ཕྱི་ལོ་༢༠༡༡ཟླ་བ་༧ཚེས་༡༧ཉིན་སྦེལ་ཀོབ་ཉེ་འཁོར་གྱི་གདན་ས་ཆེན་པོ་སེར་དགོན་དང་རྙིང་དགོན་རྣམ་གྲོལ་གླིང་། དེ་བཞིན་བོད་ཡིག་ལས་རིགས་ལ་གཉེར་པའི་གསར་འགོད་པ་བཅས་ཁྱོན་གཤམ་འཁོད་ལྟར་དཔྱད་འདེམས་པ་ལྔ་སེར་སྨད་ཚ་བ་ཁང་ཚན་དུ་གདན་འདྲེན་ཞུས་ཏེ་དཔྱད་འདེམས་སྐོར་བ་དང་པོར་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་དེབ་ཐོག་ཏུ་འགོད་རྒྱུའི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་རྩ་གཉིས་དཔྱད་འདེམས་བྱས་པ་གཤམ་གསལ་ལྟར་ཡིན། དེ་ཡང་རྩེ་ཏོག་ལས་ཨང་རིམ་བཞིན་མིན་པར་མཁྱེན་པར་མཛོད།
༡༽ལྡི་ལི་སྦྲ་རིག་ཐོགས་མེད།
༢༽ཝར་ན་ཨ་ལོད་ཚེ་རིང།
༣༽ཝར་ན་གཡང་འབུམ་ཚེ་རིང།
༤༽ས་ར་བློ་བཟང་བྱང་ཆུབ།
༥༽ཝརན་འཇམ་དབྱངས་དོན་གྲུབ།
༦༽ནོར་གླིང་ཆོས་གྲགས་རྒྱ་མཚོ།
༧༽རྡ་ས་ཆོས་ཉིད་འོད་ཟེར།
༨༽ཝར་ན་དབང་ཆེན་རྡོ་རྗེ།
༩༽འབྲས་སྒོ་མང་ཟླ་བ་བྱང་ཆུབ།
༡༠༽མོན་གྷོ་ཐུབ་བསྟན་དངོས་གྲུབ།
༡༡༽སེར་སྨད་བློ་དགའ།
༡༢༽སེར་སྨད་བསྟན་འཛིན་ཡེ་ཤེས་རྒྱལ་མཚན།
༡༣༽ཝར་ན་ཁྲག་མིག་བསོད་ནམས་རྒྱལ།
༡༤༽བཀྲིས་ལྗོངས་ཨོ་རྒྱན་བཀྲིས།
༡༥༽རྣམ་གྲོལ་གླིང་ཚུལ་ཁྲིམས་ནོར་བུ།
༡༦༽གྷོ་པ་པུག་བོད་ཁྱིམ་ཞི་བདེ་ཟླ་བ།
༡༧༽ཧུར་སུ་གཞིས་སློབ་འཇམ་དཔལ་ཚུལ་ཁྲིམས།
༡༨༽གྷོ་པ་པུག་བོད་ཁྱིམ་འབྲུག་ཐར་རྒྱལ།
༡༩༽འབྲས་སྤུངས་བློ་བརྟན།
༢༠༽རྡ་ས་ཤེས་དཔར་ངག་དབང་ཕུན་ཚོགས།
༢༡༽སེར་བྱེས་པ་སངས།
༢༢༽སེར་བྱེས་རིན་ཆེན་དོན་འགྲུབ།
ཀ༽ དཔྱད་འདེམས་པ།
༡༽ སེར་སྨད་རིག་གནས་སློབ་དཔོན་ཐེག་ཆེན་སྤྲུལ་སྐུ་མཆོག
༢༽སེར་བྱེས་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས།
༢༽རྣམ་གྲོལ་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལས་གཉེར་པ་ཚུལ་ཁྲིམས་ཟླ་བ་ལགས
