ཐེ་བོ་ཤེས་རབ་རྒྱ་མཚོ།
ཨ་ཁ་ཁ། ལྟས་ངན། ད་ལྟ་དྲ་ཐོག་གི་མི་ཁ་ཤས་ཀྱིས་སྐུ་ངོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་བ་འདི་དགེ་མཚན་ལྟ་བུར་ངོམ་སོ་བྱེད་ཀྱིན་འདུག
ཡིན་ཡང་ངས་ད་ལྟ་ཁ་གསལ་གཏིང་གསལ་བྱས་ནས་བཤད་རྒྱུ་ཞིག་ལ། ངས་བཀའ་བརྒྱུད་པའི་ཆོས་ལུགས་དང་དེ་འཛིན་གྱི་སྡེ་ལ་དམའ་འབེབ་བྱེད་ཀྱིན་མེད་ལ། དེ་བས་སྐུ་ངོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་དམའ་འབེབ་བྱེད་ཀྱིན་མེད། ངས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་དེ་ཁུར་ནས་བཤད་ཀྱིན་ཡོད། ངས་རང་ཉིད་སྙུག་འཛིན་པ་ཐབས་ཆག་ཅིག་ཡིན་པའི་འགན་དེ་ཁུར་ནས་བཤད་ཀྱིན་ཡོད། སྤྱི་འཐུས་ར་བཟི་ལ་འོས་འཕེན་མཁན་བཀའ་བརྒྱུད་པའི་གྲྭ་པ་རེད་ཟེར། འོན་ཀྱང་ཁོང་ལ་འོས་ཐོབ་ཚར་བའི་རྗེས་ཁོང་བོད་མི་མང་གི་སྤྱི་འཐུས་ཤིག་ཆགས་ཚར་བ་རེད་མ་གཏོགས་བཀའ་བརྒྱུད་པའི་སྤྱི་འཐུས་ཁོ་ན་མ་རེད།
ང་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དཔྱ་ཁྲལ་འཇལ་མཁན་གྱི་བོད་མི་ཞིག་ཡིན་པའི་ཆ་ནས་ང་ལ་སྤྱི་འཐུས་འདི་འདྲ་ཞིག་མི་དགོས་ཞེས་ངས་སྐད་གསེང་ཐོན་པོས་སྒྲོག་གིན་ཡོད།
ཉེ་ཆར་ངས་བྷེལ་འཇམ་དུ་ཡོད་པའི་ངའི་གྲོགས་པོ་རྩོམ་པ་པོ་ཞིག་ལ་སྤྱི་འཐུས་ཀྱི་འོས་གཞི་གསལ་བསྒྲགས་བྱས་འདུག་པ་དེར་ཁྱེད་ལ་རེ་བ་དང་ཚོར་སྣང་ཅི་བྱུང་ཞེས་སྐད་ཆ་འདྲི་སྐབས། ཁོང་གིས་ལན་དུ་ན་གཞོན་གསར་པ་མང་པོ་ཞིག་སླེབས་འདུག་ནའང་། ད་དུང་སྔོན་ཆད་ཀྱི་ཀླད་རྙིང་མཁྲེགས་འཛིན་པ་ཁ་ཤས་ཡོད་པ་དེ་ཚོ་ད་ལན་ཡང་བསྐྱར་སླེབས་འདུག་པར་བརྟེན། དམིགས་བསལ་རེ་བ་གསར་པ་ཅང་འཛིན་གྱི་མེད་ཟེར། ངེད་གཉིས་སྐད་ཆ་དེ་བཤད་ནས་ཟླ་ཤས་ལས་མ་སོང་གོང་ཁོང་གིས་བཤད་པའི་སྐད་ཆ་དེའི་བསྟན་དོན་ཡོངས་རྫོགས་ལྷང་ལ་བུད་སོང་།
འོན་ཀྱང་སྐུ་ངོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་ཉེས་པ་གཏན་ནས་མེད་པ་མ་ཞིག་མ་ཡིན་ཏེ། དེ་ནི་ཁོང་གིས་རང་ཉེས་ངོས་ལེན་གྱི་ཚབ་ཏུ་ལས་འགུལ་གོ་སྒྲིག་པ་ཚོར་གནམ་འོག་ལ་མི་གཤོང་བའི་སྐྱག་རྫུན་ཆེན་པོ་ཞིག་བཤད་ཡོད་པ་དེ་རེད།
ད་ལན་ངས་ཁོང་ལ་འོས་འཕེན་མཁན་ཚོར་སྐད་ཆ་འདི་ལྟར་བཤད་དགོས་དོན་ནི་སྐུ་ངོའི་སྐད་ཆ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པས་ཡིན། སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་དབུས་གཙང་མི་མང་གིས་ཁོང་གིས་གྲོས་ཚོགས་ནས་དགོངས་པ་ཞུས་དགོས་པའི་བསམ་ཚུལ་ཤུགས་ཆེར་འདོན་སྐབས། ཁོང་གིས་ང་ལ་འོས་འཕེན་མཁན་སྟོད་པ་མི་མང་ཡིན་པ་ལས་དབུས་གཙང་མི་མང་མིན་སྟབས། དབུས་གཙང་མི་མང་ལ་དེ་ལྟའི་བསམ་ཚུལ་འདོན་པའི་ཐོབ་ཐང་མེད་ཚུལ་བརྒྱུད་ལམ་ཁག་ལ་ཡོངས་བསྒྲགས་བྱས་ཡོད།
མདོ་དོན་ངས་འདི་ལྟར་བཤད་དགོས་དོན་ནི་ང་ང་རང་ལ་གཅེས་དྲགས་པས་ཡིན་ལ། ང་ང་རང་ལ་ཤ་ཚ་དྲགས་པས་ཡིན། ངས་བལྟས་བལྟས་རིག་རིག་ལ་རང་གི་མིག་མདུན་ནས་ལོ་ངོ་ལྔ་བཅུའི་རིང་མི་རབས་སྔོན་མ་ཚོས་ཟུངས་ཁྲག་དང་རྔུལ་ཆུས་བསྐྱོར་ནས་ཡོང་བའི་རང་གི་རྒྱལ་ཁབ་ཟད་པོ་འདི་ངའི་ལག་ནང་ནས་འདི་ལྟར་ལས་སླ་བོ་བྱས་ནས་གློད་མ་འདོད་པས་ཡིན།
