ཕྱི་ ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༤ ཉིན་འབྱོར་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ ཕུན་ཚོགས་མཆོག་གིས་རང་སྲོག་བློས་བཏང་ནས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་ རྒྱལ་སྤྱིའི་ཐོག་གསལ་འདོན་བྱས་ཡོད་ལ། སྐབས་དེར་རྔ་པ་རྫོང་མཁར་དུ་ཡོད་པའི་མི་མང་གིས་ཀྱང་རང་ཉིད་ཀྱི་མངོན་འདོད་གསལ་བརྗོད་བྱས་ཤིང་། ད་ལྟའི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འདོད་པ་ མེད་པའི་ངོ་རྒོལ་སྐད་འབོད་བྱས་ཡོད། རྐྱེན་དེ་ལ་བརྟེན་ནས་ཕྱི་ཟླ་ ༣ ཚེས་ ༢༠ ཡས་མས་སུ་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་དཔལ་ འབྱོར། རང་ལོ་ ༣༨ ཡིན་པ་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ལ། ཁོང་གསུམ་པའི་བཅུ་དྲུག་གི་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་བཟུང་བ་ཞིག་ཡིན་འདུག ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན། མ་མིང་ལ་སྒྲོན་མཚོ་ཞུ་བ་སྙིང་གི་ན་ཚ་ཡོད་སྟབས་ཁོང་འཛིན་བཟུང་བྱས་ནས་ཟླ་བ་གསུམ་ལྷག་སོང་རིང་ཁོང་འཛིན་བཟུང་བྱས་པའི་སྐོར་གསང་བ་བྱས་ཏེ་ཤེས་སུ་བཅུག་མེད་འདུག ཁོང་གི་ཁྱིམ་དུ་གཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ནང་མི་གསུམ་ཡོད།
དེང་ སྐབས་ཀྱི་རྔ་པ་ཀིརྟི་དགོན་པའི་མཐའ་ཚང་མ་སྔར་བཞིན་དམག་མིས་བསྐོར་ནས་ཕྱི་ནང་ གི་འགྲོ་འོང་བཀག་སྡོམ་བྱེད་མུས་ཡིན་པ་དང། ནང་དུ་དགེ་འདུན་ པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་ མུས་ཡིན་པ་དང། རྒྱ་གཞུང་གི་ལས་བྱེད་པ་བཞི་བརྒྱ་ཡས་མས་རྒྱུན་དུ་དགོན་པའི་ནང་བསྡད་ཅིང་། དེ་མིན་ཉེན་རྟོག་པ་དང་དམག་མི་དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དགེ་འདུན་པ་ རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་ འདུག་སྤྱོད་གསུམ་ལ་དངོས་སུ་བྱ་ར་བྱས་ནས་ཡོད་པར་མ་ཟད། བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་རིགས་དགོན་པའི་ཕྱོགས་ཚང་མར་བཀར་ནས་ཡོད་པས་དགེ་འདུན་པ་རྣམས་ལ་སུན་གཙེར་བྱེད་མུས་ཡིན་འདུག་པ་དང་། མཚམས་རེར་དགེ་འདུན་པ་རེ་ཟུང་ཁྲོམ་སོགས་ལ་གཏོང་གི་ཡོད་ཀྱང་འགན་ལེན་པ་ཡིན་ ཟེར་བའི་ལས་བྱེད་པ་རེས་རྗེས་འདེད་བྱེད་བཞིན་འགྲོ་གི་ཡོད་འདུག དེང་སྐབས་ཀྱི་བོད་ཟླ་བཞི་པ་ནི་རྒྱུན་ལྡན་གྱི་དགོན་པའི་ཆོས་མཚམས་ཆེན་མོ་ཡིན་ ཞིང་། སྐབས་དེར་འབྲོག་ཕྱོགས་ཀྱི་སྡེ་བ་མང་པོས་སྤྱི་སྒེར་གྱི་ཞབས་བརྟན་ཁག་བསྒྲུབ་ རྒྱུ་སོགས་ལ་དགེ་འདུན་པ་རྣམས་གཏོང་རྒྱུའི་རེ་བ་ཆེན་པོ་བྱས་དང་བྱེད་མུས་ཡིན་ ཡང་རྒྱ་གཞུང་གིས་བསམ་ཤེས་གཏན་ནས་བྱས་མེད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༤ ལ།
༄། །བསྟན་དགྲ་ཇག་ཚོགས་འདིའི་ཁ་དག་ན་ཅི་མ་རུང་། ཤྰཀྱའི་རྗེས་འཇུག་ཚོ་རང་ཚུགས་མ་ཤོར། རྐྱེན་ངན་སྡིག་པའི་ཕྱགས་མ་ཡིན་གསུངས་པ་མ་ཡིན་ནམ། བོད་མིར་མ་ཟད་འཛམ་གླིང་གི་དྲང་བདེན་ལ་དགའ་བའི་མི་ཡོངས་རྫོགས་འུ་ཚོའི་རྒྱབ་སྐྱོར་བ་ཡིན་པ་ལོས་མཁྱེན། ད་ཆ་ཇག་པའི་བཙན་དབང་ཐོར་ཞིག་ཏུ་འགྲོ་བའི་རྟགས་མཚན་ཇེ་མང་ཇེ་མང་རེད་འདུག ལས་རྒྱུ་འབྲས་ལ་བསླུ་བ་མེད་དོ།།
༄། །བསྟན་དགྲ་ཇག་ཚོགས་ཁ་དག་རྒྱུ་འདི་ཚོས་ཞི་དུལ་གཉོམ་ཆུང་གི་ཆོས་པ་ཚོར་འོ་བརྒྱལ་ཆེན་པོ་བཟོས་སོང་བར་གདུང་སེམས་མཉམ་བསྐྱེད་ཡོད། དཔའ་མ་ཞུམ། རང་ཚིགས་མ་ཤོར། ལས་འབྲས་ལ་བསླུ་བ་མེད་པས་ད་ནི་ཇག་ཚོགས་ཐོར་ཉེའི་འཕག་འཚག་གི་རྟགས་མཚན་ཇེ་མང་ནས་ཇེ་མང་རེད་འདུག བོད་ཀྱི་དགེ་འདུན་པ་རྣམས་སྐུ་ཚེ་བརྟན་པར་སྨོན། བསྟན་པ་རྒྱས་པར་སྨོན།།
དགོངས་དག རང་ཚུགས་མ་ཤོར་ལ་ཡིག་སྐྱོན་ཐེབས་འདུག
གནས་ཚུལ་འདི་ལ་ཀུན་གྱིས་དོན་གཉེར་གནང་རོགས།
རྔ་བ་དཔའ་བོའི་ཡུལ་ལྗོངས་ན།།ལ་རྒྱའི་དར་ཆེན་ཆག་མེད་འཕྱར།།
གནས་ཚུལ་དུས་བབ་ཚང་དང་བང་ཆེན་ཚང་སོགས་དྲ་ཚིགས་གཞན་དུ་དེ་འདྲ་མཐོང་རྒྱུ་མི་འདུག་པས་འབྲེལ་མཐུད་པ་གཉིས་ཀྱིས་བཏང་མེད་པ་རེད་དམ། གསར་ཁང་གིས་བདག་པོ་མ་བྱས་པ་རེད། གོང་ཞུས་དྲ་ཚིགས་ཀྱི་དོ་དམ་པ་དག་གིས་ཀྱང་དོན་འདི་ཤེས་དགོས་པ་རེད།