ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས།
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ།
༧རྒྱལ་གསུང་ཡིད་བཞིན་མཚོ་ལས་འཁྲུངས། །
བག་ཡོད་འདབ་བརྒྱ་ཕྱོགས་སུ་གྲོལ། །
ལུགས་གཉིས་གཙུག་ལག་དྲི་བསུང་ཅན།།
དཔལ་ལྡན་ཟམ་གདོང་ཆུ་སྐྱེས་རྒྱལ།
།སྡོམ་གསུམ་ཚུལ་ཁྲིམས་གོས་ཀྱིས་བཀླུབས། །
འཚེ་མེད་ཞི་བའི་སྤྱོད་པས་མཛེས། །
བདེན་དོན་ལྟ་བའི་གདེང་དང་ལྡན། །
ལུགས་གཉིས་མདུན་སའི་རྒྱན་དུ་ཆེ། །
རྣམ་པ་ཀུན་ཏུ་ཁྱོད་ཀྱི་ཐུགས། །
སྙིང་རྗེའི་གཞན་དབང་གྱུར་པ་ཡིས། །
ཤིན་ཏུ་ཉམ་ཐག་གངས་ཅན་པ། །
སྐྱོང་ལ་ཁྱོད་ཉིད་ངལ་མ་གྱུར། །
ལེགས་བཤད་འོད་དཀར་རྟག་འཕྲོ་བས། །
བཙན་བྱོལ་སློབ་གྲྭའི་སྐྱེད་ཚལ་དག །
ཁྱོད་ཀྱི་སློབ་བུའི་ཀུན་ད་གཞོན། །
རབ་ཏུ་བཞད་པས་མཛེས་པར་བྱས། །
འཕགས་བོད་རིག་པའི་བསྟི་གནས་མཆོག །
ཝ་ཎ་གཙུག་ལག་སློབ་གླིང་ཆེ། །
ཁྱོད་ཀྱིས་ཉེ་བར་བཟུང་བ་ཡིས། །
དབྱར་གྱི་གང་གཱའི་དཔལ་ལ་འཁུ།།
གང་གིས་གནའ་དེང་གཞུང་ལུགས་སྟོང་།།
རིགས་པའི་སྲང་ལ་ཉེར་བཅལ་པས།།
དཀའ་གནད་ལས་བརྩམས་དྲི་བ་ཀུན།།
གནད་འཁེལ་ལན་གྱིས་ཐེ་ཚོམ་གཅོད།།
ཕྱི་ནང་སྐད་རིགས་་དུ་མ་དང་།།
ཁྱད་པར་ལེགས་སྦྱར་བརྡ་སྤྲོད་གཞུང་།།
སྨྲ་ལ་རྒྱ་གར་མཁས་པས་ཀྱང་།།
ཁྱོད་ལ་བསྔགས་པའི་མེ་ཏོག་འཐོར།།
བློ་བཟང་དེད་དཔོན་མཁས་པ་ཁྱོད།།
༧རྒྱལ་མཆོག་བཀའ་ཡི་ཆུ་གཏེར་ཆེར།།
ཞུགས་པས་དགོངས་དོན་བསམ་འཕེལ་དབང་།།
ཁྱོད་ཀྱི་མགུལ་བའི་རྒྱན་དུ་བླངས།།
༧གོང་ས་༧རྒྱལ་བའི་དབང་པོ་ཡི།།
གསུང་གི་དགོངས་པ་ཇི་བཞིན་དུ།།
གངས་ལྗོངས་རང་དབང་རྩོད་ལེན་ཁུར།།
ཁྱོད་ཉིད་ཁོ་ནའི་ཕྲག་ན་མཛེས།།
ཆོས་སྲིད་བགྱི་བ་གང་ལ་ཡང་།།
ཁྱོད་ལས་འོས་པ་གཞན་མེད་ཕྱིར།།
མང་གིས་བཀའ་བློན་ཁྲི་བ་ལ།།
ཁྱོད་ཉིད་ཁོ་ན་བཀྲབས་ནས་བཀུར།།
༧སྐྱབས་མགོན་ཕྱག་ན་པདྨོ་ཡི།།
མང་གཙོའི་རིགས་པའི་གཞུང་ལུགས་ནི།།
ཕྱག་རྒྱ་གསུམ་གྱིས་རྒྱས་བཏབ་པར།།
འཇིགས་མེད་རིགས་པའི་སྟོབས་ཀྱིས་སྒྲུབ།།
རྣམ་དཔྱོད་བསིལ་ཟེར་འབུམ་ལྡན་ཁྱོད།།
ལུགས་གཉིས་མདུན་སའི་འཆི་མེད་ལམ།།
བཟུང་བས་བོད་དོན་ཉལ་འགྲོའི་གཏེར།།
རྣམ་པར་འཕེལ་བའི་མཚར་སྡུག་འཛིན།།
དེ་ལྟར་དྲན་དབང་མི་༧རྗེ་མཆོག།
གང་གི་བཀའ་དྲིན་དྲན་བཞིན་དུ།།
བསྟོད་པའི་ངལ་བ་བསྟེན་པའི་དགེས།།
གངས་ལྗོངས་རང་དབང་མྱུར་ཐོབ་ཤོག།
ཅེས་མི་༧རྗེ་བཀའ་བློན་ཁྲི་བ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིའི་ལས་དུས་རྫོགས་ལ་ཉེ་བའི་