ཁག་མི་འདུག་འདི་ཚོ་ཚང་མ་གྲྭ་པས་མ་འཇོན་འཇོན་མདོག་བྱས་པའི་འབྲས་བུ་རེད།།
༼་་་་ཁོང་གིས་ང་ལ་འོས་འཕེན་མཁན་སྟོད་པ་མི་མང་ཡིན་པ་ལས་དབུས་གཙང་མི་མང་མིན་་་་༽
ཐེ་བོ་ལགས་ ཀརྨ་ཆོས་འཕེལ་གྱིས་ ཁོ་ལ་འོས་འཕེན་མཁན་མངའ་རིས་མི་མང་ཡིན་ལུགས་བཤད་ལེ་མ་རེད་དམ་? ང་ལ་འོས་འཕེན་མཁན་སྟོད་པ་མི་མང་ཡིན་ཟེར་ལེ་དེ་བདེན་པ་ཨེ་ཡིན་།
ད་དཀའ་རྒྱུ་རེད། གྲྭ་བ་དཔོན་པོ་འཁེལ་ན་རྒྱག་རེས་རྒྱགས་རྒྱུ་རེད། སྐྱ་བོ་དཔོན་པོ་ལ་འཁེལ་ན་ར་བཟི་ནས་འདུག་རྒྱུ་རེད། དེ་ལས་རྒྱ་རྒན་ཚང་གི་ལག་འོག་ལ་རྒྱུགས་ནས་ཐུབ་ཚོད་ལ་བཟེད་བསྡད་ན་དེ་ཡག་ས་རེད་ཀོ ཕྱི་རྒྱལ་ཁབ་དག་ན་སྤྱི་བཏང་གི་ལས་ཀ་ཞིག་བཙལ་ན་ཡང་། མི་དེའི་ལོ་ཤས་སྔོན་གྱི་ལོ་རྒྱུས་རྒྱབ་ལྗོངས་སྟེ། བྱིས་པ་ལ་བཙན་གཡེམ་བྱས་མྱོང་ཡོད་མེད། ཆང་གི་ར་བཟི་གོམས་གཤིས་ཡོད་མེད། ཐ་མ་ནག་པོའི་སྐྱོན་ཡོད་མེད། དེ་དག་ལ་བརྟག་དཔྱད་བྱེད་པ་སྤྱིར་བཏང་པ་ཞིག་རེད། འོན་ཀྱང་ང་ཚོའི་སྤྱི་འཐུས་ནང་དུ་ར་བཟི་སླེབས་ན་ཡང་ཅང་བཤད་མི་རུང་པ་རེད། ཅིག་བཤད་ན་ཡང་བོད་གཞུང་ལ་ཁ་བཏང་པའི་ཁུངས་ལ་འགྲོ་རྒྱུ་འ་ཡིན་ནམ།
དྲ་གྲོགས་ཚོ་སྐྱོན་མེད་ཆང་གིས་བཟི་ན་དྭངས་རྒྱུ་ཡོད། དེ་མིན་རྒྱུ་ན་ན་ནིང་བོད་རྒྱལ་ཡོངས་ཚོགས་ཆེན་དང་། ༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བའི་སྐབས་སུ་སེར་རའི་ཡིད་དགའ་ཆོས་གླིང་འགྲོན་ཁང་དུ་སྤྱི་འཐུས་ཆོགས་གཙོ་སྔ་ཕྱི་གཉིས་དང་། ཚོགས་གཞོན་གསུམ་ག་ཆང་གིས་བཟི་ནས་ཞབས་འདྲེན་བཞག་པ་མགྲོན་ཁང་ཞབས་ཕྱི་བ་ཚོས་དངོས་མཐོང་ལག་ཟིན་རེད། འོན་ཏེ་དེང་སྐབས་ཀརྨ་ཆོས་འཕེལ་ལས་གཞན་དྲ་གྲོགས་ཚོས་གསུངས་པར་གཞིགས་ན་རྣམ་གཉིས་དྭངས་ཟིན་པ་འདྲ། ཧཧཧཧཧཧཧཧ
དེ་ལས་རང་ཉིད་ཞེན་ཁོག་གིས་གཟིར་བ་དེ་ལས་དྭངས་གནང་རོགས།
ལྡེའུ་དྲི་བ་དྲི་ལན།
ལས་བྱེད་རྙིང་པ། ར་བཟི་རྙིང་པ། སྤྱི་འཐུས་རྙིང་པ་དེ་སུ་རེད།
ངས་བྱས་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཁོང་རེད།
སློབ་དཔོན་ཆེན་མོ་ལགས་ རེད་ རེད་ དེ་ངོ་མ་རེད་ཡ་ ད་ནི་རྙིང་དྲག་ནས་མི་རུལ་འགྲོ་ཞི་བདའ་ལེ་།
ཅི་ཞིག་ཤོད་ཀྱིན་ཡོད་པ་རེད། ཀརྨ་ཆོས་འཕེལ་ཡག་བརྩོག་གང་རེད་བརྗོད་ཀྱིན་ཡོད་པ་རེད།རྩོམ་འབྲི་སྟངས་འདི་འགྲིག་མེད་ཀི
སྔ་མོའི་སྐུ་ངོ་ཐུགས་སྤྲོར་བྲེལ་ནས་ཆབ་མདོ་ཤོར་བར་ཐུགས་ཚབ་མེད།
དགྲ་བོ་རྒྱ་དམར་མགོ་ཁར་སླེབས་དུས་ལྷ་དང་ཀླུ་ལ་༧སྐྱབས་འཇུག་བྱེད།
ད་ལྟའི་སྐུ་ངོ་སྐྱུ་ལ་དད་ནས་ཉིན་མཚན་རྒུན་ཆང་འདོད་དགུར་རོལ།
གསོལ་གྲོད་ནང་དུ་ཚ་བོ་མི་འགྲོ་ཉ་ཆུང་གསེར་ཉ་གསོས་ལགས་སམ།
ཆང་འདི་དང་པོས་མ་བཟི། །
ཆང་འདི་གཉིས་པས་མ་བཟི། །
ཚོགས་འདུའི་སྐབས་ལ་བཏུངས་པས། །
ར་བཟི་དྭངས་རྒྱུ་མི་འདུག །
ཀརྨ་ཆོས་འཕེལ་གྱི་ཆང་གཞས་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས།