༤༽ནོར་ཝེར་རླུང་འཕྲིན་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས།
༥༽བང་ཆེན་གསར་འགོད་པ་བསོད་ནམས་ཚེ་རིང་།
གངས་ལྗོངས་གེ་སར་ཚང་འགྲན་རྩོམ་གོ་སྒྲིག་པ་བྱ་ཁྲ་བསོད་ནམས་ནས།།
ཧྲ་གི
ཡིན་ཡང་དྲ་ཐོག་འདིར་རྩོམ་པ་པོའི་མིང་འགོད་པ་ལས་རྩོམ་ཡིག་གཅིགབཀོད་ཐུབ་ནའང་མི་ལེགས་སམ།
གངས་ལྗོངས་ཚང་གི་མཛད་སྤྱོད་ལ་ཡིད་རང་ཡོད། རྩོམ་ཡིག་རྣམས་དེབ་གཟུགས་སུ་ཐོན་པར་སྒུག་ནི་ཡོད།
འགྲན་ཞུགས་རྩོམ་ཡིག་དག་ཀློག་སྐལ་མ་ལྡན་ནའང་། དཔྱད་འདེམས་པ་རྣམས་དེ་འདྲ་འདོད་པ་ཁེངས་པ་རྐྱང་མ་རེད། དངོས་གནས་བྱས་ན། དཔྱད་འདེམས་པའི་ཆ་རྐྱེན་ནི་དཔྱད་པ་ལེགས་པོ་གཏོང་ཐུབ་མཁན་དེ་འདྲ་དགོས་པ་ལས། གསར་འགྱུར་འབྲི་མཁན་དང་ཉ་ཉོག་མང་པོ་འབྲི་མཁན་གཅིག་པུས་བརྩམས་ཆོས་ཀྱི་སྤྱི་ཁོག་ལོན་རྒྱུ་ཧ་ཅང་ཁག་པོ་རེད། དཔྱད་འདེམས་པ་གདན་ཞུ་སྐབས་བརྩམས་ཆོས་ཀྱི་སྤྱི་ཁོག་ལོན་མཁན་ཞིག་ལ་དམིགས་དགོས་པ་རེད།
གང་ལྟར་རྩོམ་ཡིག་མ་མཐོང་ན་བཟང་ངན་བཤད་དཀའ་བས་རྩོམ་ཡིག་རེ་རེ་བཞིན་ལྟ་འདོད་ཡོད།
དངོས་གནས་རྩོམ་པ་པོར་བགྲང་རུང་བ་ལྔ་ཡང་མེད་ཀི་ལོ། དོན་གྱི་གནད་གང་ཞིག་ལ་བལྟས་ནས་བདམས་པ་ཡིན་ནམ། ཡ་མཚན་རེད་ཡ་་་་་་
གངས་ལྗོངས་ཚང་གི་རྩོམ་འགྲན་གོ་སྒྲིགས་དང་སེར་སྨད་ཚ་བ་ཁང་ཚན་ནས་དེར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ།
བྱེས་ཀྱི་རྩོམ་པ་པོ་ཚད་ལྡན་དག་གིས་དཔྱད་འདེམས་གནང་ན་ཅིས་མ་ལེགས། ད་ཐེངས་ཀྱི་དཔྱད་འདེམས་པ་འདི་དག་ནི་ཡིག་ངོ་ཆོད་ཙམ་ལས་རྩོམ་པ་པོ་མི་གཅིག་ཀྱང་མི་འདུག་ཞུ་ཡ་ཡིན། རང་ཉིད་ཀྱིས་རྩོམ་གྱི་གནས་ལུགས་མི་ཤེས་མཁན་ཞིག་གིས་གཞན་གྱི་རྩོམ་ཡིག་ལ་སྡོམ་ཚིག་ཇི་ལྟར་འགོད།
དེས་ན་ད་ཐེངས་གེ་སར་ཚང་ཡང་མིང་ཆེ་དོན་སྟོང་ཞིག་ཏུ་གོམས་ཁ་ཕྱོགས་པ་འདྲ།
