༄༄།། བཀུར་འོས་རྒྱལ་དབང་ཡིད་བཞིན་ནོར་བུའི་༧སྐུ་སྒེར་ཡིག་ཚང་གི་དབུ་ཁྲིད་མཆོག་གི་ཞབས་དྲུང་དུ།
དེ་གའི་ལས་ཁུངས་ནས་ཏྭ་ལའི་བླ་མའི་དྲ་ཚིགས་ཏེ། www.dalailama.com ཞེས་པ་ཞིག་བཏོན་གནང་བ་དེས་ཕྱི་ནང་གི་མི་ཚང་མར་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་མཛད་པ་རྣམས་སྟབས་བདེ་པོས་ཤེས་ཐུབ་པར་ཕན་པ་ཆེན་པོ་འདུག་པས་ཐུགས་རྗེ་ཆེ།
ལྷག་པར་དུ་དྲ་ཚིགས་དེ་རྒྱ་ཡིག་དང་དབྱིན་ཡིག་ཐོག་བཏོན་ཐུབ་པ་དེས་རྒྱ་མི་རིགས་དང་དབྱིན་ཇིའི་སྐད་ཡིག་ཤེས་མཁན་གྱི་འཛམ་གླིང་གི་མི་རྣམས་ལ་རྒྱལ་དབང་ཡིད་བཞིན་ནོར་བུའི་གནས་ཚུལ་རྣམས་དུས་ཐོག་ལ་ཤེས་ཐུབ་པ་དེས་ངེད་ལ་དེ་བས་དགའ་སྤྲོ་འཕེལ་བཞིན་སྣང་།
ཡིན་ནའང་སེམས་སྐྱོ་བ་ཞིག་ལ། དྲ་ཚིགས་འདི་ད་དུང་བོད་ཡིག་ཐོག་མེད་པ་དང་། བོད་ཡིག་ཕ་སྐད་ལ་བཀོལ་སྤྱོད་བྱེད་མཁན་གྱི་གངས་ཅན་པ་རྣམས་ཀྱིས་རྒྱལ་དབང་་ཁོང་གི་མཛད་པ་དང་གསུངས་བཤད་རྣམས་སྐད་ཡིག་གཞན་ལ་བརྟེན་ནས་ཤེས་དགོས་པ་དེས་ཡིད་ལ་ཅུང་མི་བདེ་བའི་འཚོར་བ་ཞིག་ཡོང་བཞིན་འདུག གུས་མོས་དྲ་རྒྱའི་ཟིན་བྲིས་ཀྱི་ཐོག་ནས་ཕྱི་རྒྱལ་ལ་བཞུགས་མཁན་གྱི་བོད་རིགས་སྤུན་ཟླ་འགའ་ཤས་ལ་དེའི་སྐོར་འདྲི་བ་མང་པོ་དྲིས་ཀྱང་། ཁོང་རྣམས་ཀྱིས་ལན་གསལ་པོ་ཞིག་སྤྲོད་མི་ཐུབ་ལ། ཁོང་རྣམས་ལ་དྲ་རྒྱ་འདི་བོད་ཡིག་ནང་འདོན་དགོས་པའི་བསམ་འཆར་ཞིག་དྲ་ཚིགས་ཐོག་འདོན་ཐུབ་ན་བརྗོད་སྐབས། འོ་དེ་བྱེད་ནུས་པ་མིན་འདུག བསམ་འཆར་དེ་ལྟར་བཏོན་ན།། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཟེར་ནས་བོད་མིའི་སྤྱི་ཚོགས་ནང་སྡོད་མི་ཐུབ་པ་བཟོ་བར་བྱེད་ཟེར་ནས་བོད་པ་སུ་ཞིག་གིས་དེའི་སྐོར་ལ་བསམ་འཆར་ཤོད་མི་ནུས།
དེར་བརྟེན་གུས་མོས་དེ་རིང་གྲོགས་པོ་ཞིག་བརྒྱུད་ནས་དྲི་བ་ཁ་ཤས་ཤིག་ཕྱི་རྒྱལ་ལ་སྤེལ་བའི་དྲ་རྒྱའི་ཐོག་འཇོག་རོགས་ཅེས་ཞུ་བ་མང་པོ་བྱས་ནས་ཁྱེད་རྣམས་ལ་གཤམ་གྱི་དྲི་བ་དེ་དག་འདོན་བཞིན་ཡོད། སྐུ་སྒེར་ཡིག་ཚང་ནས་རྒྱལ་དབང་མཆོག་གི་དྲ་ཚིགས་འདི་བོད་ཡིག་ཐོག་མི་སྤེལ་བའི་ཐག་གཅོད་གནང་བ་དེ་གཤམ་གྱི་རྒྱུ་མཚན་གང་ལ་བརྟེན་ཡོད་མེད་ཀྱི་ལན་གསལ་པོ་ཞིག་དྲ་རྒྱའི་ཐོག་གནང་ན། བོད་ཡིག་བཀོལ་སྤྱོད་བྱེད་མཁན་གྱི་ཕྱི་ནང་བོད་མི་ཚང་མར་ཕན་པ་ཆེ་བས། དེ་རྩིས་ཐུགས་རྗེའི་གཟིགས་པས་མི་དོར་བར་ལན་གསལ་པོ་ཞིག་ཡོང་བ་མཁྱེན། མཁྱེན། མཁྱེན།
རྒྱུ་མཚན་དང་པོ། བོད་ཡིག་འདི་རྒྱ་ཡིག་དང་ཕྱི་རྒྱལ་གྱི་སྐད་ཡིག་དང་ཚུ་ཚད་མི་སྙོམས་པའི་རྒྱུ་མཚན་དུ་བྱས་ནས་དྲ་རྒྱ་དེ་བོད་ཡིག་ནང་སྤེལ་མེད་པ་རེད་དམ།
རྒྱུ་མཚན་གཉིས་པ། དེང་སང་རྒྱལ་དབང་མཆོག་གི་བཀའ་ཆོས་ལ་ཕེབས་མཁན་གཙོ་བོ་དེ་བོད་ཆོལ་གསུམ་ནང་གནས་པའི་བོད་པ་རྣམས་མིན་སྟབས། བོད་ཡིག་ནང་དྲ་རྒྱ་སྤེལ་དགོས་པའི་རྒྱུ་མཚན་མེད་པ་མཐོང་བ་རེད་དམ།
རྒྱུ་མཚན་གསུམ་པ། རྒྱལ་དབང་མཆོག་ལ་སྦྱིན་བདག་དང་ཞལ་འདེབས་མང་ཤོས་དེ་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ཐེ་ཝན་ནས་འབྱོར་གྱི་ཡོད་སྟབས། བོད་ཡིག་ནང་དྲ་རྒྱ་སྤེལ་བའི་དགོས་པ་མེད་པ་གཟིགས་པ་རེད་དམ།
རྒྱུ་མཚན་བཞི་པ། བོད་འདི་ཀྲུང་གོའི་བཙན་འོག་ལ་གནས་པས། བོད་པའི་རང་དབང་དང་རིག་གཞུང་ཉིན་རེ་བཞིན་ཉམས་འགྲོ་བཞིན་ཡོད་སྟབས། བོད་ཡིག་ལ་མདུན་ལམ་མེད་པ་གཟིགས་ནས་དྲ་རྒྱ་དེ་བོད་ཡིག་ནང་སྤེལ་མེད་པ་རེད་དམ།
རྒྱུ་མཚན་བཞི་པ། སྐུ་སྒེར་ཡིག་ཚང་ནང་བོད་ཡིག་ཤེས་མཁན་མི་ལྡང་བས་དྲ་རྒྱ་བོད་ཡིག་ཐོག་སྤེལ་མི་ཐུབ་པ་རེད་དམ།
རྒྱུ་མཚན་ལྔ་པ། རྒྱལ་དབང་ཁོང་གིས་དམིགས་བསལ་བཀའ་གནང་ནས། བོད་ཡིག་ནང་དྲ་རྒྱ་སྤེལ་མི་དགོས་པའི་བཀའ་རྒྱ་ཡོད་དམ།
རྒྱུ་མཚན་དྲུག་པ། ཀྲུང་དབྱང་མཆོག་ནས་བོད་ཡིག་ནང་རྒྱལ་དབང་མཆོག་གི་མཛད་པ་རྣམས་ཁྱབ་བརྡལ་བྱེད་པར་བཀག་འགོག་གནང་སྟབས། བོད་ཡིག་ནང་དྲ་རྒྱ་དེ་སྤེལ་བར་དཀའ་ངལ་འཕྲད་པ་ཡིན་སྲིད་དམ།
གུས་ཕྱག་དུ་མས་བརྒྱན་ནས།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་འཛིན་གྲྭའི་སློབ་མ་པད་མིང་པས།
སྤྱི་ལོ་༢༠༠༩ལོའི་ཟླ་བ་༣ཚེས་༢ཉིན་ཕུལ།
དྲི་བ་ནག་པོ་ཞིག་བཏོན་འདུག་ག། ཁྱེད་རང་གི་དགོངས་ཚུལ་དེར་རྒྱབ་སྐྱོར་ཡོད། དྲ་གནས་དེ་བོད་ཡིག་ནང་ངེས་པར་དགོས་པ་འདུག བོད་ནང་གི་བོད་མི་མང་ཆེ་བས་སྐོམ་པས་ཆུ་འདོད་པ་ལྟར་རྒྱལ་དབང་རིན་པོ་ཆེའི་མཛད་འཕྲིན་ལ་སྒུག་བསྡད་ཡོད་པ་རེད། ད་རུང་བོད་ཡིག་དྲ་ཐོག་ཏུ་རྒྱལ་བ་རིན་པོའི་ཆེའི་གསུང་ཆོས་སྒྲ་ལེན་བྱས་གྲུབ་ཡོད་པ་རྣམས་དང་། སྐུ་པར་གསར་ཤོས་དག་ཀྱང་གང་མང་མང་ཞིག་བཀོད་ཐུབ་ན་བྱེས་བཞུགས་བོད་མི་རྣམས་ཀྱི་ཐུགས་གསོས་སྨན་དུ་འགྱུར་ངེས་ན་ལམ་སང་ལག་ལེན་འཁེལ་གནང་ཡོང་བ་ཞུ།
ཁ་སང་སྔོན་མ་ཞིག་ལ་གྲོགས་པོ་ཞིག་ནས་དགོངས་ཚུལ་བཏོན་པ་ལྟར། ༧རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ཡིག་ནོར་མང་པོ་འབྲི་བཞིན་པ་དེ་ཚོ་དོན་དག་ཆུང་ཆུང་ཞིག་མ་རེད། དེ་ནི་རྒྱལ་བ་རིན་པོའི་སྐུ་སྒེར་ཡིག་ཚང་ནང་བསྡད་ནས་སྐུ་སྒེར་ལ་མཚན་མེད་ཞུས་པ་ཞིག་ཀྱང་རེད། རྒྱལ་བ་རིན་པོ་ཆེའི་ཞབས་ལ་ཐ་གུ་བཏགས་ནས་མར་མ་འཐེན་རོགས་གནང་།
སྔོན་མ་ཞིག་ནས་ངས་ཡིག་ངག་གཉིས་ནས་དེ་ལྟར་དགོས་ཀྱི་འདུག་ཅེས་ཞུས་པ་ཡིན་ན་ཡང་རྒྱ་མཚོའི་ནང་དུ་རྡོ་འཕངས་པ་བཞིན་ཁ་ཡ་བྱེད་མཁན་སུ་གཅིག་མི་འདུག
༧གོང་ས་མཆོག་གི་མཛད་རྣམ་བོད་ཡིག་གི་དྲ་ཐོག་འདོན་གྱི་ཡོད་མེད་ལ་དོ་སྣང་མ་བྱུང་། འོན་ཀྱང་ངས་བཤད་ཐུབ་པ་ཞིག་ལ་བོད་གཞུང་གི་སྲིད་ཇུས་དེ་གཡག་རྭ་ཞིག་དང་གཅིག་པ་ཡོད་རེད། གཡག་རྭ་དེའི་ཁ་ག་དུས་ཡིན་ན་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྟན་ཡོད་པ་རེད། དེའི་ཕྱིར་ནུབ་ཕྱོགས་ནས་གཡག་རྭ་དེའི་ཁོག་པ་ལས་སླ་བོ་མཐོང་ཐུབ། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་བོད་མི་ཚོ་ལ་གཡག་རྭ་དེའི་རྩེ་མོ་རྣོ་བོ་དེ་བསྟན་ཡོད་སྟབས་གཡག་རྭ་དེའི་ཁོག་པ་མཐོང་མི་ཐུབ། ད་དུང་ཨུ་ཚུགས་བརྒྱབ་ན་གཡག་རྭ་རྣ་བོ་མིག་ལ་ཟུག་རྒྱུའི་ཉེན་ཁ་ཡོད་པ་རེད།
འདིར་ཤེས་དགོས་པ་ཞིག་ལ་༧གོང་ས་མཆོག་གིས་བོད་ནང་གི་བོད་མི་ཚོ་ཅི་ཙམ་གྱི་གལ་ཆེན་པོར་བརྩི་གི་ཡོད་པ་མ་བཤད་ནའང་ཤེས་ཀི་ཡོད་ཤག་རེད། གཞན་ད་ལྟའི་བཀའ་ཤག་གི་སྲིད་ཇུས་ཡོངས་རྫོགས་ཕྱི་རྒྱལ་སྲིད་གཞུང་དང་ཕྱི་རྒྱལ་གྱི་མི་ཚོའི་བསྟོད་བསྔགས་ཐོབ་ཆེད་དང་། རྒྱ་གར་སོགས་ཕྱི་རྒྱལ་བ་ཚོས་བོད་གཞུང་གི་བཀའ་ཁྲི་དེ་ངོ་ནས་དྲང་པོ་དང་གཙང་མ། ག་རེའི་སྒང་ལ་ཡིན་ན་མཁས་ཐག་ཆོད་རེད་ཞེས་པའི་གདེངས་འཇོག་དེ་ཐོབ་རྒྱུའི་ཐུགས་རེ་གནང་གི་ཡོད་ཚོད། བོད་མི་དང་ལྷག་པར་དུ་ད་ལྟ་འཚོ་བཞིན་པའི་བོད་མིའི་བདེ་སྡུག་ལ་བཀའ་ཁྲིས་དགོངས་པ་བཞེས་ཀི་མི་འདུག ཚང་མ་མ་འོངས་པ་དང་ཡང་ན་ཡང་ན་ཕྱི་རྒྱལ་གྱི་མི་ཚོ་འགུག་ཐུབ་རྒྱུ་གཙོ་བོ་བྱེད་ཀྱི་འདུག་བསམ།
༧གོང་ས་མཆོག་གི་མཛད་རྣམ་བོད་ཡིག་གི་དྲ་ཐོག་འདོན་གྱི་ཡོད་མེད་ལ་དོ་སྣང་མ་བྱུང་། འོན་ཀྱང་ངས་བཤད་ཐུབ་པ་ཞིག་ལ་བོད་གཞུང་གི་སྲིད་ཇུས་དེ་གཡག་རྭ་ཞིག་དང་གཅིག་པ་ཡོད་རེད། གཡག་རྭ་དེའི་ཁ་ག་དུས་ཡིན་ན་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྟན་ཡོད་པ་རེད། དེའི་ཕྱིར་ནུབ་ཕྱོགས་ནས་གཡག་རྭ་དེའི་ཁོག་པ་ལས་སླ་བོ་མཐོང་ཐུབ། འོན་ཀྱང་བོད་མི་ཚོ་ལ་གཡག་རྭ་དེའི་རྩེ་མོ་རྣོ་བོ་དེ་བསྟན་ཡོད་སྟབས་གཡག་རྭ་དེའི་ཁོག་པ་མཐོང་མི་ཐུབ། ད་དུང་ཨུ་ཚུགས་བརྒྱབ་ན་གཡག་རྭ་རྣ་བོ་མིག་ལ་ཟུག་རྒྱུའི་ཉེན་ཁ་ཡོད་པ་རེད།
༧གོང་ས་མཆོག་གི་མཛད་རྣམ་བོད་ཡིག་གི་དྲ་ཐོག་འདོན་གྱི་ཡོད་མེད་ལ་དོ་སྣང་མ་བྱུང་། འོན་ཀྱང་ངས་བཤད་ཐུབ་པ་ཞིག་ལ་བོད་གཞུང་གི་སྲིད་ཇུས་དེ་གཡག་རྭ་ཞིག་དང་གཅིག་པ་རེད། གཡག་རྭ་དེའི་ཁ་ག་དུས་ཡིན་ན་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྟན་ཡོད་པ་རེད། དེའི་ཕྱིར་ནུབ་ཕྱོགས་ནས་གཡག་རྭ་དེའི་ཁོག་པ་ལས་སླ་བོ་མཐོང་ཐུབ། འོན་ཀྱང་བོད་མི་ཚོར་གཡག་རྭ་དེའི་རྩེ་མོ་བསྟན་ཡོད་སྟབས་གཡག་རྭ་དེའི་ཁོག་པ་མཐོང་མི་ཐུབ། ད་དུང་ཨུ་ཚུགས་བརྒྱབ་ན་གཡག་རྭ་རྣོ་བོ་མིག་ལ་ཟུག་རྒྱུའི་ཉེན་ཁ་ཡོད་པ་རེད།
༧གོང་ས་མཆོག་གི་མཛད་རྣམ་བོད་ཡིག་གི་དྲ་ཐོག་འདོན་གྱི་ཡོད་མེད་ལ་དོ་སྣང་མ་བྱུང་། འོན་ཀྱང་ངས་བཤད་ཐུབ་པ་ཞིག་ལ་བོད་གཞུང་གི་སྲིད་ཇུས་དེ་གཡག་རྭ་ཞིག་དང་གཅིག་པ་རེད། གཡག་རྭ་དེའི་ཁ་ག་དུས་ཡིན་ན་ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བསྟན་ཡོད་པ་རེད། དེའི་ཕྱིར་ནུབ་ཕྱོགས་ནས་གཡག་རྭ་དེའི་ཁོག་པ་ལས་སླ་བོ་མཐོང་ཐུབ། འོན་ཀྱང་བོད་མི་ཚོར་གཡག་རྭ་དེའི་རྩེ་མོ་བསྟན་ཡོད་སྟབས་གཡག་རྭ་དེའི་ཁོག་པ་མཐོང་མི་ཐུབ། ད་དུང་ཨུ་ཚུགས་བརྒྱབ་ན་གཡག་རྭ་རྣོ་བོ་མིག་ལ་ཟུག་རྒྱུའི་ཉེན་ཁ་ཡོད་པ་རེད།