སྐབས་འདིར། གང་གི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཡུལ་མདོ་སྨད་ཀྱི་མཐར་སྐྱེས་པ་ཐེ་བོ་དཀོན་མཆོག་ཤེས་རབ་ཀྱིས་གུས་
པས་སྦྱར་བ་དགེའོ། ། ། །
རེ་འབོད་དང་འཇིགས་རུང་གི་དུར་ས།
by Chap Tsang Jamphel on Friday, May 13, 2011 at 10:02pm
འབྱུང་འཁྲུག་དང་འཕོ་འགྱུར་ཁྲོད་ནས།
མེས་པོའི་ཁྱིམ་གཞི་གཏོར།
མེད་མུག་དང་ཐོབ་ཤོར་བར་ནས།
ཤི་གསོན་ལས་ལ་བཅོལ།
རེ་སྒུག་ཞིག་དང་གསོལ་འདེབས་དྲག་པོ་ཞིག་གིས།
རེ་བའི་མིག་ཟུང་ཁྱེད་ལ་གཅེར།
འཕགས་མཆོག་སྤྱན་རས་གཟིགས། ངའི་སྤུན་ཟླའི་ལས་དབང༌། རྫོགས་རྒྱུ་མེད་པའི་ལས་དབང༌།
ཡོད་ཚད་ཞེད་སྣང་དང་སྐྱོ་གར་གྱིས་བསྒྱུར།
ཨོ་ཨ གུ་རུ་དྷ་ར་ཤྲཱི་ཝཱ་གིནྡ་སུ་མ་ཏི་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི།
རླུང་ནག་དང་ས་རྡུལ་ཁྲོད་ནས།
སྤུན་ཟླའི་གཅེས་སྲོག་ཤོར།
བཀྲེས་སྐོམ་དང་འཇིགས་སྣང་བར་ནས།
ལང་མ་འགྱེལ་གྱིས་འཚོ།
ཆགས་ཞེན་ཞིག་དང་ངུ་ངག་ཕྲ་མོ་ཞིག་གིས།
རེ་བའི་མིག་ཟུང་ཁྱེད་ལ་གཅེར།
འཕགས་མཆོག་སྤྱན་རས་གཟིགས། ངའི་སྤུན་ཟླའི་ལས་དབང༌། རྫོགས་རྒྱུ་མེད་པའི་ལས་དབང༌།
ཡོད་ཚད་ཞེད་སྣང་དང་སྐྱོ་གར་གྱིས་བསྒྱུར།
ཨོ་ཨ གུ་རུ་དྷ་ར་ཤྲཱི་ཝཱ་གིནྡ་སུ་མ་ཏི་ཤཱ་ས་ན་དྷ་ར་ས་མུ་དྲ་ཤྲཱི་བྷ་དྲ་སརྦ་སིདྡྷི།
སྒམ་ཚིག་དང་དཔྱོད་ཤེས། དཔལ་མཛངས་ཀྱི་ཕྱུག་པའི་ཟམ་གདོང་བླ་མ། སྟོད་པར་མི་མཉེས་ཞིང་སྨད་པར་མི་སྡང་བ། ངའི་སེམས་ཁོང་གི་ལྟ་གྲུབ་མཁན་པོ།
ཟམ་གདོང་བླ་མའི་ཁྱད་ཆོས་འགའ་ཞིག
པཎ་འཛུན་་་་་་་་་་་་་་་་་་་་་་རྒྱ་ནག་དབུས་གཞུང་གི་ངོས་འཛིན་བྱས་པའི་པཎ་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
རྒྱ་དམར་་་་་་་་་་་་་་་་་་་་་་་་་རྒྱ་ནག་དབུས་གཞུང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
མགྲིན་ཚབ་པ་་་་་་་་་་་་་་་་་་་སྨྲ་དབང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
རིག་གཞུང་་་་་་་་་་་་་་་་་་་་་ལེགས་བྱང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
ལོ་རྒྱུས་་་་་་་་་་་་་་་་་་་་་་་་་་་བྱུང་རབ་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
དམངས་གཙོ་་་་་་་་་་་་་་་་་་་མང་གཙོར་བསྒྱུར་མཁན་ཟམ་གདོང་བླ་མ།
དབུ་མའི་ལམ་་་་་་་་་་་་་་་་་མི་རིགས་ས་གནས་རང་ལྗོངས་སུ་བསྒྱུར་མཁན་ཟམ་གདོང་བླ་མ།
