ལྷོ་པྱོགས་ཉི་ཟླ།
སྤྱིར་དྲ་ཐོག་ཡིག་ཐོག་སོགས་ནས་རྩོམ་ཡིག་སོགས་སྤེལ་མཁན་མང་པོ་བྱུང་དང་བྱུང་བཞིན་པ་རེད། དེ་དག་ལ་བལྟས་ན་དགའ་འོས་བ་ཞིག་ཀྱང་རེད། ཡིན་ཡང་རྩོམ་པ་པོའི་མིང་བྱང་ཁུར་མཁན་ཁ་ཤས་ཤིག་གིས་རང་ཉིད་ཀྱི་ལྟ་བ་ནང་བཞིན་ཞིག་རྩོམ་རིགས་སྤེལ་མཁན་ཆ་ཚང་བ་དྲ་ཐོག་ཏུ་ཕེབས་དོན་བསམ་བློ་གཅིག་མཐུན་ཡིན་རྒྱུ་རེད་བསམ་གྱིན་འདུག་པ་འདི་དེ་ཚོའི་ནོར་འཁྲུལ་ངོ་མ་རེད།
ཁ་ཤས་ཤིག་མིང་བྱང་ཁོ་ནའི་ཆེད་དུ་དྲ་ཐོག་ཏུ་ཡོང་མཁན་ཡོད། ཁ་ཤས་བོད་ཀྱི་རིག་གཞུང་གཅེས་སྐྱོངས་བྱེད་རྒྱུ་ཁོ་ནས་ཆེད་དུ་ཡོང་མཁན་ཡང་ཡོད། ཁ་ཤས་ཤིག་མི་རིགས་ཀྱི་བདེ་སྡུག་བརྗོད་འདོད་ཀྱི་ཕུགས་འདུན་ཡོད་མཁན་ཡང་ཡོད། ཁ་ཤས་ཤིག་མི་གཞན་ལ་སྐྱོན་བརྗོད་དང་བསམ་ངན་བྱེད་རྒྱུའི་ཆེད་དུ་ཡོང་མཁན་ཡང་ཡོད། ཁ་ཤས་ཤིག་རང་ཉིད་རྩོམ་ཡིག་ཡར་རྒྱས་གཏོང་འདོད་ཁོ་ནས་ཆེད་དུ་དྲ་ཐོག་ཏུ་ཡོང་མཁན་ཡང་ཡོད། འདི་འདྲའི་རིགས་མང་པོ་ཞིག་ལ་ཕུགས་བསམ་མི་འདྲ་བ་གསལ་བོ་རེད།
ཁ་ཤས་ཤིག་གིས་ཁ་ནས་སྐད་ཆ་རྫིག་པོ་བཤད་ནས་དྲ་གྲོགས་བར་དུ་སྐྱོན་བརྗོད་དང་མི་མཛེས་བས་སྐད་ཆ་མང་པོ་ཞིག་དེང་སང་དྲ་ཐོག་ཏུ་སྤེལ་རྒྱུ་འདུག་པས་འདི་དག་གིསབསམ་བློ་རྒྱ་ཆེན་པོ་གཏོང་ཧ་ཅང་རྒྱུ་གལ་ཆེ། དྲ་གྲོགས་འདི་ཚོ་ཚང་མ་དྲ་ཐོག་ཏུ་ཕེབས་མེད་དོན་ཕུགས་འདུན་མི་འདྲ་བ་ངེས་པར་དུ་ཤེས་དགོས།
མ་གཞི་ནས་ཡིག་ནོར་རམ་་ཚིག་ཕྲད་དང་ཚིག་གི་སྡེབ་སྦྱོར་སོགས་ཕྲན་བུ་ཕྲན་བུ་ནོར་མཁན་ཡོང་སྲིད་ཀྱི་རེད། ཡིན་ཡང་དྲ་གྲོགས་བར་དུ་བརྩེ་སེམས་ཀྱི་ངང་ཐེར་འདོན་བྱེད་རྒྱུ་དང་སློབ་སྟོན་བྱ་རྒྱུ་ཕར་ཞོག རང་ཉིད་དེས་ཆེད་དུ་དྲ་ཐོག་ཏུ་ཡང་ཡོང་འདོད་མེད་པའི་སྐད་ཆ་རྫིག་པོ་བཤད་མཁན་དེ་ཚོ་རྩ་བ་ཉིད་ནས་ཁས་ལེན་ཐབས་བྲལ།
ཁྱེད་ཚོས་ངོ་མ་དེ་འདྲའི་སེམས་ཁྲལ་ཞིག་དང་ཕན་སེམས་ཞིག་ཡོད་ན་དྲ་གྲོགས་ཚང་མའི་ཟིན་བྲིས་གསར་སྤེལ་ནང་དུ་ཡིག་ནོར་སོགས་ཐེར་འདོན་བྱེད་རྒྱུའི་ལས་འགན་ཞིག་མགོ་རྩོམས་དང་དེ་ནས་རང་གཞན་གཉིས་ཀ་གསལ་བོར་ཆགས་ཐུབ་ཀྱི་རེད།
དེ་མིན་སྐད་ཆ་རྫིག་པོ་དང་ཚིག་སྙན་པོ་ཙམ་གྱིས་ཁྱོད་ཀྱི་རིན་ཐང་རྟོགས་མི་ཐུབ་པ་མ་ཟད་དྲ་གྲོགས་ཚོ་དང་སྤྱི་ཚོགས་ལ་ཡང་ཕན་ཐོགས་ཏིལ་འབྲུ་ཙམ་ཅིང་ཡོང་མི་ཐུབ། དགའ་མིན་དགའ་འདོགས་རྩ་བ་ཉིད་ནས་མིན། རང་ངོ་མི་ཤེས་གཞན་ངོ་ཤེས་མཁན་ཚོར་ཆེད་དུ་ཕུལ་བ་ཞིག་གོ
བསམ་ཚུལ་ལ་རྗེས་སུ་ཡི་རང་ཡོད། ལེགས་པོ་གསུང་ཤཱ
བསམ་ཚུལ་དེ་ལ་འཐད་པ་བྱུང་།
