བོད། ལྷ་ཀླུ་གཉན་གསུམ།
ལྔ་བཅུ།
ཡུན་རིང་ཞིག་ཟེར་ན་ཆོག དུས་ཚོད་ཐུང་ཐུང་ཞིག་ཟེར་ན་འགྲིག་གི་ཡོད། གང་ལྟར། རྒྱ་གར་དུ་སློབ་སྤྱོང་བྱེད་བཞིན་པའི་ང་རང་གི་ནུ་མོ་ལྷ་མོ་སྐྱིད་དང་ཁ་གྱེས་དེ་ཟླ་ངོ་གསུམ་ལྷག་གི་རྗེས་སུ་ངས་ཁོ་མོ་ལ་ཁ་པར་བརྒྱུད་ནས་ཁོ་མོ་ལ་ཁ་བརྡ་བྱས་པ་ཡིན་ལ། རྗེས་སུ་གངས་མཚོ་མོ་རང་གིས་ཁ་བརྡ་མི་ཉུང་བ་ཞིག་བྱས་ནས་བསྡད་སོང་། ༡༡།༡༢།༠༨
ལས་ཀའི་དབང་གི་ཟེར་ན་འགྲིག ཁོམ་པ་དང་བསྟུན་ནས་ཟེར་ན་ཆོག ཞི་བདེའི་གཟེངས་རྟགས་ཀྱི་ཉིན་མོ་ཏག་ཏག་ལ་སྲུང་བརྩི་བྱེད་མ་ཐུབ་པར། དེ་རིང་འདི་ཁུལ་ནས་བོད་རིགས་སྤུན་ཟླ་ཁ་ཤས་ཀྱི་ལྷན་འཛོམས་དུ་བློ་དོན་བཟའ་མི་གསུམ་གྱི་ནང་དུ་འཛོམས་དུས་བཟོས་པ་ལྟར། ང་དང་གངས་མཚོ་གཉིས་ཀྱང་དེ་རུ་བཅར། བོད་མི་དྲུག་དང་སྐྱེ་དམན་གཉིས་བཅས། ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ངོ་བཅུ་དགུ་འཁོར་བར་སྲུང་བརྩི་བྱས། དར་བཙུགས། དར་ལྕོག་འཐེན། བསང་གསོལ་འདྲ་བྱས། ༧ཁོང་གི་སྐུ་དཔར་བཤམས། ང་ཚོ་བོད་མིའི་ཁྲོད་དུ་འདི་འདྲའི་རླབས་ཆེ་བའི་སྐྱེ་བུ་ཞིག་སྟོན་རྒྱུ་ཡོད་པ་དེར་སེམས་ཁོང་ནས་དགའ་གུས་ལོས་བྱེད་སྙམ་ཞོར་དུ། རང་རང་གི་ས་ནས་གང་ལ་མོས་པ་དེར་རོལ་ནས་བསྡད། རོལ་ཡུལ་ས་ཁུལ་ནི་གྲོང་ཁྱེར་ཀྲེ་ལས་བས་ཀྱི་འགྲམ། ཝལ་མར་རྒན། གྲོགས་པོ་བློ་དོན་བཟའ་མི་གཉིས་ཀྱི་ཁྱིམ་དང་སྒོ་རྭ་ཡིན། ༡༢།༡༢།༠༨
སྤྱིར་ན་འཇིག་རྟེན་གྱི་མི་གཉིས་མཉམ་དུ་བསྡོད་སྟངས་ཀྱང་། བསྡོད་དགོས་པའི་དམིགས་ཡུལ་སོགས་ཀྱང་འདྲ་མིན་ཡོད་པ་རེད། གངས་མཚོ་ངེད་གཉིས་ནི་ཇི་ལྟར་འགོ་བཙུགས་པ་དང་མཉམ་དུ་བསྡོད་དགོས་པའི་སྐོར་སོགས་ཞིབ་དུ་གླེང་ནས་འོང་བ་ཞིག་མིན་ལ། བཟའ་ཚང་ཟེར་ནས་ཡིག་ཐོག་གི་ཐམ་ག་སོགས་གང་ཡང་མེད། ངག་ཐོག་གི་ཆང་ས་ཡང་བརྒྱབས་མེད་ཀྱང་། མཉམ་དུ་བསྡད་ནས་ཟླ་ངོ་བདུན་ལྷག་འགྲོ་བཞིན་ཡོད་པའི་དེ་རིང་ནི། ང་རང་ཁོ་མོའི་བསགས་དངུལ་དང་ཁོ་མོས་ཕ་མ་གཉིས་ཀྱི་མགྲོན་ཤོག