འདི་ནི་ང་ལ་སྤྱི་འཐུས་ར་བཟི་ཞིག་མི་དགོས་པའི་རྒྱུ་མཚན་གྱི་ཡིན་ཟེར། གལ་སྲིད་ཁྱོད་ལ་སྤྱི་འཐུས་ར་བཟི་ཞིག་མི་དགོས་པ་བདེན་ན། སྤེན་པ་ཚེ་རིང་གྲོས་ཚོགས་ར་བར་བརྫངས་ནས་ཅི་བྱེད། ཁོ་ཡང་ར་བཟི་ཞིག་ཡིན་པ་མི་ནག་ཚང་ནས་བཤད་འདུག་ག དེས་མི་ཚད་ཁོ་ར་བཟི་ནས་འཐུན་མི་གཞན་དང་དོན་མེད་འཁྲུགས་རྩོད་ཀྱིས་ཞབས་འདྲེན་བཞག་པ་བཤད་རྒྱུ་འདུག་པས་དེ་ཚོ་སྦས་ནས་ཅི་བྱེད། དོན་ངོ་མར་འཐུས་མི་ཚོ་ར་བཟི་ནས་ཞབས་འདྲེན་བཞག་པ་བདེན་པ་རེད་མོད། ཐེ་བོ་གཙོས་དྲ་འབུ་ཚོགས་ཕྱོགས་རེས་ཀྱིས་བཟི་ནས་ཞབས་འདྲེན་འཇོག་པའང་བདེན་པ་རེད།།
དཔལ་འཛོམས་རྟགས་པར་ངུས་པར། རྣམ་དོག་ཟ་ཡས་མི་འདུག ཞེས་པའི་དཔེ་ལྟར་དབུས་གཙང་ཆོལ་ཁོངས་མི་མང་གིས་ཕྱིར་ཕུད་བཏང་ཟིན་པའི་ཐུག་པ་ར་བཟི་རྐམ་ཆོས་འཕེལ་ར་བཟི་བར་ཧང་བསངས་དགོས་དོན་མི་འདུག དེ་རེས་བཀའ་བརྒྱུད་ཆོས་བྱེད་བསམ་ཡོད་ཅན་ཁག་ཅིག་གི་བཟང་སྤྱོད་དང་ལྡན་པའི་སྒོ་ནས་བཀའ་བརྒྱུད་སྤྱི་འཐུས་ནས་དགོངས་པ་ཞུ་རོགས་བརྗོད་ན། ངོ་ཚ་ཁྲེལ་མེད་ཐུག་པ་ར་བཟི་རྐམ་ཆོས་འཕེལ་གྱིས་ང་ལ་འོས་བླུགས་ཏེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་བཏང་མཁན་བཀའ་བརྒྱུད་པ་ཚང་མ་མ་རེད། སྤྲུལ་སྐུ་རྫུན་མ་ཨོ་རྒྱན་སྟོབས་རྒྱལ་སོགས་ལུང་ཞེན་ཆེ་བའི་སྲིན་པོ་མི་ཤ་ཟ་མཁན་གྲ་གཟུགས་དེ་དག་རེད་ཞེས་བརྗོད་སྲིད།
དྲ་གྲོགས་གཙུག་ལག་སློབ་དཔོན་ལགས། ཁྱེད་ཀྱི་དྲི་བར་ངས་འདིར་ངས་ལན་རྒྱབ་ཆོག ལས་བྱེད་རྙིང་པ། ར་བཟི་རྙིང་པ། སྤྱི་འཐུས་རྙིང་པ་དེ་སུ་རེད།
ངས་བྱས་ན་སྤྱི་ཚོགས་གང་དུ་སླེབས་ཡང་རྙོག་དྲ་བཟོ་མཁན་ངོ་ཚ་ཁྲེལ་མེད་བཀའ་བརྒྱུད་སྤྱི་འཐུས་ཐུག་པ་ར་བཟི་རྐམ་ཆོས་འཕེལ་རེད།
གཤམ་་་གྱི་རྩོམ་ཡིག་འདི་ཉེ་ཆར་རྡ་སའི་གཡས་གཡོན་གང་ས་རུ་བཀྲམ་འདུག་པས་ངས་ཀྱང་་་་གཙུགས་ལག་ཁང་གི་ཉེ་འགྲམ་གྱི་མཚན་ཉིད་གྲྭ་ཚང་གི་སྒོ་འགྲམ་ནས་སྒྲུག་པ་ཡིན་་་་་དྲ་གོྲོགས་ཚོས་ཀྱང་ཕལ་ཆེ་ཤོས་ཀྱིས་རྩོམ་ཡིག་འདི་མཐོང་ཚར་ཡོད་རྒྱུ་རེད་།
ངས་གོང་ནས་བཤད་པ་བཞིན་་་ཀརྨ་བླ་བྲང་གི་་་་ལས་ཀ་བྱེད་སྟངས་ལ་ཧང་སང་བ་ལས་བཀའ་རྒྱུད་སྤྱི་འཐུས་ཀྱི་བྱེད་སྟངས་ཧང་སང་གི་མི་འདུག་་་་་་ཀརྨ་བླ་བྲང་གི་བྱེད་སྟངས་འདིས་བོད་སྤྱི་ལ་གྱོང་ཡོངས་གྱོང་སྤྲད་ཀྱི་ཡོད་ཅིང་་་་ཀརྨ་ཆོས་འཕེལ་གྱིས་དེ་ལྟར་གྱོང་ཆེན་པོ་སྤྲད་མི་ཐུབ་་་་ཀརྨ་བླ་བྲང་ལ་བོད་སྐད་བཤད་ས་མེད་པར་རོང་སྐད་རྐྱང་རྐྱང་རྒྱ་དགོས་བ་ཆསག་ན་དེ་ནི་བོད་མི་རགས་ཀྱི་གྱོང་རེད་་་་བོད་ཀྱི་རིགས་གཞུག་གི་གྱོང་རེད་་་་་་་གནས་ཚུལ་འདི་ཚོ་ཀརྨ་པས་དགོངས་ཡོད་དམ་་་་་་
འཇོན་ཐང་ཕྱི་ལ་མེད་ཅིང་མཐུན་འབྲེལ་ནང་ལ་མེད་པའི་མཚུར་ཕུ་བླ་བྲང་།
གནའ་སྔ་མོའི་ཀརྨའི་སྒར་ཆེན་དབང་པོ་ཡར་ལ་དར་དུས་ཆོས་ལུགས་ཀྱི་བྱས་རྗེས་དང་ཆབ་སྲིད་ཀྱི་འཇོན་ཐང་བོད་མི་རིགས་ཀྱི་རིག་གཞུང་ཐོགས་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་ནི་སུས་ཀྱང་ཤེས་ནུས། དེང་སང་དབང་པོ་མར་ལ་རྒུད་ནས་འཆི་རན་ཞིང་སྲོག་དབུག་ཆན་ལ་རན་པའི་དུས་སྐབས་ལ་བསྐྱལ་ཡོད། དེ་ལྟར་བསྐྱལ་མཁན་ནི་རྒྱ་ནག་དམར་པོ་མིན་ལ་ཞྭ་དམར་གྱི་ཁ་ཕྱོགས་ནི་དེ་ལས་ཀྱང་ག་ལ་ཡིན།
