(ཨ་རིར་ཚོགས་པའི་སྐུའི་འཁྲུངས་སྐར་མཛད་སྒོ་མཐོང་རྗེས་སུ།)
ཀིརྟི་སྐྱབས་ཀྱིས།
༄༅།།རྒྱལ་བའི་སྐུ་ཁམས་དྭངས་པས་དགའ་བ་ལ།།
དགུང་ལོ་ཇེ་མཐོར་ཕེབས་པས་སྐྱོ་བ་ལ།།
རྒྱལ་བའི་གདུལ་བྱར་གྱུར་པས་དགའ་བ་ལ།།
རྒྱལ་བའི་བཀའ་བཞིན་མི་ནུས་སྐྱོ་བ་ལ།།
རྒྱལ་བ་བོད་དུ་འཁྲུངས་པས་དགའ་བ་ལ།།
རྒྱལ་བ་ཕྱི་ནས་བགྲེས་པས་སྐྱོ་བ་ལ།།
འཛམ་གླིང་སྤྱི་ནོར་གྱུར་པས་དགའ་བ་ལ།།
བོད་མིས་ནོར་ཉམས་མི་ཆོད་སྐྱོ་བ་ལ།།
གཞིས་ལུས་སྤུན་ཟླས་མཉམ་རོལ་དགའ་བ་ལ།།
གཞིས་བྱེས་སོ་སོར་གྱེས་པས་སྐྱོ་བ་ལ།།
གཞིས་བྱེས་འབྲེལ་བ་ཇེ་ཟབ་དགའ་བ་ལ།།
གཞིས་བྱེས་ལྷན་འཛོམས་མ་བྱུང་སྐྱོ་བ་ལ།།
བོད་མིས་འཛམ་གླིང་ཁྱབ་པས་དགའ་བ་ལ།།
བོད་མི་ཁ་འཐོར་སོང་བས་སྐྱོ་བ་ལ།།
བོད་མིས་གཞན་སྐད་འཁྱོངས་པས་དགའ་བ་ལ།།
བོད་མིས་རང་སྐད་བརྗེད་པས་སྐྱོ་བ་ལ།།
རྒྱལ་བའི་མཛད་འཕྲིན་རྒྱས་པས་དགའ་བ་ལ།།
རྒྱ་བོད་འབྲེལ་མོལ་ཆད་པས་སྐྱོ་བ་ལ།།
བོད་མིའི་དམངས་གཙོ་འཕེལ་བས་དགའ་བ་ལ།།
རྒྱ་མིའི་གཅིག་སྡུད་ཇེ་བཙན་སྐྱོ་བ་ལ།།
དགའ་སྐྱོ་འདྲེས་མའི་གླུ་དབྱངས་གཉོམ་པོ་འདི།།
བདེ་སྡུག་སོ་ཁ་བརྡར་བའི་སེམས་ངོགས་ནས།།
སྨུག་སྤྲིན་དཀར་པོ་ཞིག་གི་དར་དང་བཅས།།
མཛའ་བརྩེའི་གྲོགས་པོ་དག་གི་སྙན་དུ་ཕུལ།།
ཡག་པོ་བྲིས་བཞག བོད་པ་ལ་རྣ་བ་ཡོད་ན་མདངས་ནུབ་ཁོང་གི་སྒྲེས་ཡོལ་དང་ཆབ་སྲིད་དབང་ཆ་རྩིས་སྤྲོད། བཀའ་ཁྲིའི་འོས་འདེམས་ཀྱི་གྲུབ་འབྲས། བོད་གཞུང་གི་མིང་བརྗེ་བོ་བརྒྱབ་པའི་དགོངས་གཞི་སོགས་ལ་ཧ་ཅང་གནད་དུ་ཐིངས་པའི་གསལ་བཤད་གནང་བར་དགའ་བ་ཆེན་པོ་སྐྱེས།
