དུས་བབ་ནས་བླངས།
རྒྱ་གར་ལྷོ་ཕྱོགས་ཀྱི་རྐང་འཁོར་རྐྱང་སྐྱོད་ལས་འགུལ་དེ་གྲོང་འཁྱེར་པུ་ན་རུ་འབྱོར་ཏེ། ཕྱི་ཚེས་ ༡༤ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཆེད་ཕེབས་ཀྱིས་གཏམ་བཤད་གོ་སྒྲིག་ཞུས་ཡོད་ཀྱང་། སྐབས་དེར་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་སྟབས་མཛད་སྒོ་དེའི་ཐོག་གཏམ་བཤད་ཆལ་ཆོལ་ཞིག་དང་རྣམ་འགྱུར་སྣ་ཚོགས་ཤིག་བསྟན་ཡོད་སྟབས། ས་གནས་རྒྱ་གར་གནད་ཡོད་མི་སྣ་དང་མང་ཚོགས་དག་གི་མདུན་དུ་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་བ་རྣམས་ཧ་ཅང་ངོ་ཚ་བོ་ཞིག་བྱུང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་བཟུང་ལྷོ་ཕྱོགས་མོན་གྷོ་ཊིའི་ཁྱབ་ཁོངས་གཞུང་འབྲེལ་མིན་པའི་ཚོགས་པ་ས་གནས་ཚོགས་པ་ཁག་སྟེ། གངས་ལྗོངས་རང་བདེན་དང་དབུ་མའི་ལམ་གྱི་ལས་འགུལ་ཁང་། མང་གཙོ་ཚོགས་པ། གཞོན་ནུ་དང་བུད་མེད་སོགས་ཀྱིས་དགོས་འདུན་གཉིས་དང་རེ་སྐུལ་གཅིག་གི་ཐོག་གྲོང་ཁྱེར་པུ་ན་བར་རྐང་འཁོར་རྐྱང་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
རྐང་འཁོར་རྐྱང་སྐྱོད་པ་རྣམས་ཕྱི་ཚེས་ ༡༡ ཉིན་གྲོང་ཁྱེར་པུ་ན་ལ་སླེབ་ཀྱི་ཡོད་པ་དང་། རྒྱ་གར་གྱི་སྐུ་མགྲོན་ཁག་ཅིག་དང་། ས་གནས་བོད་པ་ཚོ་མཉམ་ཉིན་གསུམ་རིང་ནང་པའི་དགོན་པར་མཆོད་འབུལ་ལས་འགུལ་དང་། ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་རིམ་གཏན་འཁེལ་ཡོད་པ་རེད།
དེ་བཞིན། ས་གནས་ནས་རང་གཞུང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཅིག་གཏོང་གནང་ཡོང་བའི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཆེད་གཏོང་གནང་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གནམ་གྲུ་དུས་ཐོག་བསླེབས་ཡོད་ཀྱང་། ཁོང་གིས་པུ་ནའི་ལས་འགུལ་གོ་སྒྲིག་པ་ལ་ཁ་པར་བཏང་སྟེ་གནམ་གྲུ་ཕྱིར་འཐེན་ཤོར་བས་ཁོང་ཉིད་ཡོང་མ་ཐུབ་ཚུལ་བརྗོད་འདུག
ལས་འགུལ་གོ་སྒྲིག་པས་ཕྱི་ཚེས་ ༡༤ ཉིན་གྱི་ཟས་བཅད་ངོ་རྒོལ་སྐབས་རྒྱ་གར་གྱི་སྐུ་མགྲོན་གལ་ཆེན་ཁག་ཅིག་ཡོད་པས་ངེས་པར་ཕེབས་ཐུབ་རྒྱུར་རེ་སྐུལ་ཞུས་པས། ཕྱི་ཚེས་ ༡༣ གྱི་དགོང་མོ་ཀརྨ་ཆོས་འཕེལ་ལགས་པུ་ནར་འབྱོར་ཐུབ་ཡོད་པ་དང་། འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག་ལ། དགོང་མོ་དེར་མུ་མཐུད་དུ་ཨ་རག་འཐུང་སྟེ་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས་ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོ་རང་སྒེར་ངོས་ནས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་འཁྱར་འཁྱོར་ངང་ལས་འགུལ་སྤེལ་སར་བསླེབས་ཡོད་འདུག
རྒྱ་གར་སྐུ་མགྲོན་སོགས་ཀྱིས་རང་གཞུང་གི་སྐུ་ཚབ་ཡིན་པར་ཧ་ཅང་གི་དགའ་མོས་ཀྱིས་ཕེབས་བསུ་བྱས་ཡོད་ཀྱང་། ཀརྨ་ཆོས་འཕེལ་ལགས་ཀྱིས་གཞུང་འབྲེལ་སྐུ་ཚབ་ཀྱི་གཏམ་བཤད་གནང་རྒྱུ་སོགས་ཞོག བཟི་གཏམ་འདྲ་མིན་དང་འཆལ་སྤྱོད་མང་དག་ཅིག་འཁྲབ་པར་བརྟེན་ལས་འགུལ་གོ་སྒྲིག་པ་ཚོས་ཨུ་ཚུགས་ཀྱི་ཁོ་རང་ཕྱིར་བསྡད་སར་བསྐྱལ་བ་རེད།
འདིའི་སྐོར་ལ་འབྲེལ་ཡོད་ལས་འགུལ་གོ་སྒྲིག་པ་དང་མཉམ་ཞུགས་པ་ཁག་ཅིག་ལ་སྐད་ཆ་དྲིས་པར་ང་ཚོས་རེ་བ་ཆེན་པོ་ཞིག་བརྒྱབ་ནས་དབུས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་པ་ཡིན། ཁོའི་བྱ་སྤྱོད་ཀྱིས་དེར་ཡོད་ལས་འགུལ་བ་ཚང་མར་བློ་ཕམ་དང་ཁོང་ཁྲོི། ངོ་ཚ་ཆེན་པོ་བསླངས་སོང་བས་མ་འོངས་པར་མི་དེ་ལྟ་བུ་བོད་དང་། བོད་གཞུང་གི་སྐུ་ཚབ་ཏུ་གཏོང་ མི་ཉན་པའི་འབོད་སྐུལ་ཞུ་བཞིན་ཡོད་ཟེར།
Comments on “སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་འདུག”
Comments are closed.