བོད་རྒྱལ་་་་་་་་་་་་་་་་་་་་་་་་་་རྒྱ་ཁོངས་སུ་བསྒྱུར་མཁན་ཟམ་གདོང་བླ་མ།
ལོ་ངོ་བཅུ་ཙམ་རིང་ཟམ་གདོང་གིས་ནམ་མཁར་འབྲུག་སྒྲ་འགྲོགས་ཀྱང་ས་ཐོག་ལ་ཆར་པ་ཐིག་པ་གཅིག་ཙམ་་མ་བབས་པའི་ཟམ་གདོང་བླ་མ།
ལོ་ངོ་བཅུ་ཙམ་རིང་གྲུབ་འབྲས་དམིགས་བསལ་གང་ཡང་སྟོན་རྒྱུ་མེད་པའི་ཟམ་གདོང་བླ་མ།
བཅོས་མིན་ལྷག་བསམ་དབྱར་གྱི་སྤྲིན་དཀར་ལས།།
ལུགས་ཟུང་བསླབ་བྱའི་འབྲུག་སྒྲ་གྲགས་པ་བདེན།།
རྣམ་དག་བྱང་ཆུབ་སེམས་དང་སོར་སྡོམ་སོགས།།
སྲིད་དོན་ལས་ལ་ཞུགས་ཟིན་ཤིན་ཏུ་དཀའ།།
གངས་ཅན་ལྗོངས་སུ་མི་སྲོག་ཤོར་བྱེད་པའི།།
སྲིད་ཀྱི་སྣེ་ཁྲིད་གཙོ་བོར་བཞུགས་བཞིན་དུ།།
ད་དུང་འཚེ་མེད་ཞི་བའི་སྤྱོད་པ་དང་།།
གཞན་ཕན་ལས་ལ་གཞོལ་སོགས་སྲིད་པ་ཙམ།།
མི་རྗེ་བཀའ་ཁྲི་གཟབ་གདོང་བླ་མ་རྒྱལ་གྱུར་ཅིག སྐུ་ཚེ་ཡུན་ཏུ་བརྟན་པའི་སྨོན་ལམ་ཡོད་ལགས། དགེའོ། །
ཟམ་གདོང་བླ་མ་མིན་རྒྱུ་ན། བོད་གཞུང་འདི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཞིག་གི་ངོ་བོའི་ཐོག་ནས་འདུག་ཐུབ་རྒྱུ་ཡིན་མིན་ཡང་བཤད་དཀའ་གི་རེད། བོད་གཞུང་ཟེར་བའི་ཚིག་འདི་དོན་ཐོག་ནས་ཁུ་བསྡུ་བྱེད་མཁན་ནི་ཟམ་གདོང་མ་རེད། སྔ་མོ་ནས་ཁུ་བསྡུ་བྱས་ཚར་བ་ཞིག་ཡིན་པ་དབྱིན་ཇིའི་སྐད་དུ་མཐོང་མཐོང་པ་རེད།
༡༩༩༤ ལོར་གྱོད་གཞི་ཆུང་ཆུང་ཞིག་ལ་བརྟེན་ནས་རྒྱ་གར་གྲོང་གསེབ་ཁ་ཤས་ཀྱི་ཕོ་གསར་ཚོ་གངས་སྐྱིད་དུ་ཤོར་ནས་བོད་གཞུང་བཅོམ་ཆོག་ཆོག་ཡོད་ས་ཞིག་ནས། རྒྱ་གར་གཞུང་གིས་ཉིན་མ་གཅིག་ “བོད་གཞུང་“ འདི་བཅོམ་ཆོག་ཆོག་རེད། ཡིན་ནའང་གནད་འགག་ནི་རྒྱ་གར་གཞུང་མིན་པའི་རྒྱལ་ཁབ་སུས་བོད་ཀྱི་སྒྲིག་འཛུགས་འདིར་སྐྱབས་བཅོལ་སྤྲོད་ཀྱི་རེད་དམ།
སྟབས་མི་ལེགས་པ་ཞིག་ལ། མི་ཟེར་བ་ནི་ལོ་ན་ཇི་ཙམ་རྒས་བ་དེ་ཙམ་གྱིས་བློ་རྒྱ་ཇེ་ཆུང་དུ་འགྲོ་ཞིང་དཀའ་ངལ་གདོང་ལེན་གྱི་བློ་སྤོབས་ཉུང་དུ་འགྲོ་བས། རྒྱ་གར་རྒན་ཁོག་ཚོས་ཁུ་མཚུར་ཙམ་ཡང་བཟོད་མ་ནུས་ན་རྒྱ་ནག་གི་དེང་རབས་ཅན་གྱི་དྲག་པོའི་སྟོབས་ཤུགས་ལ་གདོང་ལེན་ཇི་ལྟར་བྱ།