ངས་ཀྱང་འདིས་བསྐོར་ལ་བོད་ཡིག་ཐོག་མེད་པའི་དཀའ་ངལ་དེ་དག་༧གོང་ས་མཆོག་སྐུ་ངོས་ཀྱི་གསུང་ཞིག་སྔོན་ཆད་ཀྱང་དྲ་གྲོགས་དག་ལ་ཕུལ་མྱོང་ཡོད། དེ་རིང་ཡང་བོད་རིགས་སློབ་མ་པད་མིང་འཛིན་པ་དེའི་ཆེད་དུ་སླར་ཡང་ཐེངས་ཤིག་དྲངས་ཆོག་པ་བྱས། ༧གོང་ས་མཆོག་ནས་ང་རང་ལ་སྐབས་རེར་སེམས་འཁྲལ་ཡོང་གི་འདུག གང་ཡིན་ཟེར་ན། ང་རང་གི་བསམ་ཚུལ་ཤེས་དགོས་མཁན་དེ་དག་ནི་བོད་མི་མང་ཆགས་ཡོད་པ་རེད། ང་རང་གི་བསམ་ཚུལ་ཤེས་མི་དགོས་མཁན་ཟེར་ན་འདྲ་དེ་ནི་ཕྱི་རྒྱལ་བ་དེ་ཚོ་ཆགས་ཡོད་པ་རེད། ཉིན་ཞིག་ང་མེད་དུས་ངའི་བསམ་ཚུལ་ཆགས་ཉིན་གལ་སྲིད་ང་རང་གི་བསམ་ཚུལ་ཤེས་དགོས་བྱུང་ན་བོད་ཡིག་ནང་དུ་ཡོད་རྒྱུ་མ་རེད། ཕྱི་རྒྱལ་བ་དེ་དག་བྲིས་པའི་ནང་དུ་བསྔོག་རྒྱུ་ཆགས་སྲིད་པ་རེད། ད་ལྟ་ང་རང་ཡོད་པའི་སྐབས་འདི་ལ་ཁྱེད་རང་ཚོས་ང་རང་ལ་ག་རེ་འདྲི་རྒྱུ་ཡོད་པ་དེ་དག་ང་རང་ལ་ཐད་ཀར་དྲིས་པ་ཡིན་ན་ང་རང་གི་གང་ཤེས་པ་དེ་དག་ངས་བཤད་རྒྱུ་ནི་ང་རང་གི་ལས་འགན་རེད་སོགས་བཀའ་སློབ་དོན་སྙིང་ཅན་མང་བོ་ཞིག་གསུང་མྱོང་ཡོད་ཀྱང་། བོད་པ་ཚང་གི་རྣ་མཆོག་ལྡེབས་བརྩེགས་བརྒྱབ་དེ་བསྡོད་མཁན་ལས་ཀྱི་སྣེ་མོ་བ་དེ་དག་གིས་དེ་རིང་གོ་བའི་གསུང་བཤད་སང་ཉིན་བརྗེད་འགྲོ་བཞིན་ཡོད་སྟབས། ང་ཚོ་ལྟ་བུ་གང་མང་ཞིག་ལ་འཕོང་སེམས་ཧ་ཅང་ཆེན་པོ་ཡོད་ཀྱང་། བོད་གཞུང་གི་ལས་ཀྱི་སྣེ་མོ་བའམ་དྲ་རྒྱ་དོ་དམ་པ་མང་བོ་ཞིག་ལ་བོད་ཡིག་གི་སྟེང་ནས་དྲ་རྒྱ་སྤུས་ལེགས་ཤིག་༧གོང་ས་མཆོག་གི་མཛད་རྣམ་དང་གསུང་རྩོམ་དག་བཏོན་པའི་ཡི་ཀ་དེ་སྔ་ནས་མེད་པ་དེའི་ང་ཚོ་བོད་པ་ཚང་གི་གྱོང་རྒུད་ཁ་གསུབ་ཐུབ་མེད་པ་ཞིག་ཆགས་ཡོད་པ་རེད། ༧གོང་ས་མཆོག་སྐུ་ངོས་ཀྱི་བོད་མི་མང་གི་ཆེད་དུ་གནང་མ་མྱོང་བའི་བཀའ་སློབ་ཞིག་ཕལ་ཆེར་མེད་ཅེས་གསུང་ན་འགྲིག་ཀྱང་། དེ་དག་ཚང་མ་བོད་ཡིག་སྟེང་ནས་ཀློག་ཐུབ་རྒྱུ་ནི་ངེད་ཅག་བོད་མི་ལས་ངན་དག་གི་ལས་སྐལ་དུ་ད་དུང་ཡང་སླེབས་ཀྱི་མེད་པ་རེད། དེ་ནི་ང་ཚོ་བོད་པ་ཚང་གི་ལས་ཀྱི་སྣེ་མོ་བ་དག་གིས་འགན་ལེན་བྱེད་མ་ཐུབ་པའམ་དེའི་ནུས་པ་མེད་སོང་བ་གང་ཡིན་བཤད་ཚོད་མི་ཐུག་པར་ལུས་ཡོད་པ་རེད།
ངས་ཀྱང་འདིས་བསྐོར་ལ་བོད་ ཡིག་ཐོག་མེད་པའི་དཀའ་ངལ་དེ་དག་༧གོང་ས་མཆོག་སྐུ་ངོས་ཀྱི་གསུང་ཞིག་སྔོན་ཆད་ ཀྱང་དྲ་གྲོགས་དག་ལ་ཕུལ་མྱོང་ཡོད། དེ་རིང་ཡང་བོད་རིགས་སློབ་མ་པད་མིང་འཛིན་པ་དེའི་ཆེད་དུ་སླར་ཡང་ཐེངས་ཤིག་ དྲངས་ཆོག་པ་བྱས། ༧གོང་ས་མཆོག་ནས་ང་རང་ལ་སྐབས་རེར་སེམས་འཁྲལ་ཡོང་གི་འདུག གང་ཡིན་ཟེར་ན། ང་རང་གི་བསམ་ཚུལ་ཤེས་དགོས་མཁན་དེ་དག་ནི་བོད་མི་མང་ཆགས་ཡོད་པ་རེད། ང་རང་གི་བསམ་ཚུལ་ཤེས་མི་དགོས་མཁན་ཟེར་ན་འདྲ་དེ་ནི་ཕྱི་རྒྱལ་བ་དེ་ཚོ་ཆགས་ ཡོད་པ་རེད། ཉིན་ཞིག་ང་མེད་པ་ཆགས་ཉིན་གལ་སྲིད་ང་རང་གི་བསམ་ཚུལ་ཤེས་དགོས་བྱུང་ན་བོད་ཡིག་ནང་དུ་ཡོད་རྒྱུ་མ་རེད། ཕྱི་རྒྱལ་བ་དེ་དག་གི་བྲིས་པའི་ནང་དུ་བསྔོག་རྒྱུ་ཆགས་སྲིད་པ་རེད། ད་ལྟ་ང་རང་ཡོད་པའི་སྐབས་འདི་ལ་ཁྱེད་རང་ཚོས་ང་རང་ལ་ག་རེ་འདྲི་རྒྱུ་ཡོད་པ་དེ་ དག་ང་རང་ལ་ཐད་ཀར་དྲིས་པ་ཡིན་ན་ང་རང་གི་གང་ཤེས་པ་དེ་དག་ངས་བཤད་རྒྱུ་ནི་ང་རང་ གི་ལས་འགན་རེད་སོགས་བཀའ་སློབ་དོན་སྙིང་ཅན་མང་བོ་ཞིག་གསུང་མྱོང་ཡོད་ཀྱང་། བོད་པ་ཚང་གི་རྣ་མཆོག་ལྡེབས་བརྩེགས་བརྒྱབ་དེ་བསྡོད་མཁན་ལས་ཀྱི་སྣེ་མོ་བ་དེ་ དག་གིས་དེ་རིང་གོ་བའི་གསུང་བཤད་སང་ཉིན་བརྗེད་འགྲོ་བཞིན་ཡོད་སྟབས། ང་ཚོ་ལྟ་བུ་གང་མང་ཞིག་ལ་འཕོང་སེམས་ཧ་ཅང་ཆེན་པོ་ཡོད་ཀྱང་། བོད་གཞུང་གི་ལས་ཀྱི་སྣེ་མོ་བའམ་དྲ་རྒྱ་དོ་དམ་པ་མང་བོ་ཞིག་ལ་བོད་ཡིག་གི་ སྟེང་ནས་དྲ་རྒྱ་སྤུས་ལེགས་ཤིག་༧གོང་ས་མཆོག་གི་མཛད་རྣམ་དང་གསུང་རྩོམ་དག་ བཏོན་པའི་ཡི་ཀ་དེ་སྔ་ནས་མེད་པ་དེའི་ང་ཚོ་བོད་པ་ཚང་གི་གྱོང་རྒུད་ཁ་གསུབ་ཐུབ་ མེད་པ་ཞིག་ཆགས་ཡོད་པ་རེད། ༧གོང་ས་མཆོག་སྐུ་ངོས་ཀྱི་བོད་མི་མང་གི་ཆེད་དུ་གནང་མ་མྱོང་བའི་བཀའ་སློབ་ཞིག་ ཕལ་ཆེར་མེད་ཅེས་གསུང་ན་འགྲིག་ཀྱང་། དེ་དག་ཚང་མ་བོད་ཡིག་སྟེང་ནས་ཀློག་ཐུབ་རྒྱུ་ནི་ངེད་ཅག་བོད་མི་ལས་ངན་དག་གི་ ལས་སྐལ་དུ་ད་དུང་ཡང་སླེབས་ཀྱི་མེད་པ་རེད། དེ་ནི་ང་ཚོ་བོད་པ་ཚང་གི་ལས་ཀྱི་སྣེ་མོ་བ་དག་གིས་འགན་ལེན་བྱེད་མ་ཐུབ་པའམ་ དེའི་ནུས་པ་མེད་སོང་བ་གང་ཡིན་བཤད་ཚོད་མི་ཐུག་པར་ལུས་ཡོད་པ་རེད།
དགོངས་དག་གོང་དུ་༧གོང་ས་མཆོག་གི་བཀའ་སློབ་ནང་དུ་ཡིག་ལྷག་ཤོར་འདུག་སྟབས་སླར་ཡང་བཀོད་པ་ཡིན།
མཆན་བུ་དྲུག་པ་འཇམ་དབྱངས་གྲགས་པ་ཟེར་བས་ངའི་མཆན་བུ་བསྐྱར་བཤུ་བྱེད་དོན་གང་ཡིན་ནམ། ངོ་ནས་བོད་པ་ཚོ་ལ་གནས་ལུགས་མི་དགོས་པ་འདྲ།
སྟག་སྨྱོན་གྱིས་མཆན་གཅིག་ཡང་བཀོད་སྐྱར་བཀོད་བྱས་པ་དེ་ནི་ནེ་ཙོས་མ་ཎི་བགྲང་བ་ལྟ་བུ་ཞིག་ལས་གཞན་གང་ཡང་མ་རེད། ཡིན་ན་ཡང་། འཇམ་དབྱངས་གྲགས་པ་ཟེར་བ་ཞིག་ནས་སྟག་སྨྱོན་གྱི་མཆན་དེ་སྐྱར་དུ་བཀོད་པ་དེ་ནི་གོ་རྒྱུ་ཅན་གྱི་ཟུར་ཟའི་རྩོམ་བླ་ན་འཕགས་པ་ཞིག་ཏུ་མཐོང་།
ཡི་གེ་ན་གཅིག་བེད་སྤྱོད་མ་བཏང་བར་རྩོམ་ལན་གོ་རྒྱུ་ཅན་ཆ་ཚང་ཞིག་བྲིས་འདུག ཁོང་ནི་གསར་གཏོད་ཀྱི་རྩོམ་པ་པོ་ཞིག་ཀྱང་རེད། རང་གིས་ཡི་གེ་གཅིག་ཀྱང་མ་བཀོལ་བར་བསྟན་བྱའི་དོན་ཆ་ཚང་སྟོན་ཐུབ་པའི་རྩོམ་དེ་འདྲ་ཁྱེད་ཚོའི་ནང་ནས་སུས་འབྲི་ཐུབ།
སྟག་སྨྱོན་གྱིས་མཆན་གཅིག་ཡང་བཀོད་སྐྱར་བཀོད་བྱས་པ་དེ་ནི་ནེ་ཙོས་མ་ཎི་བགྲང་བ་ལྟ་བུ་ཞིག་ལས་གཞན་གང་ཡང་མ་རེད། ཡིན་ན་ཡང་། འཇམ་དབྱངས་གྲགས་པ་ཟེར་བ་ཞིག་ནས་སྟག་སྨྱོན་གྱི་མཆན་དེ་སྐྱར་དུ་བཀོད་པ་དེ་ནི་གོ་རྒྱུ་ཅན་གྱི་ཟུར་ཟའི་རྩོམ་བླ་ན་འཕགས་པ་ཞིག་ཏུ་མཐོང་།
ཡི་གེ་ན་གཅིག་བེད་སྤྱོད་མ་བཏང་བར་རྩོམ་ལན་གོ་རྒྱུ་ཅན་ཆ་ཚང་ཞིག་བྲིས་འདུག ཁོང་ནི་གསར་གཏོད་ཀྱི་རྩོམ་པ་པོ་ཞིག་ཀྱང་རེད། རང་གིས་ཡི་གེ་གཅིག་ཀྱང་མ་བཀོལ་བར་བསྟན་བྱའི་དོན་ཆ་ཚང་སྟོན་ཐུབ་པའི་རྩོམ་དེ་འདྲ་ཁྱེད་ཚོའི་ནང་ནས་སུས་འབྲི་ཐུབ།
དེའི་སྐོར་ལ་ངས་ཀྱང་དོ་སྣང་བྱེད་མྱོང་བ་མ་ཟད། རེ་ཞུའི་ཡི་གེ་ཞིག་ཀྱང་སྐུ་ཞིག་ཡིག་ཚང་ལ་བཏང་མྱོང་ཡང་། མི་ཆུང་ང་ལྟ་བུ་ཞིག་གི་ཡི་གེར་ནུས་པ་མེད་པ་མངོན་གསལ་རེད། གང་ལྟར་དེང་སྐབས་བོད་ཡིག་གིས་བོད་ཕྱི་ནང་གཉིས་ནས་གོ་ཆོད་ཀྱིན་མེད། བོད་ནང་དུ་རྒྱ་གཞུང་གིས་བོད་ཡིག་བཙན་འགོག་བྱེད་ཀྱིན་ཡོད་པས་ཁག་མེད་མོད། བཙན་བྱོལ་བོད་མི་རྣམས་དང་ལྷག་པར་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ཅི་ཞིག་འདོད་པ་ཡིན་ཤོད་ཐུབ་ཀྱི་མི་འདུག
སྐུ་སྒེར་ཡིག་ཚང་ན་བོད་ལ་ཕན་ཐོགས་ཡོད་པ་གཉིས་ཡོད། དང་པོ། གོང་ས་མཆོག གཉིས་པ་རོགས་དངུལ། གཞན་པ་ཅི་ཡང་ཡོད་པ་མ་རེད།
དང་པོ་རང་ནས་ངར་སྐད་སྡིག་སྐད་སོགས་མི་འདོན་པར་གོང་གསལ་རྩོམ་ཡིག་གི་བརྗོད་དོན་ལྟར་དུ། བདེན་པའི་རྒྱུ་མཚན་དཔང་པོར་བཅོལ་བཞིན་གཟུར་གནས་བློ་ཡིས་སྐབས་དོན་ལ་དཔྱད་བརྗོད་གནང་ན་ལེགས། ད་དུང་གོང་གསལ་རྩོམ་ཡིག་དེ་བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་ལ་སོགས་པའི་བོད་ཡིག་གསར་ཤོག་ཁག་གི་ནང་དུ་ཡང་རྒྱ་ཁྱབ་ཏུ་སྤེལ་འགོད་བྱ་དགོས་པ་ཞིག་ཏུ་མཐོང་སོང་། དེ་འདྲ་བྱས་ན་གཞིས་སྡོད་བོད་མི་མང་པོའི་བསམ་ཚུལ་མཚོན་པའི་དྲི་རྩོམ་དེ་ལ་སྐུ་སྒེར་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་ཚོས་བསམ་བློ་ཞིག་གཏོང་མདོག་ཁ་བོ་རེད་བསམ།
སྐུ་སྒེར་ཡིག་ཚང་གི་ལས་བྱེད་དེ་དག་གིས་བསམ་བློ་ཞིག་བཏང་ཉིན་ད་གཟོད་བོད་པ་ཚང་གི་ལས་དབང་ལ་འགྱུར་བ་སྟབས་ཁ་ཤས་ཤིག་འཕར་བ་རེད། དེ་མ་གཏོགས་ཁ་ཡག་ཁོག་བཙོག་གི་ལས་བྱེད་དེ་དག་གི་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་པ་ལས་མཚན་བེད་སྤྱོད་བྱེད་པ་ལ་འདི་ཕྱི་གཉིས་ལ་འགན་ཞིག་ཡོད་དགོས་པ་ཞིག་གཏན་ནས་སེམས་ཁོང་དུ་དྲན་བཞིན་མེད་པ་མ་ཟད། བོད་ཡིག་གི་གོ་གནས་འཕར་ནས་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དག་གི་བོད་ཡིག་ཤེས་དུས་དངོས་ནས་བོད་དུ་ཉིན་མ་ཤར་ཉིན་ཡིན་པ་ཡོད།
ངའི་རེ་བར་ཚེ་རྒྱམ་གྱིས་དྲ་རྒྱའི་ཐོག་གི་གནད་དོན་འདི་རྒྱལ་བ་རིན་པོ་ཆེར་ྙན་གསེང་ཞུས་ན་ཅིས་མི་ལེགས་སམ།
དེ་མིན་ན་ངེད་ཚོས་དྲ་རྒྱའི་ཐོག་བོད་ཡིག་ལ་དོ་སྣང་ཡོད་པ་རྣམས་ནས་མིང་རྟགས་བཀོད་ནས་ལས་འགུལ་ཤིག་སྤེལ་ན་ཇི་འདྲ་རེད། ལས་འགུལ་འདིས་མི་དམངས་ཀྱི་བསམ་ཚུལ་ལ་གུས་བཀུར་ཡོང་བར་ཕན། མ་རེད་པས། ཨ། ཨ་ཕྲུག་ཚོ། གཞོན་པ་ཚོ། ལོངས་ཤོག བོད་མི་དམངས་རྣམས་ནས་སྲོག་བློས་བཏང་ནས་རང་དབང་ཆེད་འབད་པ་བྱེད་སྐབས།
ང་ཚོ་འདིར་རང་དབང་རྒྱལ་ཁབ་ནང་སྡོད་མཁན་གྱི་མི་རྣམས་ཀྱི་ཁོང་ཚོར་བོད་ཡིག་ཐོག་རྒྱལ་བའི་གསར་འགྱུར་ཞིག་ལྟ་ཐུབ་རྒྱུར་རོགས་རམ་བྱེད་པ་འདི་ཁོང་ཚོའི་བཀའ་དྲིན་གསོ་བར་ཕན།
ལོངས་ཤོག ཡི་གེ་བྲིས། སྐད་སྒྲོག ཁ་པར་གཏོང་། སྐུ་སྒེར་ཡིག་ཚང་གི་སྐུ་ཞབས་གླེན་པ་ཚོར་ཤེས་པའི་རྡོ་ཤིག་ཞུས་ནས། སྐུ་དྲག་དང་དཔོན་པོའི་དབྱིངས་ཁོ་ནས་བྱས་ནས་བོད་མི་དམངས་དང་རྒྱབ་འགལ་བྱེད་པའི་ལས་ཀ་བྱས་པ་འདིར་དེ་རིང་བརྡ་ཤིག་སྤྲོད།
ཀ་ཡེ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོ། ད་ལྟ་ཁྱོད་ཚོ་ཡི་གེ་འདི་ལྟ་བཞིན་ཡོད་ན། འདི་སེམས་ལ་འཇོག བདེན་པ་ཟེར་མཁན་འདི་གཞན་ལ་ཤོད་ཡས་གཅིག་པུ་མ་རེད། རང་གིས་ཀྱང་ལག་བསྟར་བྱེད་དགོས། ཁྱེད་ཚོས་ཕྱི་རྒྱལ་ལ་རྒྱས་བོད་ཀྱི་རིག་གཞུང་སྟོར་གཤིག་གཏོང་གིས་ཟེར། ནང་ལ་རང་ཉིད་ཀྱིས་ཀྱང་བོད་ཡིག་ལ་མཐོང་ཆུང་བྱེད་པ་འདི་ངོ་ཚ་རྒྱུ་མེད་པའི་བྱ་བ་རེད། བོད་མི་དམངས་རྣམས་ྙིང་རྗེ་གི་མིན་འདུག་གམ ཁོང་ཚོས་ཁྱེད་ཚོར་རེ་བ་རྒྱབ། སྲོག་ཀྱང་བློས་བཏང་། སྡུག་རོ་ཁྱེད་ཚོའི་བྱེད་སྟངས་འདིས་ངོ་མ་ངའི་སེམས་ལ་རྒྱག་གིས
HI DHA NYI DHAM SANG DHI GHO JUAK
HI DEAR ROP SAL CAN YOUE HELP ME. OUT IN TIBTEN PLS
བསྟན་འཛིན་གྱི་བསམ་ཚུལ་ཁག་ལ་ངོ་སོ་བསྟོད། ཡིན་ནའང་ཁོང་གི་ཡིག་ནོར་ཁག་དང་འོག་གི་ཚིག་དུམ་འདིར་ངས་ངོས་ལེན་བྱེད་ཐུབ་མ་སོང་”ཁོང་རྣམས་ལ་དྲ་རྒྱ་འདི་བོད་ཡིག་ནང་འདོན་དགོས་པའི་བསམ་འཆར་ཞིག་དྲ་ཚིགས་ཐོག་འདོན་ཐུབ་ན་བརྗོད་སྐབས། འོ་དེ་བྱེད་ནུས་པ་མིན་འདུག བསམ་འཆར་དེ་ལྟར་བཏོན་ན།། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཟེར་ནས་བོད་མིའི་སྤྱི་ཚོགས་ནང་སྡོད་མི་ཐུབ་པ་བཟོ་བར་བྱེད་ཟེར་ནས་བོད་པ་སུ་ཞིག་གིས་དེའི་སྐོར་ལ་བསམ་འཆར་ཤོད་མི་ནུས།”
