུ་སློབ་དཔོན་ཟླ་གྲགས་ཀྱིས་འགྲེལ་བ་ཚིག་གསལ་དུ་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་འཕངས་པའི་སྐྱོན་དེ་རྣམས་སློབ་དཔོན་སངས་རྒྱས་བསྐྱངས་ལ་མི་འཇུག་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པར་གནོད་བྱེད་དང་ཁས་ལེན་མི་རིགས་པའི་སྒྲུབ་བྱེད་བརྒྱ་ཕྲག་མང་པོ་བཀོད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བས་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཡང་དག་པར་ཕྱེས་པ་དང༌།
དེ་རྗེས་ཞི་འཚོ་ཡབ་སྲས་ཀྱི་འཕྲིན་ལས་ལ་བརྟེན་ནས་རང་རྒྱུད་པ་༼བྱེ་མདོ་གཉིས་ཀྱིས་བདེན་བཞི་སྟོན་པའི་མདོ་དང༌། སེམས་ཙམ་པས་མདོ་སྡེ་དགོངས་འགྲེལ། དབུ་མ་པས་འཁོར་ལོ་བར་བའི་མདོར་ཁུངས་བཅོལ་གྱི་ཡོད། དབུ་མ་རང་རྒྱུུད་པ་དང་ཐལ་འགྱུར་བ་ནང་གསེས་གཉིས་པོར་ཁུངས་བཅོལ་སའི་མདོ་ཟུར་དུ་མེད། དེ་གཉིས་གཙོ་བོ་འཁོར་ལོ་བར་བའི་དགོངས་པ་བཀྲལ་ཚུལ་ལ་མི་འདྲ་བ་གཉིས་བྱུང་བས་མིན་ནམ་སྙམ་པ་ལྟ་བུ་ཞིག་ྋགོང་ས་མཆོག་ནས་བཀའ་གནང་འདུག༽ལའང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སོགས་སུ་གྱེས།
དེ་ཙམ་མ་ཟད་སློབ་དཔོན་དེ་དག་གིས་ཀྱང་སློབ་མ་མང་དུ་བསྐྱངས་པ་དང་སློབ་མ་དེ་དག་ལའང་ཡང་སློབ་ལྟ་བུ་མང་དུ་བྱུང༌། ལྷག་པར་དུ་རྡོ་འཇོག་དང༌། དཔལ་ནཱལནྡཱ། བི་ཀ་རམ་ཤི་ལའི་གཙུག་ལག་ཁང་སོགས་ཀྱིས་མཚོན་ཐོས་བསམ་སློབ་གཉེར་བྱེད་སའི་ཆོས་གཞི་མི་འདྲ་བ་དྲུག་སྟོང་ལྷག་ཙམ་ཞིག་ཡུལ་དེའི་ས་ཕྱོགས་གང་སར་གསར་བཞེངས་བྱས་པ་སོགས་ཀྱིས་ཐེག་ཆེན་གྱི་བསྟན་པའི་གཞི་རྐང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཚུགས་པར་བྱས།
དེ་ཕྱིས་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་བྱོན་ཏེ་དགའ་ལྡན་དུ་རྗེ་བཙུན་བྱམས་མགོན་གྱི་མདུན་ནས་མངོན་རྟོགས་རྒྱན་དང༌། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད་སོགས་བྱམས་ཆོས་སྡེ་ལྔས་མཚོན་མདོ་རྒྱུད་ཀྱི་དགོངས་དོན་བཀྲལ་བའི་བསྟན་བཅོས་མང་དུ་གསན་བསམ་གྲུབ་ནས་མི་ཡུལ་དུ་ཕེབས་བཞུད་ཀྱིས་སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། སྒོ་བསྡུ་བ་སྟེ་ས་སྡེ་ལྔ་དང༌། ཐེག་པ་ཐུན་མོང་བ་དང་ཐེག་ཆེན་ཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས་དང༌། ཐེག་བསྡུས་སོགས་མཛད་དེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་མ་ཟད། ཁོང་གི་མཛད་པ་འཕྲིན་ལས་ཉག་ཅིག་ལ་བརྟེན་ནས་སྐབས་དེ་དག་ཏུ་སློབ་དཔོན་དབྱིག་གཉེན་གྱིས་གཙོས་ཐེག་ཆེན་གྱི་བསྟན་པ་འཛིན་པའི་དགེ་སློང་ཁྲི་ཕྲག་གཉིས་ཙམ་བྱུང་བ་སོགས་ཀྱིས་ནང་པའི་རྗེས་འཇུག་པ་ཚོས་ཁོང་ལ་ཤིང་རྟ་ཆེན་པོ་གཉིས་པ་ཞེས་པའི་མཚན་གྱིས་གཟེངས་བསྟོད་པར་བྱས།
མདོར་བསྡུས་ནས་བཤད་ན། ཡུམ་ཤེར་ཕྱིན་གྱི་དགོངས་དོན་འགྲེལ་ལུགས་ལ་རྩ་བའི་ཆ་ནས་ཁག་མི་འདྲ་བ་གཉིས་ཙམ་བྱུང་ཡོད་པར་མངོན་ལ། དེ་ཡང་གཙོ་བོ་རྗེ་བཙུན་འཇམ་དབྱངས་ནས་མགོན་པོ་ཀླུ་སྒྲུབ་སོགས་བརྒྱུད་པའི་དངོས་བསྟན་སྟོང་ཉིད་རིམ་པ་འགྲེལ་བའི་ལུགས་གཅིག་དང༌། རྗེ་བཙུན་བྱམས་མགོན་ནས་འཕགས་པ་ཐོགས་མེད་སོགས་བརྒྱུད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འགྲེལ་བའི་ལུགས་གཅིག་བཅས་ལུགས་མི་འདྲ་བ་གཉིས་ཡོད། ལུགས་དེ་གཉིས་ཀྱི་ནང་དུ་མ་འདུས་པའི་འགྲེལ་ལུགས་ཕུང་གསུམ་པ་ཞིག་དུས་ད་ལྟའི་བར་དུ་བྱུང་མེད་པར་མངོན་ཞིང༌། བསྟན་པ་དེ་འཛིན་གྱི་སློབ་བརྒྱུད་དེ་དག་ཀྱང་སྡེ་ཚན་དེ་གཉིས་ཀྱི་ཁོངས་སུ་གཏོགས་པར་སེམས།
དེ་བཞིན་གསང་བ་སྔགས་ཀྱི་བསྟན་པར་མཚཽན་ན་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་མིའི་འཇིག་རྟེན་འདིར་ཡོངས་ཁྱབ་རང་བཞིན་དུ་བསྟན་པ་ལས། རྒྱུད་སྡེ་ལྷག་མ་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཉིས་ལྷ་དང་གནོད་སྦྱིན་གྱི་རིགས་འགའ་རེར་མ་གཏོགས་མིའི་འཇིག་རྟེན་འདིར་བསྟན་མེད་པ་ལོ་རྒྱུས་ཀྱི་བྱུང་རིམ་ནས་རྟོགས་ཐུབ་པ་ཞིག་རེད།
བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་འོག་ཏུ་གསང་བ་སྔགས་ཀྱི་བསྟན་པ་འཛིན་པའི་སློབ་དཔོན་འགས་རྒྱ་གར་ནུབ་ཕྱོགས་ཨོ་ཊི་ཡཱ་ན་སྟྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་འབོད་པའི་ཡུལ་ནས་གསང་སྔགས་ཀྱི་རྒྱུད་སྡེ་ཡོངས་སུ་རྫོགས་པའི་གླེགས་བམ་མང་པོ་མི་ཡུལ་འདིར་གདན་དྲངས་པ་དང༌། སྐབས་དེའི་ཡས་མས་སུ་བྱོན་པའི་གསང་སྔགས་ཀྱི་སློབ་དཔོན་མང་པོས་གསང་བ་སྔགས་ཀྱི་ཆོས་ཚུལ་དག་གསང་ཞིང་སྦས་པའི་བརྟུལ་ཞུགས་ཀྱིས་ཉམས་ལེན་བྱས་པས་དུས་རབས་བདུན་པའི་འགོ་སྟོད་བར་དུ་ཡུལ་དེར་གསང་སྔགས་ཀྱི་ཆོས་དག་འཕེལ་རྒྱས་ཆེན་པོ་བྱུང་ཐུབ་མེད་པ་རེད།
དུས་རབས་བདུན་པའི་འགོ་སྟོད་ནས་བཟུང་གསང་བ་སྔགས་ཀྱི་ཆོས་ཚུལ་ཆ་ཚང་བ་ཡུལ་དེར་ཡོངས་ཁྱབ་རང་བཞིན་དུ་དར་འགོ་བརྩམས་པས། སྐབས་དེ་ནས་བཟུང་དུས་རབས་བཅུ་གསུམ་པའི་འགོ་སྟོད་བར་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་ལྷག་པར་དུ་གསང་བ་སྔགས་ཀྱི་བསྟན་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
གཞན་ཡང༌། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ནས་བསྟན་པའི་གཏད་རབས་བདུན་དང༌། དེ་ནས་བསྟན་པའི་གཏད་རབས་བདུན་གྱི་ཐ་མ་ལེགས་མཐོང་གི་སློབ་མ་ཕྱིར་མི་འོང་གློས་མི་འབེབས་པ་དང༌། དེའི་སློབ་མ་གྲགས་ཅན་དུ་བརྩི་བ་ཁ་ཆེ་འདུས་བཟང་སོགས་ཀྱི་དུས་སུ་འདུལ་བསྟན་དར་རྒྱས་ཆེན་པོ་བྱུང་བ་དང༌། ལྷག་པར་དུ་ཁ་ཆེ་འདུས་བཟང་གི་སློབ་མ་སློབ་དཔོན་དབྱིག་གཉེན་དང༌། དེའི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་བརྗོད་དོན་རྣམས་ཁོག་བསྒྲགས་ནས་གནད་ཚང་བར་བྱས་ཏེ་བརྩམས་པའི་བམ་པོ་དགུ་དང་ཤོ་ལོ་ཀ་ཉིས་སྟོང་བདུན་བརྒྱ་ཡོད་པའི་འདུལ་བ་མདོ་རྩ་དང༌། འདུལ་བ་མདོ་རྩའི་རྣམ་བཤད། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་སོགས་མཛད་པ་དང༌། དེའི་སློབ་མ་ཤཱཀྱ་འོད་ཀྱིས་སུམ་བརྒྱ་བ། སུམ་བརྒྱ་པའི་རང་འགྲེལ་འོད་ལྡན་དང་བཅས་པ་མཛད་པ་མ་ཟད། སློབ་དཔོན་ཡོན་ཏན་འོད་ལ་སློབ་མ་ཤཱཀྱ་འོད་ཀྱིས་གཙོས་འདུལ་བ་འཛིན་པའི་སློབ་མ་དགེ་སློང་ལྔ་སྟོང་ཙམ་བྱུང་བ་སོགས་ཀྱིས་འདུལ་བའི་བསྟན་པ་ཤུགས་ཆེ་དར་བར་བྱས།
དེ་མིན་སྔོན་དུས་སུ་འཕགས་པ་ཉེར་སྦས་ཀྱི་དངོས་སློབ་ཟླ་བ་ནོར་བུས་གཙོས་ཉན་ཐོས་དགྲ་བཅོམ་པའི་དགེ་འདུན་པ་ལྔ་བརྒྱས་བྱང་ཕྱོགས་ཀྱི་རི་བོ་འབིགས་བྱེད་ཀྱི་གར་མཁན་གྱི་གཙུག་ལག་ཁང་དུ་ཐུན་མོང་དུ་བྱས་པར་གྲགས་པའི་བསྟན་བཅོས་མངོན་པ་སྡེ་བདུན་གྱི་དགོངས་འགྲེལ་དུ་གྲགས་པ་ཤོ་ལོ་ཀ་ཆིག་འབུམ་ཡོད་པའི་བྱེ་བྲག་བཤད་མཚོ་ཆེན་མོ་དང༌། དེའི་བཤད་རྒྱུན་བར་མ་ཆད་པ་སློབ་དཔོན་དབྱིག་གཉེན་གྱིས་གསན་ཏེ་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཚོ་ཆེན་མོ་སོགས་ཀྱི་བརྗོད་སྙིང་རྣམས་གཅིག་ཏུ་བཏུས་པའི་བསྟན་བཅོས་གྲགས་ཅན་ཆོས་མངོན་པ་མཛོད་དང༌། དེའི་རང་འགྲེལ་མཛོད་རང་འགྲེལ་དུ་གྲགས་པ་སོགས་བརྩམས་པས། ཆོས་མངོན་པ་མཛོད་ཀྱི་བཤད་རྒྱུན་འཛིན་པའི་སློབ་མ་གྲངས་ཀྱིས་མི་ལང་བ་བྱུང༌།