ལེགས་པར་གསུངས།
རྩོམ་ཡིག་ཁག་དྲྭ་ཐོག་ཏུ་བཀོད་ནས་བོད་ཕྱི་ནང་གཉིས་ཀྱི་ཀློག་མཁན་དག་གི་བསམ་ཚུལ་བསྡུ་ཐུབ་ན་ལེགས་པར་སེམས་སོ།།
དཔྱད་འདེམས་པ་དེ་དག་གི་མཚན་བྱང་མཐོང་བ་ཙམ་གྱིས་ཅུང་སྐྱོ་དགོས་བྱུང་སོང་།
༡༽ སེར་སྨད་རིག་གནས་སློབ་དཔོན་ཐེག་ཆེན་སྤྲུལ་སྐུ་མཆོག་ཅེས་པ་དེས་བྲིས་ཚད་ལ་གཟིགས་དང་ཡིག་ནོར་མེད་པ་ཞིག་མེད། ཐ་ན་ཡིག་གཟུགས་ཀྱང་ཡག་པོ་ཞིག་མེད་པ་ཀུན་གསལ་རེད།
༢༽སེར་བྱེས་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས་ཅུང་ཡག་པོ་ཡོད་པ་མ་ཟད་གཤིས་དྲངས་ཕྱོགས་རིས་མེད་པ་ཞིག་ཡིན།
༢༽རྣམ་གྲོལ་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལས་གཉེར་པ་ཚུལ་ཁྲིམས་ཟླ་བ་ལགས་ཟེར་བ་དེ་དངོས་གནས་ཡ་མཚན་རེད། ཁོང་གིས་བཏོན་པའི་དེབ་དེར་གཟིགས་དང་ཐ་ན་དཀར་ཆག་ནང་དུ་ཡང་ཡིག་ནོར་ཀྱིས་བཀང་བསྡད་ཡོད་རེད།
༤༽ནོར་ཝེར་རླུང་འཕྲིན་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་རང་མགོ་མི་ཐོན་གཞན་གྱི་ལས་ལ་བྲེལ་ཟེར་བ་ལས་མ་འདས་སོ།
༥༽བང་ཆེན་གསར་འགོད་པ་བསོད་ནམས་ཚེ་རིང་གསར་འགོད་བྱེད་སྟངས་ལ་གཟིགས་དང་དེས་འགྲིག་ཀེ
xxxxxxxxxxxxxxxxxxx
གྲགས་པོ་རྣམ་པ་ཚོ་ཞན་ཆ་ནི་རང་གཞན་སུ་ལའང་ཡོང་སྲིད་འོན་ཀྱང་གང་དྲན་ཡིག་ཐོག་བཀོད་པ་ཅུང་མི་ལེགས་སོ།
གངས་ལྗོངས་གེ་སར་ཚང་རྩོམ་འགྲན་འགན་ཁུར་བ་རྣམ་པས་དཀའ་བ་དང་ལེན་དང་འབད་བརྩོན་ལག་ལེན་དུ་བཏབ་པ་ལ་ཁྱེད་རྣམ་པས་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་བསྐྱུར་ནས་སྐྱོན་བརྗོད་བྱེད་པ་འདི་དངོས་ནས་ཁེ་མཚར་རེད། ཐད་གི་བཞག་ན་བླུན་པོ་མཁས། །ལག་ཏུ་བཞག་ན་གཅིག་མི་ཤེས། ཞེས་པ་ཁྱེད་རྣམས་ལ་འོས་པ་མ་ཡིན་ནམ། ངས་བལྟས་ན་དུས་རྒྱུན་དོན་མེད་སྐྱོན་འདོགས་བྱེད་འདུག་མཁན་