དྲ་གྲོགས་རྣམས་ཀྱིས་གསུང་པར་རྒྱབ་སྐྱོར་ཡོད། དྲ་ཚིགས་དེའི་ཐོག་བོད་ཡིག་ངེས་པར་དུ་ཡོད་དགོས་ལ། དེ་ཡོད་ན་བོད་མི་མང་པོར་སེམས་ཤུགས་དང་སྤོབས་པ་ཡང་སྤྲོད་ཐུབ་མོད། གལ་ཏེ་དེ་ལྟར་མ་ནུས་ཀྱང་། དྲ་ཚིག་གི་དབུ་ཤོག་ཐོག་སྤྱོད་འཇུག་གི་ལུང་ཞིག་བྲིས་ཡོད་པའི་ནང་ཡིག་ནོར་ལུང་བ་གང་ཡོད་པས། དེ་འཕྲལ་དུ་དག་བཅོས་བྱས་ན་ལེགས། བོད་ཀྱི་བརྡ་སྤྲོད་གཞུང་དུ། ཚིགས་བཅད་མཐའ་ལ་ཉིས་ཤད་ཐོབ་ཅེས་གསུངས་ཡོད་མོད། ལུང་དེའི་རྐང་བ་རེ་རེའི་མཐར་ཆིག་ཤད་ལས་ཉིས་ཤད་བྲིས་མེད། དེ་ཡིག་ནོར་ཡིན་པས་གཉིས་ཤད་འབྲི་དགོས། ད་དུང་ལུང་དེའི་ཚིག་རྐང་ཐ་མར་ཤད་གསུམ་བྲིས་ཡོད་པ་ཡང་ནོར་བ་རེད། བརྡ་སྤྲོད་གཞུང་དུ། ལེའུ་མཚམས་དང་དོན་ཚན་ཆེན་པོ་རྫོགས་མཚམས་བཞི་ཤད་འབྲིས་དགོས་པ་གསུང་ཡོད་མོད། ཚིག་བཅད་མཐའ་ལ་གསུམ་ཤད་འབྲི་དགོས་པ་གང་དུ་ཡང་མ་གསུངས་པས། དེ་ལ་ཉིས་ཤད་ལས་གསུམ་ཤད་མི་ཐོབ་པས། ཤད་གཅིག་བསུབ་དགོས། ངས་གསུམ་ཤད་ཟེར་དོན། བརྡ་སྤྲོད་གཞུང་དུ། ཀ་ག་ཤ་གསུམ་ཚིག་མཐར་སླེབས་ཚེ་རྐང་བ་ཤད་དུ་རྩི་དགོས་པར་གསུངས་པས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་པའི་མཐར་དངོས་སུ་ཉིས་ཤད་བྲིས་ན་དོན་ལ་གསུམ་ཤད་ཡིན་པ་དྲ་ཚིགས་དེར་ལྟོས་དང་ཤེས་པར་འགྱུར་རོ།།
གོང་གི་བསམ་འཆར་ཁག་ཅིག་ངོས་གནས་བདེན་པ་རེད། མི་རིང་བར་ཁྱེད་རྣམ་པའི་རེ་བ་བཞིན་བོད་ཡིག་གི་དྲ་གནས་ཤིག་ཏན་ཏན་ཡོང་དགོས་ཤིང་ཡོང་རྒྱུ་རེད་སྙམ། གང་ལྟར་དེའི་སྐོར་ལ་འབྲས་བུ་ཞིག་ཐོན་རྒྱུའི་རེ་བ་ཡོད། ཁྱེད་རྣམ་པའི་བསམ་འཆར་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཞབས་བསྟན་འཛིན་ལགས།
གོང་ས་མཆོག་སྤྱི་ཟླ་བཞི་པའི་ནང་ཡོ་རོབ་ལ་ཕེབས་ཀྱི་འདུག གུས་པའི་ཇར་མན་གྱི་གྲོགས་པོ་ཞིག་ཡོད་པ་དེ་གོང་ས་མཆོག་གི་གཟིགས་སྐོར་གྲ་སྒྲིག་བྱེད་མཁན་ཞིག་རེད་འདུག ངས་ཁོང་ལ་དྲ་ཚིགས་ཀྱི་སྐོར་བཤད་པ་ཡིན། ཁོང་ནས་ཡི་གེ་དེའི་འདྲ་བཤུས་གཅིག་གོང་ས་མཆོག་སྐུ་ངོ་མར་འབུལ་ཐུབ་ཀྱི་རེད་ཟེར་གྱི་འདུག གུས་པས་ཡི་གེ་འདི་པར་བརྒྱབ་ནས་ཁོང་ལ་འབུལ་ན་འགྲིག་གམ།
སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྣམས་བོད་ཀྱི་རིག་གཞུང་ལ་དགའ་པོ་ཡོད་ན།
རྒྱལ་དབང་རིན་པོ་ཆེས་ལས་བྱེད་ཚོའི་བྱ་བར་དོ་སྣང་ཡོད་ན།
སྐུ་སྒེར་གྱི་དྲུང་ཆེ་ཚོ་མི་དམངས་ཀྱི་བདེ་སྡུག་ལ་ཉན་མཁན་ཡིན་ན།
རྒྱལ་དབང་རིན་པོ་ཆེས་ཁ་བརྡ་གཟིགས་ཐུབ་ན།
བོད་པ་བསམ་རྒྱ་ཆེ་བ་ཁག་གཅིག་གིས་ཁོང་ལ་སྐུལ་མ་ཞུས་ན།
ན་ན་ན་ན་ན་ན་ན་ན་ན།
བཀའ་སྤྱི་གཉིས་གཙོའི་བོད་གཞུང་ལ་ཤི་ནའང་རེ་བ་སྣ་གཅིག་ཞུ་རྩིས་མེད། ཞུས་ཀྱང་ལན་ཚ་བོ་ཞིག་ལས་རག་གི་མ་རེད། ཟམ་གདོང་གིས་བོད་མི་དཀའ་ངལ་མི་ཚོར་གསལ་བོ་ཡིན། ཕྱི་རྒྱལ་གྱི་བོད་མི་སྐྱབས་བཅོལ་བ་ཚོའི་མི་ཚེའི་གནས་སྟངས་དེ་ཡིད་སྐྱོ་བ་ཞིག་རེད། གཡོག་པོའི་ཡང་གཡོག་པོ་ལས་ལས་ཀ་སྤུས་དག་ཅིག་ཧ་ལམ་མེད་ཚོད་འདུག ཟ་ཁང་ནང་གི་ཕོར་བ་འཁྲུས་རྒྱུ་དེ་ལས་ཀ་ཡང་ཤོས་གྲས་ཡིན་ཚོད་འདུག མི་གཞན་ལ་མ་དགོས་པ་དང་ཡང་ན་མི་གཞན་གྱིས་ལས་མ་ཐུབ་པའི་ལས་ཀ་དཀའ་མོའི་རིགས་ལས་རག་རྒྱུ་མེད་པ་རེད། འོན་ཀྱང་སྐྱིད་སྡུག་བཅོལ་སའི་གཞུང་མེད་པའི་བོད་མི་ཡིན་སྟབས་ལས་ཀ་དེ་ཚོ་རག་ན་རབ་རེད། འོན་ཀྱང་དེ་འདྲ་ཁག་པོ་ཡོད་ཀྱང་བོད་དང་རྒྱ་གར་ནང་གི་གནས་སྟངས་དང་བསྡུར་ན་ཅུང་ཙམ་བཟང་བ་རེད། ཟམ་གདོང་རིན་པོ་ཆེས་དཀའ་ངལ་འདི་ཚོའི་ཟུར་ཙམ་ཡང་མ་ཚོར་བཞིན། རྒྱ་གར་བོད་ནང་གི་བོད་མི་ཚོའི་མི་ཚེ་ཡང་ཁོ་ཚོ་བླ་མ་དཔོན་པོ་ཚོ་ནང་བཞིན་དྲ་རྒྱས་པོ་ཡོད་པ་རེད་མདོག་དང་། ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་རེད་ཟེར་བ་དེ་ཆེས་སྙིང་རྗེ་མེད་པའི་ཆབ་པ་ཞིག་གི་རང་མདོག་བསྟན་པ་རེད། ཁོ་ཚོར་རེ་བ་མེད་ལ་རེ་བ་བཤད་ཀྱང་ཆོ་མེད་རེད། ཤི་ནའང་དེ་ཚོ་ལ་རེ་བ་མ་བཤད་ན་ཡག་གི་རེད།
བཀའ་སྤྱི་གཉིས་གཙོའི་བོད་གཞུང་ལ་ཤི་ནའང་རེ་བ་སྣ་གཅིག་ཞུ་རྩིས་མེད། ཞུས་ཀྱང་ལན་ཚ་བོ་ཞིག་ལས་རག་གི་མ་རེད། ཟམ་གདོང་གིས་བོད་མི་དཀའ་ངལ་མི་ཚོར་གསལ་བོ་ཡིན། ཕྱི་རྒྱལ་གྱི་བོད་མི་སྐྱབས་བཅོལ་བ་ཚོའི་མི་ཚེའི་གནས་སྟངས་དེ་ཡིད་སྐྱོ་བ་ཞིག་རེད། གཡོག་པོའི་ཡང་གཡོག་པོ་ལས་ལས་ཀ་སྤུས་དག་ཅིག་ཧ་ལམ་མེད་ཚོད་འདུག ཟ་ཁང་ནང་གི་ཕོར་བ་འཁྲུས་རྒྱུ་དེ་ལས་ཀ་ཡང་ཤོས་གྲས་ཡིན་ཚོད་འདུག མི་གཞན་ལ་མ་དགོས་པ་དང་ཡང་ན་མི་གཞན་གྱིས་ལས་མ་ཐུབ་པའི་ལས་ཀ་དཀའ་མོའི་རིགས་ལས་རག་རྒྱུ་མེད་པ་རེད། འོན་ཀྱང་སྐྱིད་སྡུག་བཅོལ་སའི་གཞུང་མེད་པའི་བོད་མི་ཡིན་སྟབས་ལས་ཀ་དེ་ཚོ་རག་ན་རབ་རེད། འོན་ཀྱང་དེ་འདྲ་ཁག་པོ་ཡོད་ཀྱང་བོད་དང་རྒྱ་གར་ནང་གི་གནས་སྟངས་དང་བསྡུར་ན་ཅུང་ཙམ་བཟང་བ་རེད། ཟམ་གདོང་རིན་པོ་ཆེས་དཀའ་ངལ་འདི་ཚོའི་ཟུར་ཙམ་ཡང་མ་ཚོར་བཞིན། རྒྱ་གར་བོད་ནང་གི་བོད་མི་ཚོའི་མི་ཚེ་ཡང་ཁོ་ཚོ་བླ་མ་དཔོན་པོ་ཚོ་ནང་བཞིན་དྲ་རྒྱས་པོ་ཡོད་པ་རེད་མདོག་དང་། ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་རེད་ཟེར་བ་དེ་ཆེས་སྙིང་རྗེ་མེད་པའི་ཆབ་པ་ཞིག་གི་རང་མདོག་བསྟན་པ་རེད། ཁོ་ཚོར་རེ་བ་མེད་ལ་རེ་བ་བཤད་ཀྱང་ཆོ་མེད་རེད། ཤི་ནའང་དེ་ཚོ་ལ་རེ་བ་མ་བཤད་ན་ཡག་གི་རེད།
སྟག་སྨྱོན་དང་ཀླུ་སྨྱོན་ཡིན་ན་འདིའི་གྲངས་ངོ་མ་སྨྱོན་པ་ཆགས་འདུག གསུམ་བཅུའི་དུས་དྲན་ཉིན་ཡང་ སྨྱོན་བཤད་བྱེད་ཀི ཀླུ་སྨྱོན་༼ཁོས་རྒྱ་ཡིག་རྒྱ་སྐད་མི་ཤེས་ནའང་རྒྱ་ཚིག་འདྲེན་རྒྱུར་དགའ་བོ་ཡོད༽གྱིས་ཟེར་ན། གུང་ཇག་གིས་བོད་མི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་བསླངས་པ་རེད་ཟེར། སྟག་སྨྱོནཡིན་ན་འདིས་བོད་མི་མང་སྐྱག་དོང་ལ་གཡུག་ཡེ་ཐུབ་བལྟ་གིན་འདུག མིན་ན་བཀའ་སྤྱི་གཉིས་བོད་མི་མང་གིས་འདེམས་པ་མ་ཡིན་ནམ། མདོར་བསྡུས་ན་མི་འདི་གཉིས་ཀྱིས་བོད་དོན་ལ་རེ་བ་ཡོད་པ་མ་རེད་ཟེར། ཡ་མཚན་པ་ཞིག་ལ་ཁོ་གཉིས་ད་དུང་ཤི་མི་འདུག
ཟླ་བ་མིང་ཅན་འདིས་ཟམ་གདོང་ལ་རྒྱབ་སྐྱོར་དང་དགའ་མོས་བྱེད་ནའང་ཁོ་རང་གི་འདོད་པ་རེད། འོན་ཀྱང་ཟམ་གདོང་གི་ཚིག་རྩུབ་ང་རྒྱལ། རང་ཉིད་ཀྱི་ཡོན་ཏན་ངོམ་རྒྱུ་ཨང་དང་པོ་འཇོག་པ་དང་། བོད་མི་སྐྱབས་བཅོལ་བ་ཉམས་ཆུང་ཚོར་ཁྲིམས་འགལ་དང་ནག་ཅན་པ་ཞེས་འཇིགས་བསྐུལ་བཏང་བ་སོགས་ངོས་ལེན་བྱེད་མི་ཐུབ་པ་ང་འདྲ་བོ་ཤི་དགོས་པ་འདྲ་བོ་བཤད་པ་ངོ་ནས་བློ་ཕམ་རེད། ཟམ་གདོང་ལ་ཁོང་ལ་དགའ་མཁན་རྐྱང་ལས་འཇིག་རྟེན་འདིར་འཚོ་མི་ཆོག་པར། ཁོང་གི་ཁ་གཏད་བྱེད་མཁན་ཚོར་རང་གི་ཚེ་སྲོག་གི་ཐོབ་ཐང་ཡང་མེད་པའི་འཇིགས་བསྐུལ་བྱས་པ་འདིས་བཀའ་ཤག་དང་བཀའ་ཤག་གི་རྒྱབ་སྐྱོར་བ་ཚོ་གང་འདྲ་ཡིན་མིན་གསལ་བོ་བསྟན་པ་རེད།
བོད་ལ་རེ་བ་ཡོད་མེད་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ཀྱི་ཐོག་ནས་བཤད་ན་འོས་པ་ལས། ང་རྒྱལ་ཅན་གྱི་བཀའ་ཁྲི་ཟམ་གདོང་གི་ཐོག་ནས་བཤད་མི་ཐུབ་པ་ཡིད་བཟུང་ཤོག་ཨ། ཟམ་གདོང་རིན་པོ་ཆེས་བོད་མི་རྐང་གཅིག་ལའང་མདུན་ལམ་བསྐྲུན་ཐུབ་ཀི་ཡོད་པ་མ་རེད། བོད་མི་རྐང་གཅིག་ལའང་ཕན་མི་ཐོགས་བཞིན་དུ་རང་རང་གི་ས་ན་ལམ་ཁ་བཙལ་ནས་འགྲོ་བཞིན་པ་ཚོར་ཁྲིམས་འགལ་དང་ནག་ཅན་པ་ཟེར་བ་བཟོད་སྒོམ་ཐུབ་པའི་གནས་ཚུལ་ཞིག་རེད་དམ། གལ་སྲིད་བོད་གཞུང་གིས་འགན་འཁྱོག་གི་ཡོད་ན་ང་ཚོ་རྒྱ་གར་ལ་ཤོག་ཟེར་ནའང་དགའ་དགའ་ཡིན། འོན་ཀྱང་དེ་ལ་སོང་དང་ཆུ་ཐིགས་པ་གཅིག་གི་ལྟ་རྟོགས་ཀྱང་བྱེད་མི་ཐུབ་པ་ཤེས་གསལ་རེད། དེའི་ཕྱིར་རང་རང་གི་ས་ནས་ལམ་ཁ་བཙལ་ནས་འགྲོ་བཞིན་པ་ཚོར་ཕན་མ་ཐོགས་ཀྱང་གནོད་བསྐྱལ་ཐབས་ལ་འབད་པ་བྱེད་པ་སྐྱོ་བོ་རེད། བོད་ན་རང་དབང་མེད་པ་དང་རྒྱ་གར་ན་མདུན་ལམ་མེད་སྟབས་ང་ཚོ་ནུབ་ཕྱོགས་སུ་མི་འགྲོ་ཐབས་མེད་བྱུང་བ་རེད། ནུབ་ཕྱོགས་ལ་སྐྱིད་དྲགས་ནས་སོང་བ་ཧ་ལམ་གཅིག་ཀྱང་ཡོད་པ་མ་རེད། འོན་ཀྱང་ཟམ་གདོང་གིས་དངུལ་འབེལ་དྲགས་པ་དང་སྐྱིད་དྲགས་ནས་ཕྱི་རྒྱལ་ལ་སོང་བ་རེད་ཅེས་ཁྱད་གསོད་བྱས་པ་འདི་ཆེས་ཞེ་ནག་གི་སྐད་ཆ་དང་དྲང་བདེན་མ་ཡིན་པ་ཞིག་རེད། ངོས་ལེན་ནམ་ཡང་མེད།
རྒྱ་ཡིག་གི་དྲ་ཚིགས་ཀྱི་བརྙན་འཕྲིན་ཀྱི་སྐོར་དེ་ཡག་པོ་མི་རྒྱུག་པས་དེ་ཡང་ལྟ་བར་དཀའ་ངལ་མེད་པ་ཞིག་ཏུ་བྱེད་རྒྱུའི་རེ་བ་ཡོད། རྒྱ་མི་རིགས་ཀྱིས་གོ་བ་ལེན་དགོས་ན་རྒྱ་ཡིག་གི་དྲ་ཚིགས་ནི་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་བོད་ལ་མཚོན་ན་བོད་ཡིག་གི་དྲ་ཚིགས་ཞིག་དགོས་ངེས་ལགས་པས་བོད་ཡིག་གི་དྲ་ཚིགས་ཤིག་བཀོད་སྒྲིག་བྱེད་པའི་རེ་བ་ནམ་ཡང་ཞུ་ལ། དྲ་ཚིགས་གཉེར་མཁན་གྱིས་འདི་རིག་ཐུབ་པར་སྨོན།
རྔ་བ་ནས་དགེ་འདུན་པ་བཀྲ་བྷེས་བོད་དོན་དུ་རང་ལུས་ལ་མེ་སྤར་བའི་པར་ལ་ལྟོས་དང་མིག་ཆུ་རང་དབང་མེད་པར་ལྷུང་ཡོང་གི་འདུག ཁོང་ས་འགྱེལ་འདུག་ཀྱང་ད་དུང་མདུན་ཕྱོགས་ཤིག་ལ་མགོ་ཡར་བཀྱགས་ནས་ལྟ་གི་ཡོད་པ་འདྲ་བོ་འདུག རྐང་པ་གཉིས་ལ་མེ་མདའ་ཕོག་པའམ་མེས་འཚིག་པ་གང་ལྟར་ཡང་ཡར་ལངས་རྒྱུ་མི་འདུག ལྷམ་མགོ་ཆེན་པོ་ཞིག་ཀྱང་གོན་འདུག སེམས་པ་སྐྱོ་བ་ལ། ལྟོས་དང་།
http://beijingwideopen.org/2009/03/08/a-picture-is-worth-a-thousand-words/
གྲོགས་པོ་རྣམས་ཐུགས་རྗེ་ཆེ་ལགས།
ང་རང་ཕྱི་རྒྱལ་ཡོ་རོབ་ལ་ཡོད་ཀྱང་ང་ཡི་སེམས་པ་ནི་ང་ཚོ་བོད་མི་ཡོངས་ཀྱི་༧སྐྱབས་མགོན་༧གོང་ས་༧དམ་པ་ཁོང་ལ་ཁ་ཁོག་ཚང་པའི་དད་འདུན་བཅོས་མིན་ཡོད་ལགས། ང་ཚོས་རང་རང་གི་སྒེར་ཆོས་ལ་མི་སེམས་པར་མ་འོངས་པ་གངས་རིའི་ལྗོངས་ཀྱི་འདུག་ཆོས་དང་རིག་གཞུང་བསྲུང་སྐྱོབས་འདི་དག་ཇི་ལྟར་དྲག་སྙམ་ན། ང་ཡི་བསམ་པ་ལ་དབྱིན་ཇི་དང་རྒྱ་མའི་ཡིག་རིགས་བསྲུང་སྐྱོབ་བརྒྱ་སྟོང་བྱས་པ་ལས་རང་ཆོས་འདི་དག་རང་རིགས་བོད་དང་བོད་ཡིག་ལ་བཀོད་ན་དེ་ལས་ལྷག་པ་གཅིག་ཀྱང་མི་འདུག་བསམ་པ་ཡིན། ཁ་བརྡ་བཤད་སའི་དྲ་རྒྱའི་བདག་པོ་ཁྱེད་ཐུགས་དགོངས་པ་མ་འཁྲུག་ན་ང་ཡིས་འདིར་གོང་ས་མཆོག་གི་ཞལ་གསུངས་ཉིད་ཀྱི་བླ་མའི་རྣལ་འབྱོར་དེ་ཁྱེད་ཀྱི་དྲ་མིག་ཏུ་ཕུལ་བའམ་བཀོད་ན་ཨེ་འགྲིག་གམ། །༧གོང་ས་མཆོག་གི་ཞལ་གསུངས་དེ་འདི་རེད། བོད་ཡུལ་ནས་ཕལ་ཆེ་བས་ཤེས་གི་མི་འདུག ང་རང་ལ་སྒེར་དབང་གི་བོད་ཡིག་དྲ་རྒྱ་ནི་མེད། དགོངས་དག