བློ་མཐུན་གྲགས་རྒྱམ་ལགས་་་་ཐུགས་རྗེ་ཆེ། རྒན་ལགས་ཀྱི་སྙན་ངག་ཐུང་ཐུང་འདི་ཐེངས་འགའ་བཀླགས་པ་ཡིན། རྩོམ་ཐུང་འདིའི་ཉམས་འགྱུར་རྩོམ་གཤིས་སྟོན་སྟངས་བཅས་ལ་གུས་པའི་རྨོངས་མཆར་ནོར་མེད་ན་དེ་སྔོན་གྱི་སྙན་རྩོམ་ཁག་དང་བསྡུར་ན་ཅུང་ཞེན་དུ་འགྲོ་འདུག་པའི་ཚོར་སྣང་བྱུང་སོང་། ཁོང་གིས་སྔོན་རྩོམ་གནང་བའི་་་་་རྒྱལ་བའི་བསྟོད་པ་དང་་་་དབྱངས་ཅན་ལྷ་མོའི་བསྟོད་པ་་་་་མཚན་ཞབས་རིན་པོ་ཆེའི་བསྟོད་པ་བཅས་ལ་ཞིབ་བསྡུར་གནང་ན་ད་སྐབས་ཁོང་གི་རྩོམ་གཤིས་འགྱུར་འདུག་པའི་ཚོར་བ་ཁྱེད་ལ་ཡོང་སྲིད་པ་རེད། སྔོན་རྩོམ་ཁག་ཅིག་འདིར་བཀོད་ན་དྲ་གྲོགས་དག་གིས་ལྕི་ཡང་གླེང་བ་མ་ཟད་ཕན་ཐོགས་ཀྱང་ཡོང་རྒྱུ་འདུག་པར་དགོངས་འཇགས་འཚལ།
རྒྱ་ནག་གི་དེང་རབས་ཅན་གྱི་དྲག་པོའི་སྟོབས་ཤུགས་ལ་གདོང་ལེན་བྱེད་མ་ཕོད་པར་རྒྱ་གར་ལ་བྲོས་ཡོང་པ་རེད། རྒྱ་གར་གྱི་རྒད་པོ་ནེ་ཧུ་རུ་ཡིས་ང་ཚོ་ལ་གནས་ཚང་གཡར་པ་རེད། ད་འདུག་མི་དགོས་སོང་ཞེས་ལབ་ན་ཁྱོད་ཀྱིས་ “བོད་གཞུང་” འཁྱེར་ནས་གང་དུ་འགྲོ་གི་ཡིན། ཨ་ནུ་ཐང་ལགས།
ཐེ་བོ་དཀོན་མཆོག་ཤེས་རབ་ཟེར་བ་འདི་སྐད་ཆ་བཤད་དུས་ཏིག་མ་ཏིག་བྱེད་མཁན་ཞིག་ཡོད་པ་དེ་ཡིན་ནམ། ཐེ་བོ་མགོན་པོ་བཀྲ་ཤིས་ཀྱི་ཚ་བོ་རེད་པ། ཁོང་ཡིན་ན་ངོ་ནས་ལོ་མང་པོའི་སྔོན་ལ་ཁོང་གི་ཚིག་བཅད་རྩོམ་གཤིས་དེ་འགྲན་ཟླ་མེད་པ་ཞིག་ཡིན་ཁོ་ཐག་རེད། སྔར་ཁོང་གིས་གྲྭ་སར་ཡོད་དུས་རྩོམ་ཡིག་བྲིས་པའི་འབྲི་དེབ་ཞིག་ངའི་ལག་ཏུ་ཡོང་མྱོང་། ང་ནི་ཧ་ལས་ཞིང་ཧོན་ཐོར་ནས། སྙན་ངག་དཔག་བསམ་འཁྲི་ཤིང་གི་ཚིག་འགྲོས་དང་འདྲ་བ་འདི་འདྲ་ཡོད་པ་རེད་བསམ་ནས་ཡིད་སྨོན་ཤོར། དེ་དུས་ཁོང་ནི་བལ་ཡུལ་ཕྱོགས་ལ་ཕེབས་ཚར་འདུག མུ་མཐུད་ནས་གྲྭ་སར་བཞུགས་རྒྱུ་ན་ངོ་ནས་གནས་ལྔ་རིག་པའི་གནས་ལ་མཁྱེན་རྩལ་ཡངས་པ་ཞིག་ཡོང་རྒྱུ་ཡིན་པ་གོར་མ་ཆགས་མོད། ད་ནི་བལ་ཡུལ་ཞིག་ན། རྩོམ་རྩལ་ཡང་སྔ་མ་ལྟར་མ་རེད། ལོ་རྒས་པའི་རྒས་རྟགས་ཞིག་ཡིན་ན་ཡང་ཐང་།།
ཐེ་བོ་དཀོན་མཆོག་ཤེས་རབ་འདིས་དེང་སང་བླ་མ་ཟམ་གདོང་རིན་པོ་ཆེ་ལ་ཡང་བསྟོད་པ་བྱེད་བཞིན་འདུག སྔ་མ་གྲྭ་ས་ཡོད་དུས་སྐྱབས་མགོན་ཀུརྟི་ཚང་མ་གཏོགས་བླ་མ་ཞིག་མེད་པའི་བཟོ་འདྲ་བཤད་ཀྱི་རེད། ང་ཚོས་ཀུརྟི་རིན་པོ་ཆེ་ཅིག་ཅིག་མིག་མིག་ཟེར་ནས་བཤད་ན་ཁོང་རྡུང་རེས་རྒྱག་རྒྱུ་རེད། རྡུང་རེ་བརྒྱབ་ནས་བླགས་མ་འཁེལ་ན་ངུ་ཤར་རྒྱག་རྒྱུ་རེད། ད་དུང་སྐྱབས་མགོན་རིན་པོ་ཆེ་ཞེས་པའི་མིང་དེ་ཀུརྟི་བླ་མ་ལ་མ་གཏོགས་ཐོབ་ཀྱི་མ་རེད་ཀྱང་ཟེར་གི་རེད། ངོ་ནས་མི་དྲང་མོར་ཟེར་ནོ་ཡིན་ཡ།