དེ་ཙམ་མ་ཟད་རིག་པ་ཅན་པས་བཀུར་བའི་སྟོན་པ་རྐང་མིག་པས་རྟོག་གེའི་མདོ་ཞེས་པའི་བསྟན་བཅོས་འདི་བརྩམས་པ་ནས་བཟུང་ཕྱི་ལུགས་ཀྱི་གཏན་ཚིགས་རིག་པའི་རྣམ་གཞག་ཕྱོགས་ཡོངས་ནས་ཆ་ཚང་མིན་དང་ཡང་དག་མིན་ལ་མ་ལྟོས་པར་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། དེ་ལྟའི་རྟོག་གེའི་བསྟན་བཅོས་འདི་ཕྱི་ནང་ཐུན་མོང་གི་ཚད་མ་རིག་པ་འཕེལ་རྒྱས་ཀྱི་ཐོག་མའི་རྨང་གཞི་ལྟ་བུར་ཆགས།
དེ་རྗེས་བདག་ཅག་གི་སྟོན་པས་ས་བཅུ་པ་དང་རྒྱན་སྟུག་པོ་བཀོད་པའི་མདོ་སོགས་ནས་ཚད་མ་གསུམ་གྱི་རྣམ་གཞག་དང་ཚད་མ་རིག་པར་བསླབ་པའི་དགོས་པ་སོགས་མང་དུ་གསུངས། ཕྱིས་སློབ་དཔོན་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒོ་ཞེས་པ་མཛད། དེ་ནི་རང་ཅག་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་བསྟན་བཅོས་ཀྱི་ཆེས་ཐོག་མ་དེ་ཡིན། དེ་རྗེས་སློབ་དཔོན་དབྱིག་གཉེན་གྱིས་

གུས་པས་རྩོམ་ཡིག་ཅིག་སྤེལ་བར་ཐད་ཀར་དྲ་ངོས་སུ་འགྲོ་མ་ཐུབ་པར་དྲ་ངོས༼༡༧༠་དང་༡༧༡ ༽སྟོང་པར་ཆགས་སོང་། དགོངས་འགལ་མེད་པར་ཞུ། རྗེས་སོར་རྩོམ་ཡིག་དྲ་ངོས་སུ་གཏང་ཆོག

ཁ་ཆེའི་སྟོན་པའི་དངོས་མིང་དེང་སང་ང་ཚོས་ཕལ་ཆེར་ཉིན་རེ་བཞིན་ཐོས་རྒྱུ་ཡོད་པའི་ཁ་ཆེ་བའི་མིང་མོ་ཧ་མད་ཡིན་ཡང་། སྦྲང་རྩིའི་བློ་གྲོས་ནི་བོད་པ་ཚོས་རྒྱ་གར་བ་ཚོའི་ཁ་ནས་མོ་ཧ་མད་གོ་དུས་མ་དྷུ་མ་ཏི་ལྟ་བུ་ཞིག་ཏུ་གོ་བ་དང་། དེ་ཡང་ལེགས་སྦྱར་གྱི་མ་དྷུ་སྦྲང་རྩི་དང་མ་ཏི་བློ་གྲོས་ལ་འཇུག་པ་དེ་ཡིན་ནོ་སྙམ་ཏེ་སྦྲང་རྩིའི་བློ་གྲོས་ཞེས་བཏགས་ལུགས་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུ་གསལ་ཞིང་། དེང་སྐབས་ཁ་ཆེ་བ་ཚོའི་མིང་གི་ཆ་ཤས་སུ་མོ་ཧ་མད་ཅེས་པའི་ཚིག་འདི་ཡོད་པ་མཐོང་དུས་དགེ་ཆོས་ལ་བདེན་ཁ་མི་སྟེར་རང་སྟེར་ཡིན་ལ། ཁ་ཆེའི་སྟོན་པའི་མིང་དེ་ལེགས་སྦྱར་སྐད་དུ་བཏགས་པ་ཡིན་པ་ནི་རིགས་པས་དཔྱད་ན་ཤེས་ཐུབ་སྟེ། རྒྱ་གར་ཡུལ་དབུས་སུ་བེད་སྤྱོད་བྱེད་པའི་ལེགས་སྦྱར་གྱི་མིང་ཞིག་ཁ་ཆེའི་བྱེ་ཐང་ནས་སྐྱེས་པའི་མོ་ཧ་མད་ཀྱི་མིང་ལ་འདོག་རྒྱུ་དེ་སུའི་ཡིད་ལ་དྲན་པ་རེད།

མཆན་༡༧༤པ་ནི་རྔ་བ་རྒྱལ་ཁམས་པའི་རྩོམ་ཡིག་ལ་བྲིས་པ་ཡིན།

ཆོས་སྲིད་ཟུང་འབྲེལ། བདེན་གཉིས་ཟུང་འཇུག ཅེས་པའི་ཟུང་འབྲེལ་དང་ཟུང་འཇུག་གོ་དོན་གཅིག་པ་རེད། རྒྱལ་ཁབ་ཀྱི་ངོ་བོར་མཚོན་པའི་ཆོས་སྲིད་ཟུང་འབྲེལ་ནི་ཆོས་དང་མཐུན་པའི་ཁྲིམས་ཀྱི་ལམ་ལུགས་ཀྱིས་ཆབ་སྲིད་ལ་དབང་བསྒྱུར་བ་ཞིག་ལ་འདོད་ལ། དཔེར་ན་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅོས་པ་ལྟ་བུ། གཞན་ཡང་ཐབས་ཤེས་ཟུང་འབྲེལ་ལྟ་བུ་ཆོས་ནི་ཤེས་རབ་དང་སྲིད་ནི་ཐབས་ལ་གོ་ནའང་མི་ཆོག་པ་ཅི་ཡོད། སྤྱི་དང་བྱེ་བྲག་གི་ཁྱད་པར་ཡང་ཡོད་དེ། རྒྱལ་ནག་གི་རྩ་ཁྲིམས་ལྟ་བུར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཚུད་མེད་ཀྱང་ཁྲིམས་ཀྱི་དབང་འཛིན་པ་ཚོ་ལ་ཆོས་སྲིད་ཟུང་འབྲེལ་ཡོད་མི་ཆོག་པ་ཅི་ཡོད།
རྔ་བ་རྒྱལ་ཁམས་པའི་རྩོམ་ཡིག་ཀློག་རྗེས་ཀྱི་མྱང་ཚོར་ཚིག་བཅད་མ།
ས་དང་རྡོ་ཡི་གོ་ལ་ཟླུམ་གཟུགས་མའི།།
མེ་དང་ཆུ་རླུང་འདྲེས་མའི་ཚེ་སྲོག་ཅིག།
མངལ་དུ་སྦྲུམ་པའི་དུས་དེ་མཤེས་མོད།།
སྐྱེས་པའི་ཤ་རུས་དར་བའི་ལོ་རེ་ཤེས།།
ཡ་ཐོག་བསྐལ་བའི་རི་ལུང་སྔོ་ལྗང་མས།།
རང་དབང་རང་ལ་གནས་པའི་སེམས་པ་ཞིག།
ནམ་ཞིག་བསྐྲུན་པའི་ལོ་ཡང་མ་ཤེས་མོད།།
བདེ་སྐྱིད་ལྷུན་འགྲུབ་ཡིན་པའི་དུས་ཤིག་གསལ།།
ས་རྡོ་ལྕགས་ལ་འགྱུས་པའི་དུས་ཞིག་བྱུང་།།
ཤ་ཁྲག་ཤིང་ལ་འགྱུར་བའི་ལོ་ཞིག་མེད།།
སེམས་པས་སངས་རྒྱས་ཐོབ་པའི་ལམ་སྣེ་ནས།།
མི་སེམས་འདྲེ་ལ་འགྱུར་བའི་དུས་ཤིག་བྱུང་།།

འདིའི་འཕྲོ་མུ་འགོད་བྱེད།

གོང་གསལ་གྱི་མཆན་གྲངས ༨༢ པའི་འཕྲོར་མཐུད་དགོས།

གོང་གསལ་གྱི་མཆན་གྲངས ༡༨༣ པའི་འཕྲོར་མཐུད་དགོས།

དེ་རྗེས་བདག་ཅག་གི་སྟོན་པས་ས་བཅུ་པ་དང་རྒྱན་སྟུག་པོ་བཀོད་པའི་མདོ་སོགས་ནས་ཚད་མ་གསུམ་གྱི་རྣམ་གཞག་དང་ཚད་མ་རིག་པར་བསླབ་པའི་དགོས་པ་སོགས་མང་དུ་གསུངས། ཕྱིས་སློབ་དཔོན་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་བཅོས་སྨྲ་བའི་སྒོ་ཞེས་པ་མཛད། དེ་ནི་རང་ཅག་ནང་པ་སངས་རྒྱས་པའི་ཚད་མ་རིག་པའི་བསྟན་བཅོས་ཀྱི་ཆེས་ཐོག་མ་དེ་ཡིན། དེ་རྗེས་སློབ་དཔོན་དབྱིག་གཉེན་གྱིས་རྩོད་པ་སྒྲུབ་པ་དང༌། དེའི་སློབ་མ་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་དང་དེ་དག་གི་སྙིང་དོན་གཅིག་ཏུ་བཏུས་པའི་བསྟན་བཅོས་ཚད་མ་མདོ། དཔལ་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན། དེའི་སློབ་མ་ལྷ་ཤཀ་གཉིས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ། སློབ་དཔོན་དུལ་བ་ལྷས་ཚད་མ་སྡེ་བདུན་ཀ་རྟགས་ཅན་གྱི་འགྲེལ་བ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བ། སློབ་དཔོན་ཆོས་མཆོག་གིས་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་འཐད་ལྡན་ཆེན་མོ་དང༌། འཐད་ལྡན་ཆུང་བ། རིགས་ཐིགས་ཀྱི་འགྲེལ་བ་སློབ་མ་ལ་ཕན་པ་སོགས་མང་དུ་མཛད་པས། ནང་བསྟན་ཚད་མ་རིག་པ་དར་རྒྱས་ཆེན་པོ་བྱུང་བ་བཅས་ནང་པའི་བསྟན་པ་སྤྱི་བྱེ་ཡན་ལག་དང་བཅས་པའི་ཐུན་མིན་གྱི་ཁྱད་ཆོས་དང་བྱུང་བ་སོགས་མདོ་ཙམ་ཞིག་བཤད་པ་ཡིན་པས་རྣམ་པ་ཚོར་ཐུགས་ཕན་སོས་པའི་རེ་བ་ཡོད། མཇུག་རྫོགས་སོ།།
ཅིའི་ཕྱིར་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཐེག་ཆེན་མ་གཏོགས་ཐེག་དམན་གྱི་སྡེ་སྣོད་དག་རང་རང་གི་ཡུལ་དུ་སྤྱན་མ་དྲངས་པ་རེད། སངས་རྒྱས་ཀྱི་གསུང་ཡིན་པ་འདྲ་འདྲ་རེད། ལྷ་དང་གནོད་སྦྱིན་དག་ཀྱང་མིའི་འགྲོ་བ་བཞིན་རང་དོན་སྒྲུབ་མཁན་དང་གཞན་དོན་སྒྲུབ་མཁན་གཉིས་ཀ་ཡོད་པས། རང་དོན་སྒྲུབ་མཁན་གྱིས་ཐེག་དམན་དང་གཞན་དོན་སྒྲུབ་མཁན་གྱི་ཐེག་ཆེན་རང་རང་གི་གནས་སུ་གདན་མ་དྲངས་པ་ཅིའི་ཕྱིར་ཡིན་ནམ། ལྷ་ཀླུ་གནོད་སྦྱིན་འདི་ཚོས་སངས་རྒྱས་ཀྱི་སྐུ་འདྲ་དང་རྡོའི་ལྷུང་བཟེད་སོགས་འཕྲོག་རྩོད་བྱས་ནས་རང་རང་གི་ཡུལ་དུ་གདན་འདྲེན་པ་དང་། ཐེག་དམན་ལ་བདག་པོ་མ་བརྒྱབ་པར་རྒྱ་གར་དུ་བཞག་པའི་རྒྱུ་མཚན་ཅི།