བསམ་སྟངས་ནོར་མེད་ཀྱང་། འབྲི་སྟངས་ལམ་སྟོན་བྱེད་དགོས་པ་ཁག་དང་འདྲ་ལེ་འདུག
དྲ་གྲོགས་རྣམ་གཉིས་ཀྱིས་བསམ་ཚུལ་གསུངས་བ་དགའ་ཡོད།
རྒྱབ་སྐྱོར་གྱི་རྣམ་པ་མངོན་འདུག་པས་སེམས་ནས་བསུ།
བསམ་ཚུལ་དེར་ཤིན་ཏུ་ནས་འཐད་པ་བྱུང༌། མ་གཞི་མི་གཞི་ཡོད་མཁན་ཞིག་ཡིན་ན་ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་བསམ་ཚུལ་འདི་ལྟ་བུ་སྤེལ་མཁན་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས་ལྷག་མེད། གནས་སྐབས་ཙམ་མམ་ཚོར་སྣང་ཙམ་གཙོ་བོར་བཟུང་བའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལ་རིན་ཐང་མེད་པ་ནི་ཆོས་ཉིད་རེད།
འགའ་ཞིག་ཁྱེད་དང་འདྲ་བར་སློབ་གསོ་ལམ་སྟོན་བྱེད་དུ་ཡོང་བ་ར་ཡོད་རྒྱུ་རེད་པ། དངོས་གནས་ཧམ་པ་ཆེ་ཀི་ཡ་་་་་་་་་་་་་་་
རྒྱབ་ལོག་ནས་སྐྱོན་བརྗོད་བྱེད་པ་ལས་ཐད་ཀར་སྐྱོན་རྗོད་བྱས་ན་བཟང་། མི་སུ་ཡིན་རུང་གཞུང་ཡིན་ནའང་སྐྱོན་བརྗོད་བྱས་ན་ལེགས།
རྒྱུ་མཚན་མེད་པར་འཆལ་གཏམ་སྣ་ཚོགས་སྤེལ་མཁན་དེ་ཚོ་ཡག་པོ་མ་རེད། གཞུང་ཡིན་ན་སྒེར་ཡིན་ན་སྐྱོན་ཡོད་ན་ཐེར་འདོན་བྱེད་དགོས་རེད། གཞུང་ལ་སྐྱོན་ཡོད་ཀྱང་ཐེར་འདོན་བྱེད་མི་ཆོག་ན་རྒྱ་དམར་གཞུང་དང་གཅིག་མཚུངས་རེད།
༼གཞིས་ལུས་བོད་མིའི་གྲངས་འབོར༽སྤྱི་ལོ་༡༩༩༠་ལོའི་ལོ་མགོ་ནས་བོད་མི་རིགས་ཀྱི་གྲངས་འབོར་ཞིབ་གཤེར་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་རིགས་མི་འབོར་གྲངས་ཁྲི་ཉིས་བརྒྱ་དགུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་རིགས་མི་གྲངས་ཁྲི་དགུ་བཅུ་གོ་གཅིག ཟི་ཁྲོན་ཞིང་ཆེན་ཁོངས་སུ་བོད་རིགས་མི་གྲངས་ཁྲི་བརྒྱ་དང་བརྒྱད་ལྷག ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་མི་གྲངས་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ། ཡུན་ནན་ཞིང་ཆེན་ཁོངས་སུ་མི་གྲངས་ཁྲི་བཅུ་གཅིག་ལྷག་ཙམ་ཡོད་པ་དེ་དག་བསྡོམས་རྩིས་བརྒྱབ་ན་ག་ཚོད་རེད། དེ་ནས་ད་ལྟའི་བར་ག་ཚོད་ཅིག་འཕར་ཡོད་དམ།
འཛམ་གླིང་ཐོག་བོད་ཡིག་གི་ཚགས་པར་ཐོག་མ་གང་ཡིན། གསར་ཤོག་དེའི་མིང་ལ་ཅི་ཞིག་ཟེར། གསར་གཏོད་བྱེད་མཁན་སུ་ཡིན།
འཛམ་གླིང་གི་སྟོན་པའི་སྐུ་བརྙན་ཆེ་ཤོས་རྒྱལ་ཁབ་གང་ན་ཡོད། མཐོ་ཚད་ལ་མི་ཊར་ག་ཚོད་ཡོད།
རྒྱ་གར་ལ་རྒྱ་ནག་གི་མི་རིགས་ཞིག་དང་ཐོག་བསླེབས་མཁན་སུ་ཡིན། ཁོང་གི་མཚན་ལ་ཅི་ཞིག་ཟེར། སྤྱི་ལོ་ནམ་ཞིག་ཡིན།
བསམ་ཚུལ་ལ་དགའ་བསུ་ཞུ་།
ཡིན་ན་སོ་སོའི་ལག་ལེན་སྟ་གལ་ཆེ་བ་མཐོང་ངོ།