བོད་གཞུང་ཟེར་བའི་ཐ་སྙད་འདི་ད་བར་བོད་ཡིག་གི་ཐོག་ཏུ་བཀོལ་བཞིན་ཡོད་པ་ལས། མི་ལོ་ལྔ་བཅུ་ལྷག་གི་རིང་དབྱིན་ཡིག་གི་ཐོག་ཏུ་ལྷན་ཁང་གཅིག་གིས་ཀྱང་གཞུང་ཟེར་བ་འདི་བཀོལ་གྱི་མེད། དེར་བརྟེན་བོད་ཡིག་གི་ཐོག་ནས་དེ་བཀོལ་མི་ཆོག་པ་ཞིག་བཟོས་པར་ཧང་སངས་དགོས་དོན་གང་ཡང་མེད། མ་གཞི་བོད་ཡིག་གི་ཐོག་ནས་དེ་བཀོལ་མི་ཆོག་པ་ཞིག་བཟོས་པ་དེ་ཡང་གསང་བའི་རྒྱུ་མཚན་གཞན་ཞིག་གི་ཐོག་ནས་ཐབས་མེད་དུ་དེ་ལྟར་བྱས་པ་ལས་དྲན་རྒྱུ་མང་དྲགས་ནས་བྱས་པ་ཞིག་མ་རེད། དེ་ལྟར་བྱེད་མཁན་ཡང་༧གོང་ས་མཆོག་རེད་མ་གཏོགས་ཟམ་གདོང་མ་རེད། མ་གཞི་མི་སྐོར་ཞིག་གིས་ཡར་མར་ལ་སྣེ་བཏོགས་པ་གཙོ་བོར་བྱེད་རྒྱུ་ལས་གསར་འགྱུར་ཙམ་ཡང་ཀློག་གི་མེད་པ་འདྲ།།
སྐྱེ་བོ་གང་ཞིག་སྲིད་ཁྲིར་གནས་བཅས་ན།
ཆོས་པ་གཤའ་མ་འབོད་རྒྱུར་ཞེ་རེ་གནོངས།
གཅིག་ཏུ་ཕྱི་མར་གཞོལ་བའི་སྐྱེས་བུ་ལ།
ལུགས་གཉིས་མཁྱེན་པ་རྒྱས་པ་ཤིན་ཏུ་རྗུན།
དྭངས་མའི་དགྲ་ལ་བརྩེ་བའི་སེམས་མདངས་ཅན།།
རང་རིགས་བོད་ལ་འཁོན་སྡང་རྩུབ་སེམས་ཅན།།
དམར་སེར་གོས་ཅན་དཔོན་པོའི་སེམས་ཁམས་ཅན།།
ཆོས་མིན་སྤྱོད་མཁས་ཆོས་གཏམ་སྨྲ་བ་ཅན།།
རང་རང་གི་འདོད་པ་བཞིན་བྲིས་པ་ལ་ཡག་པོ་རེད་ཟེར་རྒྱུ་ལས་ཅི་ཡོད།
མི་༧རྗེ་བཀའ་བློན་ཁྲི་པ་མཆོག་ལ་བསྟོད་པ་ངོ་མཚར་བརྒྱ་ལྡན།
དྲ་གྲོགས་ཚོ། རྒན་དཀོན་མཆོག་ཤེས་རབ་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཞིག་ཡིན།
ཞེས་པ་ལྟར་བསྔགས་བརྗོད་མཛད་པ་པོ་དང་། བསྔགས་ཡུལ་གཉིས་ཀ་ཡུལ་གངས་ཅན་པའི་མཁས་དབང་རྣམ་གཉིས་ལ་འདུད་དེ།
རྣམ་དཔྱོད་བསིལ་ཟེར་འབུམ་ལྡན་ཁྱོད།།
ལུགས་གཉིས་མདུན་སའི་འཆི་མེད་ལམ།།
བཟུང་བས་བོད་དོན་ཉལ་འགྲོའི་གཏེར།།
རྣམ་པར་འཕེལ་བའི་མཚར་སྡུག་འཛིན།།
མདུན་སའི། ཞེས་པའི་ཚིག་ལ་དཔྱད་པར་བྱ་སྟེ། དེ་ཡང་གདུགས་དཀར་ན། ཆོས་བཟང་ལྷ་ཡི་འདུན་ས་ན། ཞེས་པ་ལྟ་བུ། ལེགས་སྦྱར་ནས་འོངས་པའི་ཚིག་ཅིག་ལགས། དེ་ཡང་འདུན་ས་ཞེས་པ་འདུས་པའི་ས་ཡིན་གྱི། མདུན་གྱི་ས་མ་ཡིན། དེ་ཡང་རྒན་དཀོན་མཆོག་ཤེས་རབ་ཙམ་མ་ཡིན་པར་བོད་ཀྱི་མཁས་པ་མང་པོས། འདུན་ས་ལ་མདུན་ས། ཞེས་བྲིས་པ་དང་འབྲི་བ་མཐོང་།
ལེགས་སྦྱར་ནས་བསྒྱུར་པའི་ཚིག་དག་ཐག་གཅོད་པ་ལ་ལེགས་སྦྱར་ལ་ཁུངས་གཏུགས་དགོས། དགེ་འདུན་གྱི་འདུན་དེ་ཡང་འདུས་པའི་དོན་ཡིན། བྱེ་སྨྲའི་སློབ་དཔོན་འདུན་བཟང་ལ་འདུས་བཟང་། ཞེས་པའི་བོད་ཀྱི་གཞུང་དཔེ་དག་མཐོང་མྱོང་། གཞན་ཡང་། རྗེས་འཇུག་ན་དང་ས་གང་ཡིན་ཡང་ཕལ་ཆེར་དོན་གཅིག་ཡིན་པའི་ཚིག་དུ་མ་ཡོད་དེ། དཔེར་ན། ཟན་དང་ཟས། ཚོས་དང་ཚོན་སོགས་བཙལ་ན་མང་དུ་རྙེད་ངེས་སོ།།
རྒན་ལ་དྭགས་པ་ལགས། གུས་པའི་དྲི་བ་དེ་ལ་ལྗགས་ལན་རེ་ཡོད་པར་འཚལ། ཁུ་སྒོ་ཞེས་པའི་དོན་ཅི་རེད།