༄༅། །སྐྱབས་གནས་བསླུ་མེད་༧གོང་ས་མཆོག་གི་སྙིང་རྗེ་ཆེན་པོའི་
ཀུན་འདུས་བླ་མའི་རྣལ་འབྱོར་བཞུགས་སོ།
རྒྱལ་ཀུན་སྙིང་རྗེའི་རང་བཞིན་བཅུ་དྲུག་ཆ། །
ཡོངས་རྫོགས་བྱིན་རླབས་བདུད་རྩིའི་འོད་དཀར་ཅན། །
བླ་མ་སྤྱན་རས་གཟིགས་ལ་གུས་བཏུད་ནས། །
དེ་ཡི་རྣལ་འབྱོར་ཟབ་མོའི་ཆོ་ག་སྤེལ། །
དེ་ལ་འདིར་བྱིན་རླབས་དང་། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་རག་ལས་པར་མདོ་རྒྱུད་དུ་མ་ནས་ལན་གཅིག་མ་ཡིན་པར་བསྔགས་པ་བཞིན་རང་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་བླ་མ་དང་།
ལྷག་པའི་ལྷ་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་ཉིད་གཏན་གྱི་མདུན་མའི་གཞི་རྟེན་གཅིག་པའི་གལ་ཆེ་ཞིང་། དེ་ཡང་རང་ལ་མོས་པའི་ཡི་དམ་གྱི་ངོ་བོར་མོས་ཆོག་ཀྱང་། ཐེག་པ་ཆེན་པོའི་ལམ་གྱི་སྲོག་ལྟ་བུ་ནི། བྱམས་དང་སྙིང་རྗེ།
བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ན་ཡིན་ཅིང། སྙིང་རྗེ་ཆེན་པོ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་གསུངས་པས། རང་གི་རྩ་བའི་བླ་མ་དང་། སྙིང་རྗེས་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཟུང་འབྲེལ་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་རྣལ་འབྱོར་པས་ཡིད་དུ་འོང་བའི་གནས་སུ་མཆོད་རྫས་སོགས་
ལེགས་པར་འདུ་བྱས་ལ། སྟན་བདེ་བ་ལ་འཁོད་དེ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས།
སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བསྒོམ་པ་སྔོན་དུ་བཏང་།
དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་ནི།
ན་མོ་གུ་རུ་བྷྱཿ ན་མོ་བུདྡྷ་ཡྰ། ། ན་མོ་དྷརྨྰ་ཡ། །ན་མོ་སང་གྷྰ་ཡ། །
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །
སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །
སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །
སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །
ལན་གསུམ། །
ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། ལག་མཐིལ་ལྟར་མཉམ་བེེཌྰུར་ཡའི། །
རང་བཞིན་འཇམ་པོ་གནས་གྱུར་ཅིག ། ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། ། ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག ། ཨོཾ་ན་མོ་བྷ་ག་ཝྰ་ཏེ། །བཛྲ་ས་ར་པྲ་མརྡ་ནེ་ཏྰ་ཐ་ག་ཏྰ་ཡ། །ཨརྷྰ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐྰ། ཨོཾ་བཛྲེ་བཛྲེ། མ་ཧྰ་བཛྲེ། མ་ཧྰ་ཏེ་ཛ་བཛྲེ། མ་ཧྰ་བིདྱ་བཛྲེ། མ་ཧྰ་བོ་དྷི་ཙིཏྟ་བཛྲ། མ་ཧྰ་བྷོ་དྷི་མཎཌོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨྰ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭྰ་ཧྰ། །ཞེས་ལན་གསུམ་བརྗོད། །
དཀོན་མཆོག་གསུམ་གྱི་བདེན་པ་དང།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་།
ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་།
ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་
དེ་བཞིན་ཉིད་དུ་གྱུར་ཅིག །ཅེས་ས་གཞི་དང་། མཆོད་རྫས་བྱིན་གྱིས་བརླབས། དེ་ནས།
གཉིས་པ་དངོས་གཞི་བསྒོམ་པ་ནི།
བདེ་ཆེན་ལྷུན་གྲུབ་ཆོས་སྐུའི་མཁའ་དབྱིངས་སུ། །
སྣ་ཚོགས་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུས། །
སེངྒེས་བཏེགས་པའི་འོད་འབར་ནོར་བུའི་ཁྲིར། །
ཆུ་སྐྱེས་ཉི་ཟླ་རྒྱས་པའི་གདན་སྟེང་དུ། །
སྙིང་རྗེའི་གཏེར་ཆེན་འཕགས་མཆོག་འཇིག་རྟེན་དབང་། །
རྣམ་པ་ངུར་སྨྲིག་འཆང་བའི་ཟློས་གར་ཅན། །
རྩ་བའི་བླ་མ་གསུམ་ལྡན་རྡོ་རྗེ་འཛིན། །
རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོའི་དཔལ། །
དཀར་དམར་མདངངས་གསལ་དགྱེས་པའི་འཛུམ་ཞལ་ཅན། །
ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས། །
གླེགས་བམ་རལ་གྲིས་མཚན་པའི་པད་དཀར་དང་། །
གཡོན་པ་མཉམ་གཞག་རྩིབས་སྟོང་འཁོར་ལོ་བསྣམས། །
གུར་གུམ་མདངས་ལྡན་ཆོས་གོས་རྣམ་གསུམ་དང་། །
བཙོ་མའི་གསེར་མདོག་པཎ་ཞྭ་མཛེས་པར་གསོལ། །
ཕུང་ཁམས་སྐྱེ་མཆེད་ཡུལ་དང་ཡན་ལག་རྣམས། །
རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་དང། །
ཁྲོ་བོའི་རང་བཞིན་དཀྱིལ་འཁོར་འཁོར་ལོར་རྫོགས། །
སྣ་ལྔའི་འོད་ཕྲེང་འཁྲུགས་པའི་གུར་ཁྱིམ་དབུས། །
ཞབས་གཉིས་མི་ཕྱེད་རྡོ་རྗེའི་དཀྱིལ་དཀྲུང་ཚུལ། །
གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འགྱེད། །
ཐུགས་ཀར་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས། །
ཞལ་གཅིག་ཕྱག་བཞིའི་དང་ཟུང་ཐལ་མོ་སྦྱར། །
འོག་མས་ཤེལ་ཕྲེང་པདྨ་དཀར་པོ་བསྣམས། །
རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །
རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ། །
ཟླ་བའི་ལང་ཚོ་པད་ཟླར་སྐྱིལ་ཀྲུང་བཞུགས། །
དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ནི། །
ཧྲྰིཿཡིག་དཀར་གསལ་འོད་ཟེར་ཕྱོགས་བཅུར་འཕྲོ། །
བླ་མའི་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན། །
ཐུགས་ཀའི་ཧྰུཾ་ཡིག་ལས་འཕྲོས་འོད་ཟེར་གྱིས། །
རབ་འབྱམས་མཆོག་གསུམ་མ་ལུས་སྤྱན་དྲངས་ཏེ། །
ཐིམ་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །
ཅེས་བླ་མ་སེམས་དཔའ་སུམ་བརྩེགས་ཀུན་འདུས་ནོར་བུ་ལུགས་སུ་གསལ་གདབ་བོ།
གསུམ་པ་ཡན་ཡག་བདུན་པ་ནི།
གསལ་རྫོགས་མཚན་དཔེས་མཛེས་པའི་མཐོང་གྲོལ་སྐུ །
སྙན་འཇེབས་དྲུག་ཅུའི་དབྱངས་ལྡན་འགགས་མེད་གསུང་། །
ཟབ་ཡངས་མཁྱེན་བརྩེ་དཔག་པར་བཀའ་བའི་ཐུགས། །
གསང་གསུམ་རྒྱན་གྱི་འཁོར་ལོར་གུས་ཕྱག་འཚལ། །
བདག་པོའི་བཟུང་དང་མ་བཟུང་མཆོད་པའི་རྫས། །
དངོས་བཤམས་ཡིད་སྤྲུལ་ལུས་དང་ལོངས་སྤྱོད་དང་། །
དུས་གསུམ་བསགས་པའི་རྣམ་དཀར་དགེ་ཚོགས་ཀུན། །
ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དམིགས་ནས་འབུལ། །
མ་རིག་འཐིབ་པོའི་སྨག་གིས་ཡིད་ནོན་པས། །
བཅས་རང་ཁ་ན་མ་ཐོའི་སྡིག་ལྟུང་སོགས། །
ལོག་པར་འཕྱན་པའི་ནོངས་པ་ཅི་མཆིས་པ། །
འགྱོད་སྡོམ་དྲག་པོས་དམིགས་མེད་ངང་དུ་བཤགས། །
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་དང་། །
ཐེག་གསུམ་སྐྱེས་འཕགས་རང་གཞན་ཐམས་ཅད་ཀྱི། །
དུས་གསུམ་རྣམ་དཀར་དགེ་བའི་ཕུང་པོ་ལ། །
སྙིང་ནས་བསམ་པ་ཐག་པས་རྗེས་ཡི་རང། །
སྣ་ཚོགས་གདུལ་བྱའི་ཁམས་ཀྱི་རྗེས་སོང་པའི། །
དམ་ཆོས་སྐབས་གསུམ་ལྷ་ཡི་རོལ་མོའི་སྒྲ །
ཟབ་ཞིའི་དབྱིངས་སུ་འཁྲོལ་བས་ཡིད་ཅན་ཀུན། །
ཉོན་ཤེས་སྒྲིབ་པའི་གཉིད་ལས་སློང་དུ་གསོལ། །
སྲིད་ཞིའི་མུ་མཐའ་བྲལ་བའི་མངོན་རྟོགས་ལ། །
འགྲོ་ཀུན་བདེ་བའི་དབུགས་འབྱིན་མ་ཐོབ་བར་། །
ཞབས་ཟུང་ཨེ་ཝྃ་མི་ཤིགས་སྐྱིལ་མོ་ཀྲུང་། །
གཞོམ་མེད་རྡོ་རྗེའི་ཁྲི་ལ་བརྟན་པར་བཞུགས། །
རྣམ་དཀར་ལེགས་བྱས་བགྱིས་དང་བགྱིད་འགྱུར་ཀུན། །
རྗེས་བཙུན་བླ་མས་འབྲལ་མེད་རྗེས་འཛིན་ཅིང་། །
ཀུན་བཟང་སྤྱོད་མཆོག་སྨོན་ལམ་ཡོངས་འགྲུབ་ནས། །
འགྲོ་ཀུན་དོན་དུ་རྫོགས་བྱང་ཐོབ་ཕྱིར་བསྔོ། །
བཞི་བ་མཎ་ཌལ་འབུལ་བ་ནི། །
ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །
རི་རབས་གླིང་བཞིའི་ཉི་ཟླས་བརྒྱན་པ་འདི། །
སངས་རྒྱས་ཞིང་དུ་དམིགས་ཏེ་དབུལ་བར་བགྱི། །
འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་།
རིན་ཆེན་མཎ་ཌལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་དང་བཅས། །
བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །
ཐུགས་རྗེ་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །
ཨི་དཾ་གུ་རུ་རཏྣ་མཎ་ཌལ་ཀཾ་ནི་རྱྰ་ཏ་ཡ་མི། ཞེས་ཡན་ལག་བདུན་པ་མཎ་ཌལ་དང་བཅས་པ་འབུལ།
ལྔ་པ་བྱིན་རླབས་དང་བཟླས་དམིགས་ནི།
རྗེ་བཙུན་བླ་མའི་ཐུགས་ཀའི་ཧྲྰི༔ཡིག་ལས། །
བདུད་རྩི་འོད་ཟེར་སྣ་ལྔའི་རྒྱུན་བབས་ཏེ། །
རང་གི་སྤྱི་བོ་ནས་ཞུགས་སྡིག་སྒྲིབ་སྦྱང་། །
མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་གྱུར། །
ཅེས་བརྗོད་ཅིང་བསམས་ལ།
ཨོཾ་ཨྰཿཧྰུཾ་བཛྲ་དྷ་ར་ཝྰ་གིནདྲ་སུ་མ་ཏི་ཤྰ་ས་ན་དྷ་ར་ས་མུ་དྲ་ཤྲྰི་བྷ་དྲ་སརྦ་སིདྡྷི་ཧྰུྃ་ཧྰུྃ། །
ཞེས་མཚན་སྔགས་གང་འགྲུབ་བཟླས།
དྲུག་པ་འདོད་བྱའི་དོན་ལ་གསོལ་བ་འདེབས་པ་ནི།
འཕྲལ་དང་ཡུན་གྱི་བདེ་བ་མ་ལུས་པའི། །
གཞིར་གྱུར་མ་ནོར་ལམ་སྟོན་དྲིན་ཆེན་རྗེ། །
རབ་འབྱམས་སྐྱབས་ཀྱི་ཕུང་པོར་ངེས་རྙེད་ནས། །
བསམ་སྦྱོར་དག་པསབསྟེན་པར་བྱིན་གྱིས་རློབས། །
ནོར་མཆོག་བྱེ་བས་བསྒྲུན་མིན་དལ་འབྱོར་རྟེན། །
ཐོབ་ཀྱང་མི་བརྟན་ནམ་འདོར་ཆ་མེད་པས། །
འདི་སྣང་བྱ་བས་ནམ་ཡང་མི་གཡེང་བར། །
དམ་ཆོས་སྤྱོད་པས་འདའ་བར་བྱིན་གྱིས་རློབས། །
བཟོད་བཀའ་ངན་འགྲོའི་འཇིགས་ལས་སྐྱོབ་པའི་ཕུལ། །
མཆོག་གསུམ་གཏན་གྱི་སྐྱབས་སུ་ལེགས་བཟུང་སྟེ། །
དཀར་ནག་ལས་འབྲས་ཇི་བཞིན་སེམས་པ་ཡིས། །
སྡིག་སྤོང་དགེ་སྒྲུབ་ནུས་པར་བྱིན་གྱིས་རློབས། །
སྲིན་མོའི་བསླུ་བྲིད་ཇི་བཞིན་ལྷ་དབང་གི །
ཕུན་ཚོགས་ཀུན་ཀྱང་བསླུ་བའི་ཆོས་ཅན་དུ། །
མཐོང་བའི་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས། །
བསླབ་གསུམ་ཉམས་ལེན་བྱེད་པར་བྱིན་གྱིས་རློབས། །
ཐོག་མེད་དུས་ནས་དྲིན་གྱིས་ལེགས་བསྐྱངས་པའི། །
ངང་ཚུལ་བསམས་ནས་སེམས་མཆོག་རབ་བསྐྱེད་དེ། །
སྲིད་ཞིའི་རྒུད་པས་མནར་བའི་མར་གྱུར་འགྲོའི། །