ངོ་མ་སྤྱི་བའི་ལས་དོན་ལ་འགན་མ་ཁུར་བ་ཐེངས་གཅིག་མིན། སྔོན་མ་སྤར་སིལ་ནས་འཚོགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ལའང་ཆང་གིས་བཟི་སྟེ་བཅར་ཐུབ་མེད། ངོ་ཚ་མེད་པའི་མི་འདི་ད་རུང་གྲོས་ཚོགས་ནང་ན་འདུག་ད་རུང་རྒྱུན་ལས་རེད་འདུག ད་གང་འགྱོགས་རབ་བྱུང་ན་སྤྱི་འཐུས་ནས་རྩ་དགོངས་ཞུ་རོགས་དེ་མིན་ན་རྒྱུན་ལས་ནས་མར་གཡུགས་རོགས།
སྤྱི་འཐུས་འདི་ཚོའི་གྲས་ད་ཐབས་མེད་ཀི།
ད་རེ་སྐུ་ངོ་བློ་སྦྱིན་གྱིས་བཤད་པར་གནས་ལུགས་འདུག མི་རེ་ཟུང་གི་བཤད་སྟང་ལ་བརྟག་ན་གནོང་ཞིག་འདུག དེ་མཐོ་རིམ་དཔོན་རིགས་ལས་མང་ཁྲོད་དུ་མེད་པར་སྨྲ་མཁན་དེ་དག་ལ་གཟབ་དགོས་བར་སྣང་། གང་ཡིན་ཞེས་ན། ཁོ་བ་ཚོས་ག་དུས་ཡིན་ནའང་མཐོ་རིམ་ཞེས་བ་ནི་༧གོང་ས་མཆོག་ལ་གཟས་ཀྱིན་པ་གསལ། དེ་ག་རེ་བསྟན་གྱིན་འདུག་ཞེ་ན། ༧གོང་ས་མཆོག་དང་མི་མང་གི་བར་ལ་བསམ་བཞིན་འགལ་ཟླ་བཟོ་བཞིན་པ་དུས་བབ་ཚང་གི་ཟིན་བྲིས་སུ་ཁོ་ཚོས་ཡང་ཡང་བཀོད་ཡོད། ད་དུང་ཁོས་༧གོང་ས་མཆོག་ལ། སྒོས་སུ་བཙན་བྱོལ་དུ་མང་མོས་བརྩི་བཀུར་མི་བྱེད། ཅིས་པ་ལ་སོགས་པ་བོད་མི་ཕར་ཆེ་བའི་སེམས་སུ་དུག་གི་མཚོན་ཆས་བསྣུན་པ་ལྟ་བའི་ན་ཟུག་བསླངས། འདི་དག་རྒྱ་གུང་བྲན་གྱིས་ཆར་གཞི་ལྡན་པའི་ལས་ཀ་ཞིག་ཡིན་པ་གསལ་བོ་རེད། ཚང་མས་གཟབ་གཟབ་བྱོས། སྤྱི་སྟང་གསར་ལམ་ཁག་དུའང་ཚད་རྒལ་གྱི་རྙོག་བྲ་འདིའི་རིགས་ཚད་བཀག་བྱེད་དགོས་པ་ལས་དེ་མི་བྱེད་པར་བཏོང་རྐྱང་བྱེད་པ་དང་། དེར་དྲང་བདེན་གྱི་རྒལ་ལན་རེ་སྤེལ་ཚེ་དེ་འགོག་རྐྱང་བྱེད་ཀྱིན་པར་བརྟག་ཚེ་དངོས་གནས་མགོ་རྙོག་འགྲོ་བ་ཞིག་རེད། ཚང་མས་འདིར་བསམ་གཞིགས་རེ་གནང་རོགས་ཞུ།
ཀརྨ་མ་ཆོས་འཕེལ་གྱིས་ནོར་འཁྲུལ་རི་འདྲ་བ་ཞིག་བཟོས་ཕྱིར། དབུས་གཙང་ཆོལ་ཁོངས་ནས་མངའ་རིས་སྐྱིད་སྡུག་ཚོགས་པར་མགོ་བཏགས་འདྲ་ཞིག་ཞུས། ཡང་དེ་རུ་རེ་བ་བྲལ་བ་ཏེ་རྟོགས་ཏེ་བཀའ་བརྒྱུད་སྤྱི་འཐུས་ནང་འཛུལ་བ་ཡིན་སྟབས། ཁོ་རང་ཉིད་མ་གཞི་ནས་ངོ་ཚ་དང་མི་གཞི་མེད་པའི་སྤྱི་མིའི་མིང་ཙམ་ཁྱེར་མཁན་ཡིན་པ་ཚང་མར་གསལ་ཡང་། ཁོ་ད་དུང་སྤྱི་འཐུས་གྲོས་ཚོགས་ནས་འཕུད་མ་ཐུབ་པ་ནི་བཀའ་བརྒྱུད་པའི་འོས་འཕེན་པ་རྣམས་ཀྱི་སྐྱོན་ལོས་ཡིན། འོས་འཕེན་མཁན་གྱིས་བརྟག་དཔྱད་སྔོན་དུ་མ་སོང་བའི་སྐྱོན་ཡིན་སྟབས། མ་འོངས་པར་འདི་ལྟ་བུའི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཞབས་འདྲེན་རིགས་ལ་གང་དུ་སོང་ན་དེ་རུ་ལམ་ཡོད་པའི་གནས་སྟངས་འདི་མེད་པ་བྱ་དགོས་ཀྱི་འདུག་གོ། །