ལ་དྭགས་པ་བློ་འཇམ་ལགས་ཀྱིས། “དྲ་གྲོགས་ཚོ། རྒན་དཀོན་མཆོག་ཤེས་རབ་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཞིག་ཡིན།” ཞེས་པའི་མཐའ་འཇུག་༼མཁས་པ་ཆེན་པོ་ཞིག་ཡིན་༽ཞེས་པའི་ཡིན་སྒྲ་འདི་ཡང་ཅུང་མ་དག་པ་མཐོང་སྟེ། ང་དང་ངའི་མཐར་ཡིན། དང་། ཁོང་དང་ཁོང་གི་མཐར་རེད། ཅེས་ཐོབ་བཟང་བ་མིན་ནམ། དཔྱོད་ཅིག་བློ་གསར་ཚོས་ཀྱང་།
རྡོ་རྗེ་དྲིལ་བུ་པ་ལེགས།
དྲ་གྲོགས་ཚོ། རྒན་དཀོན་མཆོག་ཤེས་རབ་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཞིག་ཡིན། ཞེས་པ་ལྟར་། ཞེས་པའི་ཚིག་གིས་བདག་གིས་ཐད་ཀར་བརྗོད་པ་མ་ཡིན་པར་ད་གྲོགས་གྲགས་པ་དངོས་སུ་བརྗོད་པ་བསྟན་ཏོ། བདག་གིས་ཐད་ཀར་བརྗོད་པ་ཡིན་ན། བདག་འདྲིས་པ་མེད་པས། ཡིན་ཞེས་པའི་ཚབ་ཏུ། ཡིན་འདུག ཅེས་དགོས་སོ།
ཁྱེད་ཀྱིས། ང་དང་ངའི་མཐར་ཡིན། དང་། ཁོང་དང་ཁོང་གི་མཐར་རེད། ཅེས་ཐོབ་བཟང་བ་མིན་ནམ། ཞེས་པ་བོད་སྤྱི་སྐད་དུ་དེ་མི་རུང་། དེ་ཉིད་བོད་ནུབ་ཕྱོགས་པ་སོགས་ཀྱིས་མི་བཀོལ། དེ་དག་གིས་ཡིན། འདུག ཡོད། བས། གདའ་ཞེས་བཀོལ་བ་མ་གཏོགས། རེད་ཅེས་བཀོལ་བ་མི་འདུག བདག་གིས་མཐོང་བ་ལྟར་ན། ༢༠༠༤ ལོར་བོད་དུ་ང་ཅག་གི་ཁ་ལོ་པ་དེ་གཞིས་ཀ་རྩེ་པ་ཞིག་ཡིན་པ་དེས། བས་ཞེས་བཀོལ་བ་ལས། རེད་ཅེས་བཀོལ་བ་ལ་ཚེར་སྣང་ལྟ་བུ་བྱེད། གཞན་ཡང་། བསམ་ཡས་ན་མཚོ་ཆུང་ཞིག་ཡོད་པ་དེ་༡༩༨༧མཇལ་སྐབས་སུ་ས་ཡངས་པ་ཞིག་ན་ཡོད་ཀྱང་། ༢༠༠༤ ལོར་མཐོང་དུས། གཡས་གཡོན་དུ་གྲོང་ཡུལ་ཆགས་ཁང་པ་གསར་བརྩིགས་ཀྱིས་གང་། མོ་ཞིག་གིས། གསར་དུ་སྤོས་སྐྱོགས་བས། ཞེས་སོ།།
མཁས་པའི་ཟམ་གདོང་རིན་པོ་ཆེ་མཆོག་ལ་གང་ཟག་ག་གེ་མོ་འགའ་ཞིག་གིས་བསྟོད་པ་དང་དང་གའ་ཞིག་གིས་སྨདཔ་་བྱེད་རུང་དོན་ལ་ཁོང་ལྟ་བུའི་མཁས་དབང་ལ་བསྟོད་ན་དགའ་རྒྱུ་དང་སྨད་ན་སྡུག་རྒྱུ་གཏན་ནས་མེད་པ་ཡིིན་ལ
གྲགས་པ་ལགས་ཀྱིས་རྒན་གྱི་རྩོམ་ཡིག་འདིར་བཀོད་པ་ཡག་པོ་བྱུང་འདུག་ལ་ད་དུང་མུ་མཐུད་དེ་རྒན་གྱི་རྩོམ་ཡིག་ཁག་དྲ་ལམ་ནས་ལྟ་ཐུབ་པར་གནང་རོགས།
དེ་རིང་ཡིན་ན་རྒན་ལེགས་ཕེབས་གནང་འདུག་་་་་བཀའ་དྲིན་ཆེ།
བློ་མཐུན་གྲགས་པ་ལགས་ནས་རྒན་ལ་རྒྱབ་སྐྱོར་གང་ཐུབ་གནང་སྟེ་དྲ་རྒྱར་ཕེབས་ཐུབ་པར་གནང་བའི་རེ་བ་ཟབ།
འོ་རེད་་་་ད་རུང་བསེ་རོང་འོད་ཟེར་ལགས་ལ་་་་་་རེ་བ་ཆུང་ཆུང་ཞིག་ཞུ་ཡ་ཡོད།