སྤྱོད་པ་རྒྱ་མཚོར་སློབ་པར་བྱིན་གྱིས་རློབས། །
རབ་དྭངས་གཡོ་མེད་མཉམ་གཞག་མེ་ལོང་ངོགས། །
མཐའ་བྲལ་གདོད་ནས་སྟོང་པའི་ངོ་མཚར་འབུམ། །
འགོག་མེད་བཀྲ་བའི་ཞི་ལྷག་ཟུང་འབྲེལ་གྱི། །
རྣལ་འབྱོར་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །
མཚན་ལྡན་རྡོ་རྗེ་འཛིན་པའི་བཤེས་གཉེན་གྱི། །
དྲིན་ལས་ཆེས་ཟབ་སྔགས་ཀྱི་སྒོར་ཞུགས་ནས། །
དངོས་གྲུབ་རྩ་བ་དམ་ཚིག་སྡོམ་པ་རྣམས། །
ཚུལ་བཞིན་བསྲུང་བར་ནུས་པར་བྱིན་གྱིས་རློབས། །
གཉིས་མེད་བདེ་སྟོང་ཡེ་ཤེས་མཚོན་རྣོན་གྱིས། །
ཀུན་བྱེད་ལས་རླུང་རྒྱུ་བ་རབ་བཅད་ནས། །
སྐུ་ཐུགས་ཟུང་འཇུག་བདེ་ཆེན་ཕྱག་རྒྱ་ཆེ། །
ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །
ཅེས་མདོ་སྔགས་ཀྱི་ལམ་ཡོངས་རྫོགས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང་བཤར་སྒོམ་བྱས་མཐར་བླ་མ་སྙིང་ཞུགས་དང་འབྲེལ་བར།
བདུན་པ་ཡིག་དྲུག་གི་བཟླས་པ་བྱ་བ་ནི།
དེ་ལྟར་གསོལ་བ་འདེབས་པས་བླ་མ་མཆོག །
དགྱེས་བཞིན་བྱོན་ཏེ་རང་གི་ཚངས་བུག་བརྒྱུད། །
འདབ་བརྒྱད་སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །
དེ་ཉིད་སླར་ཡང་པད་ཟླར་བླ་མའི་སྐུ། །
སེམས་དཔའ་སུམ་བརྩེགས་སྔར་བཞིན་གསལ་བ་ཡི། །
ཐུགས་ཀའི་ཧྲྰི༔མཐར་ཡིག་དྲུག་སྔགས་ཕྲེང་གིས། །
བསྐོར་ལས་བདུད་རྩིའི་རྒྱུན་བབས་ནད་གདོན་དང་། །
སྡིག་སྒྲིབ་ཀུན་བྱང་ལུང་རྟོགས་ཡོན་ཏན་རྒྱས། །
སྲས་བཅས་རྒྱལ་བའི་བྱིན་རླབས་མ་ལུས་ཐོབ། །
སླར་ཡང་འོད་འཕྲོས་སྣོད་བཅུད་སྐྱོན་སྦྱང་ཏེ། །
སྣང་གྲགས་རིག་གསུམ་འཕགས་པའི་གསང་གསུམ་དུ། །
འཁྱེར་བའི་རྣལ་འབྱོར་མཆོག་ལ་གནས་པར་གྱུར། །
ཅེས་བརྗོད་ཅིང་བསམས་ལ་ཡིག་དྲུག་ཅི་ནུས་བཟླ། ཨོཾ་མ་ཎི་པདྨེ་ཧྰུྃ།
མཐར་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། །
བརྒྱད་པ་བསྔོ་བ་ནི།
འདིས་མཚོན་ལེགས་བྱས་ཟླ་གཞོན་འབུམ་གྱི་གཟིས། །
བློ་གཏེར་རྒྱལ་བའི་ཆོས་ཚུལ་ཀུན་དའི་ཚུལ། །
བཤད་སྒྲུབ་གེ་སར་དགོད་པས་ས་ཆེན་ཁྱོན། །
ཤིས་པ་སྒྲུབ་པས་སྲིད་མཐར་མཛེས་གྱུར་ཅིག །
ཕུན་ཚོགས་དགེ་ལེགས་བྱེ་བས་རབ་བརྗིད་པའི། །
དགའ་ལྡན་ཆབ་སྲིད་ནོར་བུའི་རྒྱལ་མཚན་ཆེ། །
མི་ནུབ་རྒྱལ་མཚན་བླ་ན་སྒྲེང་པ་ཡིས། །
ཕན་བདེའི་འདོད་པ་འབུམ་དུ་འཇོ་གྱུར་ཅིག །
རྒྱ་ཆེན་དབྱིག་འཛིན་སྒེག་མོའི་ཁྱོན་ཡངས་པོར། །
དུས་ཀྱི་རྒུད་པའི་མུན་ཚོགས་ཐག་བསྲིངས་ནས། །
བདེ་སྐྱིད་སྣང་བ་དར་བའི་དགེ་མཚན་ཆེར། །
ཡིད་ཅན་རྣམ་པར་རྩེན་པས་སྙེམས་གྱུར་ཅིག །
མདོར་ན་སྐྱེ་བའི་ཕྲེང་བ་མགོན་ཁྱེད་ཀྱིས། །
འབྲལ་མེད་མཉེས་བཞིན་རྗེས་སུ་བཟུང་བའི་མཐུས། །
ཀུན་གྱི་དབང་ཕྱུག་ཟུང་འཇུག་རྒྱལ་ས་ཆེར། །
འབད་མེད་བདེ་བླག་ཉིད་དུ་སོན་གྱུར་ཅིག །
ཅེས་བསྔོ་བ་བྱ་ཞིང་། གཞན་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་བསྔོ་བ་སྨོན་ལམ་ཅི་རིགས་པའི་མཐར།
དགུ་བ་བཀྲ་ཤིས་ནི།
སྲས་བཅས་རྒྱལ་བའི་རྨད་བྱུང་ཐུགས་རྗེའི་མཐུས། །
ཕྱོགས་དུས་ཀུན་ཏུ་མི་མཐུན་རྒུད་ཚོགས་ཞི། །
སྲིད་ཞིའི་དགེ་ལེགས་ཡར་ངོའི་ཟླ་བ་ལྟར། །
འཕེལ་རྒྱས་དགེ་མཚན་དར་བའི་བཀྲ་ཤིས་ཤོག །
ཅེས་ཤེས་པར་བརྗོད་པས་མཐའ་བརྒྱན་པར་བྱའོ། ཞེས་པ་འདི་ཡང་དད་སྟོབས་ལྷག་བསམ་དགེ་བཀའ་བློན་ལས་རོགས་ཤར་ཁ་བ་འགྱུར་མེད་བསོད་ནམས་སྟོབས་རྒྱལ་ནས། ངོས་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལམ་ཡོངས་རྫོགས་ཀྱི་བཤར་སྒོམ་མདོར་བསྡུས་ཚང་ཞིང་། མཚན་སྔགས་དང་། ཡིག་དྲུག་གི་བཟླས་པ་ཡང་བྱས་ཆོག་པ་ཆ་ཚང་ཁྱེར་བདེ་ཞིག་དགོས་ཞེས་བདོག་པའི་རྟེན་དང་བཅས་ནན་ཏན་ཆེན་པོས་བསྐུལ་བར། རང་གི་རང་ལ་འདི་ལྟ་བུའི་རྣལ་འབྱོར་སྦྱར་བ་མི་རིགས་ཀྱང་། དད་པ་བྱས་ན་ཁྱི་སོར་རིང་བསྲེལ་འབྱུང་བ་ལྟར། སློབ་མའི་ངོས་ནས་མོས་གུས་བྱུང་ན་སོ་སྐྱེ་ལས་ཀྱང་སངས་རྒྱས་ཀྱི་བྱིན་རླབས་འབྱུང་བས། དད་ལྡན་འགའ་ཤས་ལ་དོན་དུ་འགྱུར་བ་སྲིད་སྙམ་སྟེ། པད་དཀར་འཆང་བའི་མིང་འཛིན་ཤྰཀྱའི་དགེ་སྦྱོང་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ། ། ཅེས་པ་འདི་ཉིད་རབ་བྱུང་བཅུ་བདུན་པའི་ས་གླང་ཆོ་འཕྲུལ་ཟླ་བའི་ཟླ་བ་ཉ་ཡོངས་སུ་གང་བ་ཤར་རིའི་རྩེ་ནས་ཤར་མ་ཐག་ཏུ་མཆོག་ལ་ཁ་ཁོག་ཚང་བའི་དད་གུས་ཅན་སློབ་བུ་ཐ་ཤལ་བ་དཔལ་དགྱེས་པ་རྡོ་རྗེའི་སྙིང་གི་བླ་མའི་རྣལ་འབྱོར་སྙིང་རྗེ་ཆེན་པོའི་སྒྲུབ་ཐབས་འདི་ཉིད་རང་ཡུལ་ཁ་བ་ཅན་གྱི་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཞལ་དངོས་མཇལ་བའི་སྐལ་བ་མེད་ཀྱང་སྙིང་ནས་དད་གུས་ཅན་ཀུན་ལ་སྙིང་ནས་ཕན་ཕྱིར་དུ་ཧི་གཟུགས་ཀྱི་ཟིན་བྲིས་ནང་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་མཉྫུ་ཤྲྰི་ཛྙྰ་ན་ས་ཏྭའི་ལྷ་ཁང་ནས་༣ ༡༡ ༢༠༠༩ ཉིན། གུས་པས་ཕུལ་བས་ཀུན་གྱིས་བླ་མའི་རྣལ་འབྱོར་འདི་ལ་བརྩོན་ནས་མཆོག་གི་ཐུགས་བཞེད་གེགས་མེད་བདེ་མྱུར་དུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག་ཤྲྰི་སརྦ་བི་ཛ་ཡནྟུ།། །།
གཏམ་བཟང་ཞུ་རྒྱུ་ཞིག་ལ། གོང་ས་མཆོག་ཨ་རིར་ཟླ་བ་ལྔ་པའི་ནང་ཕེབས་རྒྱུ་རེད། དེར་རྟེན་ཁོང་ལ་ཞུ་ཡིག་དེའི་འདྲ་བཤུས་གཅིག་འབུལ་ཐུབ་ས་རེད། ཁ་ས་བོད་ཀྱི་དོན་གཅོད་ཀྱི་ལས་བྱེད་ཞིག་ལ་སྐད་ཆ་དྲིས་པས། ཁོང་ནས་གོང་ས་མཆོག་ལ་ཐད་ཀར་ཞུ་ཡིག་གཅིག་འབུལ་ཐུབ་ན་ལེགས་པོ་ཡོད་ཚུལ་གསུངས་བྱུང་བས་དེ་ལྟར་ལག་བསྟར་བྱའོ།
Dear Pen friend Pema la .
Mthank you for your sweet few point and I have read it all love. Here I am also a Tibetan and we have all love responsibility keep our mother language. Here I am a Tibetan and I have unknown Tibetan language. But I love study Tibetan very much. But here I always reading Khabdha and I also get a lot of knowledge. Here I always feel that the Tibetan language is most important who are Tibetan and we want to keep this Language. So here I feel that Tibetans I Tibet consider know about His holiness the Dalai Lama as much as other people of other countries. Here I think we should be published in Tibetan as soon as possible. Here I know Pema‘s feel and she want to know about His holiness. So I also request to office of His holiness that please published into Tibetan
From Little baby
རེད་ཡ། པད་མ་ལགས། ཁྱེད་ཀྱི་ལྷག་བསམ་གྱིས་ཟིན་པའི་དྲི་འདོན་དང་འབྲེལ་རང་རིག་སྐད་ཡིག་ལ་ཇི་ཙམ་བཅངས་པའི་གཅེས་འཛིན་རང་མགོ་རང་འཐོན་དགོས་འདུན་འདི་ལྟ་བུར་ངེས་པར་ཡིད་རངས་ཞུ།
དྲི་བ་ནག་པོ་ཞིག་བཏོན་འདུག་ག། ཁྱེད་རང་གི་དགོངས་ཚུལ་དེར་རྒྱབ་སྐྱོར་ཡོད།
འདིར་ཤེས་དགོས་པ་ཞིག་ལ་་བོད་ནང་གི་བོད་མི་ཚོའི་༧གོང་ས་མཆོག་ཅི་ཙམ་གྱི་གལ་ཆེན་པོར་བརྩི་གི་དོ་སྣང་མ་བྱུང་པ་རད་
ཕྱོགས་གཅིག་ནས་བོད་ཡིག་གི་དྲ་རྒྱ་མེད་པ་དེ་སྐུ་སྒེར་ཡིག་ཚང་རྐྱང་རྐྱང་ལ་ལན་པ་དེ་ཙམ་མེད་པ་ཞིག་རེད་་་་་་་་་་་་་་་་་་་་་་ གཞིས་སུ་གནས་ཚུལ་གཏོགས་ཙམ་དྲག་པ་ཡོད་ཀྱང་བྱས་སུ་བོད་མི་ལ་བོད་ཡིག་གི་ཤེས་ཚད་དང་རིན་ཐང་ག་ཚོད་ཡོད་པ་ཚང་མས་ཤེས་ཤེས་པ་རེད་་་་་་་་་་་་་་་་་་་་
ངོ་མ་དྲི་བ་འདི་འདྲ་ཡག་པོ་རེད
སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡིན།
སྐུ་སྒེར་ཡིག་ཚང་སྐུ་ངོས་ཚོས། །
བོད་སྐད་བོད་ཡིག་བོར་མེད་ན། །
བོད་ཀྱི་བུ་མོར་བོད་ཡིག་གིས། །
དྲི་བ་དྲུག་པོ་དྲིས་ལན་ཐོབས། །
ཨ་ཁ་ད་ཡང་སྟག་སྨྱོན་སོགས་འདིར་སླེབས་འདུག་ག
གྲོགས་པོ་ཚོས་གཟབ་གཟབ་བྱོས་ཨ། ཁོ་དུས་བབ་ཚང་ནས་སྡོད་མ་ཐུབ་པར་འདིར་བྲོས་ཡོང་པ་རེད་ད།
ད་ང་ཚོའི་སྐྱིད་རྒྱག་སའི་གླིང་ཀ་ཆུང་ཆུང་འདི་ཡང་འགྱོག་པོ་བཙོག་པར་འགྱུར་ནི་རེད་ཡ། མི་བདེན་ན་ག་ལེར་ལྟོས་ཨ།
སྐུ་སྒེར་ཡིག་གི་དྲུང་ཆེ་དྲན་བཟང་ནི་དོམ་དྲེད་མོ་དང་གཅིག་པ་རེད། དོམ་གྱིས་ཉིན་མཚན་ཀུན་ཏུ་ཟ་འཐུང་ལས་དྲན་པ་མེད་པ་བཞིན་དུ་དྲུང་ཆེས་ཐུགས་ལ་སྐུ་སྒེར་ཡིག་ཚང་ནང་གི་བཀོར་རྒྱུ་བཟ་ཐབས་བསམ་པ་ལས་མི་རིགས་ཀྱི་ལ་རྒྱལ་དང་སྐད་ཡིག་དང་རྒྱལ་བ་སོགས་སྟོང་བཤད་ཀྱང་དོམ་ལ་བཤད་པ་འདྲ་པོ་རང་རེད།
མ་གཞི་བཙན་བྱོལ་ནང་གི་ལས་བྱེད་དེ་ཚོས་ཕྱག་ལས་གནང་སྟངས་དེ་མཐོང་དུས་ཡིད་མུག་ཡ་རང་རེད། དེའི་རྒྱུ་མཚན་ནི་ཤེས་མེད་མཁན་དེ་ཚོས་ངོས་དགའ་སྤེལ་ལེན་གྱིས་བླ་མའི་དབུ་འཁྲུག་བཅུགས་ནས་ལས་བྱེད་ཀྱི་ལམ་ཞིག་རྙེད་འགྲོ་གིན། ཤེས་ལྡན་མི་སྣ་མང་ཆེ་བ་ཞིག་དེ་ནང་ཡར་ཚུལ་མ་ཐུབ་བའི་སྐྱོན་རེད། སྐུ་སྒེར་ཡིག་ཚང་གིས་ལས་བྱེད་དེ་ཚོས་ཆོས་ལུགས་དང་མི་རིགས་ལ་དབྱེ་འབྱེད་ཀྱི་འདུག་ཟེར་མཁན་ཇི་མང་དུ་འགྲོ་གི་འདུག དཔེ་ན། འབྲེལ་བ་ཞུས་མཁན་དེ་དགེ་ལུགས་པ་ཞིག་དང་དགེ་བཤེས་འདྲ་ཡིན་པའི་མིང་ཚིག་གོ་བ་དང་། ལགས་འུ་དགེ་བཤེས་ལགས། ཡིན་དང་ཡིན་ནང་མི་ཞིག་གི་རྣམ་འགྱུར་སྟོན་གྱིས་འདུག་ཟེར་མཁན་མང་པོ་བྱུང་། འབྲེལ་བ་ཞུས་མཁན་དེ་ཆོས་ལུགས་གཞན་ཁག་ཡིན་པའི་སྐད་སྒྲ་གོ་བ་དང་། སྐད་ཀྱི་སྒྲ་གདང་ཡང་དྲག་པོ་ཞིག་ཏུ་འགྱུར་ནས། ཨ་འ་། ག་རེ་ཟེར་གི་ཡོད། ཡོད་མ་རེད་ཡོད་མ་རེད། ཟེར་བ་སོགས་བྱ་ངན་སྤྱོད་ལོག་བྱེད་ཡོང་གི་འདུག་ཟེར་མཁན་ཇི་མང་རེད། དེ་ནི་སྤྱི་ཚོགས་རྙིང་མའི་དུག་རོ་དེ་ད་དུང་སངས་མེད་པའི་རྟགས་ཤིག་ཅི་ནས་མིན། བོད་འདི་བླ་མ་རིགས་ལུགས་དང་ཆོས་ལུགས་རིགས་ལུགས། ཆོལ་ཁག་རིགས་ལུགས་ཀྱི་མི་རབས་ནས་མི་རབས་སྐྱེལ་ས་རེད་ཨ།