འོ་ན་སུ་ཡིན་ཞེ་ན་་་་་་ཤེས་ཡོན་དང་འཇོན་ཐང་རྣམ་དཔྱོད་ཀྱིའི་ཡོངས་སུ་དབུལ་བའི་བླ་བྲང་གི་འགན་འཛིན་ཚོ་རེད། ཁོང་ཚོ་ངས་འདི་ནས་རེ་རེ་བཞིན་མིང་སྨྲོས་ན་ཆོས་ལུགས་ཀྱི་གོ་རྟོགས་མེད་ཅིང་རིག་གནས་ཀྱི་དྲི་ཙམ་མི་བྲོ་སྐད་ཡིག་གི་རང་རྐང་མི་ཕེར་ཞིང་བཙན་བྱོལ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་གཏན་ནས་མི་དགའ་བའི་ཕྱག་མཛོད་སྒྲུབ་དཔོན་རིན་པོ་ཆེ་དང།
བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཆོས་དང་རིག་གཞུང་ལ་རྒྱུས་མངའ་མེད་ཅིང་ཐ་ན་བོད་སྐད་ཙམ་ཡང་མི་ཤེས་བའི་ཕྱག་མཛོད་ཀརྨ།
ཁ་འཇམ་ཁོག་ནག་མགོ་བདེ་དྲན་འཕྲུལ་ཕན་མ་ཐོགས་པའི་ཆབ་སྲིད་ཆུང་ཚགས་ཐོག་ལ་རིག་པ་སྤྱང་ཞིང་ནུས་པ་ཡོད་ཚད་ནང་ཁུལ་ལ་བེད་སྤྱོད་ལོག་པར་གཏོང་དུས་མགོ་བདེ་དྲན་འཕྲུལ་རབ་ཏུ་ཆེ་བའི་བླ་མ་ཕུན་ཚོགས།
ཀརྨ་པའི་བསྟན་དོན་ལ་འདི་བྱས་ཀྱི་ལས་ཀ་སྣེ་གཅིག་ཀྱང་སྟོན་རྒྱུ་མེད་ཅིང་ལོ་བཅུའི་ནང་ལ་ལྐོག་ཟ་རུལ་སུངས་ཁོ་ན་བྱས་ནས་དེང་སང་སྐོར་གྱིས་ཕྱུག་པོ་ཚད་མཐོན་པོར་སླེབས་ཤིང་ངོ་ཚ་་ཅུང་ཙམ་ཡང་མེད་པའི་དྲུང་ཡིག་མགོན་པོ་ཚེ་རིང།
ཀརྨ་པའི་ལོ་རྒྱུས་ཐོག་ལ་བསུབ་མི་ཐུབ་པའི་ནག་ཐིག་བྲིས་པའི་ཉེས་ཆེན་མི་སྣ་ཀརྨ་པའི་མཚན་སྙན་གྲགས་དང་ལོངས་སྤྱོད་ཡོད་ཚད་ཕངས་མེད་དུ་ཕྱི་ལག་ནང་སྦྲེལ་བྱས་ནས་རྒྱལ་གར་གྱི་ལག་ལ་བཞག་ཅིང་ད་དུང་ངོ་ཚ་ཁྲེལ་མེད་ཀྱིས་ཀརྨ་པའི་ལས་ཁུངས་ལ་སྤོབས་པ་ཆེན་པོས་ཨུ་ཚུགས་ཀྱིས་འདུག་ནས། བོད་རིགས་ཡོད་ཚད་་བླ་བྲང་ནས་ཕྱིར་འབུད་བྱེད་པའི་འཆར་གཞི་སྒྲིག་པ་མ་ཟད་ཀརྨ་པའི་བླ་བྲང་དང་བོད་གཞུང་གཉིས་ཀྱི་བར་ལ་འགལ་ཟླ་བཟོ་བའི་ལས་གཞི་རབ་དང་རིམ་པ་བརྩམ་བཞིན་པའི་བལ་ཡུལ་གྱི་མི་ཁོངས་སུ་གཏོགས་པའི་མཁན་པོ་བསྟན་རྣམ།
ཤེས་འཇོན་མེད་ཀྱང་རང་ཉིད་ཀྱི་རྐུབ་སྟེགས་ཁོ་ན་སྲུང་སྐྱོབས་ལ་འབད་བརྩོན་ཆེ་བའི་མགྲོན་གཉེར་ཐུབ་བསྟན་ཤེས་རབ།
ཀླད་རྙིང་མཁྲིགས་འཛིན་དང་་ལྐུགས་པ་ཞུ་ཚུགས་ཆེ་ཞིང་དད་ལྡན་མི་མང་ཉམས་ཆུང་རྣམས་ལྟག་སྒོ་མེད་ན་མཇལ་ཁ་མི་སྟོན་ཞིང་གལ་སྲིད་སྟོན་ན་ཁོ་རང་གིས་ཡུས་ཆེ་དང་ངོ་སོ་བསྟོད་ཅིང་རྒྱུ་སྟོབས་ཆེ་བའི་ཕྱི་རྒྱལ་གྱི་རིགས་བྱུང་ན་ངོ་གདོང་འཛུམ་ཤིག་ཤིག་གིས་བསུ་བ་ཞུ་ཞིང་སྐྱེལ་མ་ཡང་བྱེད།ཤེས་འཇོན་མེད་ཀྱང་མི་ཆེན་གྱི་ཚུགས་བྱེད་རྒྱུ་ལ་དགའ་ཞིང་ཀརྨ་པའི་བསྟན་དོན་ལ་ཕན་ཐོགས་པའི་ལས་ཀ་སྣ་གཅིག་ཀྱང་བྱེད་མྱོང་མེད་པའི་འཆི་མེད་ཆོས་རྒྱལ།
ལོ་བཅུའི་ནང་ལ་ཀརྨ་པའི་བསྟན་དོན་ལ་ཕན་པའི་ལས་ཀ་སྣེ་གཅིག་སྟོན་རྒྱུ་མེད་ཀྱང་གྲོང་ཁྱེར་རྡི་ལི་རུ་སྤྲོ་འཆམ་རྐྱང་རྐྱང་བྱེད་ནས་ཟླ་རེ་བླ་བྲང་ལ་ཁྲི་འབུམ་མང་པོའི་དངུལ་འཛིན་སྤྲད་ཀྱང་ངོ་ཚ་མེད་པའི་བསོད་ནམས་ཚེ་དབང།
མཐོན་པོ་ལ་སྤྲད་ལད་དང་དམའ་མོ་ལ་བརྙས་ཐབས་ཆེ་ཞིང་བོད་པ་མཐོང་ན་སྐྱུག་བྲོ་ཞིང་བོད་མི་མཐོང་ན་སྙིང་ན་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་གཏན་ནས་མི་དགའ་ཞིང་ད་དུང་བྱེད་སྟངས་མི་ཤེས་པའི་ལྐུགས་པ་ཨུ་ཚུགས་ཀྱིས་འཇོན་རྒྱུ་མེད་པའི་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ། རིག་གནས་ཀྱི་སློབ་སྦྱོང་མེད་ཅིང་ཆབ་སྲིད་ཀྱི་གོ་རྟོགས་ཀྱི་ལས་ཀྱང་མེད། རྒྱལ་བ་ཀརྨ་པ་ལ་འདྲ་མཉམ་གྱི་འདུ་ཤེས་འཛིན་པ་ལས་གུས་ཞབས་དང་དད་པ་ཅུང་ཙམ་ཡང་མེད། ད་དུང་ཧམ་སེམས་ཀྱིས་གོ་ས་འཐོབ་རེ་ལ་ངོ་ཚ་ཁྲེལ་མེད་ཀྱི་འཁྲབ་སྟོན་འདྲ་མིན་ལ་མཁས་པའི་བུ་མཛད་བྷ་ཡེ་ཀརྨ།