དེ་དག་ལ་བརྟེན་ནས་ང་རང་ཕྱིའི་རྒྱལ་ཁབ་འདི་ན་ཡོད་པ་དང་ཁོ་མོའི་མཉམ་དུ་བསྡད་ཡོད་པ་རེད་ལ། འཇིག་རྟེན་ཕོ་མོའི་ཆགས་སྲེད་ཀྱི་བདེ་བ་དེ་ཡང་སྤྱིར་བཏང་ལྟར་བྱེད་ཀྱི་ཡོད་པ་ཡིན་དུས། ང་ལ་དེ་རིང་ཁོ་མོས་སྐད་ཆ་ཞིག་འདི་ལྟར་བཤད། ང་རང་ཁྱེད་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད། ང་རང་ལ་ཕྲུ་གུ་འཁོར་འདུག་ཟེར་ནས་ངའི་གདོང་ལ་བལྟས། དེ་དུས་ངས་དེ་ནི་དངོས་ནས་གཏམ་བཟང་རེད། རེ་ཞིག་རིང་ཉེ་དུ་སོགས་སུ་གང་ལ་ཡང་མི་བཤད་རྒྱུར་ངེད་གཉིས་ཀ་གྲོས་མཐུན་བྱུང་། ༡༧།༡༢།༠༨
ངེད་གཉིས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་དུས། སྨན་པས་བདུན་ཕྲག་བདུན་དང་ཕྱེད་སོང་འདུག ༢༠༠༩།༨།༡༣ལ་སྐྱེ་རྒྱུ་རེད་ཟེར། ང་རང་ལ་ལས་ཀ་མེད་པའི་སྒང་འདི་ལ་ཁོ་མོ་ཡང་ད་ལྟ་ལས་མེད་ཡིན་སྟབས། ང་རང་ཅུང་ཙམ་སེམས་པ་མ་སྐྱིད་པ་ཞིག་འདུག ཁོ་མོའི་ལུས་ལ་ཕྲུ་གུ་འཁོར། ང་རང་ལས་མེད་དུ་བསྡད། ཁོ་མོ་ཡང་ལས་ཀ་ཞིག་ད་ལྟ་མེད། ངེད་གཉིས་ཀྱིས་ཟ་ས་དང་འདུག་ས་མོ་རང་གི་མ་རྒན་བྱས། ད་དུང་། ང་རང་རྒྱལ་ཁབ་འདིའི་སྤྱི་དམངས་ལྟར། འཕྲོད་རྟེན་ལག་དེབ་ཞིག་ཀྱང་བཟོ་དགོས་པ་ཡིན་དུས། ཁོ་མོས་ཡར་མར་ལ་ཁ་པར་བཏང་བའི་རྗེས་སུ་དེ་རིང་ང་ལ་འཕྲོད་རྟེན་ལག་དེབ་ཀྱང་བཟོས། འཕྲོད་རྟེན་ལག་དེབ་མེད་པ་ཡིན་ན། གལ་སྲིད་ནད་ཚ་འདྲ་བྱུང་ན་སྨན་ཁང་དུ་ཁག་ལེན་མི་བྱེད་པ་དང་། ཁག་ལེན་བྱེད་པའི་དབང་དུ་བཏང་ཡང་། སྒོར་མོའི་འགྲོ་སོང་ནི་ཧ་ལས་པ་ཞིག་ཡིན་རབས་བཤད་ཀྱི་འདུག ༢༤།༡༢།༠༨