འོ་ཡ། ད་བོད་འདི་ཆོས་ལུགས་རིང་ལུགས་དང་ཆོལ་ཁ་རིང་ལུགས། བླ་མ་རིང་ལུགས་དེ་ཚོས་མ་འཇོན་པ་རེད། ད་ཡིན་ན་ཆོས་མེད་རིང་ལུགས་ཁྱོད་ཀྱིས་འཇོན་ན་ཆོག་ནི་རེད་ཡ། ཁྱོད་སུས་ཀྱང་བཀག་བསྡད་ཡོད་པ་མ་རེད། རྟ་རྒྱུགས་བདེ་མོའི་ཐང་ནས་བྱོས་དང་། ལྟད་མོ་མཐོན་པོ་སྒང་ནས་བལྟས་ཡོད།།
དཔེ་མིང་འཛིན་པ་ལགས་སུ་ཆེད་ཞུས། ངས་ཁྱོད་རང་གིས་དྲི་བ་དེ་ལ་ལེན་ཞིག་ཕུལ་འདོད་བྱུང་།
དང་པོ་ནི། སྒུ་སྒེར་ཡིག་ཚང་གིས་ལོ་ངོ་བཅུའི་རིགས་ལ་བོད་མི་ས་ཡ་དྲུག་གི་བཀོར་རྒྱུ་ཕུལ་བའི་སྒོར་འབུམ་བཅུ་ལྷག་གི་འགྲོ་སོང་བཏང་ནས་མོད་སྨད་ལོ་རྒྱུས་ཆེན་མོ་བྲིས་ནས་ཐུགས་མ་ཁོང་བར་རེད། དྲང་བདེན་ཞིག་ཡིན་ན། ཁམས་པ་དང་དབུས་གཙང་གིས་ཤེས་ཡོན་ཅན་མི་སྣ་འགའ་ཤས་རུབ་ནས་སོ་སོའི་ལོ་རྒྱུས་ཆེན་མོ་རེ་འབྲི་རྒྱུའི་སྒོར་འབུམ་བཅུ་ལྷག་གཏང་སྲིད་རྒྱུ་རེད་བསམ་ནས་བལྟས་བསྡད་པ་ཡིན་ཏེ་གཏོང་ཡོད་མ་རེད།
གཉིས་པ་ནི། དེ་བདེན་པ་རེད་བོད་ཀྱི་བླ་མ་ལ་དགོས་ཡ་དེ་དངུལ་དང་སློབ་མ་རེད། སྔར་མོ་རྒྱ་ནག་ལ་དར་གོས་དང་གཡང་ཀྲིལ་སོགས་ཡོད་ཙམ་དབུ་བླ་ཚོ་རྒྱ་ནག་ལ་ཆིབས་ཁ་བསྒྱུར་ནས་རྒྱུ་དང་མིང་དང་གོ་གནས་སོགས་བཤད་ཤེས་ཀྱང་ཉན་མི་ཤེས་པའི་ལས་སྣ་ཚོགས་ཆེད་དུ་རྒྱུག་གིས་ཡོད་རེད། ད་ལྟ་ཨ་རི་དང་ཐེ་ཝན་སོགས་ལ་དངུལ་དང་མཚན་སྙན་གྲགས་ཆེད་དུ་བོད་ཀྱི་དབུ་བླ་ཚོས་ཇ་འཐུང་ལོང་དང་རྩམ་པ་ཟ་ལོང་མེད་པ་ཕེབས་ཀྱི་ཡོད་ཙམ་བོད་ཕྲུག་གི་བདེ་སྡུག་ལ་གཟིགས་ལོང་ཡོད་མ་རེད།
གསུམ་པ་ནི། བོད་མིའི་འཁོར་ཡུལ་ཆུང་ཆུང་དང་བོད་མི་སྤྲང་པོ་ཡིན་ཙམ་དྲ་རྒྱ་བཟོ་ན་ཕན་ཐོག་གང་ཡང་མེད་པ་རེད།
བཞི་པ་ནི། བོད་མི་བཙན་བྱོལ་བྱས་ནས་ལོ་ལྔ་བཅུ་འཁོར་ཡང་བོད་ཕྲུག་ཚང་མ་ནི་ཨ་མ་རྗེ་བཙུན་པདྨས་ཁྱབ་འབངས་སུ་བསྒྱུར་ནས་བོད་ཡིག་དང་བོད་སྐད་གཉིས་གྱི་བར་ན་ཤད་སྦྱར་བྱེད་དགོས་པ་བཟོས་ཙམ་བོད་ཡིག་དྲ་རྒྱ་བཟོ་ན་བལྟ་མཁན་མེད་པ་ཁོང་ཚོས་མཁྱེན་གྱི་ཡོད་རེད།
ལྔ་པ་ནི། བཀའ་རྒྱ་རང་མེད་ཀྱང་ཕྱི་ནས་བལྟས་མཁན་དང་ནང་ནས་བལྟས་མཁན་གཉིས་ཀྱི་བར་མཐོང་ཚུལ་མི་གཅིག་པ་དུ་མ་ཞིག་ཡོད་ཀྱང་ཞུས་ན་མགོ་བོ་ཤོར་སྲིད་ཀྱི་རེད།
དྲུག་པ་ནི། བོད་འདི་བླ་མས་དབུ་ཁྲིད་བྱས་ནས་བཟུང་ཀྲུང་དབྱང་གིས་བཀག་འགོག་བྱེད་ཚལ་བ་འདྲ་པོ་དེ་དུས་ད་དུང་ཡང་རེད། བླ་མས་གཡས་ཕྱོགས་སུ་ཆོས་འཁུར་གཡོན་ཕྱོགས་སུ་ཆབ་སྲིད་འཁུར་ནས་ཕེབས་ཀྱི་ཡོད་ཙམ་ཚང་མ་བཀོད་ལེགས་པོ་རང་མེད་པ་འདྲ།
སྨྲ་སེང་།
ཁྱོད་ནོར་སོང་ནི་རེད། བོད་བླ་མས་བཟུང་ཡོད་ནི་མ་རེད། བོད་གུང་ཁྲན་ཏང་གི་བཟུང་ནས་ལོ་༥༠ ལྷག་འགོར་སོང་ནི་རེད། བོད་ཆོས་མེད་པས་བཟུང་ནས་ལོ་༥༠ འགོར་སོང་ནི་རེད། ཁྱོད་ཀྱི་བསམ་དོན་འགྲུབ་བསྡད་ཡོད་ནི་རེད། ད་བོད་ཀྱི་བླ་མ་ཚོ་རི་བོ་ཧི་མ་ལ་ཡ་བརྒྱུད་ནས་རྒྱ་གར་ལ་གནས་ཚང་གཡར་བསྡད་ཡོད་པ་རེད། དེ་ཚོ་གནས་ཚང་ནས་ཀྱང་ཡག་པོ་ཅིག་བཞག་འདོད་མེད་པའི་གུང་ཁྲན་ཏང་གི་ཕྲུ་གུ་དེ་ཚོས་རྒྱ་གར་གཞུང་གི་སྲུང་སྐྱོབས་གཏོར་ཐུབ་ཀྱི་མ་རེད།
དེ་ནས་སྐུ་སྒེར་ཡིག་ཚང་གི་བོད་མི་ས་ཡ་དྲུག་གི་ཞལ་འདེབས་སོགས་བཤད་འདུག སྐུ་སྒེར་ཡིག་ཚང་ལ་ཕུལ་ཚར་བའི་རྗེས་ལ་ཕུལ་མཁན་གྱིས་མ་རེད། དེ་ཕུལ་ཡུལ་དེའི་རེད། འདི་ཁྲིམས་ལུགས་གང་ནས་བཤད་ན་ཡང་སྤྲད་ཚར་བའི་རྗེས་ལ་སྤྲོད་ས་དེས་རེད། ཡིན་ན་ཡང་ཁྱོད་ནི་དམིགས་བསལ་ཡིན་པས་ཁྱོད་ཀྱིས་དེའི་ནང་དུ་ག་ཚོད་ཕུལ་ཡོད་པ་གསལ་བོ་ཤོད་དང་སྐུ་སྒེར་ཡིག་ཚང་ནས་ཁྱོད་ལ་ཕྱིར་སྤྲོད་ཀྱི་རེད།
དོན་ཚན་གཉིས་པ་ལ། ཁྱོད་རང་འགྲོ་ཐུབ་ན་བོད་ཀྱི་བླ་མ་ཚོས་དེང་སང་རྡོ་རྗེ་གདན་ན་གསུངས་ཆོས་གནང་བཞིན་པའི་སྒང་རེད། དེ་ཡང་བོད་སྐད་ཐོག་ནས་གསུངས་གི་བསྡད་ཡོད་པ་རེད། བོད་ཀྱི་བླ་མ་ཚོ་ཁྱོད་ཀྱི་ཉལ་ཁྲིའི་སྒང་ལ་གསུང་ཆོས་གནང་གི་ཕེབས་ཐུབ་ཀྱི་མ་རེད་ལགས།
དོན་ཚན་གསུམ་པ་བོད་སྐད་རང་རེད་མི་འདུག་པས་ལན་རྒྱགས་ཐུབ་ཀྱི་མ་རེད།
དོན་ཚན་བཞི་བ། བོད་ཀྱི་སློབ་ཕྲུག་རྣམས་ཨ་མ་རྗེ་བཙུན་མའི་ཁྱབ་འབངས་ལ་གྱུར་བར་སེམས་ཀྱི་མི་བཟོད་ན། རང་གི་ཨ་མ་ཁྲིད་སོང་ནས་སློབ་གྲྭ་དེ་འདྲ་ཅིག་བཙུགས་དང་འགྲིག་ནི་རེད། དེ་ལ་བཀག་འགོག་ཡོད་ནི་མ་རེད།
དོན་ཚན་ལྔ་བ། ད་ལྟ་བར་དུ་སུས་མགོ་བོ་ཁྱེར་སོང་བ་རེད། ཁྱོད་ཀྱི་སྐད་ཆ་འདི་རིག་གསར་སྐབས་སུ་བླ་མ་ཚོ་ལ་ངན་བགྲང་བྱེད་བཞིན་པའི་ཆ་ཤས་ཅིག་རེད། འོན་ཀྱང་འདི་ནི་དེང་སང་རྒྱ་ནག་ན་ཡང་རྙིང་པ་ཆགས་ནས་བཤད་མཁན་ཡོད་པ་མ་རེད།
དོན་ཚན་དྲུག་པའི་ལན་དང་པོ་ནས་ཕུལ་ཟིན་པ་དེ་ག་རང་ཡིན།།
ཨ་རོག་ད་རུང་ཤོད་ར་ཉན་ནས་ཡོད།
སྐུ་སྒེར་ཡིག་ཚང་ནས་སྤེལ་བའི་དྲ་ཚིགས་དེ་ཉིད་བོད་ཡིག་མེད་པར་ང་ཚོ་ཚང་མས་བློ་ཕམ་བྱེད་འོས་དང་གོང་གི་དྲི་བ་དེ་དག་ལ་རྒྱབ་སྐྱོར་དགོས་པའི་རང་བཞིན་ཅན་དུ་མཐོང་མོད། མི་ངན་ཐ་ཤལ་བ་ཁ་ཤས་ཀྱིས་གོ་སྐབས་དེ་བཟུང་ནས་ཡམས་བཤད་བྱེད་བཞིན་པ་འདི་དག་ནི་ཆོས་རྗེ་ས་པན་གྱིས། སྤྲེའུ་རྣམས་ཀྱིས་མི་བཟུང་ནས།། རྔ་མ་མེད་ཅེས་བཞད་གད་བྱེད།། ཅེས་པ་དང་གཉིས་སུ་མ་འཆིས་དཔེར་ན་སྟག་སྨྱོན་གྱིས་དྲ་རྒྱ་དེ་ཉིད་བོད་ཡིག་མེད་པ་བཀའ་སྤྱི་གཉིས་ཀྱི་བྱས་ཉེས་སུ་བཤད་པ་ལྟ་བུ་དང་སེང་རལ་གྱིས་དེ་ཉིད་ཆོས་དང་ཆོལ་ཁའི་གནད་དོན་དང་སྦྲེལ་ནས་བཤད་པ་རྣམས་སོ། སྨྱོན་པ་ལ་ལན་བྱེད་པ་ནི་སྨྱོན་པ་ལས་མ་འདས་པས་གཏང་སྙོམས་སུ་མཛད་ནས་སེང་རལ་ལ་བསླབ་བྱ་ཁ་ཤས་སྦྱིན་པ་བྱའོ།
འོ་སྨྲ་སེང་ལ་ཞུ་རྒྱུ། སྐུ་སྒེར་ཡིག་ཚང་ལ་ཕུལ་ཟིན་པའི་ཞལ་འདེབས་དེ་ཕྱིར་ལེན་དགོས་ན་བྱུང་འཛིན་ཁས་ནས་ཤོག་དང་ཁྱོད་ལ་ཕྱིར་སྤྲོད་ནི་རེད།
མ་རེད། འདི་ཚོ་ལ་སྐད་ཆ་ཁ་ཤས་བཤད་དང་། འདི་ཚོ་གྲོད་ཁོག་རྒྱགས་པ་དང་ལམ་སེང་བླ་མ་དང་རང་གཞུང་ལ་ཁ་བཏང་ཡོང་གི་རེད། སྒལ་ཚིགས་མེད་པ་དེ་ཚོ། ཆུང་དུས་ཕ་མས་གསོས། ཆེ་དུས་གཞུང་གིས་གསོས། ད་རུང་ཕྱིར་དྲིན་ལན་ཟེར་བ་ཅིག་སློག་འེ་ཐུབ་མི་ལྟ་བར་ག་དུས་ཡིན་ན་ཡང་ཅིག་དགོས་དགོས་པ་རེད། གོང་གི་སྟག་སྨྱོན་གྱི་སྐད་ཆ་ལ་ལྟོས་དང་། སྔོན་ཆད་ཀྱི་བུའུ་པོ་ཧོ་༼ལྔ་སྲུང་ཁྱིམ་ཚང་༽དང་གཅིག་པ་འདྲ་བོ་རེད། ཡིན་ན་ཡང་ཁོ་རང་གིས་བྲིས་ནས་འགོར་སོང་ཟིག དེའི་རྐྱེན་གྱིས་འདིར་མི་གླེང་། ད་སྨྲ་སེང་ཟེར་བ་འདིར་ག་རེ་ལབ་ཡ་འདུག་གཅིག་བལྟ་དང་།
བོད་ནང་ནས་སྐུ་སྒེར་ཚང་གི་དྲ་ཚིགས་ལ་ཉུལ་ཐུབ་ཀྱི་རེད་པས། ཨོ། གོ་ཐོས་ལ་བོད་ནང་གི་བློ་རིག་སྐྱེན་པ་མང་པོ་ཞིག་གིས་གློག་ཀླད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱ་དམར་གཞུང་གིས་བསྐྲུན་པའི་ཕྱི་བཀག་ནང་སྡོམ་གྱི་ལྕགས་དྲའི་གསེབ་ནས་ཕྱི་ལ་ཁ་དབུགས་གསར་པ་རྔུབ་པར་ཕེབས་ཐུབ་ཀྱི་ཡོད་ལ། དེང་གི་ཆར་མང་ནས་མང་དུ་འགྲོ་བ་རེད་ཟེར་བ་དངོས་གནས་བདེན་པ་རེད་འདུག དེ་ཡང་དེང་གི་ཚན་རིག་ལག་རྩལ་གྱི་གཡང་རང་རེད། བོད་ནང་གི་བོད་རིགས་སློབ་བུ་ཤེས་ལྡན་པ་གང་མང་ཕྱི་ཡུལ་གྱི་ཁ་དབུགས་རྔུབ་ཐུབ་ན་ངེད་བོད་པ་ཚང་གི་སྟོབས་ཤུགས་ཡང་ཆེར་འཕེལ་ཐུབ། འཕྲལ་ཕུགས་གང་ལ་བལྟས་ཀྱང་སྐུ་སྒེར་ཚང་གི་དྲ་ཚིགས་ལ་བོད་ཡིག་ཡོད་ན་ཆ་ལག་ཚང་ལ་དགོས་གལ་ཡང་ཆེ་བ་རེད་འདུག
གྲོགས་གཞོན་ནུ་ཟླ་མེད་ཀྱིས་བཤད་པ་མང་པོ་གོ་བ་ལེན་དཀའ་མོ་འདུག ཡི་གེ་འབྲི་དུས་ཡུལ་སྐད་མང་ན་ཡག་པོ་མི་འདུག
ཀརྨ་དགེ་ལེགས་འདི་ད། ད་ཁྱོད་ང་ཁོང་ཁྲོ་ལངས་བསྡད་ཡོད་དུས་ཅིག་ཉ་ག་ཉོག་གེ་ཅིག་བཤད་མ་བསྡད་དང་། ངས་ཁྱོད་ལ་ཡང་ཚིག་ལོག་རྡོ་འདྲ་བོ་འཕེན་གི་རེད་ད།
ཀརྨ་དགེ་ལེགས་ཀྱིས་ཡག་པོ་ཞིག་གསུངས་འདུག མདོ་སྨད་ནས་བྱོན་པའི་ཉེ་རབས་མཁས་པ་དགེ་འདུན་ཆོས་འཕེལ་དང་ཤེས་རབ་རྒྱ་མཚོ། དོན་གྲུབ་རྒྱལ་སོགས་གང་གི་རྩོམ་ཡིག་སྟོད་མངའ་རིས་ནས་ཁམས་དར་མདོ་བར་གྱི་བོད་པ་སུ་ཞིག་གིས་བཀླགས་ཀྱང་ཧ་མི་གོ་བའི་ཚིག་མཐོང་རྒྱུ་དཀའ་མོད། དེང་སང་ཨ་མདོ་བ་མི་ཉུང་ཞིག་གིས་ཡུལ་སྐད་ཕལ་པ་མང་པོ་སྤྱད་ནས་ཨ་མདོ་ཡིན་པའི་ལ་རྒྱ་མཚོན་ཆེད་ནམ་ཡིག་སྐད་དག་མ་འབྲི་མི་ཤེས་པའི་རྒྱུ་མཚན་གང་གིས་ཡིན་མི་ཤེས་མོད། ཆོལ་ཁ་གསུམ་ཐུན་མོང་གི་སྤྱི་སྐད་ཞིག་ཡོང་བ་ལ་འབད་བཞིན་པའི་དེ་རིང་གི་སྐབས་འདིར་སྔ་ས་ནས་ཡོད་པའི་ཐུན་མོང་གི་ཡིག་སྐད་འདི་གཏོར་བརླག་མི་ཡོང་བའི་ཆེད་དུ་དགོས་མེད་ཀྱི་གྲོང་སྐད་དེ་དག་བེད་མ་སྤྱད་ན་དགེ་མཚན་ཆེ་བ་མཐོང་། ཁྱེད་ཚོས་གསུངས་ན་རེད་མ་རེད།
ང་དགེ་ཆོས་དང་དོན་རྒྱལ་གྱི་རྩོམ་ལ་ཧ་ཅང་དགའ་པོ་ཡོད། ཁོང་གཉིས་ཀྱི་རྩོམ་རྩལ་ལས་བློ་སྐྱེད་ཡང་མང་པོ་ཞིག་བྱུང་། ཨ་མདོ་ནས་མཁས་པ་འབྱུང་ཟེར་བ་དེ་ལ་ཡང་ཡིད་ཆེས་པ་ཡིན། དེ་རིང་ཁ་སང་ཨ་མདོ་བ་མང་པོ་ཞིག་གིས་རྩོམ་འབྲི་ཁུལ་བྱེད་མོད་བོད་སྤྱིའི་ཡི་གེའི་འགྲོས་བྲལ་བ་མཐོང་དུས་རྒྱ་མིས་བོད་ལ་འཛིན་པའི་མི་རིགས་ཁ་བྲལ་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་དེ་ལ་སྙིང་ཁོང་ནས་ཁོང་ཁྲོ་ལངས་ཀྱི་འདུག དེར་བརྟེན་བོད་ལ་བསམ་ན་ཤ་ཚའི་སྐད་ཆ་ཡིན། ཡང་ཨ་མདོ་བ་ལ་གཅིག་ཟེར་ཡོང་གི་འདུག་བསམ་ནས་ཁོང་ཁྲོ་དེ་བས་མ་བྱེད། དེ་ལྟར་བསམ་ན་ངས་ཀྱང་བྲིས་པ་ལས་མ་བྲིས་ན་དགའ་གི་རེད།
བཞུགས་ཨ། ང་འགྲོ་རན་སོང་། ལྷན་རྒྱས་མུ་མཐུད་གླེང་། ངས་སང་ཉིན་བལྟ་ཆོག
གང་ཞིག་ཡུལ་སྐད་ཡིན་ནས་མི་གོ་ན་དེ་ཐད་ཀར་དྲི་བ་བཀོད། སྤྱི་ཡོངས་ནས་རྒྱུགས་པ་ལེབ་རྡུང་མ་བྱེད། རྒྱུགས་པ་ལེབ་རྡུང་བྱེད་དགོས་ས་དེ་འདྲ་མེད།