ཀརྨ་ཆོས་འཕེལ། གྲོས་ཚོགས་ཀྱི་ནང་དུ་ཕར་ཞོགས། གྲོས་ཚོགས་ཀྱི་སྒོ་འགྲམ་དུའང་སླེབས་མ་ཐུབ་པ་ཤིག་བཟོ་དགོས་འདུག འདི་ལ་བཀའ་རྒྱུད་རྣམས་ཀྱིས་ཐུགས་བསམ་ཞིབ་ཏུ་གནང་ན་ཡག་གི་མ་རེད་པས། ད་ཚོད་འཛིན་བྱས་ན་ཡག་པོ་འདུག
དུས་ཚོད་གལ་ཆེ་བའི་སྐབས་སུ་ཀརྨ་ཆོས་འཕེལ་གྱིས་འདི་ལྟར་བྱེད་ཀྱིན་འདུག་་་ཁོས་སུ་ལ་ཀྱག་ཀྱག་བྱེད་ཀྱིན་ཡོད་པ་རེད།
ཡིན་ངེས་རེད།ཆོས་བརྒྱུད་ཆེན་པོ་བཀའ་བརྒྱུད་ཚང་གིས་དབུས་གཙང་གི་གད་སྙིགས་ནང་ནས་བླངས་བ་རེད།ངོ་མ་སྐྱོ་གི་ཡཱ།ངའི་གཞི་ལུས་མི་མང་།ཤ་དང་ཁྲག་གི་འགྲོ་སོང་གཏོང་བཞིན་པའི་ཁྱོད་ཚོ།
འདི་ན་བོད་མི་རིགས་ཀྱི་བླ་འཚོང་བཞིན་པའི་མཐོ་རིམ་དཔོན་རིགས་རེ་ཟུང་།བཀའ་བརྒྱུད་ཚང་ལ་མི་ཟད་པ་འེ་རེད།ཨ་ཁ་ཁ་ངོ་མ་སེམས་སྐྱོ་གི
བཀའ་བརྒྱུད་ཚང་ལ་མི་ཟད་པ་མི་ཤས་ཆེ། ཡིན་ནའང་ཁྱེད་རང་ཚོ་སྒེར་གྱི་འཁོན་འཛིན་གྱིས་རྙོག་དྲ་དེ་དག་སྤྱི་པའི་སྟེང་སྤུངས་ཀྱང་དང་། བཀའ་བརྒྱུད་པ་ལ་ཟུར་ཟ་བྱེད་ཀྱང་བྱེད་པ་དེ་འོས་ཤིང་འཚམ་པ་མ་མཐོང་། གཞི་ལུས་རྒྱ་ཆེའི་མི་མང་གིས་གདོང་ལེན་དང་འབད་རྩོལ་ཇི་ཙམ་བྱེད་ཀྱི་ཡོད་པ་ཁྱེད་ཚོ་མི་རེ་ཤས་ནས་བཤད་དགོས་དོན་ཆུང་། འཛམ་གླིང་ནང་ཡོངས་གྲགས་དང་དེ་ཆོས་བརྒྱུད་ཚང་མའི་འགན་མཉམ་འཁུར་གྱི་ཕྱག་ལས་གནང་དང་གནང་བཞིན་པ་རེད་ལ། ཁུར་ཀྱང་ལོས་ཁུར་དགོས་སྤྱི་པའི་བདེ་དོན་ཡིན་པས་སོ། ཁྱེད་ཚོ་མ་འཕྱུགས་དང་། ང་ཚོ་ཆོས་བརྒྱུད་ཚོ་མི་འཕྱུགས།
འོ་ད་མི་འདི་འདྲ་ཡང་བསྐྱར་སྤྱི་འཐུས་ནང་ལ་སླེབས་ཡོད་པའི་རྙོག་དྲ་ཆེན་པོ་ཞིག་སློང་རྒྱུྰའི་གོ་སྐབས་ལ་སྒུག་བསྡད་ཡོད་པ་རེད། ད་ཐེངས་ར་བཟི་བའི་དོན་འདི་ད་རུང་ཆུང་ཆུང་རེད་བསམ། ཆུ་མ་ཡོང་གོང་ལ་རགས་དང་དགྲ་མ་ཡོང་ལ་དོགས་ཟེར་བ་ལྟར་ད་ཁོ་རང་སྤྱི་འཐུས་ར་བ་ནས་རྒྱང་ཕུད་གཏོང་ན་དགའ་ནི་རེད་ཡ་བཀའ་བརྒྱུད་པ་ཚོ། མ་གཞི་བཀའ་བརྒྱུད་པའི་རྣམ་འབྱོར་བ་ཚོའི་ཆང་རེ་འཐུང་ནས་མགུར་རེ་བཞེངས་སྲོལ་ཡོད་པའི་ཀརྨ་ཆོས་འཕེལ་འདི་རྣམ་འབྱོར་བ་ཞིག་ཡིན་ས་རེད། ཧཧཧ
བཀའ་བརྒྱུད་པའི་རྣལ་འབྱོར་པས་ཆང་འཐུང་ཡང་སངས་རྒྱས་ཡོད། ཁྱོད་རང་ཆང་རག་མ་འཐུང་ཀྱང་འཁོར་བར་འཁྱམས་ནས་བསྡད་འདུག་ད། ཧ་ཧ།