ཚང་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སློབ་སྦྱོང་གིས་ཕོངས་པ་ཤ་སྟག་ལས་མཁས་འཇོན་གཉིས་ལྡན་ཅན་ནམ་ཡང་མཐོང་མ་མྱོང་། དངོས་གནས་སོམས་དང་དངོས་ཡོད་དང་བདེན་དྲང་གི་སྐད་ཅ་ག་ཚོད་ཅིག་བཤད་མྱོང་། ཞེ་རྩིས་བྱོས་དང་རང་བློ་ལྐོག་ཏུ་མ་གྱུར་པ་ཡིན་སྟབས་ཤེས་ལོས་ནུས།
རྩོམ་ཡིག་རྣམས་དྲ་ཐོག་བཞག་ན་རྩོམ་པ་པོ་ལོངས་བ་ག་ཚོད་ཡོད་མེད་ཧ་གོ་གི་རེད། དེ་མིན་ཉ་ཉོག་མང་པོ་བཤད་ན་དགོས་པ་ཅི་ཡང་མེད་གི་བསམ།
ལས་གཞི་དེ་འདྲ་རླབས་ཆེན་ཞིག་བརྩམས་པར་སྙིང་ཐག་པ་ནས་དགའ་བསུ་ཡོད། འོན་ཀྱང་དཔྱད་འདེམས་པ་དང་འགྲན་ཞུགས་པ་དག་ལ་གཞིགས་ན་ལས་གཞི་རྒྱ་ཆེན་པོ་དེ་ཡང་ཆུང་དུ་ཕྱིན་པའི་ཚོར་བ་ཞིག་སྟེར། གང་ལྟར་རྩོམ་ཡིག་དག་དྲ་ཚིགས་སམ་ཡང་ན་གློག་འཕྲིན་བརྒྱུད་དེ་སྙན་གྲགས་ཆེ་བའམ་ཚད་འཛིན་ཡོད་པའི་རྩོམ་པ་པོ་སྐོར་ཞིག་ལ་ཕུལ་ནས་དཔྱད་འདེམས་བྱ་རུ་བཅུག་པ་ཡིན་ན་དགེ་མཚན་ལྷག་པར་ཆེ། དེ་མིན་ཉེ་འཁོར་གྱི་མི་སྣ་སྐོར་ཞིག་གིས་ཐག་བཅད་པ་ཡིན་ན་དེ་ཙམ་ཡག་པོར་མི་མཐོང་། འདི་ནི་བདག་གི་བསམ་ཚུལ་ཙམ་ཡིན།
བཀོད་སྒྲིག་པ་དང་འགྲན་ཞུགས་པ་ཚང་མར་རྟེན་འབྲེལ་ཞུ།
དཔྱད་འདེམས་པ་དང་རྩོམ་ཞུགས་པ་གཉིས་ཀྱི་རྩོམ་རྩལ་ལ་ཡང་ལྗིད་བཀྱག་ན་དཔྱད་འདེམས་པ་རྣམས་ཚད་ལྡན་ཡིན་མིན་དེ་ནས་ཤེས་ཐུབ། ཕལ་ཆེར་རྩོམ་ཞུགས་པ་རྣམས་ཀྱིས་དཔྱད་འདེམས་པའི་མིང་མཐོ་མཐོང་མ་ཐག་སེམས་ཤུགས་ཆག་ངེས་རེད་འདུག མ་འོངས་པ་སླར་ཡང་དེ་ལྟ་བུ་རྩོམ་འགྲན་བྱེད་ན་རྩོམ་ཞུགས་པ་དེ་རྣམས་མི་ཞུགས་རྒྱུཁོ་ཐག་རེད་ཅེས་གདེང་ཚོད་ཀྱིས་ཞུ་ཆོག་པ། བྱས་ཙང་། མ་འོངས་པ་དེ་ལྟ་བུའི་གནད་ལ་གཟབ་གཟབ་གནང་དགོས། དཔྱད་འདེམས་པ་ཟེར་བ་དེ་ཕྱོགས་ལྷུང་མེད་པ་དང་རྩོམ་ཀྱི་ཐོག་ལ་ཤེས་ཚད་ཡོད་པ་གཉིས་ནི་ཁྱད་ཆོས་གཙོ་བོ་དེ་ཡིན།