བཙན་བྱོལ་བོད་རིགས་སྤུན་ཟླར་༧རྒྱལ་དབང་མཆོག་མཇལ་རྒྱུ་ཡོད་པ་དགའ་བ་ལ་།
གཞིས་བཞུགས་སྤུན་ཟླར་༧རྒྱལ་དབང་དངོས་སུ་ཞལ་མཇལ་མི་ཐུབ་པར་སྐྱོ་བ་ལ་།
དྲ་གྲོགས་རྫ་ཚེ་བཀྲ་དང་རང་བཙན་ལྡེའུ་ཕེབས་པར་སྙིང་ནས་དགའ་ཡོད།
ཀིརྟི་སྐྱབས་ལགས།
ངའི་མིང་ལའང་ཀིརྟི་སྐྱབས་ཟེར་གྱི་ཡོད། ང་རང་གཉིས་མིང་གཅིག་པ་མ་གཏོགས་གང་ཟག་གཅིག་མ་རེད། ཁྱེད་ཀྱིས་མཆན་འབྲི་སྟངས་ལ་བལྟས་ན་རྩོམ་འདི་ཁྱེད་ཀྱིས་བྲིས་པ་ཡིན་པའི་བཟོ་ལྟ་བསྟན་འདུག དེ་འདྲ་མ་གནང་། ཐེངས་སྔོན་མར་ཡང་འདི་འདྲ་ཞིག་བྱས་སོང་སྟེ། ངས་མ་ཤེས་ཁུལ་བྱས་ནས་བཞག་པ་ཡིན། རྒྱུ་མཚན་ནི། ང་རང་གཉིས་ཀ་བླ་མ་ཀིརྟི་ཚང་ལ་སྐྱབས་འཆོལ་མཁན་གཅིག་གྱུར་ཡིན་འདུག་པའི་ནང་ཚགས་ཀྱི་འབྲེལ་བ་འདི་ལ་བསམ་བློ་བཏང་བ་ཡིན། ཁྱེད་ཀྱིས་རང་གི་བཟང་སྤྱོད་ལ་དགོངས་པ་བཞེས་རོགས།
བོད་ལ་ནོར་བུ་ཡོད་པས་དགའ་བ།
བོད་མིས་ནོར་ཉམས་མི་ཆོད་སྐྱོ་བ་ལ།
བོད་དོན་འཛམ་གླིང་ཁྱབ་འདི་དགའ་བ།
རྒྱལ་སྤྱི་ཕྱོགས་ལྷུང་ཆེ་བས་སྐྱོ་བ།
རྒྱལ་དབང་ཁྱེད་དང་ལན་གཅིག་མཇལ་བ་ཡང་། བདག་གི་ཚེ་རབས་མང་པོའི་བསོད་ནམས་མཐུ། དོན་མེད་མ་ཟད་སྙིང་ནས་དགའ་བ་སྐྱེས། སླར་ཡང་ཁྱེད་ཞལ་ཡང་ཡང་མཇལ་བ་ཡིས། རྟག་ཏུ་གཞན་དོན་ཁོ་ནར་རོལ་བར་ཤོག ཅེས་པ་འདི་བདག་གི་དྲིན་ཅན་བླ་མ་རིན་པོ་ཆེས། རྒྱལ་དབང་འདི་པ་དང་མཇལ་བ་འདི་ཚེ་རབས་འགའ་ལ་ཚོགས་དང་སྨོན་ལམ་གྱི་འབྲས་བུ་ཁོ་ན་ཡིན་ཞེས་རྟག་ཏུ་ཤུམ་ནས་གསུངས་པ་དྲན་བྱུང་།
ཨེ་མ། སྟོན་པ་ཡང་དག་ཤ་ཀྱའི་སྲས། བསྟན་པ་ཡང་དག་རྟེན་འབྲེལ་གཞུང་། བསྟན་འཛིན་ཡང་དག་གངས་ཅན་མགོན། དེ་ལྟར་བསམ་ན་སྐྱིད་རེ་ཤར།