བཀའ་བརྒྱུད་ཚང་ལ་མི་ཟད་ཐེབས་པ་རེད། ལྟོས་དང་ལྟས་ངན་ཀརྨ་ཆོས་འཕེལ་དབུས་གཙང་གིས་ཕྱིར་ཕུད། དགེ་ལེགས་པས་ཕྱིར་ཕུད། ཁམས་པས་ཕྱིར་ཕུད།མཐའ་མ་འགྲོ་ས་འདུག་ས་མ་བརྙེད་པར། བཀའ་བརྒྱུད་པར་ཞུ་བ་ཐེན་སྐབས། བཀའ་བརྒྱུད་པའི་མི་བསམ་མེད་ཀླད་མེད་ཚོས་བདག་པོ་བརྒྱབ་པ་རེད།
བཀའ་བརྒྱུད་པ་འདི་ཕུང་པའི་རྒྱུ་མི་དེས་བྱེད་ཀྱི་རེད་ལྟོས་ཨང་།
མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་མཛེར་མེད་རྒྱ་རྫོང་ནག་ནས་མེད།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལྟ་བའི་མེ་ལོང་དགོས།
ལས་བྱེད་པ་ཚོས་ཆང་འཐུང་དགོས་ན། དགོང་དྲོ་ལས་ཀ་ཚར་ནས་འཐུང་དགོས་རེད། བོད་རིགས་ལས་བྱེད་རྗེས་ལུས་པ་ཁྱེད་ཚོའི་དེ་ཡང་མི་ཤེས་ན། བཅའ་ཁྲིམས་ནང་ལ་བཀོད་ནས་ཞོགས། ཧ་ཧ་རྩེད་མོ་ཡིན་གདའ།
ང་ཚོ་བོད་མི་ཚང་མའི་སྐྱོན་བརྗོད་བྱེད་དགོས་ན་དོན་གོ་ཆུང་། དེ་ལས་སྤྱི་པའི་ལས་ལ་འཐུས་ཤོར་མེད་པར་གནང་ན་མི་ལེགས་སམ། བཀའ་བརྒྱུད་པ་ཚང་མ་ཀླད་མེད་དང་། ཁྱོད་མི་གཅིག་ཀླད་ཡོད་ཡིན་པ་ངོ་མཚར་ཆེ། ཧ་ཧ།
གོང་ས་ལྔ་པ་ཆེན་པོས། བཀའ་བརྒྱུད་རྨུས་ལོང་ཕྱུ་གཅིག་ལ། །པདྨ་དཀར་པོ་ཕུར་རོན་ཙམ། གསུང་འདུག་པས། ཕུག་རོན་དེ་བསམ་པ་ཁྱོད་ཡིན་ཤས་ཆེ། ཧ་ཧ།
དགོངས་དག ཕུར་རོན་ཞེས་པ་དེ་ཕུག་རོན་ལ་བསྒྱུར་རོགས་མཛོད།
བཀའ་བརྒྱུད་དམུས་ལོང་ཁྱུ་གཅིག་ལ།། པདྨ་དཀར་པོ་ཕུག་རོན་ཙམ།།
ངོ་མ་ཐབས་སྐྱོ་བོ་རེད་སྐད་ཆ་དེ་ཚོ་བདེན་ན་་་་བཀའ་བརྒྱུད་དང་མང་ཁུལ་གྱི་སྐད་ཆ་དེ་འདྲ་མ་རེད་ཁོང་གི་སྔོན་མ་ག་རེས་ཅེས་ཡིན་རྗེས་སུ་སྤྱི་ཚོགས་ཁང་ནས་ག་རེས་ལབ་སོང་་་ད་ལྟ་ཡང་་་་་་་ངོ་མ་ང་ཚོ་མི་འདི་ལྟ་བུ་རེ་མི་མེད་སོང་བ་རེད་དམ་ཡང་ན་གནད་དོན་གཞན་ཞིག་ཡོད་རེད་
སྤྱི་འཐུས་ཚོགས་ཁང་ནས་་་་་ནོར་བཅོས་སུ་
ར་བཟི་ཞེས་ལབ་ན་འཛམ་གླིང་ཀུན་ཏུ་མི་ངན་དུ་བརྩི་བཞིན་ཡོད། ཀརྨ་ཆོས་འཕེལ་ཀརྨ་རྒྱུད་ཀྱི་སྤྱི་འཐུས་སུ་དམ་འབུལ་ཞུས་ནས་ཟླ་གཅིག་ཙམ་ཡང་མ་སོང་བར་བོད་སྤྱི་བའི་ལས་དོན་སྣང་མེད་དུ་བཏང་ནས་ར་བཟི་སྐྱུ་གོང་ཤོད་བཞིན་པ་ལ་བལྟས་ན་མི་དེ་ལ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཡ་རབས་བཟང་སྤྱོད་མེད་པ་གསལ་པོ་རེད།