དེ་སྔོན་མདོ་སྨད་བརྒྱུད་ལས་ནས་ག་ས་ག་བར་འབྲུག་ཆུ་བའི་ཆེད་དུ་ཞབས་འདེབས་བསྡུས་པའི་སྐོར་གྱི་གནས་ཚུལ་ད་སྐབས་ཅི་ཡང་གོ་ཡ་མིན་འདུག་་་་ཞབས་འདེབས་སྒོར་མོ་དེ་དག་ས་གནས་ས་ཐོག་དེར་འབྱོར་ཡོད་མེད་བསྐོར་ཁྱོད་ཚོས་འགན་ཁུར་ལེན་དགོས་ནི་རེད་་་་་་་ཁྱོད་ཚོས་ཕ་ཡུལ་གཅིག་པ་ཡིན་ན་ཅིག་ཟེར་ནས་དང་བོར་མགོ་བཟུང་སྟེ་སོང་བ་རེད་་་་་་འཇུག་འདི་ཡང་གཙང་མ་ཞིག་བྱས་ཏེ་འགྲོ་ཐུབ་ན་ཕ་ཡུལ་གཅིག་ཡིན་ཟེར་བའི་སྤོབས་པ་དེ་ཡང་སྟོབས་ཆེན་པོ་རེད་འདོད་ཀི དེ་ཚུལ་གཞན་ཞིག་གིས་གླེང་མ་ཕོག་པ་ཡིན་ན་ཕ་ཡུལ་གཅིག་པའི་གྲོགས་པོ་ཚོར་ཞུས་ན་ཡག་གི་རེད་་་་་་་་་
རྒན་ལ་དྭགས་པ་ལགས་ཀྱིས། ་་་་་”དེ་ཉིད་བོད་ནུབ་ཕྱོགས་པ་སོགས་ཀྱིས་མི་བཀོལ། དེ་དག་གིས་ཡིན། འདུག ཡོད། བས། གདའ་ཞེས་བཀོལ་བ་མ་གཏོགས། རེད་ཅེས་བཀོལ་བ་མི་འདུག” ་་་་་ ཅེས་སོགས་ཉག་ཉོག་མང་པོ་ཅིག་གསུངས་འདུག ཐུགས་ཁག་མི་འདུག
བོད་རིགས་སྤྱི་སྐད་དག་ཐེར་བྱེད་སྐབས་སུ། བོད་ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་ཁྱད་པར་སྟོན་པ་དེ་བས་ཀྱང་ངའི་འདོད་བློ་མི་འཚིམས་ལ།
ང་ལ་དགོས་རྒྱུའི་པགས་ལ་པགས་ཁུ་ད་ར་ནི། བོད་རིགས་སྤྱི་སྐད་ནང་དུ། ཡིན་དང་མིན། ཡོད་དང་མེད། རེད་དང་མ་རེད། འདུག་་དང་མི་འདུག་བཅས་ལ་ཁ་མཚོན་བཅད་ནས་ཤོད་ཐུབ་པ་དང་འབྲི་ཐུབ་བ་ཅིག་བྱུང་ན། བོད་ཀྱི་ཁ་སྐད་འདི་ཆ་ལག་ཚང་བ་ཅིག་མི་ཡོང་ངམ་བསམས་ནས་མཆན་བརྒྱབ་པ་ཡིན་ལགས། ད་དུང་བགྲོ་གླེང་མཐར་ཐོན་པར་གྱིས་ཤིག
རྩམ་དགའ་ལགས་ཀྱིས་འབྲུག་ཆུའི་སྐོར་ལ་སེམས་ཁུར་གནང་བར་ཐུགས་རྗེ་ཆེ། སྤྱིར་བཏང་བོད་རིགས་ཤིག་ཡིན་གཤིས་སེམས་ཁུར་བྱ་ལོས་དགོས་ཡིན་ན་ཡང་ང་ཚོ་ཕ་ཡུལ་གཅིག་པ་ཡིན་པས་ཆ་ནས་སྐབས་དེར་ང་ཚོ་ཕ་ཡུལ་གཅིག་པ་ཚོས་རང་ངོས་ནས་འགྲོ་སོང་བཏང་ནས་མཆོད་འབུལ་ཞིག་གོ་སྒྲིག་བྱས་པ་མ་གཏོགས་འབྲུག་ཆུར་རོགས་སྐྱོར་སོགས་ཀྱི་ཆེད་ཞབས་འདེབས་སྐར་གང་གཞན་ལ་སློང་མྱོང་མེད་པས་ཞབས་འདེབས་སྐོར་གྱི་གནས་ཚུལ་ང་ཚོ་ཕ་ཡུལ་གཅིག་པ་ཚོར་གསལ་ཁ་གང་ཡང་མེད་པས་སྐུ་ཉིད་ཀྱིས་མདོ་སྨད་རྒྱུན་ལས་ལ་སྐད་ཆ་དྲིས་ན་ཕལ་ཆེར་གསལ་པོར་ཆགས་ངེས་སྙམ།
གྲགས་པ་ལགས།
ཁྱེད་ཀྱིས་བཤད་པ་དངོས་གནས་རེད་ལ་ང་ཚོ་ཕ་ཡུལ་གཅིག་པ་ཚོས་ཐེངས་དང་པོ་ནས་དེའི་སྐོར་ལ་སེམས་ཁུར་ཆེན་པོ་ཡོད་མོད། ད་ལྟ་ང་ཚོས་མདོ་སྨད་རྒྱུན་ལས་ཀྱིས་དེའི་སྐོར་འགན་ཡོངས་རྫོགས་བཞེས་ཡོད་པ་ལ་ཡིད་ཆེས་རྕེ་གཅིག་བྱས་ནས་བསྡད་ཡོད་པ་མ་ཟད་མདོ་སྨད་རྒྱུན་ལས་ཀྱིས་རོགས་སྐྱོར་འབྲུག་ཆུར་རང་ལ་བཏང་རྒྱུར་རེ་བ་དང་ཡིད་ཆེས་ཡོད། སྤྱིར་བཏང་འབྲུག་ཆུ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ཆེད་དུ་མདོ་སྨད་རྒྱུན་ལས་ཀྱིས་རྡ་རམ་ས་ལ་གཙོ་བྱས་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ཞབས་འདེབས་བསྡུ་རུབ་བྱས་པའི་གནས་ཚུལ་འདུག