མི་ངན་བསྟན་བཤིགས་འདི་ཚོའི་ལག་ལ་ཀརྨ་པའི་མཛད་འཕྲིན་དེ་མུ་མཐུད་ནས་བཞག་ན་ཉིན་ཞིག་ཀརྨ་པ་བོད་པའི་སྤྱི་ཚོགས་དང་ཁ་བྲལ་ཞིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཡོངས་སུ་ཁ་བྲལ་བའི་ཀརྨ་པ་ཞིག་བཟོ་བ་མ་ཟད་བཙན་བྱོལ་བོད་གཞུང་དང་རྒྱལ་བ་རིན་པོཆེའི་བར་ལ་ཡང་དམ་ཚིག་ཆག་ཉམས་བཟོ་བ་ཐེ་ཚོམ་མེད་པར་བཤད་ཐུབ།
ཁྲིམས་ལུགས་དང་རྒྱལ་ཁབ་ཡོད་མཁན་ཞིག་ཡིན་ན་མཁན་པོ་བསྟན་རྣམ་ལ་སྲོག་ཐོག་གི་ཉེས་པ་དང་། རབ་རྒྱས་ཆོས་བཟང་དང་མགོན་པོ་ཐུབ་བསྟན་ཤེས་གསུམམ་ལ་ཚེ་བཙོན་གྱི་ཉེས་པ་ཕོག་པ་ཐེ་ཚོམ་མེད། ཁོ་ཚོ་འདི་ལྟར་ནག་ཉེས་གུ་ཡངས་སུ་བཏང་ན་ཀརྨ་པ་ལ་དད་པ་ཡོད་པའི་འཛམ་གླིིང་སྐྱེ་བོ་ཡོད་ཚད་ཀྱི་སེམས་པ་ཡོངས་སུ་བསད་་པ་ཡིན་པས་གནས་ཚུལ་འདིའི་སྐོར་ལ་ཐག་གཅོད་ནན་པོ་ཞིག་བྱེད་དགོས།
གལ་སྲིད་དེ་ལྟར་མ་བྱས་ན་ཁོ་ཚོའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་པས་དེ་དུས་བློ་འགྱོད་མེད་པ་བྱེད་དགོས།
དད་ལྡན་མི་མང་གི་སེམས་ལ་མེད་པའི་མི་སྣ་ཤེས་འཇོན་མེད་པའི་བསྟན་རྣམ་དང་ཐུབ་ཤེས་དབུ་མཛད་བྷ་ཡེ་ཀརྨ་སོགས་མི་སྣ་དེ་ཚོ་ཡང་བསྐྱར་ལས་ཀྱི་སྣེ་མོ་ལ་བཞག་སོང་ན་ཚེ་སྲོག་གི་ཉེ་ཁ་སྤྲད་སྲིད་པས་ད་ལྟ་ནས་བསམ་གཞིགས་རྣལ་མ་དགོས།
༧རྒྱལ་བ་ཀརྨ་པ་ལ་ཤ་ཞེན་དང་དུང་བ་ཆེ་བའི་དད་ལྡན་མི་མང་གི་བསམ་འཆར་རྣམས་ཕྱོགས་གཅིག་ཏུ་སྤུང་ནས་བཤད་པ།
དགེ་འདུན་ཆོས་འཕེལ་དོན་འགྲུབ་རྒྱལ་སོགས་ཀྱིས།།
ཆང་བཟི་ཞོར་ནས་བོད་དོན་རྒྱ་ཆེ་གླེང་།།
ཀརྨ་ཆོས་འཕེལ་ཆང་བཟི་བྱས་ཞོར་དུ།།
ཉམ་ཐག་བོད་མིའི་་ལས་དབང་སྡུག་ལ་སྦྱར།།
དུས་དང་མི་གཤིས་གང་གི་ཆ་ནས།།
དམ་པ་དེ་ཚོར་རྗེས་སུ་འབྲངས་པ་ནི།།
སྟག་རྩལ་ངོམ་སར་ཝ་མོ་འཆངས་འདྲ་བས།།
བོད་མིའི་ཞབས་འདྲེན་བྱོས་ལས་དགེ་མཚན་གང་།།
ཆང་དང་ཨ་རག་མྱོས་འགྱུར་རིགས་འདིས་ནི།།
མཐོ་དམའ་ཐམས་ཅད་མཐའ་ལ་བསྐྱལ་ངེས་ཡིན།།
ཚངས་དབྱངས་རྒྱ་མཚོ་ཆང་གིས་བཟི་བས་ན།།
སྡེ་བ་གཞུང་གིས་དགོངས་འབོགས་བཏང་ཞེས་ཐོས།།
ཆོས་འཕེལ་འཆལ་བོ་ཆང་གིས་བཟི་བ་ན།།
སྐུ་དྲག་རྣམ་པས་བཙོན་དུ་བཙུད་པ་ཡིན།།
དོན་འགྲུབ་རྒྱ་ནི་ཆང་གིས་ར་བཟི་ནས།།
རང་སྲོག་རིན་ཆེན་ཕྱི་མའི་ལམ་དུ་བརྫངས།།
དེ་ལྟར་ཆང་གིས་རང་ཉིད་བརླགས་པས་ན།།
སྤྱི་དོན་ཟེར་བ་ཕ་རིའི་སྤང་གི་རྒྱན།།
ཀརྨ་ཆོས་འཕེལ་གཞུང་གི་ཕོག་གཟན་ལ།།
ར་བཟི་གཞུང་དོན་ཟེར་བ་ག་ནས་ཡོང་།།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་སྡུག་གཅོང་མ་སྤྲོད་རོགས།
ང་ཁ་མཁས་པོ་དང་ཡི་གེ་འབེལ་པོ། དྲན་རྒྱུ་རྒོད་པོ་དང་བསམ་རྒྱུ་མང་པོའི་མི་ཞིག་མིན། དོན་དག་ཁ་རི་ཁ་ཐུག་བྱས་ནས་ཤོད་མཁན་གྱི་མི་ཞིག་ཡིན། ངའི་ལྟ་བ་འདི་ལྟར་ཡིན། འདོད་ན་འདོད་མི་འདོད་ན་སྐྱུར་རོགས།
ངའི་བསམ་པ་ལ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་འདི་ཁྱོད་ཚོ་སུ་ལ་ཡང་མིན་འདུག