ཞབས་འདྲེན་མ་རབས་ཐ་ཤལ་མི་ངན་ངོ་ཚ་མེད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་ས་ཡ་དྲུག་ལ་ངོ་མི་ཚ་ངམ། ཁྱེད་རང་དང་པོར་བཀའ་རྒྱུད་ཀྱི་སྤྱི་འཐུས་སུ་ལངས་སྐབས་ཉུང་མཐར་ཡང་བཀའ་རྒྱུད་ཀྱི་སྤྱི་མི་ཞིག་བྱ་རྒྱུའི་དམ་བཅའ་བཞག་པ་མ་ཡིན་ནམ། ད་བཀའ་རྒྱུད་ལ་ཡང་གདོང་བསྟན་ནུས་པ་འདུག་གམ།
ཀརྨ་ཆོས་འཕེལ་ར་བཟི་ཞེས་པའི་གསར་འགྱུར་འདི་དངོས་གནས་ཡིན་ན་ཁོས་སྐབས་དེར་སྐད་ཆ་ཅི་ཞིག་བཤད་ཡོད་མེད་ཐད་གསལ་བཤད་བྱས་ན་ཡག་པོ་འདུག་
གང་ལྟར་བདེན་རྫུན་ཇི་ལྟར་ཡང་ངོ་མ་གནས་ཚུལ་ཐབ་སྐྱོ་བོ་བྱུང་འདུག་མ་ཟད་དེར་ཡོད་བའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ལ་བློ་ཕམ་བྱུང་ཡོད་པ་དངོས་ཡོད་རེད། ང་ཚོའི་སྤྱི་འཐུས་ཟེར་དུས་རིན་ཐང་ཅན་ཞིག་ཏུ་བརྩི་བཞིན་ཡོད་ན་འང་འདི་འདྲ་བྱས་ན་སུ་ཞིག་གི་ཡིད་ཆས་དེ་བདེན་པ་ཡིན་མིན་གསལ་བོ་བཟོ་དགོས་པ་ཞིག་ཡིན་པ་མ་ཟད་གལ་སྲིད་དེ་འདྲ་བདེན་ན་རྗེས་སུ་མི་འདི་འདྲ་ལས་འགུར་ནང་དུ་མཉམ་བཞུགས་བྱས་ན་ཕན་པ་ལས་གནོད་པ་ཡོང་རྒྱུ་ལས་མེད་པས་དེ་ལ་སྤྱི་འཐུས་ཚོས་བསམ་བློ་བཏང་དགོས་པ་ཞིག་མ་ཡིན་ནམ།
སྐོ་ངོ་ཀརྨ་ཆོས་འཕེལ་གྱིས་ཡང་བསྐྱར་གནམ་གྲུའི་ནང་གི་ཆང་འཐུང་ནས་ར་བཟི་བ་ཁོང་གི་ནོར་འཁྲུལ་ཆེན་པོ་ཐེངས་གཉིས་པ་དེ་རེད། དེ་ཁོང་གི་ནོར་འཁྲུལ་རེད་ལ། ཁོང་མི་སྒེར་བའི་གཙང་སྤྱོད་འཆལ་བོ་དེ་ཕྱིར་མངོན་པ་ཐེངས་གཉིས་པ་དེ་ཡང་རེད།
འོན་ཀྱང་སྐབས་འདིར་དྲ་གྲོགས་མང་པོ་ཞིག་གིས་ཆོས་རྒྱུད་ལ་འཇུས་ནས་སྐད་ཆ་བཤད་ཀྱིན་འདུག་དེ་ཡག་པོ་མ་རེད། ཆོས་ལུགས་ཞེན་ཁོག་གི་དུག་ཁ་དེ་རང་གི་བློ་ངོས་ནས་གཙང་འཁྲུ་བྱོས་ན་ལེགས། ཀརྨ་ཆོས་འཕེལ་གྱིས་ཆང་འཐུང་ནས་བཟི་བ་རེད་མ་གཏོགས་བཀའ་རྒྱུད་པས་ཆང་འཐུང་ནས་བཟི་བ་མ་རེད། ཀརྨ་ཆོས་འཕེལ་ཁོང་བཀའ་རྒྱུད་སྤྱི་འཐུང་ཡིན་རུང་ཆང་འཐུང་བ་དེ་མི་སྒེར་གྱི་གནད་དོན་ཞིག་ཡིན་པས་ན། བཀའ་རྒྱུད་ཀྱི་ཆོས་རྒྱུད་སྐད་ཆ་དེ་ཚོ་འདིར་བྱུང་རྒྱལ་དུ་མ་གཡུག་ན་བཟང་གི་སྙམ། འདི་རེ་བ་ཡིན། གཞན་བཀའ་རྒྱུད་ལྐུག་པ་ཡིན་མིན་དང་མི་ཟད་སོང་ཡོད་མེད་སོགས་བཤད་ན། ཀརྨ་མ་ཆོས་འཕེལ་བོར་ཏེ་ཆོས་རྒྱུད་རྩོད་གླེང་གི་འགོ་འཛུགས་ཀི་རེད། དེ་ནས་གསར་གནས་འདིའི་བརྗོད་བྱ་དང་ཡང་རིང་དུ་གྱེས་སོང་བར་སྙམ།
གཅན་བཟོད་རྒྱམ་ལགས་ཀྱི་གསུང་པ་དེ་རྒྱབ་སྐྱོར་ཡོད་