ཀླུ་སྒྲུབ་བར་དུ་ཐེག་ཆེན་གྱི་གདུལ་བྱ་དཀོན་པ་དང་ས་ར་ཧའི་བར་དུ་གསང་སྔགས་ཀྱི་གདུལ་བྱ་དཀོན་པས་སོ་ཞེ་ན། འོ་ན་སངས་རྒྱས་ལ་གདུལ་བྱ་གར་ཡོད་གཟིགས་མ་ཐུབ་པའི་སྐྱོན་མི་འབབ་བམ། སངས་རྒྱས་ཞལ་བཞུགས་དུས་སུ་རྒྱ་གར་གྱི་མུ་སྟེགས་པ་ཚོས་ལྷ་ཞལ་ཕྱག་མང་པོ་ཅན་དང་དེ་དག་གི་དཀྱིལ་འཁོར་འདྲ་མིན། རབ་གནས་དང་སྦྱིན་སྲེག རིག་མར་བསྟེན་ནས་དངོས་གྲུབ་སྒྲུབ་ལུགས་སོ་རང་རེའི་གསང་སྔགས་ཀྱི་ཁྲོད་དུ་ཡོད་པའི་ཆེ་ཆེ་གཉན་གཉན་ཚང་མ་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པས། དེ་དུས་གསང་སྔགས་མིའི་བློ་ཡུལ་དུ་མི་ཤོངས་པའམ་གསང་སྔགས་ཀྱི་གདུལ་བྱ་མེད་ཟེར་ན་སུ་ཞིག་གི་རྣ་བར་འགྲོ ད་དུང་སངས་རྒྱས་ཀྱིས་དེ་དུས་གསུངས་པའི་ཆོས་དེ་ཆོས་ལུགས་གཞན་ལས་མི་འདྲ་བ་ཞིག་ཆགས་དོན་གཙོ་བོ་ཞིག་ནི་རང་ལས་གཞན་གཅེས་པར་འཛིན་པ་དེ་ཡིན་པས། དེ་དུས་སངས་རྒྱས་རང་ཉིད་ཀྱི་བསྟན་པའི་སྙིང་པོ་གཞན་གཅེས་ཐེག་ཆེན་གྱི་ཆོས་དེ་རྒྱ་ཆེར་མི་སྟོན་པར་རང་དོན་ཡིད་བྱེད་ཀྱི་ཆོས་ཐེག་དམན་གཙོ་ཆེར་སྟོན་དགོས་པའི་རྒྱུ་མཚན་ཅི།
སངས་རྒྱས་རང་གིས་བྱ་སྤྱོད་གཉིས་ཙམ་གསུངས་པ་མ་གཏོགས་རྣལ་འབྱོར་དང་བླ་མེད་རྒྱུད་ཐམས་ཅད་རྗེས་སུ་དར་བའི་གཞུང་ཁུངས་བཙུན་པ་ཅིག་རྙེད་ཨ་ཡོང་སྙམ། གཞན་ཡང་ད་དུང་དཔྱད་དགོས་པ་འགའ་རེ་འདུག་སྙམས་ལགས།
དྲ་གྲོགས་ཀླུ་སྨྱོན་ཟེར་བ་ཞིག་གིས། ཕྲན་ཡིན་ས་རེད། དྲི་བ་མང་པོ་ཞིག་བཏང་འདུག ངས་བཤད་རྒྱུར། མཆན་ ༡༨༥ པའི་ནང་གི་དྲི་བ་དེ་ཚོ་ཁྱེད་ཀྱིས་ལྷ་ཀླུ་གཉན་གསུམ་དེ་ཚོར་དྲིས་ན་མ་གཏོགས་ངས་ཤེས་མ་སོང་། ངས་འདས་པའི་ལོ་རྒྱུས་ཀྱི་གཞི་སྒྲོམ་ཁྱོན་ཡོངས་ལ་ཉམས་ཞིབ་ཀྱིས་བྲིས་པ་ཞིག་ཡིན་སྟབས། ཁྱེད་ཀྱིས་ཀྱང་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཉམས་ཞྀབ་དཔྱིས་ཕྱིན་པ་ཞིག་བྱུས་དང་། ད་ལྟ་ལས་ཡག་ཙམ་གྱི་གོ་རྟོགས་རྙེད་སྲིད་པ་ཞྀག་རེད། ཡང་མཆན་ ༡༨༦ པའི་ནང་འབྲེལ་མེད་ཀྱི་དྲི་བ་མང་པོ་ཞིག་བཏང་འདུག་སྟབས། ངས་བལྟས་ན། ཁོ་བོས་བྲིས་པའི་རྩོམ་ཡིག་དེ་དག་ཞིབ་མོའི་ཐོག་ནས་ཀློག་འདོན་ཞིག་བྱུས་དང་གོང་གསལ་གྱི་མཆན་ ༡༨༦ པའི་ནང་གི་འབྲེལ་མེད་ཀྱི་དྲི་བ་དེ་ཚོ་རང་ཤུགས་ཀྱིས་མེད་པར་ཆགས་འགྲོ་ངེས་ཡིན།
བདེ་མཆོག་གི་རྒྱུད་ནི་སྟོན་པ་འཇིག་རྟེན་དུ་མ་བྱོན་པའི་རྩོད་དུས་ཐོག་མའི་ཚེ་ན་བྱུང་བ་དང་གསུང་པ་པོ་སུ་ཡིན་དང་། འཇིགས་བྱེད་དམར་ནག་གི་རྒྱུད་ནི་བདུད་བཏུལ་བའི་ཚེ་གསུངས་པ་དང་སྟོན་པ་སངས་རྒྱས་ཚུལ་མ་བསྟན་པའི་སྔོན་ལ་བྱུང་བ་ཡིན་སྟབས་གསུང་པ་པོ་བཞག་དཀའ་བས་མཁས་པ་རྣམས་ཀྱིས་དཔྱད་པར་བྱ་བའི་གཞི་ཡིན་གསུངས། སྔགས་བླ་མེད་ཀྱི་རྒྱུད་དང་རྣལ་འབྱོར་རྒྱུད་རྣམས་སྟོན་པ་འདས་རྗེས་སུ་བཤད་པ་མི་རིགས་ཏེ། བདེ་གསང་འཇིགས་གསུམ་དང་དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་དང་དེ་ཉིད་བསྡུས་པ་དང་བཤད་རྒྱུད་རྡོ་རྗེ་རྩེ་མོ་སོགས་རྣལ་འབྱོར་རྒྱུད་རྣམས་སྟོན་པ་མྱ་ངན་ལས་མ་འདས་གོང་དུ་གསུངས་པ་མཁས་པ་རྣམས་ཀྱིས་བཤད། དེ་ཚོ་ཕར་བཞག་ནས་ང་ཚོས་བསྟན་པའི་གོ་རིམ་མ་ནོར་བ་དང་དབྱེ་ཁྱད་ཤེས་དགོས་པ་གལ་ཆེ་བས་རོབ་ཙམ་བརྗོད་ན།
སངས་རྒྱས་ཀྱི་ཆོས་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཐེག་པའི་སྒོ་ནས་ཕྱེ་ན་ཉན་ཐོས་རྣམས་ཀྱི་ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད།སྤྱོད་པའི་ཆ་ནས་ཕར་ཕྱིན་ཐེག་པར་ཆགས་བྲལ་གྱི་སྤྱོད་པ་གཙོ་བོ་དང་སྔགས་ཀྱི་ཐེག་པར་ཆགས་བཅས་ཀྱི་སྤྱོད་པ་གཙོ་བོ་རེད། ལྟ་བའི་ཆ་ནས་ནི་སྟོང་བ་དང་རྟེན་འབྱུང་ཟུང་འབྲེལ་དུ་རྟོགས་པའི་ལྟ་བ་ནི་གཙོ་བོ་དང་རྟག་གཅིག་རང་དབང་གི་བདག་གིས་སྟོང་བར་རྟོགས་པ་ནི་ཕལ་བ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ནི་ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་ན་དེ་སྡིག་པ་ཆེ། ཁྱིམ་པས་དགེ་བ་བརྒྱ་བསྒྲུབས་པ་ལས་རབ་བྱུང་བས་དགེ་བ་གཅིག་བསྒྲིབས་པ་ཆོད་ཆེ། བསམ་པའི་ཆ་ནས་སྟོབས་ཆེ་ཆུང་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་གསུངས་བ་ལྟར་ཁྱིམ་པ་སྙིང་རྗེ་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྙིང་རྗེས་ཟིན་པས་སྡིག་པ་ཟིལ་གྱིས་གནོན་པ་ལྟ་བུ། དགེ་སློང་ལེགས་སྐར་ནི་མདོ་སྡེ་བཅུ་གཉིས་བློ་ལ་ཆུད་པའི་ཤེས་རབ་ཅན་ཞིག་ཡིན་ནའང། ཁོས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་སོགས་ཀྱིས་སྟོན་པའི་སྐུ་ལུས་ཀྱི་འོད་ཟེར་འདོམ་གང་བོ་དེ་མ་གཏོགས་སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་ནི་ཁོང་དགེ་སློང་ཡིན་ཀྱང་བསམ་པ་ལོག་ལྟའི་ཆ་ནས་ཆོས་སྤོང་གི་ལས་ངན་བསགས་ནས་དམྱལ་བར་སྐྱེས་བ་ལྟ་བུའོ།།
མདོ་སྔགས་གཉིས་གར་དབང་པོ་རྣོ་རྟུལ་གྱི་ཆ་ནས་ལམ་ལ་མྱུར་བུལ་བཤད་པ་དང་དཔེར་ན་སྔགས་བླ་མེད་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ནི་ཕར་ཕྱིན་ཐེག་པའི་དབང་པོ་རྣོན་པོ་ལས་ཀྱང་བརྒྱ་འགྱུར་གྱིས་རྣོ་བར་བཤད་པ་ལྟ་བུ་རེད། དེས་ན་བསྟན་པའི་གནད་ཤེས་པ་ལ་བདེན་པ་གཉིས་ཀྱི་རྣམ་བཞག་ཡག་པོ་ཞིག་ཤེས་དགོས་པ་ནི་གལ་ཆེ་ཞིང་། འོ་ན། བདེན་པ་གཉིས་འཇོག་སྟངས་ཇི་འདྲ་ཞིག་རེད་ཟེར་ན་རྒྱུད་བླ་མ་ལས་གསུངས་པ་ལྟར། དཔེར་ན་ཀུན་རྫོབ་བདེན་པ་ནི་སྦྲང་རྩི་ལྟ་བུ་དང་དོན་དམ་བདེན་པ་ནི་སྦྲང་རྩིའི་རོ་ལྟ་བུ་སྦྲང་རྩི་ལས་ལོགས་སུ་སྦྲང་རྩིའི་རོ་མེད་པ་ལྟ་བུ་ ངོ་བོ་དབྱེར་མེད་དུ་འཇོག་དགོས་པ་ཡིན་ནོ།། བདེན་གཉིས་འཇོག་ཚུལ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དང་གྲུབ་མཐའ་བཞི་གས་བདེན་གཉིས་འཇོག་ཚུལ་མི་འདྲ་བ་དང་། དེས་ན་གཞི་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་ཐུགས་ཟུང་འཇུག་གི་རྣམ་གཞག་ཡག་པོ་ཞིག་ཤེས་པ་ལ་མདོ་སྔགས་ཀྱི་གཞུང་མང་ལ་དཔེ་ཀློག་དང་ཞིབ་དཔྱོད། རིགས་ལམ་གྱི་འགྲོས་ལ་བརྟེན་པ་གལ་ཆེ་ཞིང་། དེ་མིན་འཇིག་རྟེན་གྱི་ཁ་དཔེ་ལྟར་རྩ་མ་ཟོས་བར་ལྕི་བ་གཏོང་རྒྱུ་མེད།
བདེན་གཉིས་དབྱེར་མེད་ཅེས་པ་ནི་འཕགས་པའི་གང་ཟག་ལ་ལྟོས་ཏེ་འཇོག་པ་ལས།
སོ་སོར་སྐྱེས་བུར་བདེན་གཉིས་དབྱེར་མེད་རྟོགས་མི་ནུས་ཤིང་འཇོག་ག་ལ་ནུས།
དེ་ཡང་རྒྱལ་བའི་གསུང་ལས།
དོམ་དམ་རྟོགས་པའི་དུས་ནས་བདེན་གཉིས་ཐ་མི་དད།
ཀུན་རྫོབ་རྟོགས་པའི་དུས་ན་བདེན་གཉིས་ཐ་དད་དོ།
ཞེས་པས་ཀྱང་ཤེས་ཐུབ་པོ།
མཁྱེན་ཡངས་ཀླུ་སྨྱོན་ལགས། ཅིག་བྱས་ན་དགེ་ཆོས་ཀྱི་གསུང་དེ་བདེན་པ་ཞིག་ཡིན་སྲིད། རྒྱུ་མཚན་ནི། ཁ་སྟོན་འདིར་ཆེ་བསྟོད་ཀྱི་མིང་གི་རྣམ་གྲངས་དགུ་བཅུ་གོ་དགུ་ཡོད་པའི་ནང་། སྤྲང་རྩིའི་བློ་གྲོས་ཞེས་པའི་དོན་དང་ལྡན་པའི་མིང་ཞིག་མཐོང་མ་སོང་། སྤྱིར་མོ་ཧམ་མོ་ཏི་ཞེས་པ་འདིར་Muhammad,Mahamed, Mahometསོགས་འབྲི་སྟངས་མ་འདྲ་བ་མང་བོ་ཞིག་འདུག པ་ལའི་དང་ལེགས་སྦྱར་གཞིར་བྱས་ན། མ་ཧྰmahaནི་ཆེན་པོ་དང་། མེ་ཏmettaནི་སྙིང་རྗེའི་དོན་ཡིན་པས། ཁ་སྟོན་གྱི་མིང་ལ་༼སྙིང་རྗེ་ཆེན་པོ༽ཞེས་པ་ཡིན་ཞེས་ཤོད་མཁན་འདུག འདི་སྐོར་ད་དུང་དཔྱད་དགོས་པར་སྣང་། རང་རེའི་གཞུང་མང་བོ་ན་སྤྲང་རྩིའི་བློ་གྲོས་ཞེས་པ་འདི་ཁ་ཆེའམ། ཀླ་ཀློའི་སྟོན་པའི་མིང་ཡིན་པ་གནའ་སྔ་མོ་ཞིག་ནས་ངོས་ལེན་གནང་ཟིན་པས ཕུགས་ཐག་གསལ་བོ་ཞིག་མ་ཆོད་པར་བོད་གོང་མ་ཚོ་རྫུན་མ་ཡིན་ཞེས་སྨྲ་བར་མི་སྤོབས།