ཀརྨ་ཆོས་འཕེལ་དཔལ་མཉམ་མེད་བཀའ་བརྒྱུད་པའི་འཐུས་མི་རེད། ཁོང་སྐོ་གཞག་བྱེད་མཁན་བཀའ་བརྒྱུད་ཀྱི་འདིའི་ཕྱིའི་སྐྱབས་གནས་རྒྱལ་དབང་ཀརྨ་པ་དང་གྲུབ་དབང་རྣམ་པ་རེད། ཁོང་རྣམས་ཁྱེད་ཚོར་འདིར་འདོད་ཆག་ཞེ་སྡང་གཏི་མུག་གསུམ་གྱིས་བཅིངས་པའི་ལྡོམ་པོ་ཚོ་ནས་རྟོགས་པ་དང་མཐོ་བས་ཁོང་རྣམ་པས་ཀརྨ་ཆོས་འཕེལ་སྤྱི་འཐུས་ལ་འདེམ་སྐབས་འདི་ཕྱི་གཉིས་ཀྱི་དགོངས་པ་བཞེས་པ་གསལ་པོ་ཡིན།
ང་ཚོ་བཀའ་བརྒྱུད་པའི་ཟབ་ཆོས་ནང་ལ། གཉིས་མེད་རོ་སྙོམས་ཀྱི་རྟོགས་པ་སྐྱེས་རྗེས་ཆང་དང་ཆུ་ལ་ཁྱད་པར་མི་བྱེད། དཔེར་ན། རྗེ་མར་པ་དང་མི་ལ། དེ་བཞིན་བཀའ་བརྒྱུད་ཀྱི་གྲུབ་ཆེན་མང་པོས་རྒྱུན་དུ་ཆང་བཞེས།
ཀརྨ་ཆོས་འཕེལ་བཀའ་རྒྱུད་ཀྱི་སྤྱི་འཐུས་ལ་རྒྱབ་སྐྱོར་གནང་མཁན། རྒྱལ་དབང་ཀརྨ་པ་མཆོག་དང་། འབྲི་གུང་བཀའ་བརྒྱུད་ཆེ་ཚང་རིན་པོ་ཆེ། དེ་བཞིན་འབྲུག་པ་བཀའ་བརྒྱུད་ཀྱི་སྐྱབས་རྗེ་འབྲུག་དབང་རིན་པོ་ཆེ། ད་དུང་། ཕྱོགས་བཞི་མཚམས་བརྒྱད་ལ་བཞུགས་པའི་དཔལ་བཀའ་བརྒྱུད་པའི་དགོན་པ་དང་ཆོས་གྲྭ་ཚང་མའི་མཁན་པོ་རྣམས་ཀྱིས་ལན་མང་པོ་དཔྱད་པ་ཟབ་ནན་བྱས་ནས་བདམས་པ་ལས། གང་བྱུང་དུ་བདམས་པ་མ་ཡིན།
དེར་བརྟེན་གལ་ཏེ་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་ཕུད་དགོས་ན། སྔོན་ལ་བཀའ་བརྒྱུད་ཀྱི་སྤྱི་འཐུས་ཀྱི་ས་མིང་དེ་མེད་པ་བཟོ་བ་ལས། དེ་མིན་ཡོང་མི་སྲིད། བྱས་ཙང་ཁྱོད་ཚོས་ཁ་ལ་ཀརྨ་ཆོས་འཕེལ་ཟེར་ནས་རྒྱབ་ནས་ང་ཚོ་བཀའ་བརྒྱུད་པར་མཐོང་ཆུང་བྱས་ན་མི་འགྲིག
འདི་ཡིན།
རྩོམ་ཡིན་དེ་ནི་ངོ་མ་ཡག་པོ་བྲིས་འདུག་ད་ཐང་སྤྱི་འཐུས་ནམ་པ་ཚོའི་མཚན་སྙན་བླག་སོང་ཀརྨ་ཆོས་འཕེལ་རང་ཉིད་ཀྱི་བསམ་དོན་འགྲུབ་ཡོད་ན་ཐང་འོན་ཀྱང་བོད་མི་གང་མང་ཞིག་གི་བློ་ཕམ་བྱེད་ཀྱི་ཡོད་པ་དངོས་ཡོད་རེད། བྱས་ཉས་འདི་ཀརྨ་ཆོས་འཕེལ་རང་ཉིད་ཀྱི་བྱས་ཉས་ཡིན་པ་ལས་འདི་བཀའ་བརྒྱུད་པའི་བྱས་ཉས་ཞིག་ཏུ་དངོས་འཛིན་བྱས་ན་ནོར་པ་ཡིན། མ་ཟད་སླ་མར་འདི་འདྲའི་སྤྱི་འཐུས་རེ་མི་ཡོང་བས་སྨོན་འདུན་ཞུ།
མཆོད་ཆང་མཆོད་ན་མཆོད་ལུགས་ཤེས་པ་དགོས། དཔེར་ན། beer མཆོད་ན། whiskey དང་། wine
བཀུར་བོད་མི་མང་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་ཡོད་པའི་སྐོར་སྐད་ཆ་འདི་ཡོང་ཁུང་གཏེར་བ་ནི་སྒོ་མང་གོང་རི་ལགས་རེད། ཁོང་པས་སྐད་ཆ་འདི་དངོས་ཡོད་དུ་བཤད་པ་ཡིན་མིན་གནས་ཚུལ་གཙོ་བོ་མ་ཡིན་པར་བཤད་ཚུལ་འདིའི་བོད་གཞུང་དང་བཀའ་རྒྱུད་པའི་ཆོས་རྒྱུད་ལ་མཐོང་ཆུང་བྱེད་པ་དང་དམིགས་བསལ་འདིའི་ནང་དབྱིང་དཀྲུག་གི་གོ་སྐབས་ཆེ་པོ་ཞིག་ལེན་འདུག་སྙམ་པ་བྱུང་། དྲང་བདེན་ཐོག་བཤད་ན་ཆང་འཐུང་མཁན་སྐྱ་སེར་གཉིས་ཀའི་ཐོག་ཡོད་ཡང་མི་སྐྱ་ཞིག་གི་ཆང་འཐུང་ནས་ར་བཟི་བའི་གནས་ཚུལ་འདི་ཆེན་པོ་བཟོ་དགོས་པ་ཞིག་ཆགས་ཀྱི་མེད། དེ་ཡང་དགོས་དབང་ཐོག་བཤད་ན་ཁྲིམས་དང་སྒྲིག་གཞི་གང་ཡང་འགལ་མེད། དེ་རིང་སྐད་ཆ་འདི་སྤྱི་ཚོགས་ནང་ཁོང་པས་གསལ་བསྒྲགས་བྱེད་ཟེན་པ་ཡིན་དུས་འབྲེལ་ཡོད་དྲ་བདག་གཙོའི་ཁོང་གིས་ཞབས་ཞུ་བ་རྣམས་ལ་སྐད་ཆ་ཚིག་གཅིག་བཤད་འདོད་བྱུང་། ང་ཚོའི་སྤྱི་ཚོགས་