མཆན་འབྲི་མཁན་ནང་ཆང་རག་མཐུང་མྱོང་མཁན་དང་ར་ཟིར་མྱོང་ཡོད་མཁན་ཏན་ཏན་ཡོད་སྲིད་ཁྱོད་ཚོས་བྱས་ན་དགོངས་དག་ཆང་རག་མཐུང་ནས་ཉིན་གུང་ཚོུད་ ༡༢ ཡོལ་ཙམ་ར་བཟི་སྡོད་ཀྱི་ཡོད་དམ། གསར་འགོད་པས་ཀྱང་ཟབ་ཟབ་གནང་དགོས་སྙམ། གསར་འགོད་པས་གསུང་༼ཕྱི་ཚེས་ ༡༣ གྱི་དགོང་མོ་ཀརྨ་ཆོས་འཕེལ་ལགས་པུ་ནར་འབྱོར་ཐུབ་ཡོད་པ་དང་། འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག་ལ། དགོང་མོ་དེར་མུ་མཐུད་དུ་ཨ་རག་འཐུང་སྟེ་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས་ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོ་རང་སྒེར་ངོས་ནས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་འཁྱར་འཁྱོར་ངང་ལས་འགུལ་སྤེལ་སར་བསླེབས་ཡོད་འདུག༽ དེར་དཔྱད་པ་ཞིག་གནང་དང་། དགོང་མོ་དེར་ཁོང་གི་མཚན་གང་དང་ ཚེས་ ༡༤ ཉིན་རྒྱབ་བར་ཆང་རག་འཐུང་ཟེར་ན་བདེན་ཀྱང་། མཚན་ལ་ཆང་འཐུང་ནས་ཉིན་རྒྱབ་བར་གཉིད་ནས་སྡད་པ་གསལ་པོ་བྲིས་འདུག ད་དུང་ར་མ་དྭངས་པ་ཡོང་སྲིད་དམ། འོན་ངེད་རང་ཆང་རག་འཐུང་མ་མྱོང་ཡང་ཆང་རག་འཐུང་མཁན་དང་ར་བཟི་བ་མང་པོ་མཐོང་བས་དེ་འདྲ་རང་ཨ་ཡིན་སྙམ་པའི་འཚོ་བ་ཞིག་བྱུང་། འོན་ཀྱང་ཀརྨ་ཆོས་འཕེལ་གྱི་ཀུན་སྤྱོད་ནི་བཙན་བྱོལ་བོད་མི་ཚང་མས་ཤེལ་གསལ་ཡིན་ཀྱང་སྤྱི་འཐུས་ལ་སླེབ་པ་ནི་དེ་སྔ་ནས་ཡ་མཚན་སྐྱེས་བྱུང་།
གྲོས་ཚོགས་ནས་ངེས་པར་ཁྲིམས་ཆད་གཏོང་དགོས་་་་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་་་་་མི་དེ་ཚོ་བོད་པའི་ཞབས་འདྲེན་རེད།།།
གཅན་གཟོད་རྒྱམ་གྱི་༢༢པ་ལ་རྒྱབ་སྐྱོར་ཡོད། བཀའ་བརྒྱུད་པའི་འོས་ཤོག་སྡུགས་ས་ནོར་ཡང་་་ བཀའ་བརྒྱུད་པས་ཆང་འཐུང་ནས་ར་བཟི་བ་དང་། བཀའ་བརྒྱུད་པས་རང་བཟི་ནས་མི་ཚོགས་ནང་ལ་གཏམ་བཤད་བྱས་པ་མ་རེད། དེ་མིན་ན་སྤྱི་འཐུས་ཀྱང་ར་བཟི་ནས་བོད་སྒྲུབ་བཞིན་པ་ཐལ་བ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱང་ར་བཟི་ནས་གཞིས་བྱེས་བོད་མིའི་ལས་འགུལ་བརྩམས་པར་ཡང་ཐལ་བ་དང་། བོད་མིས་ཀྱང་ར་བཟི་ནས་གཏམ་བཤད་བྱས་པ་ཐལ་ལོ། །བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ར་བཟི་ནས་གཏམ་བཤད་བྱས་པ་ཙམ་གྱིས། བཀའ་བརྒྱུད་པས་ར་བཟི་ནས་བྱས་པ་ཐལ་ན། མཆན་བུ་འབྲི་མཁན་ཚོས་ཀྱང་ར་བཟི་ནས་མཆན་བུ་བྲིས་པ་ཙམ་མ་ཟད། ང་ཚོ་མཆན་བུ་ཚོ་ཡང་རྒྱ་གར་པུ་ནྰའི་གྲོང་འཁྱེར་དུ་ར་བཟི་ནས་གཏམ་བཤད་བྱས་ཐལ་ལོ། མགྱོགས་མྱུར་ཆང་ར་དྭངས་བའི་སྨན་རྩིས་ཁང་ནས་སྨན་ཅིག་གསར་བསྐྲུན་བྱས་ནས་ལས་བྱེད་པ་དེའི་ལག་ཕེད་ནང་ལ་བསྐུར་དགོས་པའི་བཅའ་ཁྲིམས་བཟོས་ན་མི་ལེགས་སམ། ཧ་ཧ་ཀུ་རེ་དང་བཅས། ར་དུས་ཐོག་ཏུ་དྭངས་གྱུར་ཅིག
མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆ༷ང་དང་མཚན་མོར་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བས་དེ་དྲུག་སྤོངས། །ཞེས་གསུངས་པ་དེ་ཉམས་སུ་ལོངས་ཤིག སྤྱི་འཐུས་ལགས།
མི་སྒེར་པ་ཞིག་གིས་སྒེར་དོན་དུ་ཆང་བཏུང་ནས་ར་བཟི་བཤད་ན་མི་དེ་ མ་རབས་སུ་འགྲོ་ཡང་སྐུ་ངོ་ཁོང་སྤྱི་དོན་དུ་མཆོད་ཆང་བཞེས་ནས་ར་བཟི་ཅུང་བཤད་པ་ལ་སྐྱོན་ཅི་ཞིག་ཡོད་ དེ་རིང་ཁ་སང་བོད་ནང་དུ་སྤུན་ཟླ་མང་པོ་ཞིག་རྒྱ་མིས་བརྩོན་འཇུག་དང་ཉེས་སྡུང་ཚད་མེད་བྱས་པར་བརྟེན་ ཁོང་ཐུགས་སེམས་མི་སྤྲོ་བའི་དུས་རེད་མི་འདུག་གམ གལ་ཏེ་ཁོང་སྤྱི་དོན་ལ་སེམས་ཁུར་ཡོད་མཁན་ཞིག་མིན་ན་དབུས་གཙང་ཆོས་ཁས་ཉི་ཤུ་དགུའི་གླུད་ལྟར་འཕངས་ཀྱང་ བཀའ་བརྒྱུད་ཆོས་ལུགས་ལ་གསེར་བརྙེད་པ་ལྟར་དུ་ཇི་ལྟར་འགྱུར དེས་ན་ར་བཟི་ཞིག་གལ་ཆེའི་ལས་འགུལ་གྱི་སྐུ་མགྲོན་དུ་འབོད་མཁན་་ཚོ་ནི་ བོད་ཀྱིགཏམ་དཔེར་ གསོལ་བ་སྐུབ་བཏབས་ན། ཡོང་རྒྱུ་སྐྱག་པ་ལས་མེད། ཅེས་པའི་གོ་བ་མི་ལོན་པ་ཙམ་དུ་ཟད་དོ།།།
གསོལ་བ་རྐུབ་ལ་ ་ཞེས་བཅོས
མ་རབས་ཀྱི་ཞབས་འདྲེན་རེད། ཀརྨ་ཆོས་འཕེལ་གྱིས་གྲུབ་མཐའ་ཀརྨ་བཀའ་བརྒྱུད་དང་བོད་སྤྱི་པའི་བླ་བཙོང་རེད། གནམ་གྲུའི་ནང་གི་ཆང་འཐུང་ནས་ར་བཟི་བ་དེ་ནོར་འཁྲུལ་ཆེན་པོ་རེད། ཡིན་ན་ཡང་ཁ་བརྡ་དྲ་བས་ཁྲིམས་དང་དངོས་སུ་འགལ་བ་རང་གིས་བཟོས་པ་རེད། ཁ་བརྡས། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཞེས་བཤད་ནས་རྩོད་གཞི་གསར་འགྱུར་བཀོད་ན་མཆན་མི་འབྲི་ན་ཅི་ཞིག་བྱ། སྒེར་པ་ཟེར་བ་འདི་ཚོ་ལས་ཆེ་བ་ཅི་ཞིག་ཡོད་དེ་ཡོད་མ་རེད། ནམ་ཞིག་ཀརྨ་པ་ར་བཟི་ན་བཀའ་བརྒྱུད་པ་མ་རེད་ཀརྨ་པ་ཁོ་རང་རེད་ཟེར་རྒྱུ་རེད། ཀརྨ་པས་རྡོ་རྗེ་གདན་ནས་ཀརྨ་ཆོས་འཕེལ་མངའ་གསོལ་ཁྲི་འདོན་བྱས་པ་མཚུར་ཕུ་བླ་བྲང་གི་བརྗེད་པ་མིན་ནམ། ཟླ་བ་དྲུག་བདུན་ལས་སོང་མེད། མིའུ་འདི་རིགས་ལ་རུས་པ་མེད་པ་ཤིག་རེད། རང་དོན་ཕུགས་སུ་གཉེར་ལྷག་བསམ་ཁ་ལ་ཁྱེར་བ་ཚོ་ལ་འདི་ལས་མཐའ་རྒྱུ་གཞན་མེད་པས་ཤེས་པར་མཛོད་ཅིག་གུ །