སངས་རྒྱས་ཀྱིས་རྗེ་བཙུན་བྱམས་མགོན་མ་འོངས་སངས་རྒྱས་སུ་ལུང་བསྟན་སྐོར། ཁ་ཆེ་ཚོས་ཁ་ཆེའི་དམ་ཆོས་ཁོ་རན་གྱི་ཚིག་དང་སྦྱར་ནས། མོ་ཧམ་མོ་ཏི་ལུང་བསྟན་པའི་ཚིག་ཡིན་ཚུལ་གད་མོ་འཆོར་དགོས་པ་མང་བོ་འདུག
ྋགོང་ས་མཆོག་གིས་མཛད་པའི་གཅེན་མོ་ཚེ་རིང་སྒྲོལ་མའི་ལོ་རྒྱུས་མདོར་བསྡུས།
༄༅། །བརྩེ་ལྡན་གཅེན་མོ་ཚེ་རིང་སྒྲོལ་མ་དེ་ཉིད། ༡༩༢༠ ལོ་བོད་ཆེན་པོའི་ནང་ཚན་མདོ་སྨད་ཨ་མདོ་སྐུ་འབུམ་གྱི་ཉེ་སྐོར་སྟག་འཚེར་ཁྱིམ་ ཚང་དུ་བཙས། གྲོང་གསེབ་ཞིང་པ་ཕལ་བའི་བུ་མོ་དཀྱུས་འགྲེའི་ལུགས་བཞིན་ནང་ཁྱིམ་གྱི་ཉིན་ རེའི་ལས་ཀར་གཡེངས་པས་ཤེས་ཡོན་སྦྱངས་བརྩོན་བྱས་པ་མེད། ངེད་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ནང་མི་ཡོངས་རྫོགས་བོད་དབུས་ ཕྱོགས་སུ་ཡོང་བའི་སྐབས། གཅེན་མོ་དང་། ཡུལ་སྲོལ་ལྟར་ཆུང་གྲོགས་སུ་མཉམ་ཡོད་ཕུན་ཚོགས་བཀྲ་ཤིས་ལྷ་ས་ཆོས་ལྡན་ཞིང་དུ་ འབྱོར། ལྷ་སར་སྡོད་རིང་བོད་ཡིག་དང་། རྒྱ་སྐད་སྔར་ནས་ཕྲན་ཤེས་ཐོག རྒྱ་ཡིག་ཁྱར་ཁྱོར་ཙམ་སྦྱངས་བརྩོན་བྱས་ཡོད་པ་དང་། ཡུལ་གཤིས་མིག་ལྟོས་གོམས་པ་ལྟ་བུའི་ཆོས་དད་མི་ཆུང་ཙམ་འཇགས། གཅེན་མོར་བུ་གཅིག་དང་། བུ་མོ་གཉིས་བྱུང་སྟེ་གཅིག་འདས་གྲོངས་སོང། དེ་སྔོན་རྒྱ་གར་དང་། རྒྱ་ནག ནང་སོག་ཁུལ་ལྟ་སྐོར་འགྲོ་མྱོང་བ་དང་།
༡༩༥༣ ལོ་འགོར་པེ་ཅིང་གི་བཀོད་བྱུས་འོག་རྒྱ་ནག་ནས། མོ་སེ་ཁོ་བརྒྱུད་ཨོ་སི་ཌི་རི་ཡ། ཝི་ནར་ཞི་བདེའི་གཞོན་ནུའི་ཚོགས་འདུ་ཞིག་ལ་ཕྱིན། ལྷ་སར་རྒྱལ་གཅེས་བུད་མེད་མཐུན་གྲོགས་ཚོགས་པའི་འཐུས་མི་དང་འགོ་འཛིན་གྲས་ཀྱི་ མིང་འཁུར་བླངས། ༡༩༥༩ ལོ་བོད་དུ་རྐྱེན་ངན་བྱུང་སྐབས་ངེད་ཅག་མཉམ་དུ་རྒྱ་གར་དུ་འབྱོར་རྗེས་བཙན་ བྱོལ་བོད་མི་ཆེས་མང་རྒྱ་གར་དུ་རིམ་འབྱོར་གྱིས་བུ་ཕྲུག་ལ་ཡུལ་དུས་འཕྲོད་ བསྟེན་གསོ་སྐྱོང་ཇི་བཞིན་མ་ཐུབ་པས་བོད་ཕྲུག་འབོར་ཆེ་རྐྱེན་འདས་དཀའ་ངལ་ཚབས་ ཆེ་བྱུང་བར་བསྟེན་འདི་ག་པན་ཇབ་རྡ་རམ་ས་ལར་འཕྲལ་སེལ་བུ་གསོ་ཁང་ཞིག་བཙུགས་ པའི་འགན་འཁུར་གཅེན་མོ་དེ་ཉིད་ནས་བླངས་ཏེ། ༡༩༦༡ ནས་༡༩༦༤ ལོ་ཚེ་མཐར་མ་སླེབས་བར་བུ་ཕྲུག་༡༠༥༠་ཙམ་ལ་བྱམས་སྐྱོང་བདག་གཅེས་ལྟ་རྟོག་ལྷག་ བསམ་རྣམ་དག་གིས་རང་ཉིད་ཤེས་ནུས་གང་ཡང་མེད་ཀྱང་ངལ་འཁུར་དང་ལེན་བྱས་སོང་བ་དེ་ ནི་ཁོང་རང་གི་མི་ཚེའི་ནང་བྱས་རྗེས་ཆེ་ཤོས་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་ཡིན།
གཅེན་མོར་སྔར་དུས་ཤིག་ནས་ཁོང་སྐྲན་དང་། རྩ་དཀར་ལྟ་བུའི་ནད་གཞི་ཞིག་ཡོད་མུས་༡༩༦༤ ཟླ་༥ ནང་འཕར་ལྡང་ལ་ཀ་ཏར་སྨན་བཅོས་ཟླ་བ་ལྔ་ཙམ་བྱས་ཀྱང་ཕན་ཐོགས་མ་བྱུང་སྟབས་སྨན་ པའི་ངག་དོན་ལྟར་ཨིང་ལན་དུ་སྨན་བཅོས་བྱེད་སླད་དུ་བསྐྱོད། སྨན་བཅོས་དང་། རི་འགྲོ་ཇི་ལྟར་བྱས་ཀྱང་། འདུས་བྱས་མི་རྟག་པའི་གཤིས་ལུགས་བཟློག་མ་བཏུབ་པར། ༡༩༦༤ ལོའི་ཟླ་༡༡ ཚེས་༢༡ སྔ་དྲོ་ཨིང་ལིན་སྨན་ཁང་དུ་ཚེ་འདས་བྱས་ལུགས་ཐོས་པར། མཆོག་གསུམ་ཐུགས་རྗེ་བསྐུལ་རྒྱུ་ཙམ་ལས་ཐབས་དབེན། ཟླ་གྲོགས་ཕུན་ཚོགས་བཀྲ་ཤིས་ནས་འཁུར་བླངས་ཀྱིས་འཁོས་བསྟུན་རྣམ་དཀར་དགེ་མཇུག་ རྒྱ་ཆེར་བསྒྲུབས། ཨིང་ལན་ནས་འཁྱེར་འབྱོར་དེ་ཉིད་ཀྱི་རུས་ཐལ་ལ་ནང་པ་སངས་རྒྱས་པའི་གསུང་རབ་ནས་ ཇི་སྐད་གསུངས་པ་ལྟར་གྱི་རུས་ཆོག་གནད་སྨིན་དང་འབྲེལ་ས་ཚར་དཔར་འདེབས་ཀྱིས་ སྒྲོམ་བུ་འདི་ནང་སྒྲིག་འཇུག་ཐོག དེ་ཉིད་ཀྱིས་མ་ཤི་གསོན་པའི་རིང་ཉམ་ཐག་བུ་ཕྲུག་མང་པོར་བྱམས་སྐྱོང་བྱས་པས་ མཚོན་བདག་གཞན་རྣམ་དཀར་གྱི་ཕུང་པོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་ བརྟེན་ནས་དེ་ཉིད་ངན་སོང་ངན་འགྲོའི་སྐྱེ་གནས་སུ་མི་ལྷུང་བར་དལ་བརྒྱད་འབྱོར་ བཅུ་ཚང་བའི་རྟེན་བཟང་ཐོབ། མཚན་ལྡན་དགེ་བའི་བཤེས་ཀྱི་རྗེས་སུ་བཟུང་སྟེ། ས་ལམ་རིམ་བགྲོད་བླ་མེད་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་བསྔོ་སྨོན་མཚམས་ སྦྱོར་ཅི་ནུས་བགྱིས།
བརྩེ་བའི་མཛུམ་མདངས་མཛའ་བའི་འབེལ་གཏམ་གྱིས།།
འགྲོགས་པའི་ཚུལ་ནི་མདང་གསུམ་རྨི་ལམ་བཞིན།།
ད་ལྟ་དྲན་ཡུལ་ཙམ་ལས་མངོན་སུམ་དུ།།
མཐོང་ཐོས་བྲལ་འདི་སྙིང་ལ་ནད་དུ་ཆེ།།
འདི་སྣང་སྒྱུ་མའི་འཇའ་རིས་མཁའ་ལ་དྭངས།།
ལས་སྣང་འཁྲུལ་བའི་འཇིགས་གཟུགས་མུན་ལྟར་འཐིབས།།
གར་འགྲོའི་གདེངས་མེད་བྱ་སྤུ་རླུང་འཁྱེར་འདྲ།།
མགོན་མེད་འོ་དོད་ལྷང་གིས་འབོད་ཚེ་སྐྱོ།།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་འདྲ་ཞེས།།
དྲང་སྲོང་ཆེན་པོས་གསུངས་བཞིན་མངོན་སུམ་དུ།།
མཐོང་ཡང་རྟག་འཛིན་གདོན་གྱིས་སྙིང་མྱོས་པས།།
ལོང་ཡོད་སོས་དལ་སྡོད་འདི་ཨ་ཙ་མ།།
སྡུག་ཅིང་ཡིད་འོང་དང་བྲལ་མི་སྡུག་འཕྲད།།
ན་རྒ་འཆི་སོགས་གདུང་བྲལ་མི་བཟད་པ།།
བྱེ་བ་བསམ་ཡས་ད་དུང་མྱོང་འགྱུར་ཚུལ།།
བསམ་ན་རང་དོན་འཁོར་རྩ་གཅོད་ལ་འབུངས།།
ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་ ༡༩༦༥ ཟླ་ ༧ ཚེས་ ༢༤ དང་། བོད་ཤིང་སྤྲེལ་ཟླ་ ༥ ཚེས་ ༢༦ ཉིན་བྲིས་པ་དགེའོ།
ང་ཚོ་ལ་ཡང་དག་པའི་གཞི་རྩའི་བསམ་བློའི་ཁ་ཕྱོགས་ཤིག་མེད་པའི་དབང་གིས། མུན་ནང་ལག་བསྙབ་ལྟ་བུའི་སྐད་ཆ་ཐ་ཐོར་ཞིག་གིས། བདེན་རྫུན་དབྱེ་འབྱེད་བྱེད་དཀའ་ནའང་། རྙོག་བཤད་འདི་དག་གི་ནང་ནས་ཚིག་དོན་འགའ་རེས་ཕན་ཐོག་ཡོད་སྲིད།
གཉིས་ཆ་དགོས་པ་ནི་ཧ་ཅང་གལ་ཆེན་རེད་ཕྱོགས་གང་ནས་དཔྱོད་ན
སྟོན་མཆོག་སྨྲ་བའི་རིང་ལུགས་འཛིན་པ།།
མདོ་སྔགས་ཉི་ཟླའི་རྣ་ཆ་གཡོ་བ།།
མཁས་གྲུབ་གསེར་རིའི་ཕྲེང་བ་བསྟར་བ།།
གདན་ས་ཆེན་པོ་སེ་འབྲས་དགའ་གསུམ།།
ཡ་རབས་མེ་ཏོག་འཛུམ་གྱིས་རྒོད་པའི།།
སྟོན་པ་མཉེས་པའི་མཆོད་སྤྲིན་ཉིད་དུ།།
བསླབ་སྐྱོར་ཆོས་གྲོགས་བཙུན་པའི་སྡེ་ལ།།
སྙིང་ནས་ཕྱག་འཚལ་ངག་གིས་བསྟོད་དོ།།
ཁྲིམས་ལས་འདས་པའི་ཉེས་དམིགས་བཅུ་གས།།
སྙིང་ལ་ཚེར་མའི་རེག་བྱ་རྩུབ་ཡང་།།
བཤགས་སྡོམ་ཉམས་ལེན་རྟག་ཏུ་འབད་པའི།།
ཁྲིམས་ལྡན་བཙུན་པ་བདག་གིས་མཐོང་ངོ།།
རྒྱན་དྲུག་གཞུང་ལུགས་ནམ་མཁའི་མཐའ་ལ།།
ཤེས་རབ་སྣང་བ་འབུམ་དུ་བརྩེགས་པའི།།
རྩོད་སྒྲའི་ང་རོ་འབྲུག་སྟོང་ལྡིར་བ།།
རྔམ་སྟབས་ཙམ་མིན་བདག་གིས་མཐོང་ངོ་།།
འདོད་ཆུང་ཆོག་ཤེས་འཚོ་བ་སྐྱ་ཆད།།
གསོ་སྦྱོང་མེ་ཏོག་ལྟ་བུར་མཛེས་པའི།།
བླ་གོས་གུར་ཀུམ་ཚལ་དང་འགྲོགས་ཤིང་།།
ཁྲིམས་ལྡན་གྲྭ་བ་བདག་གིས་མཐོང་ངོ་།།
གདན་སའི་ཚུལ་ཁྲིམས་མུ་གེས་མ་གུམ།།
ཟབ་མོའི་གཞུང་ལ་གློག་འོད་འཁྱུག་འཁྱུག།
ཞི་བའི་ལམ་ནས་ཞི་བར་ཕྱོགས་པའི།།
དགེ་སྦྱོང་དམ་པ་བདག་གིས་མཐོང་ངོ།།