སྨྲ་བའི་སེང་གེ་ཁྱིའི་བརྟུལ་ཞུགས་འཛིན་པ་ཁྱེད་ཉིད་རལ་པ་ལེབ་མོ་དེའི་འོག་ནས་སྐྱི་མོ་ཟུར་གསུམ་དེ་ཀྲོང་ངེ་གྱིས་ལ་ཀླད་པ་ནག་པོ་དེའི་འོག་ནས་རྣམ་ཤེས་དམར་པོ་དེ་ལྷོད་ཀྱི་ཞོགས་དང་ངས་ཁྱོད་ལ་རྒྱུ་མཚན་བཤད། གནས་ལུགས་སྦྱིན། བློ་སྒོ་འབྱེད། གདམས་ངག་སྟེར། ད་ཁྱོད་ལེགས་པ་ཉོན་ཅིག། ཁྱོད་ཀྱིས་དང་པོ་༼སྐུ་སྒེར་ཡིག་ཚང་གིས་ལོ་ངོ་བཅུའི་རིགས་ལ་བོད་མི་ས་ཡ་དྲུག་གི་བཀོར་རྒྱུ་ཕུལ་བའི་སྒོར་འབུམ་བཅུ་ལྷག་གི་འགྲོ་སོང་བཏང་ནས་མོད་སྨད་ལོ་རྒྱུས་ཆེན་མོ་བྲིས་ནས་ཐུགས་མ་ཁོང་བར་རེད། དྲང་བདེན་ཞིག་ཡིན་ན། ཁམས་པ་དང་དབུས་གཙང་གིས་ཤེས་ཡོན་ཅན་མི་སྣ་འགའ་ཤས་རུབ་ནས་སོ་སོའི་ལོ་རྒྱུས་ཆེན་མོ་རེ་འབྲི་རྒྱུའི་སྒོར་འབུམ་བཅུ་ལྷག་གཏང་སྲིད་རྒྱུ་རེད་བསམ་ནས་བལྟས་བསྡད་པ་ཡིན་ཏེ་གཏོང་ཡོད་མ་རེད།༽ཅེས་བཤད་འདུག་སྐད་ཆ་འདིའི་ངོས་ཟུར་ཡོངས་ནས་མཐོང་བ་ནི་ཁྱོད་རང་༧གོང་ས་མཆོག་ལ་གཏིང་ནད་ཡོད་མཁན་ཞིག་གི་ཚད་དུ་བསྐྱལ་འདུག་འདི་ཉིད་རོབ་བསྡུས་བྱས་ན་ཁྱོད་ཀྱིས་གནད་དོན་གཉིས་ནས་གླེང་འདུག དང་པོ་བོད་རྒྱ་ཆེན་མི་མང་གིས་༧གོང་ས་མཆོག་ལ་དད་པའི་རྟེན་གྱི་མཆོད་སྤྲིན་སྤྲོས་པ་ལ་ལོག་ལྟས་ཡིད་མ་རངས་བ་དང་། གཉིས་པ་སྐུ་སྒེར་ཡིག་ཚང་གིས་དེ་ཉིད་ཡང་དག་པའི་ལམ་དུ་བཏབས་པ་ལ་ཕྲག་དོག་གིས་སེམས་མ་སྐྱིད་པ་བརྟེན་ལོག་གཏམ་འདི་སྤེལ་འདུག དང་པོ་ནི་མགོ་ནག་བོད་མི་ཡོངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧གོང་ས་མཆོག་ལ་ཕུལ་ཀྱང་དཀའ་དྲིན་གྱི་ཆ་ཙམ་གཞལ་མི་ཐུབ་པ་ནི་ཁོང་གིས་ཉིན་མཚན་དུས་ཀུན་སྐུ་ངལ་ཡོངས་རྫོགས་ཁྱད་བསད་ཀྱིས་བོད་མི་རིགས་འདིའི་བདེ་དོན་ལ་བརྩོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཇི་སྙེད་པ་དག་གིས་ཤེས་ནུས། དེས་ན་ལས་ལ་བརྩོན་ཞིང་དཔའ་ངལ་ལྡན་པའི་ང་ཚོ་བོད་མི་རིགས་ཀྱི་བློ་སྟོབས་ནམ་ཡང་ཉམས་པ་བྲལ་བས་དཀའ་དྲིན་བསམ་ཤེས་ཀྱི་ཚོར་སེམས་དེ་སྙེད་བར་བརླགས་མི་སྲིད་པསཁྱོད་དང་དམར་པོའི་དཔུང་གིས་ཇི་ཙམ་བཤད་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡོད། གཉིས་པ་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་ཆེད་འགྲོ་སོང་བཏང་བ་ནི་ཆོས་སྲིད་གཉིས་ཐད་ནས་གལ་ཆེའི་རང་བཞིན་ཡིན་པ་མ་ཟད་ཁ་ཚ་དུས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་ཡོད། དང་པོ་ཆོས་ཐད་ནས་བཤད་ན་བླ་མའི་རྣམ་ཐར་འབྲི་ཀློག་བྱེད་རྒྱུ་ནི་གསང་སྔགས་ཀྱི་སྙིང་པོ་ལྟ་བུ་ཆགས་ཡོད་པ་མ་ཟད་དེ་ཉིད་གདུལ་བྱ་ཕྱི་རབས་པའི་དད་པའི་རྒྱན་དུ་འཇོག་རྒྱུ་ཡང་བསྟན་རྒྱུན་གྱི་རྩ་བ་ཆགས་ཡོད། དེས་ན་བོད་གངས་ཅན་དུ་བྱོན་པའི་སྐྱེས་བུ་དམ་པ་དག་གིས་ལོ་རྒྱུས་རྣམ་ཐར་དགོས་མཁོའའའའི་རང་བཞིན་ཅན་དུ་སོང་དུས་རབས་འདི་བླ་མ་ཡོངས་ཀྱི་གཙོ་བོ་རྒྱལ་པན་གཉིས་ཆར་མདོ་སྨད་ལས་བྱུང་བས་དེའི་ཁོར་ཡུག་གནས་སྟངས་བྱུང་རིམ་རྒྱབ་ལྗོངས་སོགས་ཧ་ཅང་གལ་ཆེ། དེ་བཞིན་སྲིད་ཐོག་ནས་བཤད་ན་རྒྱ་དམར་གྱིས་འཁྱོག་བཤད་སྣ་ཚོགས་ཀྱིས་མདོ་སྨད་འདི་ཉིད་སྔར་ནས་བོད་སྲིད་གཞུང་དང་འབྲེལ་མེད་ཐ་དད་བ་ཞིག་ཡིན་ཚུལ་བརྗོད་པ་སོགས་བདེན་དོན་གྱིས་ཐོག་ནས་སུན་འབྱིན་བྱེད་པ་ལ་མདོ་སྨད་ལོ་རྒྱུས་དངོས་ཡོད་ཀྱིས་ཁུངས་སྐྱེལ་བྱེད་དགོས་སྟབས་ཤིན་ཏུ་ནས་གལ་ཆེ་བ་ཡིན་པས་ཁྱོད་ཀྱི་ཕྲག་དོག་རང་སྡུག་ལས་མ་འདས། གཞན་ཁྱོས་ལོག་བཤད་དག་གཞོན་ནུས་ཚར་གཅོད་ཚར་འདུག་པས་ངས་མི་ཤི་རོའི་སྟེང་དུ་བྲོ་མི་བརྡུང།། ཧཧཧཧཧ
སྨྲ་བའི་སེང་གེ་ཁྱིའི་བརྟུལ་ཞུགས་འཛིན་པ་ཁྱེད་ཉིད་རལ་པ་ལེབ་མོ་དེའི་འོག་ནས་སྐྱི་མོ་ཟུར་གསུམ་དེ་ཀྲོང་ངེ་གྱིས་ལ་ཀླད་པ་ནག་པོ་དེའི་འོག་ནས་རྣམ་ཤེས་དམར་པོ་དེ་ལྷོད་ཀྱི་ཞོགས་དང་ངས་ཁྱོད་ལ་རྒྱུ་མཚན་བཤད། གནས་ལུགས་སྦྱིན། བློ་སྒོ་འབྱེད། གདམས་ངག་སྟེར། ད་ཁྱོད་ལེགས་པ་ཉོན་ཅིག། ཁྱོད་ཀྱིས་དང་པོ་༼སྐུ་སྒེར་ཡིག་ཚང་གིས་ལོ་ངོ་བཅུའི་རིགས་ལ་བོད་མི་ས་ཡ་དྲུག་གི་བཀོར་རྒྱུ་ཕུལ་བའི་སྒོར་འབུམ་བཅུ་ལྷག་གི་འགྲོ་སོང་བཏང་ནས་མོད་སྨད་ལོ་རྒྱུས་ཆེན་མོ་བྲིས་ནས་ཐུགས་མ་ཁོང་བར་རེད། དྲང་བདེན་ཞིག་ཡིན་ན། ཁམས་པ་དང་དབུས་གཙང་གིས་ཤེས་ཡོན་ཅན་མི་སྣ་འགའ་ཤས་རུབ་ནས་སོ་སོའི་ལོ་རྒྱུས་ཆེན་མོ་རེ་འབྲི་རྒྱུའི་སྒོར་འབུམ་བཅུ་ལྷག་གཏང་སྲིད་རྒྱུ་རེད་བསམ་ནས་བལྟས་བསྡད་པ་ཡིན་ཏེ་གཏོང་ཡོད་མ་རེད།༽ཅེས་བཤད་འདུག་སྐད་ཆ་འདིའི་ངོས་ཟུར་ཡོངས་ནས་མཐོང་བ་ནི་ཁྱོད་རང་༧གོང་ས་མཆོག་ལ་གཏིང་ནད་ཡོད་མཁན་ཞིག་གི་ཚད་དུ་བསྐྱལ་འདུག་འདི་ཉིད་རོབ་བསྡུས་བྱས་ན་ཁྱོད་ཀྱིས་གནད་དོན་གཉིས་ནས་གླེང་འདུག དང་པོ་བོད་རྒྱ་ཆེན་མི་མང་གིས་༧གོང་ས་མཆོག་ལ་དད་པའི་རྟེན་གྱི་མཆོད་སྤྲིན་སྤྲོས་པ་ལ་ལོག་ལྟས་ཡིད་མ་རངས་བ་དང་། གཉིས་པ་སྐུ་སྒེར་ཡིག་ཚང་གིས་དེ་ཉིད་ཡང་དག་པའི་ལམ་དུ་བཏབས་པ་ལ་ཕྲག་དོག་གིས་སེམས་མ་སྐྱིད་པ་བརྟེན་ལོག་གཏམ་འདི་སྤེལ་འདུག དང་པོ་ནི་མགོ་ནག་བོད་མི་ཡོངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧གོང་ས་མཆོག་ལ་ཕུལ་ཀྱང་དཀའ་དྲིན་གྱི་ཆ་ཙམ་གཞལ་མི་ཐུབ་པ་ནི་ཁོང་གིས་ཉིན་མཚན་དུས་ཀུན་སྐུ་ངལ་ཡོངས་རྫོགས་ཁྱད་བསད་ཀྱིས་བོད་མི་རིགས་འདིའི་བདེ་དོན་ལ་བརྩོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཇི་སྙེད་པ་དག་གིས་ཤེས་ནུས། དེས་ན་ལས་ལ་བརྩོན་ཞིང་དཔའ་ངལ་ལྡན་པའི་ང་ཚོ་བོད་མི་རིགས་ཀྱི་བློ་སྟོབས་ནམ་ཡང་ཉམས་པ་བྲལ་བས་དཀའ་དྲིན་བསམ་ཤེས་ཀྱི་ཚོར་སེམས་དེ་སྙེད་བར་བརླགས་མི་སྲིད་པསཁྱོད་དང་དམར་པོའི་དཔུང་གིས་ཇི་ཙམ་བཤད་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡོད། གཉིས་པ་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་ཆེད་འགྲོ་སོང་བཏང་བ་ནི་ཆོས་སྲིད་གཉིས་ཐད་ནས་གལ་ཆེའི་རང་བཞིན་ཡིན་པ་མ་ཟད་ཁ་ཚ་དུས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་ཡོད། དང་པོ་ཆོས་ཐད་ནས་བཤད་ན་བླ་མའི་རྣམ་ཐར་འབྲི་ཀློག་བྱེད་རྒྱུ་ནི་གསང་སྔགས་ཀྱི་སྙིང་པོ་ལྟ་བུ་ཆགས་ཡོད་པ་མ་ཟད་དེ་ཉིད་གདུལ་བྱ་ཕྱི་རབས་པའི་དད་པའི་རྒྱན་དུ་འཇོག་རྒྱུ་ཡང་བསྟན་རྒྱུན་གྱི་རྩ་བ་ཆགས་ཡོད། དེས་ན་བོད་གངས་ཅན་དུ་བྱོན་པའི་སྐྱེས་བུ་དམ་པ་དག་གིས་ལོ་རྒྱུས་རྣམ་ཐར་དགོས་མཁོའའའའི་རང་བཞིན་ཅན་དུ་སོང་དུས་རབས་འདི་བླ་མ་ཡོངས་ཀྱི་གཙོ་བོ་རྒྱལ་པན་གཉིས་ཆར་མདོ་སྨད་ལས་བྱུང་བས་དེའི་ཁོར་ཡུག་གནས་སྟངས་བྱུང་རིམ་རྒྱབ་ལྗོངས་སོགས་ཧ་ཅང་གལ་ཆེ། དེ་བཞིན་སྲིད་ཐོག་ནས་བཤད་ན་རྒྱ་དམར་གྱིས་འཁྱོག་བཤད་སྣ་ཚོགས་ཀྱིས་མདོ་སྨད་འདི་ཉིད་སྔར་ནས་བོད་སྲིད་གཞུང་དང་འབྲེལ་མེད་ཐ་དད་བ་ཞིག་ཡིན་ཚུལ་བརྗོད་པ་སོགས་བདེན་དོན་གྱིས་ཐོག་ནས་སུན་འབྱིན་བྱེད་པ་ལ་མདོ་སྨད་ལོ་རྒྱུས་དངོས་ཡོད་ཀྱིས་ཁུངས་སྐྱེལ་བྱེད་དགོས་སྟབས་ཤིན་ཏུ་ནས་གལ་ཆེ་བ་ཡིན་པས་ཁྱོད་ཀྱི་ཕྲག་དོག་རང་སྡུག་ལས་མ་འདས། གཞན་ཁྱོས་ལོག་བཤད་དག་གཞོན་ནུས་ཚར་གཅོད་ཚར་འདུག་པས་ངས་མི་ཤི་རོའི་སྟེང་དུ་བྲོ་མི་བརྡུང།། ཧཧཧཧཧགོང་དེ་ཡིག་གཟུགས་ཆུང་དྲག་སྟབས་སྐྱར་འགོད་
ག་རེ་ཡིན་ན་ཡིག་གཟུགས་ཆུང་ངུ་ལས་མཐོང་མི་ཐུབ་
སྨྲ་བའི་སེང་གེ་ཁྱིའི་བརྟུལ་ཞུགས་འཛིན་པ་ཁྱེད་ཉིད་རལ་པ་ལེབ་མོ་དེའི་འོག་ནས་སྐྱི་མོ་ཟུར་གསུམ་དེ་ཀྲོང་ངེ་གྱིས་ལ་ཀླད་པ་ནག་པོ་དེའི་འོག་ནས་རྣམ་ཤེས་དམར་པོ་དེ་ལྷོད་ཀྱི་ཞོགས་དང་ངས་ཁྱོད་ལ་རྒྱུ་མཚན་བཤད། གནས་ལུགས་སྦྱིན། བློ་སྒོ་འབྱེད། གདམས་ངག་སྟེར། ད་ཁྱོད་ལེགས་པ་ཉོན་ཅིག། ཁྱོད་ཀྱིས་དང་པོ་༼སྐུ་སྒེར་ཡིག་ཚང་གིས་ལོ་ངོ་བཅུའི་རིགས་ལ་བོད་མི་ས་ཡ་དྲུག་གི་བཀོར་རྒྱུ་ཕུལ་བའི་སྒོར་འབུམ་བཅུ་ལྷག་གི་འགྲོ་སོང་བཏང་ནས་མོད་སྨད་ལོ་རྒྱུས་ཆེན་མོ་བྲིས་ནས་ཐུགས་མ་ཁོང་བར་རེད། དྲང་བདེན་ཞིག་ཡིན་ན། ཁམས་པ་དང་དབུས་གཙང་གིས་ཤེས་ཡོན་ཅན་མི་སྣ་འགའ་ཤས་རུབ་ནས་སོ་སོའི་ལོ་རྒྱུས་ཆེན་མོ་རེ་འབྲི་རྒྱུའི་སྒོར་འབུམ་བཅུ་ལྷག་གཏང་སྲིད་རྒྱུ་རེད་བསམ་ནས་བལྟས་བསྡད་པ་ཡིན་ཏེ་གཏོང་ཡོད་མ་རེད།༽ཅེས་བཤད་འདུག་སྐད་ཆ་འདིའི་ངོས་ཟུར་ཡོངས་ནས་མཐོང་བ་ནི་ཁྱོད་རང་༧གོང་ས་མཆོག་ལ་གཏིང་ནད་ཡོད་མཁན་ཞིག་གི་ཚད་དུ་བསྐྱལ་འདུག་འདི་ཉིད་རོབ་བསྡུས་བྱས་ན་ཁྱོད་ཀྱིས་གནད་དོན་གཉིས་ནས་གླེང་འདུག དང་པོ་བོད་རྒྱ་ཆེན་མི་མང་གིས་༧གོང་ས་མཆོག་ལ་དད་པའི་རྟེན་གྱི་མཆོད་སྤྲིན་སྤྲོས་པ་ལ་ལོག་ལྟས་ཡིད་མ་རངས་བ་དང་། གཉིས་པ་སྐུ་སྒེར་ཡིག་ཚང་གིས་དེ་ཉིད་ཡང་དག་པའི་ལམ་དུ་བཏབས་པ་ལ་ཕྲག་དོག་གིས་སེམས་མ་སྐྱིད་པ་བརྟེན་ལོག་གཏམ་འདི་སྤེལ་འདུག དང་པོ་ནི་མགོ་ནག་བོད་མི་ཡོངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧གོང་ས་མཆོག་ལ་ཕུལ་ཀྱང་དཀའ་དྲིན་གྱི་ཆ་ཙམ་གཞལ་མི་ཐུབ་པ་ནི་ཁོང་གིས་ཉིན་མཚན་དུས་ཀུན་སྐུ་ངལ་ཡོངས་རྫོགས་ཁྱད་བསད་ཀྱིས་བོད་མི་རིགས་འདིའི་བདེ་དོན་ལ་བརྩོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཇི་སྙེད་པ་དག་གིས་ཤེས་ནུས། དེས་ན་ལས་ལ་བརྩོན་ཞིང་དཔའ་ངལ་ལྡན་པའི་ང་ཚོ་བོད་མི་རིགས་ཀྱི་བློ་སྟོབས་ནམ་ཡང་ཉམས་པ་བྲལ་བས་དཀའ་དྲིན་བསམ་ཤེས་ཀྱི་ཚོར་སེམས་དེ་སྙེད་བར་བརླགས་མི་སྲིད་པསཁྱོད་དང་དམར་པོའི་དཔུང་གིས་ཇི་ཙམ་བཤད་ཀྱང་རང་ཉིད་ངལ་བའི་རྒྱུ་ལས་ཅི་ཡོད། གཉིས་པ་མདོ་སྨད་ལོ་རྒྱུས་ཆེན་མོ་འབྲི་ཆེད་འགྲོ་སོང་བཏང་བ་ནི་ཆོས་སྲིད་གཉིས་ཐད་ནས་གལ་ཆེའི་རང་བཞིན་ཡིན་པ་མ་ཟད་ཁ་ཚ་དུས་གཏུགས་ཀྱི་གནད་དོན་ཞིག་ཏུ་ཆགས་ཡོད། དང་པོ་ཆོས་ཐད་ནས་བཤད་ན་བླ་མའི་རྣམ་ཐར་འབྲི་ཀློག་བྱེད་རྒྱུ་ནི་གསང་སྔགས་ཀྱི་སྙིང་པོ་ལྟ་བུ་ཆགས་ཡོད་པ་མ་ཟད་དེ་ཉིད་གདུལ་བྱ་ཕྱི་རབས་པའི་དད་པའི་རྒྱན་དུ་འཇོག་རྒྱུ་ཡང་བསྟན་རྒྱུན་གྱི་རྩ་བ་ཆགས་ཡོད། དེས་ན་བོད་གངས་ཅན་དུ་བྱོན་པའི་སྐྱེས་བུ་དམ་པ་དག་གིས་ལོ་རྒྱུས་རྣམ་ཐར་དགོས་མཁོའའའའི་རང་བཞིན་ཅན་དུ་སོང་དུས་རབས་འདི་བླ་མ་ཡོངས་ཀྱི་གཙོ་བོ་རྒྱལ་པན་གཉིས་ཆར་མདོ་སྨད་ལས་བྱུང་བས་དེའི་ཁོར་ཡུག་གནས་སྟངས་བྱུང་རིམ་རྒྱབ་ལྗོངས་སོགས་ཧ་ཅང་གལ་ཆེ། དེ་བཞིན་སྲིད་ཐོག་ནས་བཤད་ན་རྒྱ་དམར་གྱིས་འཁྱོག་བཤད་སྣ་ཚོགས་ཀྱིས་མདོ་སྨད་འདི་ཉིད་སྔར་ནས་བོད་སྲིད་གཞུང་དང་འབྲེལ་མེད་ཐ་དད་བ་ཞིག་ཡིན་ཚུལ་བརྗོད་པ་སོགས་བདེན་དོན་གྱིས་ཐོག་ནས་སུན་འབྱིན་བྱེད་པ་ལ་མདོ་སྨད་ལོ་རྒྱུས་དངོས་ཡོད་ཀྱིས་ཁུངས་སྐྱེལ་བྱེད་དགོས་སྟབས་ཤིན་ཏུ་ནས་གལ་ཆེ་བ་ཡིན་པས་ཁྱོད་ཀྱི་ཕྲག་དོག་རང་སྡུག་ལས་མ་འདས། གཞན་ཁྱོས་ལོག་བཤད་དག་གཞོན་ནུས་ཚར་གཅོད་ཚར་འདུག་པས་ངས་མི་ཤི་རོའི་སྟེང་དུ་བྲོ་མི་བརྡུང།། དགོངས་དག་ཞུའོ
