ལྷ་བྱ་འཕུར་མས་ལྡི་ལི་ནས་།
སྐྱབས་བཅོལ་ཐོ་འགོད་ཞུ་ཡུལ་རྡ་ས་ལ།།
ལོ་རེར་ཐེངས་གཅིག་མི་ཡོང་ཐབས་མེད་ཡིན།།
ཡོངས་ཐེངས་རེ་ལ་ཚོར་བ་སྣ་ཚོགས་རེ།།
སྣ་ཚོགས་ཁྲོད་ཀྱི་མཐོང་ཐོས་འདི་ལྟར་ཡིན།།
ཆུང་མ་ཕྱི་རྒྱལ་ཡོད་པའི་ཁྱོ་ག་དང་།།
ཁྱོ་ག་ཕྱི་རྒྱལ་ཡོད་པའི་ཆུང་མ་སོགས་།།
མུན་ནག་ནང་གི་རྩེ་མོ་རྩེད་པ་འདི།།
རྡ་རམ་ས་ལ་མཚོན་ན་སྦྱིར་བཏང་ཡིན།།
ཕྱི་རྒྱལ་འགྲོ་ཕྱིར་མིང་ལོ་རྫུན་མ་བཟོས།།
བཟའ་ཟླ་ཡོད་བཞིན་ཆང་ས་རྫུན་མ་བརྒྱབ།།
ཕྱི་རྒྱལ་འབྱོར་ནས་ཆང་ས་ངོ་མ་ཆགས།།
འདི་འདྲ་གོ་ན་གད་མོ་གཏིང་ནས་ཤོར།།
ཨ་ཁུ་ཨ་ནེ་ཕྱི་རྒྱལ་ཡུལ་ནས་ཡོང།།
ཚ་བོ་ཚ་མོས་རེ་སྒུག་བྱེད་དོན་ནི།།
ཕྱི་རྒྱལ་ཡོད་པའི་ཕོ་རྐྱང་སྤོ་ཡིན་ཀྱང།།
མནའ་མ་སྤྲད་ན་མི་འགྲོ་གཅིག་ཀྱང་མེད།།
ལོ་མང་སྐྲ་རིང་ཟ་ལེ་མང་མཐོང་ཡང་།།
ད་ལོ་མཐོང་བ་ཤིན་ཏུ་ཉུང་བ་འདིས།།
དེང་སང་སྐྲ་རིང་ལས་ཀྱང་སྐྲ་ཐུང་ལ།།
ཕྱི་རྒྱལ་བུ་མོ་འགུགས་པའི་ཐབས་མང་ཟེར།།
རྡ་སའི་གུ་དོག་སྲང་ལམ་ཆུང་ཆུང་ནང་།།
སྦག་སྦག་གོང་ཆེན་བཙན་བྱོལ་བོད་མིས་ཞོན།།
ཡུལ་མི་རྣམས་ནི་ཡར་མར་རྐང་པས་སྐྱོད།།
གྲོང་མིས་བོད་མིར་མི་དགའ་བོད་མིས་བསྒྲུབས།།
བོད་མིའི་རེ་སྒུག་བྱེད་ས་གངས་སྐྱིད་ནས།།
ཁ་ནས་བཤད་ན་ཞབས་ཞུ་སྒྲུབ་གོ་ཟེར།།
ཕྱི་རྒྱལ་རྐང་ལམ་ཕྲ་མོ་རྙེད་པའི་སྐབས།།
ལྷག་བསམ་བཤད་ནས་སྡོད་པ་ཤིན་ཏུ་ཉུང།།
གང་གི་དགུང་ལོ་མཐོ་རུ་ཕེབས་དང་གཅིག།།
རྒྱ་གར་སྲིད་ལ་ཡིད་ཆེས་མེད་དང་གཉིས།།
ཕྱི་རྒྱལ་ཡུལ་ལ་ཐོངས་མཆན་རེག་པའི་ཆེད།།
སྲུང་མ་གཉིས་ལ་སྐྱབས་འཇུག་ཞུ་མཁན་མང་།།
རེ་སྒུག་ཐང་དང་བླ་བཙག་ཁང་ཀླད་དང།།
མི་རྐྱང་གདོང་ཁ་སོགས་སུ་འགྲིམས་འགྲིམས་ནས།།
ཐོབ་པའི་བསླབ་བྱ་འདི་ཞེས་བཤད་སྲོལ་མེད།།
རྡ་སའི་སྤྱིར་བཏང་ཤེས་བྱ་འདི་ནས་བླངས།།
ལྡི་ལི་ཚ་བ་ཆེ་བའི་མཚན་གཞུང་ལ།།
ལས་མེད་ལྷ་མིང་འཛིན་པའི་སེམས་ཁོང་ནས།།
བྲིས་འདིས་རང་གི་འབྲི་རྩལ་སྦྱོང་ཞོར་དང།།
ཁྱེད་ཀྱང་འདི་ཙམ་ཉམས་སུ་མྱོང་བར་ངེས།།
༢༠༡༡་༠༦་༠༥་མཚན་ལ་བྲིས།
ཨ་ཨ། བཞེངས་བཞག་ཡོད་ཀི བླ་བཙག་ཁང་ཀླད་འདི་ཙོང་ཁ་ཟ་ཁང་གི་ཁང་ཀླད་ཨེ་རེད། རྡ་སྟེང་ནས་ནོར་གླིང་བླ་བཙགས། ནོར་གླིང་ནས་རྡ་སྟེང་གི་བླ་བཙུགས། སྟོད་པ་གྲོང་གསེབ་ནས་ཨ་མདོ་གྲོང་གསེབ་ཀྱི་བླ་བཙགས། ཨ་མདོ་གྲོང་གསེབ་ནས་སྟོད་པ་གྲོང་གསེབ་ཀྱི་བླ་བཙགས།
གྲཱ་བཙུན་གང་རུང་མ་བྱུང་རྒྱལ་ས་བདེ་ལིརབཞུགས
མཐོང་ཆེན་ལག་འཁྱེར་མ་བྱུང་རྒྱལ་ས་བདེ་ལིར་བཞུགས
ཤེས་ཡོནསློབ་སྦྱོང་མ་བྱུང་རྒྱལ་ས་བདེ་ལིར་བཞུགས
ཉིན་རེ་ཉིན་རེར་འགྲོ་སོང་ཁྲི་ལྷག་སོང་།
མ་བྱུང་ཁྲི་བརླག་མིང་དེ་དེ་ནས་བྱུང།
ཧ་ཧ་ཧ་ཧ་ཧ་དགེ་ལེགས་འཕེལ་བར་ཤོག།
མ་བྱུང་ཁྲི་བརླག་ནས་དྷ་ས་འཐུང་བརླག་བར་གྱི་ལོ་རྒྱུས་ཡིན་ནམ་གང་ཤེས། རྡུལ་རིའི་ཟིན་བྲིས་ནི་རེད་ཤག
གྲྭ་བ་མ་བྱུང་ཞང་ཁང་སྒྲིམས་ས་དང་།
ཨ་ཎི་མ་བྱུང་སྡོམ་པ་གཡུག་ས་དང་།
སློབ་གྲྭ་མ་བྱུང་ནག་པོ་འཐུང་ས་སོགས།
ལྡི་ལི་མན་ཅུང་ཌི་ལ་ཡིན་པ་ཤེས།
མན་ཅུང་ཊི་ལ་མ་རེད་མ་བྱུང་རེད།
ཡིན་པའི་གནས་ལུགས་ཀུན་གྱི་རྣ་བས་ཐོས།