ཕྲག་དོག་སྦྲུལ་གྱི་དུག་ལྕེ་བསྐྱོད་པའི།།
འཐབ་རྩོད་ལྷུར་ལེན་རིང་དུ་བཏང་ནས།།
མཚན་སྙན་གཟི་དཔལ་སྟོང་གིས་མཛེས་པའི།།
ཆོས་ཀྱི་བཀོད་པ་བདག་གིས་མཐོང་ངོ།།
ལེགས་ཚོགས་ཀུན་གྱི་གཏེར་རྒྱ་རྡོལ་བའི།།
བསམ་སྦྱོར་འོད་སྟོང་མཁའ་ལ་མཛེས་པ།།
གཞན་ལ་བསྟན་པའི་དགྲ་ཞེས་མི་འཛེར།།
ཚུལ་ལྡན་དགེ་བཤེས་བདག་གིས་མཐོང་ངོ།།
སྡིག་པ་གཞོམ་ཕྱིར་ལུས་གདུང་རྩོམ་པ།།
བླུན་པོ་ཤེས་འཆལ་རྟགས་སུ་གསུངས་མོད།།
བློ་དང་བརྩོན་འགྲུས་དོ་ཟླ་མེད་པའི།།
བཙུན་ཆུང་གཞོན་ནུ་བདག་གིས་མཐོང་ངོ་།།
ངའི་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དྲན་གསོ་བྱས་པ།
2011-01-11 17:20:06 རྩོམ་ཁུངས།༼ ངེད་དྲ་ཚིགས། རྩོམ་པ་པོ།༼ ལྷ་ཀླུ་ཚེ་དབང་རྡོ་རྗེ། བལྟ་ཀློག༼ 181 དཔྱད་གཏམ།(0)
ལུང་ཤར་ནི་ཟུང་ཆུང་ཤེས་རབ་གྲགས་པའི་མི་རྒྱུད་ཡིན་པ་དང་། ལུང་ཤར་གྱི་འཛིན་ཁོངས་ཤར་ཕྱོགས་ཟུར་ཆུང་པའི་བཞུགས་ཡུལ་རྙིང་པ་དེར་དེང་སང་ཟུར་ལུང་ཞེས་གྲགས། དེར་བརྟེན་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ས་གནས་སྲིད་གཞུང་གི་དཔོན་རིགས་ནང་ཞུགས། མི་རྒྱུད་རིམ་པ་ནས་སྲིད་གཞུང་གི་ཞབས་སྡོད་ཞུས། ལུང་ཤར་ནི་གཞིས་རྩེ་ཀྲོན་ཆུས་བཞད་མཐོང་སྨོན་རྫོང་ཁོངས་རྟ་ནག་ཁུལ་གྱི་སྒེར་པའི་གྲས་ཤིག་རེད། ངའི་མེས་པོ་སྲིད་གཞུང་གི་དྲུང་འཁོར་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། རྨོའོ་བདེ་ཆེན་པད་མོ་གཉིས་ཀྱི་བུར་བོད་ལྕགས་སྦྲུལ་༼༡༨༨༡༽ལོར་ཕ་དམ་པ་དེ་འཁྲུངས་ཤིང་། མཚན་ལ་རྡོ་རྗེ་ཚེ་རྒྱལ་ཞེས་བཏགས།
ཁོང་དགུང་ལོ་བརྒྱད་ཙམ་ལ་སླེབས་དུས་ཡབ་གཤེགས་འདུག་ཀྱང་། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་བྱུང་ཞིང་། ཤེས་ཡོན་རིག་གནས་སློབ་སྦྱོང་ཐད་ལའང་ཡུམ་གྱིས་ཐུགས་འཁུར་གནང་སྟེ་དགེ་རྒན་མང་པོ་བསྟེན་སྟབས་སྦྱང་འབྲས་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ཁོང་གིས་ཡུམ་ལ་ཐོག་མཐའ་བར་གསུམ་དུ་གུས་བརྩེ་ཧ་ཅང་ཆེན་པོ་གནང་གི་འདུག ངའི་ཕ་ནི་བོད་ལུགས་གསོ་བ་རིག་པ་སྦྱང་རྒྱུར་དགའ་པོ་ཡོད་སྟབས་དགེ་རྒན་བསྟེན་བཏུགས་ཀྱིས་སྨན་དཔྱད་བྱེད་སྒོ་སློབ་སྦྱོང་ཧུར་བརྩོན་གནང་རྐྱེན་ལག་རྩལ་ཡག་ཙམ་ཤེས་ཐུབ་པ་བྱུང་། རྗེས་སུ་ང་ཚོ་ལོ་ན་སོན་དུས་ཀྱང་པྭ་ལགས་ནས་ལས་ཞོར་ནད་པར་རྩ་ཆུ་བརྟག་དཔྱད་དང་། བོད་ལུགས་ཀྱི་སྨན་སྟེར་བ་སོགས་གནང་གི་འདུག དེ་བཞིན་ཁོང་དགུང་ལོ་ཆུང་དུས་ནས་གཞས་དང་ཞབས་བྲོ་ལའང་ཧ་ཅང་དགའ་པོ་ཡོད་སྟབས་རྒྱུན་དུ་ཧའོ་ཅིན་དང་ཡང་ཅིན་གཏོང་གནང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་སྐྱིད་ཡང་ཡང་གནང་གི་འདུག དེའི་ནང་རོལ་ཆ་གཏོང་རོགས་སུ་ཡོང་མཁན་གཙོ་བོ་སྦ་ཡི་ཝ་ལི་༼ཧུད་རིགས༽དང་། དལ་ཞོལ་ལི༼རྒྱ་རིགས༽ འ་མན་རི། རྣམ་རྒྱལ། ནང་མའི་གཞས་གཏོང་མཁན་ཡེ་ཚ༼ཧུད་རིགས༽སྟོད་གཞས་གཏོང་མཁན་ཕུར་བུ་སྒྲོལ་མ་དང་། བསོད་ནམས་སྐྱིད་འཛོམས། དབྱང་སྐྱིད་ཟེར་བ་བཅས་སྐད་གྲགས་ཡོད་པ་བུ་མོ་གསུམ་སོགས་ཡོད།
དགུངགྲངས་ཉི་ཤུ་སྐོར་ལ་ཕེབས་དུས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་པ་དེ་ལ་ཕྲུ་གུ་ཆ་པ་རུ་ཟུར་དབང་ཆེན་གཡུ་ལྷ་དང་། སྒྲོལ་མ་ཕུག་པད་མ་གཉིས་བཙས། དེ་ནས་སྲིད་རྙིང་གི་དྲུང་འཁོར་ཞུ་བར་ལྷ་སར་ཕེབས་ཏེ་དཔོན་རིགས་ཁོངས་ཞུགས། ཁོང་ཡིག་རྩིས་ཡག་ཙམ་ཡོད་སྟབས་མི་རིང་བར་རྩིས་ཁང་ལས་ཁུངས་ཀྱི་རྩིས་པར་བསྐོ་བཞག་བྱས་འདུག རྩིས་པའི་ལས་འགན་ལོ་བཅུ་ཙམ་གནང་རིང་ལས་ཀར་ཧུར་བརྩོན་ཆེ་ཞིང་། འཇོན་ཐང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་གཤིས། རྩིས་པ་ལུང་ཤར་ཞེས་མིང་གྲགས་ཐོག་མར་ཐོན། པྭ་ལགས་ཀྱི་སྐུ་ཟླ་དེ་ཉིད་ལུང་ཤར་གཞིས་དུ་སྟོན་བསྡུའི་ཕྱག་ལས་གནང་བར་ཕེབས་སྐབས་ཤིག་ལ་སྟབས་མ་ལེགས་པར་གཞིས་སུ་སྐུ་གཤེགས།
དེ་ནས་ལོ་གསུམ་ཙམ་སོང་བའི་རྗེས་སུ་ངའི་ཨ་མ་བསྟན་འཛིན་སྒྲོལ་དཀར་ལགས་དང་གཉེན་སྒྲིག་གནང་། ཕྲུ་གུ་ང་ཚོ་བུ་ལྔ་དང་། བུ་མོ་གཅིག་བྱུང་།
༡༩༡༡ལོར་ཏྭ་ལའི་བླ་མ་སྐུ་ཕྲེང་༡༣པ་ཧིན་རྡུར་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་ཞིག་མཁྱེན་རྟོགས་བྱུང་རྐྱེན་བོད་ལྗོངས་ཡར་རྒྱས་འགྲོ་བར་རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས་སྤྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་ན་གཞོན་ཁ་ཤས་འདེམས་སྒྲུག་གནང་སྟེ་ཁོ་ཚོ་དབྱིན་ཡུལ་དུ་སློབ་གྲྭར་སྐྱེལ་བར་འགྲོ་མཁན་གྱི་འགོ་གཙོ་ངའི་པྭ་ལགས་ལ་རིམ་བཞིའི་གོ་གནས་དང་སྦྲགས་ལས་འགན་གནང་། བུ་ཕྲུག་ཁོངས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་གཏོང་གནང་མཛད་པ་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་ཕེབས། དབྱིན་གཞུང་ནས་སྣེ་ཤན་རྒུལ་ཊ་ས་ཧེབ་དང་། སྐད་སྒྱུར་ལེགས་ལྡན་ས་ཧེབ་༼བོད་རིགས༽གཉིས་བཙུགས་ཏེ་སྣེ་ལེན་བྱས་འདུག བོད་ས་གནས་སྲིད་གཞུང་གིས་བསྐུར་བའི་ཡི་གེ་དང་ལག་རྟགས་སོགས་སྤྲད་ཅིང་། ཕྲུ་གུ་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་བཅུག རྗེས་སུ་ཕྲུ་གུ་རྣམས་ལ་ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་རབ་ཀུན་བཟང་ལ་ས་གཏེར་འཚོལ་འདོན་སྐོར་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ སྐྱིད་སྦུག་པ་དབང་འདུས་ནོར་བུ་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་ཀ སྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་ལོག་ཡོང་བ་རེད། སྐབས་དེར་ངའི་པྭ་ལགས་དང་ཨ་མ་ལགས་གཉིས་ནས་ཀྱང་དབྱིན་ཇིའི་སྐད་ཡིག་ཕྲན་བུ་བསླབས་ཤིང་། ཕ་རན་སི། ཨི་ཀྲར་ལི་སོགས་ལ་བལྟ་བསྐོར་དུའང་ཕེབས་འདུག་པ་བཅས་བརྒྱུད་ངའི་པྭ་ལགས་ལ་ཕྱི་རྒྱལ་གྱི་བྱེད་སྟངས་ཐད་ནས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཏེ་བོད་ཀྱི་ལམ་ལུགས་རྙིང་པ་དེར་ཕྲན་བུའི་བཅོས་སྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་ཡོད་ཚོད་འདུག གང་ཡིན་ཞེ་ན། རྗེས་སུ་པྭ་ལགས་ནས་དུས་ཚོད་བྱུང་རིམ་བཞིན་དབྱིན་ཡིག་གི་ལོ་རྒྱུས་དེབ་ལ་རྟག་པར་བལྟ་ཀློག་གནང་བ་དང་། ང་ཚོ་ནང་མི་འཛོམས་ཏེ་སྡོད་སྐབས་པྭ་ལགས་ཀྱིས་དེ་སྔོན་ཕ་རན་སིར་དུས་འགྱུར་གྱིས་ཕ་རན་སིའི་རྒྱལ་པོ་གཏོར་བ་དང་། ཨི་ཀྲར་ལིའི་རྒྱལ་པོ་གཏོར་བའི་ལོ་རྒྱུས་སྐོར་སྒྲུང་གཏམ་ལྟ་བུར་གསུང་གི་འདུག