ནང་ཆིལ་སྒྲིག་དགོས་པ་སོགས་ཁ་ནང་མ་ནི་བགྲང་བགྲང་བྱེད་སྡོད་པ་དེར་ལག་ལེན་དངོས་སུ་བསྟར་དུས་བྱེད་སྟངས་འདི་ལས་མེད་པ་རེད་པས། མ་གཞི་སྒོང་མང་གོང་རིའི་སྐད་ཆ་ལ་བདག་པོ་རྒྱབ་ཀྱི་ཡོད་ན་རྒྱབ་འོས་དང་མི་འོས་ཐུགས་བསམ་བཞེད་དགོས། རྣམ་པ་ཚོའི་མ་མཁྱིན་པ་ཡིན་རྒྱུ་མ་རེད། དེ་ཡང་མོན་གྷོ་གཞིས་ཆགས་ནང་ཧེ་རོ་དང་པོ་རྨོག་རུ་བསྟན་པའི་རྒྱུ་ཁྱི་ཡིན་པ་སྒོ་མང་གོང་རི་ལ་ཡོན་ཏན་སྣ་གཅིག་སྟོན་རྒྱུ་མེད་པར་ཕྱོགས་ཞེན་ཁོ་ནས་དབྱིན་དཀྲུག་གནང་མཁན་གཏེར་བ་གཅིག་ཆགས་ཡོད་། ཁོ་པས་རྒན་རྨོག་རུ་སྒོ་མང་གྲ་ཚང་གི་སྒྲིག་ཁོང་སུ་ཕོད་དུས་ཁོ་པས་བྱེད་རྒྱུ་ཡོད་མདོག་རྣམ་འགྱུར་འདྲ་མིན་དང་དབྱིན་དཀྲུག་འདྲ་མིན་བྱས་ཡོད། འདི་དག་ཆོས་སྐྱོང་སྲུང་མས་ཡག་པོ་བཞག་གི་མ་རེད་ལ་སྒོ་མང་གྲ་ཚང་གི་ལས་སྣེ་རྣམས་པས་རྩིས་རྒྱབ་རྒྱུ་སྡད་ཡོད། ཁོ་པས་ལོ་རྒྱུས་དཔེ་མཚོན་ཙམ་ཞུས་ན་དེ་སྔོན་སྒོ་མང་གྲ་ཚང་གི་ཚོང་ཁང་ནང་ལས་ཀ་བྱེད་སྐབས་ཧན་སྒོར་འབུམ་༩ལྷག་རྩིས་རྒྱབ་མ་ཐུབ་པར་སྒོར་དེ་དག་རྐུ་ཁྱེར་བྱེད་པ་ཡོངས་གྲགས་ཆགས་ཡོད་པས་ལུས་ལ་གྲ་ཆས་གྱོན་འདུག་བསམ་ནས་ཡིད་གཏད་མ་གནང་བ་དམ་ཆོས་འདུལ་བའི་དགོང་དོན་བཞིན་རྩ་བ་བཞི་དང་འགལ་བའི་ཁོང་པས་བཤད་པ་དེ་རིན་ཐང་རྩིས་ཆོག་མིན་ལ་དཔྱད་ཞིབ་གནང་རོགས།
སྐུ་ངོ་ལགས་མཆོད་ཆང་མཆོད་ན་མཆོད་ལུགས་ཤེས་པ་དགོས།
༡ དཔེར་ན། beer མཆོད་ན། whiskey དང་། wine མཉམ་དུ་མཆོད་ན་ར་དྭང་རྒྱུན་རིང་ཞིང་དབུ་བསྨྱུངས་པ་དང་། སྐུ་ལུས་ཁྱོར་བ་སོགས་ཡོང་གི་ཡོད། ཕན་ཚུད་མཉམ་དུ་སྲེལ་ན་ཡག་པོ་མེད།
༢ ཨ་རག་མ་མཆོད་སྔོན་དུ་ཞལ་ལག་མཆོད་ན་ར་ཉུང་བ་བཟི།
༣ ཨ་རག་མཆོད་རྗེས་ཆུ་མང་པོ་མཆོད་ན་ར་མྱུར་དུ་དྭང་བར་ཕན་ཐོགས་ཡོད།
༤ whiskey ར་བཟི་ཚད་བརྒྱ་ཆ་༨༠ ཡོད་པས་ཆུ་དང་། ཤིང་ཏོག་གི་ཁུ་བ་མང་དུ་སྲེས་ན་མང་པོ་བཏུང་པ་ཡིན་སྙམ་པས་ཡིད་ཚིམ་པ་དང་། ར་བཟི་ཚད་ཀྱི་ནུས་པ་ཉུང་དུ་འགྲོ་གི་ཡོད།
༥རབ་བྱུང་ན་དགོང་དྲོ་ལས་ཀ་གྲོལ་ནས་གཟིམ་ཁང་དུ་ཕེབས་རྗེས་ལྷོད་ལྷོད་བྱས་ནས་མཆོད་དེ་གཟིམ་ན་སྔ་དྲོ་ར་དྭང་ནས་ཕྱག་ལས་ལ་འཐུས་ཤོར་འགྲོ་དོག་མེད།
༦ ནམ་ཉིན་མེད་པར་མཆོད་ན་སྤྱི་དོན་ཕར་ཞོགས་ཨ་ཞང་ཆོས་རྒྱལ་མཇལ་བར་ཕེབས་རྩིས་གནང་།
ཏན་ཏན་དོན་དག་མ་བྱུང་པའི་སྔོན་དེར་སྤྱི་འཐུས་རྨོག་རུ་ཚང་མདའ་མོ་དང་ལྷན་ངོ་དེབ་སྟེང་ནས་ཁ་བརྡ་ཅུང་ཙམ་ལྷོད། སྐབས་དེར་ངས་སྐལ་མེད་སར་སྐེ་བསྲིངས་མགོ་མི་ཆུད་སར་ལུས་འཚངས་ནས་འདི་ལྟར་བརྗོད། ན་ནིང་གྲོས་ཚོགས་ནང་གི་རྙོག་དྲ་དེའང་ཡོང་ཁུངས་ལྟ་བུ་སྤྱི་འཐུས་རྒྱུན་ལས་ནང་ཡིན་པ་དང་། སྐུ་ཉིད་རྒྱུན་ལས་ནང་བཞུགས་ཡོད་ཚེ་ངེས་པར་ཏུ་གཟབ་དགོས་བ་འདུག མ་གཞི་རྒྱུན་ལས་ནང་མི་སུ་སུ་བཞུགས་འདུག་ཅེས་དྲིས་མོད་ཁོ་རང་ལས་བྲེལ་ཆེ་བའི་རྗེས་ལ་ལན་སྤྲད་ཆོག་ཟེར། ད་སུ་རྒྱུན་ལས་ནང་ཡོད་པ་ཤེས་སོང་ལ་ངའི་སེམས་ཚབས་དེའང་དཀར་སེང་ངེར་འཆར། ད་ཁྲག་ཤེད་འཕར་གྱིན་འདུག འོ་ཀརྨ་ཚང་ལ་གྲགས་རྒྱུ་མེད་ནོ་ཅི་རེད། ད་ཡང་དགོངས་སེལ་ཞུ་རྒྱུའི་ཚབ་ལ་ཨ་རག་ནང་རྒྱ་ནག་གི་གནོན་ཤུགས་སླེབས་འདུག་ཟེར་ནས་ཨམ་ཕྲག་ནང་ནས་ཁུངས་སྐྱེལ་ཤོག་བུ་ཆང་དྲི་འཐུལ་ལུ་ལུ་ཅན་ཞིག་འདོན་རྒྱུ་སྟ་གོན་བྱེད་ཀྱི་ཡོད་དམ།