ཡིན་ན་ཡང་འབྲུག་ཆུ་རང་ལ་རོགས་སྐྱོར་དངོས་སུ་འབྱོར་བའི་གནས་ཚུལ་གོ་ཐོས་གང་ཡང་མི་འདུག
རེད་་་་་་བསེ་རོང་བ་འོད་ཟེར་ལགས།
ངས་ད་བར་དུ་འབྲུག་ཆུའི་ཕྱོགས་ཀྱི་གྲོགས་པོ་འགའ་རེ་བརྒྱུད་ནས་གནས་ཚུལ་འདི་རིགས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ནའང་།ད་བར་དུ་མདོ་སྨད་དབུ་བརྒྱུད་ནས་བཏང་བའི་ཞབས་འདེབས་འབྱོན་ཡོད་པའི་གནས་ཚུལ་གསལ་བོ་ཞིག་རེག་གི་མི་འདུག ང་ཚོ་ཚང་མས་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱས་ཏེ་ས་གནས་དེར་རེག་ཐབས་བྱེད་དགོས་པ་ངེད་ཚོའི་འོས་འགན་རེད། ཁྱེད་ཚོས་དབུས་བརྒྱུད་ལ་གནས་ཚུལ་འདིའི་སྐོར་ལ་སྐད་ཆ་ཙམ་ཡང་འདྲི་མི་ཕོག་པའི་གནས་དོན་ཅང་ཡོད་རྒྱུ་མ་རེད་པྰ། ལྷག་པར་དུ་ཁྱེད་ལ་འགན་ཞིག་ཡོད་པ་རེད་་་་ཐེ་བོའི་ནང་ནས་ཁྱེད་རང་ངོ་མས་ཕ་ཡུལ་གཅིག་པ་རང་རེད་འདུག་ག དྲང་པོ་ཤོད་དགོས་པ་གལ་ཆེན་པོ་རེད་་་་མདོ་སྨད་བརྒྱུད་ལས་ནས་ཁྱེད་ཚོར་ག་རེ་ལབ་ཡོད་པ་རེད། ཁྱོད་ཚོས་ཞབས་འདེབས་བསྡུས་ན་འགྲིག་གི་མ་རེད་་་་མདོ་སྨད་བརྒྱུད་ལས་ནས་འགན་ཁུར་གྱིན་རེད་གསུང་སོང་བ། བརྒྱུད་ལས་ནས་མན་ལོའི་སྲང་བ་རང་ནས་ཞབས་འདེབས་ཉིན་མ་ཁ་ཤས་རིང་བསྡུས་སོང་བར་ངེད་ཚོ་ཚང་མས་གསལ་བོ་མཐོང་སོང་བ།
ཅིག་བྱས་ན་འགྲོ་སྟངས་ཤིག་ཡིན་ན་ཐང་་་་ཞབས་འདེབས་བསྡུ་རུབ་བྱས་པའི་གནས་ཚུལ་འདུག་ཟེར་བ་ཙམ་ལས་་་་རང་གིས་དངོས་སུ་མ་མཐོང་མདོག་མདོག་བྱས་ནས་གཡུག་ནས་བཞག་ན་ཡག་པོ་ག་ལ་ཡིན།
དེ་རིང་དེ་ཙམ་ཡིན་་་་་བདེ་མོ།
རྩམ་དགའ་ལགས།
དགོངས་དག་ངས་གནས་ཚུལ་འདུག་ཅེས་བཀོད་དགོས་དོན་ནི་རྒྱལ་ཁབ་གཞན་དུ་ཞབས་འདེབས་བསྡུ་རུབ་བྱས་པའི་གནས་ཚུལ་གོ་ཙམ་མ་གཏོགས་བདེན་དཔང་གང་ཡང་ད་ལྟ་ང་ལ་གསལ་པོ་མེད་པས་བཀོད་པ་ཡིན།
རྡ་སའི་སྲང་དཀྱིལ་དུ་ཞབས་འདེབས་བསྡུ་རུབ་བྱས་པ་དང་ལྷག་དོན་ང་ཚོའི་མཆོད་འབུལ་ཉིན་གྱི་ཞབས་འདེབས་ཡོངས་རྫོགས་ཁོང་ཚོ་ཡོང་ནས་བསྡུ་རུབ་བྱས་པ་ཀུན་གསལ་ཡིན་པས་ཁྱེད་ཀྱིས་ཀྱང་ལོས་ཤེས།
གང་ལྟར་ཁྱེད་ཀྱིས་འབྲུག་ཆུའི་སྐོར་ལ་སེམས་ཁུར་གནང་བ་ངོ་མ་ཐུགས་རྗེ་ཆེ།
ད་བདེ་མོ།