ད་རིང་ད་གཞོན་ནུ་ཟླ་མེད་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
སྨྲ་སེང་ཡིན་ན་དེས་བཤད་ནོ་ཅིག་ལྟོས་ར། རྒྱ་དམར་གཞུང་དང་འདྲེ་རྒན་ཚོགས་པ་འདི་གཉིས་ནས་ཀྱང་འདི་ལས་ཡན་ཞིག་ལབ་རྒྱུ་ཨེ་རྙེད་མི་ཤེས། གཞན་ལ་བལྟ་བའི་མིག་ཡོད་ན། །རང་ལ་བལྟ་བའི་མེ་ལོང་དགོས་ཟེར་ནོ་འདི་ལ་བསམ་བློ་བཏང་ནས་སྐད་ཆ་རེ་བཤད་ན་ཧྲ་ནི་རེད་ལགས།
རྩམ་དགའ་ལགས། ང་ནི་རྒལ་ཚིགས་ཡོད་མཁན་ཅིག་ཡིན། རང་གིས་ཕ་མའི་ལག་ནས་ཟ་བའི་སྐབས་སུ་ཟོས་ནས་རང་ཉིད་ཆེན་པོ་ཆགས་དུས་དྲིན་ལན་མཇལ་ཤེས་མཁན་གྲས་ལ་ཡོད། ཁ་ཤས་ལྟར་ག་དུས་ཡིན་ན་ཡང་བ་ལང་གློ་ལ་ཉལ་ནས་རྩྭ་རླུང་གིས་འཁུར་འོང་ནས་ཁ་ནང་དུ་རྫོང་བར་རེ་བ་རྒྱག་མཁན་དེ་འདྲ་མིན། འདི་ཚོ་ག་དུས་ཡིན་ན་ཡང་སྤྱི་བ་ཡར་ལ་ཙོག་ཙོག་བཟོ་མཁན་ཅིག་ཡོད་ན་དེ་ལ་ངོ་རྒོལ་བྱེད་ཀྱི་རེད། རྒལ་ཚིགས་མེད་མཁན་རྐྱང་རེད།
ཨ་རོག་ཁྱོད་སྐྲག་དགོས་ནི་མ་རེད་ཁ་གསལ་བོར་བྱས་ནས་ལབ་དགོས་ནི་རེད། སྨྲ་སེང་ལྟ་བུའི་མི་སྒལ་ཚིགས་མེད་མཁན་ཁ་ཤས་ཞེས་ལབ་ན་འགྲིག་ནི་རེད།
༧གོང་ས་མཆོག་གི་དྲ་ངོས་སུ་བོད་ཡིག་ཡོད་མེད་ངོས་ནས་བསམ་བློ་བཏང་མི་འདུག འོན་ཀྱང་སྔོན་ཆད་བོད་ནང་ཡོད་དུས་སུ་ངས་འདྲ་པར་ཁ་ཤས་ཤིག་མཐོང་མྱོང་ཡང་དྲ་གནས་དེ་གང་ཡིན་མིན་གསལ་བོ་དྲན་གྱི་མི་འདུག
འོན་ཀྱང་ང་རང་གི་བསམ་ཚུལ་ལྟར་ན་བོད་ནང་ནས་ཀྱང་སྨྲ་བརྗོད་རང་དབང་མེད་པ་གསལ་བོ་རེད། ཡིན་ཡང་བཙན་བྱོལ་ནང་ནས་ཀྱང་སྨྲ་བརྗོད་རང་དབང་དེ་ཙམ་གཅིག་མི་འདུག གང་ཡིན་ཞེས་ན་ང་ཚོའི་མི་རིགས་འདི་གནས་ལུགས་བཤད་ས་རྩ་ནས་མི་འདུག
༧གོང་ས་མཆོག་གི་དྲ་ངོས་ན་བོད་ཡིག་མེད་ནོ་འདིའི་རྒྱུ་རྐྱེན་གཙོ་བོ་ཁ་ཤས་ཤིག་བཤད་ན། འདི་བསམ་ཚུལ་ཙམ་ཡིན།
དང་པོ། བོད་ནང་དུ་མཚོན་ན་གློག་ཀླད་རིགས་ཀྱི་ཆ་རྐྱེན་དར་བ་ཆེས་རྗེས་ལུས་རེད། དེ་ཙམ་མ་ཟད་གློག་ཀླད་ཉོ་ཐུབ་མིན་གྱི་གནད་དོན་ཡང་མ་རེད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་བར་འདི་ན་རྫོང་རིམ་པ་ཞང་རིམ་པའི་ལས་ཁུངས་ནང་དུ་ཡང་གློག་ཀླད་དཀོན་པོ་རེད། གལ་སྲིད་ཡོད་པའི་དབང་དུ་བཏང་ན་གཅིག་དང་གཉིས་རེད།
གཉིས་པ། བོད་ཁུལ་་དུ་སློབ་གསོའི་མ་ལག་གི་དེང་རབས་ཅན་གྱི་ཆ་རྐྱེན་ཅན་དར་འགོ་ཧ་ཅང་འགོར།
གསུམ་པ། སྤྱི་ལོ་ ༡༩༩༥ ལོའི་ཚུན་གྱི་བོད་ནང་གི་གནས་སྟངས་དང་གཞིས་བཞུགས་བོད་མི་གཞོན་སྐྱེས་ཕོ་མོ་མང་པོས་བོད་ཡིག་དོ་སྣང་དང་དེའི་ཕྱོགས་ལ་རྒྱབ་སྐྱོར་གང་མང་བྱེད་བཞིན་པ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་དེ་ཚོས་གསལ་བོ་རྟོགས་ཡོད་དམ།
བཞི་པ། དེང་སྐབས་བོད་ནང་ཁུལ་དུ་གློག་ཀླད་བཀོལ་སྤྱོད་བྱེད་བཞིན་པའམ་ཐུབ་པ་བརྒྱ་ཆའི་བཅུ་དང་ཉི་ཤུ་ཡོད་དམ། དེ་ལྟར་བོད་ཡིག་དང་དབྱིན་ཡིག་གི་ཁྱབས་ཆེ་ཆུང་ལ་ལྟོས་དང་།
ལྔ་པ། དྲ་ངོས་ན་བོད་ཡིག་ཡོད་མེད་འདི་༧གོང་ས་མཆོག་ལ་དྲུང་ཆེ་རྣམས་པས་ཡར་ལ་ཞུས་ཡོད་དམ་མེད།
འདི་དག་ཐམས་ཐད་རྒྱུ་རྐྱེན་ཆུང་ཆུང་རེད་བསམ་གྱི་འདུག གང་ཡིན་ཞེས་ན་སྐུ་སྒེར་ཡིག་ཚང་ལ་ཆ་རྐྱེན་མེད་པ་ནི་མ་རེད། ཁོང་ཚོ་ཁོ་ཚོའི་ས་ན་རྒྱུ་རྐྱེན་གཅིག་ཡོད་རྒྱུ་རེད།
སྐུ་སྒེར་ཡིག་ཚང་ལ་བདེན་པ་བཤད་ན་རྒྱབ་སྐྱོར་མེད་རྫུན་མ་བཤད་དགོ་ནི་རེད།
སྐུ་ངོ་འགའ་ལ་ཕྱོགས་ཞེན་ཧ་ཅང་ཆེ།
ཁོང་ཚོ་བོད་སྤྱི་དང་ཁྱད་པར་དུ་༧ ཡིད་བཞིན་ནོར་བུའི་ཞབས་འདྲེན་རེད།
བསམ་འཆར་བཤད་ན་༧ཡིད་བཞིན་ནོར་བུར་ཐད་ཀར་དུ་ཞུ་དགོས།
ངའི་རྗེས་སོར་གོ་སྐབས་བྱུང་ན་ངེས་པར་དུ་ཞུ་གི་ཡིན།
ཕྱོགས་གང་པོ་ཞིག་ནས་བསམ་འཆར་ཡོད།
ནུའུ་ཟུ་ལན་ནས་མ་ཏི་མིང་བས་ཕུལ།།
གོ་ཐོས་ལ་བསམ་ཆར་ཡོད་ན་༧རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཞུ་སྐབས་ཐད་ཀར་ཞུས་ན་མ་གཏོགས་མགུལ་བསྐྱོད་ཞིག་ཐེབས་མི་ཡོང་ཟེར། མངོན་གནས་ཡིན་ནམ་མིན་ངས་ཧ་མ་གོ། གང་ལྟར་གཤམ་འོག་ལས་ཀ་བྱེད་མཁན་འདི་ཚོར་བློ་ཁོག་མེད་པ་ཡིན་ནམ། ལྷག་བསམ་མེད་པ་ཡིན་ནམ། དབུ་བསྐོར་ཞུ་གི་ཡོད་དམ། སེམས་ཤུགས་ཆེ་དྲག་པའི་རྐྱེན་གྱིས་༧རྒྱལ་དབང་མཆོག་སྐུ་ངལ་གསོ་ཕྱིར་བསུན་གཙེར་མི་བཟོ་བ་ཡིན་ནམ། མངོན་གནས་ལབ་ཁག་པོ་ཞིག་རེད་ཤག། འོན་ཀྱང་ང་རང་གི་བསམ་པར་གཤམ་འོག་ལས་བྱེད་པ་རྣམས་བརྒྱ་ཆ་བརྒྱ་ནས་བརྒྱ་ཐམ་པ་ལྷག་བསམ་རྣམ་བདག་ཡིན་པའི་རེ་བ་ཡོད།
༧གོང་ས་མཆོག་སྐུ་ཚེ་ཞབས་པད་སྲིད་མཐའི་བར་བརྟན་པར་ཤོག།
ནོར་བཅོས།༼རྣམ་དག༽
སློབ་མིང་པད་མིང་པས་བློས་བཏང་གི་བྱ་བར་སྙིང་དབུས་ནས་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད། ཡར་རྒྱས་དགོས་ན་ནོར་འཁྲུལ་ཁས་ལེན་བྱེད་དགོས་པ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་ཀྱང་ཤེས་ཀྱི་ཡོད་ཚོད་རེད། གོ་མེད་ཚོར་མེད་དང་། སྣང་ཆུང་གྱ་ཡན་དུ་བཏང་ན་བོད་མི་རིགས་འདི་ལ་མཐོང་ཆུང་བྱས་པ་དང་གཅིག་མཚུངས་རེད། ངས་ཀྱང་སྐུ་སྒེར་ཡིག་ཚང་ནས་ལན་ཞིག་སྒུག་ནས་བསྡད་ཡོད། སློབ་མ་པད་མིང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སློབ་པད་ལགས། ཐུགས་རྗེ་ཆེ། གནས་ཚུལ་སྐུ་ཉིད་དང་འདྲ་བར་བོད་མི་མང་པོ་ཞིག་ལ་ཡོད་ཀྱང་། བོད་མི་རྣམས་ལྟ་བ་བསྲེགས་ལ་གཞན་ལ་མཐོང་ཆེན་སྤྲད་རྒྱུ་དགའ་བ་ཞིང་རང་ཉིད་ལ་རིན་ཐང་མི་སྤྲད་པ་ནི་མི་བོད་མི་སྐུ་དྲག་ཚོས་རང་གཤིས་རེད། རང་གཤིས་འགྱུར་བ་སྟངས་རྒྱུ་ལས་སླ་པོ་མ་རེད། དེ་བཞིན་ཉེར་ཆར་བོད་ཀྱི་བླ་ཆེན་རྣམས་གྱི་ལོ་རྒྱུས་ག་ཚོད་དགོས་ཀྱང་དབྱིན་ཡིག་ཏུ་རྙེད་ཐུབ་པ་ལས་བོད་ཡིག་ནང་རྙེད་པར་དཀའ། ད་ལྟ་བོད་མིས་ཁོང་ཚོར་དངུལ་དངོས་ཀྱི་རོགས་སྐྱོར་ཞན་པས་མ་རེད་དམ། དེ་ལྟར་ཡིན་ན་བོད་ཀྱི་བླ་སྤྲུལ་རྣམས་ནི་ཚོང་དང་གཉིས་སུ་མ་མཆིས་སམ།
རང་ཅག་བོད་པ་ཚང་ལ་གཤིས་ཀ་ཞིག་ཡོད་པ་ནི་བསམ་ཕོད་ཀྱད་བཤད་མ་ནུས་པ་དེ་ཡིན། གཤིས་ཀ་དེས་དེང་ཚར་བཞིན་པའི་གཞོན་ནུ་མང་པོར་འགོགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ལ། རང་གི་རང་ལ་གདེང་སྤོབས་མེད་པ་ལྟར་ཆགས་ཀྱི་ཡོད་། གཏམ་བཟང་ཞིག་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་འཛིན་གྲྭའི་སློབ་མ་པད་མིང་པས་རང་རང་གིས་བསམ་ཚུལ་དྲྭ་རྒྱར་སྤེལ་བར་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་བཞིན་ཡོད།
ང་རང་བྲིས་རྒྱུ་ཕྱི་དྲགས་མིན་མི་ཤེས་ཀྱང་༧སྤྱི་ནོར་ཡིད་བཞིན་ནོར་བུའི་སྐུ་སྒེར་དྲྭ་རྒྱ་བོད་ཡིག་ཐོག་ཡོད་པ་ཟླ་བ་འགའི་སྔོན་ནས་མཇལ་བྱུང། དེ་ནི་(www.gyalwarinpoche.com)རེད། ཁྱེད་ཀྱི་གང་མགྱོགས་གཟིགས་ཐུབ་པའི་རེ་བ་ཡོད། སྤུན་ཟླ་རྣམས་པར་མཚམས་འདྲི་ཞུ་རོགས། བདེ་མོ།
དངོས་གནས་བདེན་པ་རེད། ད་ལོ་གཞི་ནས་སྐུ་མདུན་གྱི་དྲ་རྒྱ་སྒོ་ཕྱེ་བས་བོད་མི་མི་ཉུང་ཞིག་ལ་ཕན་ཐོགས་ཡོད་པ་སྨོས་མེད་རེད། ཞོགས་ཀ་ལས་བྲེལ་གྱིས་དབང་གིས་གནས་ཚུལ་གསལ་ཁ་གཏོད་མ་ཐུབ་པས་སེམས་འཚོར་ཙམ་བརྗོད་པ་དགོངས་འགལ་མེད་པ་ཞུ། ཚེ་དབང་རིག་འཛིན་གྱིས་དྲ་རྒྱའི་ཁ་བྱང་བཀོད་པ་ཐུགས་རྗེ་ཆེ།
རྒྱ་ནག་ནས་སློབ་བུ་ཞིག་གིས་གཏོན་པའི་དྲི་བ་ཁག་དེ་མཐོང་དུས་སེམས་ཚོར་ཆེན་པོ་བྱུང་། ང་ཚོ་བོད་གཞུང་དམངས་ཡོངས་ཀྱི་རྒན་རབས་པ་ཚོས་བོད་ཡིག་སྦྱོངས། བོད་ཀྱི་རིག་གཞུང་འཛིན་སྐྱོང་དགོས་ཀྱི་རེད་ཅེས་ཁ་གནམ་ལ་ལྡང་ཚད་ཀྱིས་བསླབ་བྱ་དེ་ལྟར་རྒྱབ་ཀྱི་རེད། འོན་ཀྱང་གཞོན་སྐྱེས་ཚོས་བོད་ཡིག་སྦྱང་བ་ལ་བོད་ཡིག་གི་རིན་ཐང་མཐོང་དགོས་ལ། བོད་ཡིག་གི་བེད་སྤྱོད་མཐོང་དགོས། ང་ཚོས་ཁ་ནས་བསླབ་བྱ་བརྒྱ་རྒྱབ་པ་ལས། བོད་ཡིག་གི་བེད་སྤྱོད་གཅིག་གསར་གཏོད་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་། གཟིགས་དང་། ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་དྲ་རྒྱའི་ནང་དུ་འཚོལ་བ་ལ་མི་རིགས་གཞན་གྱི་སྐད་ཡིག་ལ་བརྟེན་དགོས་ཀྱི་ཡོད། ང་ཚོས་ལམ་བུ་འདི་འདྲ་ཞིག་ཀྱང་བཟོ་ཐུབ་ཀྱི་མེད་ན། རྗེས་མར་བོད་མར་བོད་ཡིག་མ་སྦྱོང་ན་བཙོན་དུ་བཅུག་རྒྱུའི་ཁྲིམས་ཤིག་གཏན་ལ་ཕབ་ཀྱང་བོད་ཡིག་སྦྱོང་མཁན་གཅིག་ཀྱང་མི་རྙེད་རྒྱུ་ཁ་ཚོན་བཅད་ནུས། གཞོན་སྐྱེས་ཚོས་བོད་ཡིག་སྦྱོང་དགོས་ན།་བོད་ཡིག་གི་སློབ་སྦྱོང་གི་ཐོག་ནས་འདུན་ལམ་འཚོལ་ས་ཡོད་པའི་ལམ་འགག་བསྟན་དགོས་པ་ཡིན། གཟིགས་དང་། བོད་གཞུང་གི་ལས་ཁུངས་ཁག་ཏུ་བོད་ཡིག་གི་སློབ་སྦྱོང་ཐོན་ནས་ལས་ཀ་བྱེད་སའི་ས་མིག་ག་ཚོད་འདུག
ཁྱེད་གྱི་དྲི་བ་དེ་ལ་རྒྱུ་མཚན་ཅི་ཡང་མི་འདུག
བོད་ཡིག་གི་དྲ་ཚིག་ཡོད་བ་རེད།
དྲི་བ་གནད་ཆེན་བཏོན་འདུག སྐུ་སྒེར་ལས་ཁུང་གི་ལས་བྱེད་རྣམ་པས་ཐུགས་བསམ་བཞེས་རོགས་ཞུའོ།
གོང་དུ་བཏོན་པའི་དྲི་བ་དེ་དག་ཐམས་ཅད་གནད་འགག་ཧ་ཅང་ཆེན་པ་ཤ་སྟག་རེད་འདུག སྐུ་སྒེར་ཡིག་ཚང་ནས་ངེས་པར་དུ་ཐུགས་དགོངས་ཆེ་བཞེས་ཀྱིས་༧རྒྱལ་དབང་མཆོག་གི་མཛད་འཕྲིན་དེ་དག་བོད་ཡིག་དུའང་འགྲེམས་སྤེལ་བྱ་རྒྱུ་ཧ་ཅང་གནད་ཆེ་མཐོང་། བུ་མོ་འདི་ཉིད་ལ་ཚོར་སྣང་འདི་ལྟར་བྱུང་བ་བཞིན་བོད་མི་ཆེས་མང་པོ་ཞིག་ལ་ཡང་འདི་འདྲའི་ཚོར་བ་ཞིག་ཡོད་ངེས།
http://www.gyalwarinpoche.com/
འདིར་གཟིགས་ན་གོང་ས་མཆོག་གི་མཛད་རིམ་བོད་ཡིག་ནང་ལ་བྲིས་འདུག ཕལ་ཆེར་ཁྱེད་ཀྱིས་སྐྱོན་བརྗོད་ཞུ་ཡིག་འདི་ཕུལ་ཟིན་པའི་རྗེས་ལ་ཁོང་རྣམ་ཚོས་བོད་ཡིག་འདི་ཡར་བཅུག་པ་ཡིན་སྲིད། གང་ལྟར་ཡང་ཁྱེད་ཀྱིས་ཤ་ཚའི་གཏམ་འདི་འདྲ་ཞིག་གནང་ཡོད་པ་ཤེས་ནས་དགའ་པོ་བྱུང་། ཐུགས་རྗེ་ཆེ།