པྭ་ལགས་བོད་ལ་ཕྱིར་ལོག་གནང་རྗེས་ཏྭ་ལའི་བླ་མས་དམིགས་བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་། དེ་དུས་བོད་དམག་སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་རུང་། དམག་ཕོག་ལྡེང་གི་མེད་སྟབས་འབྲུ་རིགས་འཕར་མ་བསྡུ་རྒྱུའི་འཆར་གཞི་བཟོས་ཏེ་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་ཐོག་དོ་དམ་དྲུང་ཡིག་ཆེན་མོ་བློ་བཟང་བསྟན་སྐྱོང་དང་། ངའི་ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཉིས་ལ་བསྐོ་བཞག་གནང་རྒྱུར་ཏྭ་ལའི་བླ་མས་ཆོག་མཆན་གནང་། དེར་བརྟེན་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་གཞིས་ཁག སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་འབྲུ་རིགས་འཕར་འགེལ་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་ཁལ་སྟོང་ཕྲག་བཞི་ལྔ་དང་། དེ་འོག་ལ་ཁལ་བརྒྱ་ཕྲག་ཁ་ཤས་འགེལ་དཀྲི་བྱས་སྟབས་ས་གནས་སྲིད་རྙིང་ལ་འབྲུ་རིགས་ཧ་ཅང་ཕོན་འབོར་ཆེན་པོ་བྱུང་སྟེ་རྗེས་སུ་ཏྭ་ལའི་བླ་མའི་སྐུ་ཚེའི་སྨད་ཆར་སླེབས་དུས་འབྲུ་ཁང་རྙིང་པ་ཕལ་ཆེར་ཁེངས་ཏེ་ས་གནས་ཁ་ཤས་ལ་བཀར་ཁང་ནང་འབྲུ་འཇུག་ཡུལ་མེད་པ་ལྟ་བུ་བྱུང་བ་རེད། ཡིན་ནའང་ཏྭ་ལའི་བླ་མ་བཅུ་གསུམ་པ་སྐུ་གཤེགས་རྗེས་བཀའ་ཤག་ནས་ཞིབ་འཕར་འབྲུ་རིགས་ལོ་ཤས་ཆག་ཡང་བཏང་བ་དང་། ལྷག་པར་མི་དྲག་ཁ་ཤས་ལ་གཞུང་འབྲུ་སྐྱེད་མེད་སྔ་གཡར་དང་། གསོལ་རས་སོགས་མང་པོ་སྤྲད་རྐྱེན་གཞུང་གི་འབྲུ་རིགས་ལ་དོ་ཕོག་ཆེ་ཙམ་བྱུང་སྟབས་སྐབས་དེར་མང་ཚོགས་ནས་ཟུར་ཟ་ཞིག་ཀྱང་བྱས་ཡོད་པ་སྟེ། བཀའ་ཤག་གི་ཕྲ་མའི་ཐོད་དུ་དེ་སྔ་ཆིང་གོང་མས་གནང་བའི་པྭན་ཞིག་ཡོད་པ་དེའི་ཐོག་བོད་ཡིག་དབུ་ཅན་ཕྱི་ནང་བསྟན་སྲིད་ཡོངས་ལ་བསོད་ནམས་ཀྱི་དགེ་ཚོགས་ལྷག་པར་སྤེལ་བ་ཞེས་འཁོད་ཡོད་པ་དེ་ལ་བལྟས་ནས་བཀའ་ཤག་གི་ཕྲ་མའི་འོག་ཏུ་ཡི་གེ་ཞིག་སྦྱར་བའི་ནང་ཕྱི་ནང་སྐྱེ་འགྲོ་ཡོངས་ལ་འབྲུ་དངུལ་གྱི་སྟོན་མོ་ལྷག་པར་སྤེལ་བ་ཞེས་བྲིས་ཡོད་པ་རེད། སྐབས་དེར་འབྲུ་རིགས་འབབ་བཟོ་བྱེད་ཡུལ་སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས་ངའི་ཕ་རྩིས་དཔོན་ལུང་ཤར་ལ་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་འདུག་ཀྱང་དེའི་དུས་ཏྭ་ལའི་བླ་མའི་གཟིགས་བསྐྱངས་ཆེན་པོ་ཡོད་སྟབས་རྒྱབ་རྩ་བཟང་བས་སུས་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག འོན་ཀྱང་དེའི་རྐྱེན་པས་རྗེས་སུ་ལུང་ཤར་ལ་གཤམ་གསལ་ལྟར་ཆག་སྒོ་ཚབས་ཆེན་པོ་འཕྲད་པ་རེད།
པྭ་ལགས་ནས་ང་རང་ལ་རྒྱུན་དུ་སློབ་གསོ་གནང་དོན། ཡོན་ཏན་ཡིག་རྩིས་ཡག་པོ་སྦྱོང་བརྡར་བྱེད་དགོས།
ད་ལྟ་ནས་སྡེ་པ་གཞུང་གི་ཞབས་འདེགས་ཞུ་རྒྱུར་ཆོད་སེམས་འཆང་དགོས་གསུངས་པ་མ་ཟད། ང་རང་ཞབས་སྡོད་ཞུས་པའི་ཉིན་མོར་མཆོད་མཇལ་ལ་འགྲོ་ཁར་པྭ་ལགས་ནས་གསུངས་དོན། དེ་རིང་ནས་བཟུང་དཀོན་མཆོག་ལ་སྨོན་ལམ་རྒྱག་སྐབས་སྡེ་པ་གཞུང་གི་ཞབས་འདེགས་ཡག་པོ་སྒྲུབ་པ་ཤོག་ཅེས་སྨོན་ལམ་འདེབས་དགོས་གསུང་གི་འདུག ད་དུང་གསུངས་དོན། ཁྱོད་རང་ཤོ་སྦག་རྒྱག་པ་དང་། བག་མེད་ཀྱིས་ཆང་འཐུང་བ། ཐ་མག་འཐེན་པ་སོགས་བྱས་ན་འགྲིག་གི་མ་རེད། ཡིན་ནའང་ཁྱེད་རང་དགའ་རྩེད་བྱེད་ཡག་ཅིག་དགོས་སྟབས་སྒྲ་སྙན་སློབ་སྦྱོང་བྱས་ཏེ་གཞས་དང་ཞབས་བྲོར་དགའ་པོ་བྱས་ན་རང་ཉིད་སེམས་པ་སྐྱིད་པོ་ཡོད་པ་དང་མི་ཡང་དགའ་པོ་ཡོང་གི་རེད། སྒྲ་སྙན་སློབ་མཁན་དགེ་རྒན་ལ་གླ་ཆ་ངས་སྤྲད་ཆོག་ཅེས་གསུང་པ་ལྟར་སྒྲ་སྙན་བསླབས་ཏེ་སྐབས་དེར་ང་རང་ཡང་སྒྲ་སྙན་གཏོང་རྒྱུར་དགའ་པོ་ཡོད་པ་ཞིག་ཆགས་སོང་།
པྭ་ལགས་རྩིས་དཔོན་དང་འབབ་ཞིབ་དོ་དམ་ཡིན་མུས་ཐོག་ཏྭ་ལའི་བླ་མས་དམག་སྤྱིའི་འཚོ་འཛིན་ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ་རེད། སྐབས་དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་སྐབས་ཤིག་ཡིན་ལ་ཏྭ་ལའི་བླ་མའི་ཐུགས་བློས་འགེལ་ཡུལ་ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་རིགས་ཞབས་ཞུ་གནང་བ་དང་། ཏྭ་ལའི་བླ་མས་ཀྱང་གཟིགས་སྐྱོང་གི་རྣམ་པས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་གསེར་གྱི་དབུ་རྒྱན་སྙན་རྒྱན་ཡོད་པ་རྩ་ཆེན་ཞིག་གསོལ་རས་གནང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་སོགས་དབུགས་དབྱུང་སྩལ་བའི་སྐལ་བ་བཟང་པོ་ཞིག་བྱུང་རུང་། དེ་རྗེས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་སྤྱན་བསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་ཆེད་ཏྭ་ལའི་བླ་མར་གླེང་ཕྱོགས་མང་པོ་ཞུ་གི་ཡོད་འདུག དཔེར་ན་ཕ་ལུང་ཤར་རོལ་ཆ་གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་ཉིན་གཉིས་ཙམ་རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་གུང་ཙམ་ནས་གཞས་དང་ཞབས་བྲོ་བརྒྱབ་སྟེ་སྡོད་ཀྱི་ཡོད་ལུགས་སོགས་སྙན་ཕྲ་ཞུས་སྟབས་གཞུང་དོན་ལས་ཀར་དོ་འཁུར་མ་བྱས་པ་ལྟ་བུའི་དགོངས་ཕྱོགས་བྱུང་ཏེ་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་དང་རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད་ལས་དོན་སྐོར་གྱི་བཀའ་སམ་ཡང་ཆིབས་གཡོག་གདོང་རྟག་ཏུ་ཕེབས་ཀྱི་འདུག
དེ་ནས་རྩིས་དཔོན་དང་འབབ་ཞིབ་ཕྱག་ལས་སྔར་བཞིན་གནང་མུས་ཀྱང་ཆུ་བྱ་ལོ་སྟོད་ནས་ཞབས་འབམ་ལྟ་བུའི་བསྙུན་མནར་གྱིས་ཟླ་བ་ཁ་ཤས་ལུས་སོང་། དེ་ནས་དྲག་སྐྱེད་ཅུང་ཟད་བྱུང་དུས་པྭ་ལགས་ནས་ད་ཆ་ང་ལོ་ལྔ་བཅུ་ལྷག་ཙམ་སླེབས་པ་དང་རྐང་པར་ནད་གཞི་ཡང་ཡོད་སྟབས་ལས་ཞབས་ཆབས་ཅིག་དགོངས་པ་ཞུས་ནས་བསྡད་ན་ཡག་པ་འདུག དེ་ཡང་རྒྱལ་བ་རིན་པོ་ཆེར་ནང་མའི་སྙན་གསེང་ཞུ་རྒྱུ་དེ་ཁྱེད་རང་ནས་སྤྱན་བསལ་ངོ་ཤེས་ཞིག་རྒྱུད་ཞུ་དགོས་གསུངས་བྱུང་། དེར་བརྟེན་ང་རང་སྐུ་སྲུང་རུ་དཔོན་བྱེད་སྐབས་སྤྱན་བསལ་ཨང་ཀི་གཉིས་པའི་གྲས་བསོད་ནམས་ནོར་བུ་དང་བདེ་ཆེན་དབྱིངས་གསལ་གཉིས་ཧ་ཅང་ཉེ་པོ་ཡོད་སྟབས་ཟླ་བ་བཅུ་པའི་ཚེས་ཤར་ལ་ངས་ཁོང་གཉིས་སར་མཎྜལ་རྟེན་དོད་དངུལ་ཊམ་དཀར་སྲང་ལྔ་དང་ཁ་བཏགས་ནང་མཛོད་གཅིག་འཁྱེར་ཏེ་པྭ་ལགས་དགོངས་ཞུའི་སྐོར་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུ་རོགས་ཞེས་ལབ་པ་ཡིན། ཁོང་གཉིས་ནས་བརྗོད་དོན། དེ་རེས་དགོངས་པ་རྩ་བ་ནས་ཞུ་ཐལ་མ་བྱེད། རྒྱལ་བ་རིན་པོ་ཆེ་ནས་གཟིགས་བསྐྱངས་ཆེན་པོ་འདུག ད་ཕྱིན་རྒྱལ་བ་རིན་པོ་ཆེ་ཕྱག་ལས་ཕྲན་བུའི་ཉུང་དུ་འགྲོ་ཆེད་ཁྱེད་རང་གི་པྭ་ལགས་དང་མགྲོན་གཉེར་ཆེན་མོ་ལྐོག་པོ་བ་གཉིས་ལ་སྲིད་བློན་བསྐོ་བཞག་གནང་རྩིས་འདུག་པ་དང་། ཕྱོགས་གཅིག་ནས་གནམ་ལོ་གསར་རྒྱུའི་སྨོན་ལམ་ཆེན་མོར་བསོད་ནམས་ནོར་བུ་གྲྭ་པ་བྱས་ཏེ་སྤྱན་བསལ་གཙོ་གྲས་གནང་རྒྱུ་གཏན་འཁེལ་སོང་ཟེར་བྱུང་། ང་རང་ཡང་དགའ་ཐག་ཆོད་ནས་ནང་དུ་ལོག་ཕྱིན་ཏེ་གནས་ཚུལ་པྭ་ལགས་ལ་ཞུས་པ་ཡིན།