དྲྭ་གྲོགས་ཕྱུག་པོ་ལགས། གོང་དུ་ཁྱེད་ཀྱིས་སྲང་ལམ་ཁག་ནས་རྙེད་སོན་བྱུང་བའི་ཡིག་འཁྱར་ཞིག་ཁ་བརྡའི་དྲྭ་རྒྱའི་སྟེང་བཀོད་གནང་བའི་༧རྒྱལ་བ་ཀརྨ་པའི་བླ་བྲང་ངམ་མཚུར་ཕུ་བླ་བྲང་གི་ལས་བྱེད་ཚོའི་སྟེང་ཁ་ཚོན་གྱི་མེ་ལྕེ་རབ་ཏུ་སྤར་ཏེ། རྣམ་འགྱུར་ལ་ལྷག་བསམ་དང་མི་མངོན་པའི་ཚུལ་དུ་ཕྱོགས་ལྷུང་གི་རྣམ་པ་ལྡན་པའི་གཏམ་ངན་ཞིག་ཕྱོགས་མཚམས་ཀུན་ཏུ་སྤེལ་བ་འདི་ཡི་བསྟན་དོན་ངོ་མ་ནི། གང་ཟག་སྒེར་ཞིག་ལ་དམིགས་ཏེ་སྐྱོན་མཚང་འབྲུ་བ་དང་། གལ་ཏེ་དེ་ལྟར་བྲིས་ཀྱང་མ་ཕན་ན་གསོད་རྡིག་བྱ་རྒྱུ་སོགས་རང་ཉིད་ཀྱི་བསམ་འདུན་གཙོ་བོར་བཟུང་ནས་བྲིས་འདུག་པས། དྲྭ་གྲོགས་ཁྱེད་ཀྱི་འབྲི་བ་པོ་ངོ་མ་སུ་ཡིན་མིན་དང་། དམིགས་ཡུལ་ངོ་མ་གང་ཡིན་མིན། དེའི་རྒྱབ་ལྗོངས་ལ་སུ་ཡོད་མེད་སོགས་ལེགས་པར་དཔྱད་པ་གནང་རྒྱུ་བྱུང་ཨེ་ཡོད་ན། གལ་སྲིད་དཔྱད་པ་གནང་རྒྱུ་མ་བྱུང་ཚེ་གློ་བུར་མིང་འདོན་གནང་འདུན་མེད་པའི་ཡིག་འཁྱར་ཞིག་དྲྭ་སྟེང་དུ་བཀོད་གནང་བ་འདི་ཡིས་འབྱུང་གྱུར་ཁེ་དང་གྱོང་གུད་སུ་ལ་ཡོང་གི་ཡོད་མེད་གཟིགས་རྒྱུ་བྱུང་ཨེ་ཡོད། དེ་ཙམ་དུ་མ་ཟད་ཡིག་འཁྱར་དེའི་ནང་མིང་དངོས་སུ་སྨྲོས་ནས་གསོད་རྡིག་བྱས་འདུག་པས། གསད་བྱ་དེ་རྣམས་ཚེ་སྲོག་ལས་སྐྱོབ་རྒྱུ་དེ་རང་བཞིན་ལྷན་སྐྱེས་དང་། ཡ་རབ་བཟང་སྤྱོད་ཀྱི་ཐོག་ནས་སེམས་ལྡན་ཀུན་ལ་འཁྲི་བའི་འགན་ཡིན་པས། སྐུ་ཉིད་ནས་དེ་ལྟ་བུའི་ཡིག་འཁྱར་དེའི་འབྱུང་ཁུངས་སོགས་ལེགས་པར་རྩད་གཅོད་གནང་སྟེ་དྲྭ་སྟེང་དུ་འགོད་གནང་ཐུབ་ཚེ། མ་འོངས་འབྱུང་གྱུར་ནང་བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དང་། དཀྲུགས་ཤིང་རིགས་གསལ་གསལ་རྗེན་རྗེན་ངང་མཐོང་ནས་ལོག་ལམ་དུ་མི་འགྲོ་བའི་དགེ་མཚན་ཆེ་བས་དེ་དོན་དགོངས་དབྱིངས་སུ་མངའ་བ་ཞུ། དགོངས་པ་མ་ཚོམས་སོ་སོའི་བསམ་ཚུལ་ཡིན།
བསམ་མེད་ཁ་ཤས་ནས་བཀའ་རྒྱུད་སྤྱི་འཐུས་ཀ་རྨ་ཆོས་འཕེལ་གཞུང་གི་ལས་ཐོག་ར་བཟི་ནས་ལས་དོན་འཐུས་ཤོར་བཏང་བ་དེར་རྒྱན་ཆར་ངོམས་ནས་
(ང་ཚོ་བཀའ་བརྒྱུད་པའི་ཟབ་ཆོས་ནང་ལ། གཉིས་མེད་རོ་སྙོམས་ཀྱི་རྟོགས་པ་སྐྱེས་རྗེས་ཆང་དང་ཆུ་ལ་ཁྱད་པར་མི་བྱེད། དཔེར་ན། རྗེ་མར་པ་དང་མི་ལ། དེ་བཞིན་བཀའ་བརྒྱུད་ཀྱི་གྲུབ་ཆེན་མང་པོས་རྒྱུན་དུ་ཆང་བཞེས།)
ཀརྨས་ཆང་བཏུང་བར་ཅི་སྐྱོན་རྗེ་མར་པ་དང་མི་ལ་སོགས་ཚེ་གཅིག་ལུས་གཅིག་རྫོགས་སངས་རྒྱས་པའི་བཀའ་རྒྱུད་ཀྱི་གྲུབ་ཆེན་༧གོང་མ་ཚོས་ཀྱང་མཆོད་ཆང་རྒྱུན་དུ་མཆོད་པ་རྒྱུ་མཚན་དུ་བཀོད་པ་ནི་རྨོངས་རྟགས་བསྟན་པ་རེད། ཀརྨ་ཆོས་འཕེལ་ལ་རྗེ་མར་པ་དང་། མི་ལར་འགྲན་པའི་ལུང་རྟོགས་ཀྱི་ཡོན་ཏན་གང་ཡོད་དམ། རྗེ་བཙུན་མི་ལ་སྐུ་ར་བེར་ནས་སྐྱུ་གོང་བཤད་པ་བྱུང་མྱོང་ཡོད་དམ། ཀརྨ་ཆོས་འཕེལ་སྲིད་དོན་པ་རྫུན་རྒྱལ་ར་བཟི་ཞིག་གིས་བཀའ་རྒྱུད་ཀྱི་༧གོང་མ་རྣམས་དང་འགྲན་པའི་ནུས་པ་གང་ཡོད་དམ། ཀརྨ་ཆོས་འཕེལ་་ར་བཟིར་སྐྱག་གཅིང་ཉལ་སར་བཏང་གང་བྱས་ཀྱང་བཀའ་རྒྱུད་བླ་ཆེན་རྣམས་ལ་བཀུར་བ་མ་འདེབས་རོགས།