དྲ་གྲོགས་ཚོ་ད་ང་ཚོ་བོད་པ་ཚང་གི་བསོད་ནམ་ཟད་པའི་རྟག་རེད་
ཐུག་པ་ར་བཟི་མི་དེ་ལྟ་བུ་ཡང་སྤྱི་འཐུས་ལ་སླེབ་པ་རེད་མ་ཟད་སྔོན་འགྲོའི་འོས་སྡུའི་སྐབས་ར་ཟི་དེའི་འོད་ཀྱི་གྲངས་ཚད་མཐོ་པོ་རེད་འདུག་བཀའ་རྒྱུས་སྤྱི་མཐུས་ཨང་གཉི་པ་དང་དགེ་ལུགས་སྤྱི་མཐུས་ཨང་གསུམ་པར་རེད།
ཐུག་པ་ར་བཟི་དེའི་བྱ་སྤྱོད་ལ་འོས་ཤོག་བླུག་མཁན་དེ་ཚོས་ཐུགས་བསམ་ངེས་པར་དུ་བཞེས་དགོས་ཀྱི་འདུག།
http://www.youtube.com/watch?v=h5QD53EY9hw
ལི་ལུ་ཤོར་རྒྱབ་ཀར་ཁུང་རེད་ཟེར་པའི་དཔེ་ལས་མ་འདས། ད་ང་ཚོས་ཀརྨ་ཆོས་འཕེལ་གྱི་སྐྱོན་མི་བཤད་པར་རྗེས་ཕྱོགས་ཁོ་ལེགས་ལམ་དུ་བསྐྱོད་པར་ཐབས་ཤེས་ག་རེ་བྱེད་དགོས་རེད། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་བཀའ་རྒྱུད་དབུས་རྒྱུན་གཉིས་ལ་མང་ཚོགས་ནས་རེ་བསྐུལ་ཞུས་སྟེ་ཁོ་ལ་དཀོན་མཆོག་དབང་བཙུགས་བྱེད་བཅུགས་ནས་ཨ་རག་བཅད་འཇིགས་དགོས་པ་མ་གཏོགས་མ་འོངས་པར་ཆགས་སྒོ་རེ་ཡོང་མི་སྲིད་པ་མ་རེད་སྙམ། གོ་ཚོད་ཡིན་ན་ཁོང་གིས་ཆང་རྒྱུན་འཐུང་མ་གནང་ན་ན་ཚས་དཀའ་ངལ་ཡོད་རབས་ཟེར། དེ་འདྲ་ཡིན་ན་ངོ་མ་ཁག་མེད་པ་འདྲ་བོ་ཞིག་རེད། གང་ལྟར་གཞུང་ཞབས་པ་གཅིག་ཡིན་ན་ལས་ཀའི་སྐབས་སུ་ཆང་འཐུང་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་འདུག་པས་ག་འདྲ་གནང་ན་ཡག་ས་རེད།
ཁ་སང་བོད་ཀྱི་དུས་བབ་ནས་གནས་ཚུལ་འདི་མཐོང་སྐབས། སྐྱོན་བརྗོད་གཅིག་བྱེད་དགོས་བསམ་ནས་ལག་པ་འགུལ་ཚར་བ་ཡིན། འོན་ཀྱང་བསམ་བློ་ཞིག་གཏོང་དུས་ང་ཚོའི་རྩོམ་ཡིག་དང་མཆན་འབྲི་མཁན་ཚོས། བོད་གཞུང་གི་ལས་བྱེད་ཞིག་གིས་ནོར་འཕྲུལ་ཅུང་ཟད་གཅིག་ཤོར་བ་མཐོང་ན་ལམ་སང་ཚང་ཁ་ཤིག་ཤིག་གིས། གནམ་རྡིབ་པ་དང་། ས་རལ་སོང་བ་ལྟར་དུ་ཧང་སང་མདོག་གིས་སྐྱོན་བརྗོད་ཁ་མིན་སྣ་མིན་བྱེད་ཅིང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་ལ་མ་དྲངས་བའི་གཙན་གནོན་དང་གདུག་རྩུབ་ཇི་ལྟར་གཏོང་ཡང་ཡ་མཆུ་ལས་རླངས་པ་འཐུལ་ཕོད་མཁན་ཉུང་ཉུང་ཡིན་པའི་ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་འདི་ཚོའི་བྱེད་བབ་ལ་བསམ་བློ་གཏོང་དུས་དཀར་མ་ཆོས་འཕེལ་ལ་སྐྱོན་བརྗོད་བྱེད་འདོད་ཀྱི་བློ་དེ་རང་འགག་ཏུ་གྱུར་སོང་།