དེ་ནས་མི་རིང་བར་བོད་ཟླ་ད༡༠པའི་ཚེས་༣༠དགོང་མོ་ཏྭ་ལའི་བླ་མ་བློ་བུར་དུ་སྐུ་གཤེགས་སྟབས་ཕ་རྩིས་དཔོན་ལུང་ཤར་ནི་སྡུག་བསྔལ་མི་བཟོད་པ་ལྟ་བུ་གནང་གི་འདུག དེ་རྗེས་ཏྭ་ལའི་བླ་མ་སྐུ་གཤེགས་པའི་སྐོར་སྐུ་བཅར་རྣམས་ལ་གནས་ཚུལ་ཇི་ཡིན་བོད་ལྗོངས་ཚོགས་འདུ་ནས་ཞིབ་དཔྱོད་བྱས་སོང་། སྐབས་དེའི་ཨེམ་རྗེ་བྱམས་པ་ཟེར་བ་ནས་ཞུ་གསལ། ང་ལ་གསོལ་སྨན་འབུལ་བའི་རང་དབང་མ་བྱུང་། གནས་ཆུང་ཆོས་སྐྱོང་ནས་ལུང་བསྟན་བརྒྱབ་སྟེ་འཆམ་འཇོམས་དཔའ་བོ་བཅུ་བཞི་འབུལ་དགོས་ཟེར་སོང་བར་ཀུན་འཕེལ་ལགས་ནས་སྨན་པ་ག་པར་ཡོད་གསུང་གི་འདུག དེ་ལན་ངས་སྨན་དེ་ཕུལ་ན་རྩ་བ་ནས་འགྲིག་གི་མ་རེད་ལབ་པར་ཆོས་སྐྱོང་ནས་སྨན་ཁུག་ངའི་ལུས་རྟེན་གྱི་གཡོག་པོར་ཡོད་པ་དེ་ལེན་དགོས་ལབ་སོང་བར་ཀུན་འཕེལ་ལགས་ནས་སྨན་ཁུག་ཡར་བཞེས་ཏེ་ཆོས་སྐྱོང་དང་མཉམ་དུ་སྨན་ཕུལ་སོང་། དེས་རྐྱེན་བསྙུན་གཞི་ཇེ་སྡུག་ཏུ་སོང་ལུགས་བརྗོད་པར་ཚོགས་འདུས་ལམ་སེང་ཀུན་འཕེལ་ལགས་འཛིན་བཟུང་བྱས་སོང་། དེ་བཞིན་གནས་ཆུང་ཆོས་རྗེ་དང་ཨེམ་རྗེ་བྱམས་པ་སོགས་ལེ་ཐོག་རྣམས་དོ་དམ་བྱས་ཏེ་ཞུ་བ་ལེན་སྐབས་ཀུན་འཕེལ་ལགས་ནས་ཞུས་ན། ཐོག་མར་ཟླ་བ་༡༠ཚེས་༢༢ཉིན་གནས་ཆུང་དུ་བསྐྱོད་དེ་ལྷ་གསོལ་དང་སྦྲགས་ཆོས་སྐྱོང་ཡར་ཕེབས་རྒྱུའི་གདན་ཞུ་བྱས་ལུགས་དང་གསོལ་སྨན་ནི་ཆོས་སྐྱོང་གིས་གསུང་པ་ལྟར་ཕུལ་བ་ཡིན་ཞུས་ཤིང་། ཆོས་རྗེར་འདྲི་རྩད་བྱས་པར་གསོལ་སྨན་འབུལ་སྐབས་ཁོ་པར་ལྷ་ཕེབས་ཏེ་ཤོད་ཡག་མེད་ཚུལ་དང་། ཆོས་རྗེའི་གཡོག་པོ་ནས་ཟེར་ན་ཆོས་རྗེས་ནོར་བུ་གླིང་ཁར་འགྲོ་ཁར་སྨན་ཁུག་འཁྱེར་ཤོག་གསུང་པ་ལྟར་ངས་ཁྱེར་ཡོང་ལུགས་ཞུས་པ་རེད། དོན་དུ་གསོལ་སྨན་ཨེམ་རྗེའི་ངག་དང་མ་མཐུན་པ་ཞིག་ཨུ་ཚུགས་ཀྱིས་འཕུལ་བ་ར་འཕྲོད་བྱུང་བར་བརྟེན་ཀུན་འཕེལ་ལགས་ཀོང་པོ་རྩེ་སྒང་རྫོང་དུ་རྒྱང་འབུད་དང་། གནས་ཆུང་ཆོས་རྗེ་འབྲས་བློ་གླིང་གྲྭ་ཚང་ལ་རྩིས་སྤྲད། ཨེམ་རྗེ་བྱམས་པར་སྨན་སྐོར་འགལ་ཉེས་ཆེར་མེད་རུང་སྐབས་དེར་རང་འཁྲིའི་ལས་འགན་ཇི་བཞིན་འཁུར་ཐུབ་མི་འདུག་ཅེས་རྒྱ་ཚྭ་རྫོང་དུ་རྒྱང་འབུད་བཅས་ཀྱི་ཉེས་ཆད་བཏང་སོང་། ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དེ་སྔོན་ཨིང་ལན་དུ་ཕེབས་སྐབས་ཕྱི་རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་གནས་སྲིད་གཞུང་གི་ལམ་ལུགས་ལ་ཕྲན་བུ་སྒྱུར་བཅོས་བྱེད་རྩིས་ཀྱིས་སྐྱིད་ཕྱོགས་ཀུན་མཐུན་༼ལུང་ཤར་ལས་འགུལ་ཡང་ཟེར༽ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པར་དེ་ལམ་སེང་རྒྱ་ཆེར་ཕྱིན་ཏེ་དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་སྤུངས་སོགས་སྡེ་པ། སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་མཐུས་མི་ཀོང་པོ་འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་སོ་སོའི་མིང་ཐོ་ས་ཡིག་རེ་རྒྱག་དགོས་པར་ས་ཡིག་དང་པོ་པྭ་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིང་བཀོད་པ་དང་། དེའི་འོག་གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གིས་ས་ཡིག་བརྒྱབ་པ་ཡིན། གོང་གསལ་དཔོན་རིགས་བརྒྱ་སྐོར་དང་དེ་འབྲས་དགེ་གསུམ་གྱི་འཐུས་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་འཛུགས་ནང་གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་དོན་ནི་དང་ཐོག་བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་ཚོགས་འདུས་དེམས་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་སྲིད་གཞུང་ལ་ཞུ་ཐོ་དང་སྦྲགས་ཞུ་རྒྱུར་གཏན་འཁེལ་གྱིས་བཀའ་ཤག་བརྒྱུད་ཞུ་ཐོ་སྤྲད་པ་རེད། སྐབས་དེར་ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་ཕ་ལུང་ཤར་གྱི་ནང་མའི་བློས་འགེལ་གྲོགས་པོ་གཙོ་བོ་ཞིག་རེད། དེར་བརྟེན་ཕ་ལུང་ཤར་ནས་གྲོས་གཞི་སོགས་གོ་བསྡུར་གནང་བར་ཁོང་གིས་ཚོགས་འདུའི་གྲོས་དོན་ཧ་གོ་སྟབས་ཁོང་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་བའམ་གང་ལྟར་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་ཏེ་བཤད་སྟབས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ཞེད་སྣང་དང་དངངས་ཚབས་ཧ་ཅང་ཆེན་པོ་བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་སྒྲེང་རྒྱལ་ཚབ་དང་ཕ་རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་ཡོད་པས་ཕྲན་བུ་ཀ་ཀོར་གནང་ཡང་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་མཐའ་བཀག་ཨུ་ཚུགས་ཞུས་རྐྱེན་རྒྱལ་ཚབ་རིན་པོ་ཆེ་ཡང་ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ཙམ་ལས་མ་སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པ་བཅས་ལ་བརྟེན་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་བྲོས་ཕྱིན་པ་རེད། ཤོད་གཟིམ་འགག་ནས་ཕ་རྩིས་དཔོན་ལུང་ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། ཕ་རྩིས་དཔོན་ལུང་ཤར་གྱི་བསམ་པར་འཆར་ཅན་གྱི་ཚོགས་འདུ་ཡིན་ཤག་བྱས་ཏེ་སྣང་མེད་ངང་འགྲོ་སྐབས་ཤོད་གཟིམ་འགག་ནས་བཀའ་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་པྭ་ལགས་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་ངའི་པྭ་ལགས་ཀྱི་དགོངས་པར་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་ལེན་རྩིས་ཀྱིས་རྒྱུགས་ཕྱིན་པ་རེད། རྩེ་ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་གྱིས་ཀྱང་སྦྱིན་བདག་རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ་མེ་མདའ་སྤྲོད་པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས་པ་རེད། ཕ་ལུང་ཤར་ཡང་མེ་མདའ་ལག་སོན་མ་བྱུང་བར་ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་གཟིམ་འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། གསང་གྲོས་སྐྱོན་འདོན་ར་སྤྲོད་བྱེད་མཁན་ཞིག་དགོས་སྟབས་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་ཡིན་ཁུལ་བྱས། དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་བྱེད་གཏེའི་གྲས་ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དཔང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ཐུབ་བསྟན་དགེ་ལྡན། རྩེ་དྲུང་ལས་ཚན༼མིང་འདོགས་ལ་ཐ་ཁ་ལི་ཟེར་བ༽། ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་པ། ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ཆ་པ་དབང་ཆེན་གཡུ་ལྷ། ང་རང་བཅས་འཛིན་བཟུང་བྱས་བྱུང་། ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་མཁར་བ་ཚེ་དབང་རབ་བརྟན༼ཀླུ་ཁང་པ༽། རྩེ་དྲུང་བསྟན་པ་འཇམ་དབྱངས་བཅས་ལ་བསྐོ་བཞག་བྱས་ཏེ་ཞིབ་བཤེར་སྐབས་ཀ་ཤོད་ཆོས་རྒྱལ་ཉི་མས་སྒྲིག་འཛུགས་དེའི་ནང་གི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་པ་རེད། ཕ་ལུང་ཤར་ནས་ཞུ་དོན། གསར་བཅོས་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམས་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲ་སྒྲིག་ནི་མེད་ཅེས་ལབ་རུང་ཞིབ་དཔྱོད་པས་ཀྱང་མགོ་ཕྱོགས་དཔུང་ཉེ་ལྷ་བུས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས་མཐའ་དོན་ཕ་ལུང་ཤར་ནས། ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་ཡང་གནང་རོགས་གནང་། ང་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་ཞེས་བརྗོད་དེ་ཁོ་ཚོས་སྐད་ཆ་ཇི་ལྟར་དྲིས་ཀྱང་ལན་མ་བརྒྱབ་པ་རེད། དེ་ནས་ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་བར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན། ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་གཟིགས་རོགས་གནང་གསུངས་པར། སྲིད་བློན་གླང་མདུན་ནས་ཐུགས་ཁག་མི་འདུག་ང་ཚོས་ཞུས་ཆོག་ཅེས་བཤད་ནས་དེ་འཕྲལ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བླ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་མགྲོན་ཕུན་རབ་པ་བཅས་དང་ནང་གྲོས་ཀྱིས་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་རྣམས་རྒྱང་འབུད་དུ་བཏང་སོང་། གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་འདུག་ཅེས་ལག་པ་རེ་རེ་གཅོད་རྒྱུ་འཁོད་པར་ང་གཉིས་ཀྱི་ལག་པ་གཅོད་རྩིས་བྱེད་སྐབས་ཕ་བོང་ཁའི་བླ་མ་རིན་པོ་ཆེ་དང་། སེར་བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་ལ་ཞུ་སྐུལ་རོགས་རམ་ཤུགས་ཆེན་གནང་སྟབས་བཀའ་བློན་ཁྲི་སྨོན་ནས་ལག་པ་གཅོད་མ་དགོས་པ་བྱས་ཆོག་ཅེས་ཁས་ལེན་ཞུས་འདུག་པ་ལྟར་ང་གཉིས་ལས་ཞབས་ཆབས་གཅིག་གནས་དབྱུང་ཐོག་སླད་ལུང་ཤར་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་བྱས་མི་ཆོག་པའི་ཉེས་ཆད་བཏང་བྱུང་།
པྭ་ལགས་བཙོན་ཁང་ནང་བཞུགས་དུས་གསོལ་ཆས་སོགས་རང་ཁྱིམ་ནས་ཉིན་ལྟར་འབུལ་སྐབས་གསོལ་སྨན
དང་ཐུགས་མཁོ་ཙག་རྩིག་དགོས་རིགས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་འདུག ཐེངས་གཅིག་ཕྱག་བྲིས་ནང་ཞོལ་ལས་ཁུངས་ཀྱི་བཙོན་ཁང་ཤོད་དེ་ས་ཕུག་ཡིན་སྟབས་འབུ་སྡིག་པ་ཙ་མང་པོ་ཡོད་གཤིས། དེ་སྲུང་བྱེད་ཉལ་གུར་ཞིག་བསྐུར་དགོས་གསུངས་པ་ལྟར་ཕུལ་བས་གནོད་འབུ་འགོག་ཐུབ་པ་བྱུང་འདུག རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་པྭ་ལགས་ཀྱི་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་ཨེམ་རྗེ་ཐུབ་བསྟན་ལགས་ཟེར་བར་འབྲི་རོགས་གསུངས་ཏེ་པྭ་ལགས་ནས་སྤོས་བྲིས་གནང་བ་དེའི་ནང་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་ཞིག་འདུག་པ་སྐབས་དེར་ང་རང་ནས་མཐོང་བྱུང་ཡང་། ལོ་མང་སོང་སྟབས་ཚིག་དོན་བྱིངས་ཕལ་ཆེར་བརྗེད་རུང་ད་ལྟ་བློ་ལ་ངེས་པ་ཚིག་ཁ་ཤས་གཤམ་གསལ།
སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།
བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།
དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།
རྩུབ་མོའི་ཚིག་བཅད་མིག་གཉིས་ས་ལ་དབྱུངས།
ཆུ་ལྦུར་མིག་གཉིས་ས་ལ་དབྱུངས་ན་ཡང་།
ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།
མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།
བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།
བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།
འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།
གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།
རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།
སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།
རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།
ཞེས་སོགས་འཁོད་འདུག
དེ་རྗེས་ང་རང་སླར་ཡང་ཞབས་སྡོད་ཞུ་ཐུབ་པ་མ་ཟད་བཀའ་ཤག་ནང་བཀའ་མགྲོན་ཡང་བྱེད་ཐུབ་གཤིས། བཀའ་བློན་རྣམས་དང་འབྲེལ་ཟབ་ཆེ་ཙམ་བྱུང་སྟབས་པྭ་ལགས་གློད་དཀྲོལ་ཡོང་ཐབས་སྐོར་བཀའ་ཤག་བརྒྱུད་སྙན་ཞུ་ཕུལ་ཐོག་རྭ་སྒྲེང་རིན་པོ་ཆེའི་སྐུ་མདུན་དུ་ངོ་བཅར་བདེ་སྡུག་ཞུས་པར་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན་ལུང་ཤར་འཛིན་བཟུང་བྱེད་སྐབས་ང་རང་ནས་འགོག་ཐབས་བྱས་རུང་བཀའ་བློན་ཁྲི་སྨོན་དང་གླང་མདུན་སོགས་ནས་མ་ཉན་སྟབས་བྱ་ཐབས་ཟད་སོང་། དེ་སྐབས་ངའི་བསམ་བློའི་ནང་ལུང་ཤར་ལ་གསང་བརྡ་ཞིག་གཏོང་རྒྱུ་བྱུང་ན་སྙམ་ཡང་ང་རང་ནི་ཕྱི་ལ་འགྲོ་ཐབས་མེད་པ་དང་མི་གཞན་ནི་དེ་བས་གཏོང་བློས་མི་བཟོད་པས་ཐབས་སྡུག་ཤིག་ཆགས་སོང་ཞེས་གསུངས་བྱུང་བ་མ་ཟད། གློད་དཀྲོལ་དོན་སྨིན་ཀྱང་གནང་རྐྱེན་པྭ་ལགས་ནང་དུ་ཕྱིར་ལོགས་ཕེབས་ཐུབ་པ་བྱུང་། དེ་སྐབས་ང་ཚོས་འཚམ་འདྲི་ཞུས་ཏེ་སྤྱན་འབྲས་གཉིས་འདོན་སྐབས་སྐུ་ངལ་ཆེན་པོ་བྱུང་མེད་དམ་ཞུས་པར། མིག་འབྲས་གཉིས་འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྟེར་བྱུང་བ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབ་སྟེ་བཀོག་སོང་། ད་དུང་ཁྱོད་ཀྱི་བུ་གཉིས་ཀྱང་དེ་བཞིན་བཟོ་གི་ཡིན་ཟེར། རྗེས་སུ་བུ་གཉིས་ལ་སྐྱོན་ཆག་མེད་པ་གོ་ཐོས་བྱུང་བ་མ་ཟད། དེ་རིང་དངོས་སུ་ཐུག་པ་ནི་ཧ་ཅང་དགའ་པོ་བྱུང་། རང་རེར་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་ང་རང་ནས་ལས་འགུལ་དེར་ཐབས་ཤེས་ཟབ་ནན་ཞིག་མ་བྱུང་བའི་སྐྱོན་ཆ་ཡིན་པ་ལས་གཞན་ལ་འཁང་ར་བྱེད་རྒྱུ་མེད། དགྲ་བོར་སྡང་སེམས་འཁོན་འཛིན་ནི་དེ་བས་ཀྱང་བྱེད་རྒྱུུ་ཡོད་པ་མ་རེད། དེ་ནི་ཕན་ཐོགས་མེད་པ་ཞིག་ཡིན། ང་རང་བཙོན་ལ་ལོ་བཞི་ཙམ་སྡོད་རིང་ཉིན་མཚན་མེད་པར་མ་ཎི་བསྒྲངས་ཏེ་མ་ཎི་དུང་ཕྱུར་གཅིག་ལོངས་སོང་། དེ་ཡང་རྐྱེན་ངན་གྲོགས་ཤར་ཞིག་རེད་གསུང་གི་འདུག
སྐབས་དེར་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་ཞིབ་འཕར་འབྲུ་རིགས་བཀལ་བར་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག དཔོན་རིགས་མང་ཆེ་བ་ནི་བློ་ཕམ་པའི་རྣམ་པ་བྱེད། སྤྱིར་བཏང་མང་ཚོགས་ནི་བསམ་པ་བཟང་བས་མིག་འབྲས་བཀོག་པར་ཧ་ལས་པའི་ཅ་ཅོ་ལྡིར་བ་དང་། སྙིང་རྗེ་ལྟ་བུས་གསོལ་ཆས་སོགས་འབུལ་མཁན་ཡང་ཁ་ཤས་བྱུང་འདུག པྭ་ལགས་ནང་ལ་ཕེབས་དུས་སྐུ་གཟུགས་བདེ་པོ་རང་མེད་སྟབས་ལོ་གཅིག་ཙམ་བཞུགས་རྗེས་བསྙུན་མནར་གྱིས་སྤྱི་ལོ༡༩༤༠སྟེ་ལྕགས་འབྲུག་ལོར་གྲོངས།
ང་རང་ཞབས་སྡོད་ཞུ་ཐུབ་པ་དང་བཀའ་བློན་བྱས་རྗེས་བུ་སྤུན་གཞན་རྣམས་ཀྱང་ཞབས་སྡོད་ཞུ་ཐུབ་པ་སོགས་ཀྱི་སྐོར་རང་ཉིད་ཀྱི་ལོ་རྒྱུས་ནང་ཟུར་དུ་འབྲི་རྒྱུ་ཡིན།