ང་རང་ལ་ལས་ཀ་མེད་པའི་སྒང་ལ། རྒྱང་རིང་གི་ནུ་མོ་ལ་ཡང་སློབ་གྲྭའི་གུང་གསེང་དུ་འཁེལ་ནས་ཡོང་གི་ཡོད་དུས། སྒོར་མོ་ཁ་ཤས་ཤིག་མ་སྐུར་བ་ཡིན་ན། དངོས་ནས་སློབ་གྲྭའི་གུང་གསེང་དུ་ཡར་མར་ལ་འགྲོ་བྱེད་ཀྱང་མེད། ངས་གངས་མཚོ་ལ་དེ་ཡི་གནས་ཚུལ་སྐོར་བཤད་པ་ལྟར། མོས་ཀྱང་ཡིན་དང་ཡིན། ག་ཚོད་ཅིག་གཏོང་དགོས་པ་རེད་དམ་ཟེར་བ་དེར། ངས་ཀྱང་ངེད་གཉིས་ལས་མེད་ཡིན་དུས། མང་བོ་ཞིག་གཏོང་རོགས་ཟེར་འཕོད་ཀྱི་མི་འདུག དེ་ནས་ངས་ཁོ་མོས་ལན་དུ། ཤིས་ཀར་སུམ་བརྒྱ་གཏོང་རོགས་ཞེས་བཤད་པ་ལྟར་ཁོ་མོས་སྤྲག་ཁང་གི་དངུལ་འདྲེན་ལ་བཏང་། ང་རང་ལ་ལས་ཀ་སྟབས་བདེ་མོ་དེ་འདྲ་འདི་ནས་ད་ལྟ་རེག་མ་སོང་ལ། ལས་ཀ་ལྕི་མོའི་རིགས་དེ་འདྲ་བྱེད་པར་ཁོ་མོས་གཏན་ནས་མོས་མཐུན་བྱེད་ཀྱི་མི་འདུག དཔེར་ན། ཉི་མ་ཚ་བའི་ནང་དུ་ཤུགས་ལས་ཀྱི་སྐོར་ལྟ་བུ་ལས་ཀའི་རིགས། ང་རང་ལ་ལས་ཀ་མེད་དུས་སྒོར་མོའི་ཡོང་ཁུངས་ཀྱང་མེད། དེ་ཡིན་དུས་ངའི་ནུ་མོ་ལ་དགོས་པའི་ཆ་རྐྱེན་གང་ཡང་ད་ལྟ་ངས་སྒྲུབ་ཐུབ་ཀྱི་མི་འདུག་སྟབས། མཚམས་རེར་ང་རང་གི་སེམས་ཁྲལ་ནི་ལྕི་རུ་སོང་། རྒྱ་གར་དུ་ནུ་མོ་གཅིག་བུ་བཞག་ནས་ང་རང་འདིར་ཡོང་དོན་ཡང་། ཤུ་རེ་གོ
ད་ལྟ་གནས་སྐབས་རིང་གུང་གསེང་གི་སྐབས་སུ་གྲོགས་པོ་བསྟན་དཀོན་གྱི་རོགས་སྐྱོར་འོག་སེམས་ཁྲལ་མེད་ཀྱང་། ནུ་མོ་རྒྱུན་རིང་མི་འོག་གི་འཚོ་བ་ལ་བརྟེན་དགོས་བྱུང་དུས། གང་ལྟར། ང་རང་གིས་ལས་ཀ་བཟང་ངན་དང་ཡག་བཙོག་སྒུག་ཁོམ་མི་འདུག ང་ལ་ལས་ཀ་ཞིག་དགོས་ཀྱི་འདུག་སྙམ་ནས་བསྡད་ཡོད། ༣།༡།༠༩
མུ་འགོད།
ཁྱོད་ཀྱི་ཉིན་ཐོ་མུ་འབྲེལ་རིང་མོ་དག་ཀློག་ཚད་ཅིག་མི་འདུག ཁྱོད་སྒེར་གྱི་ཉིན་རེའི་ཁ་འཁོར་སྣ་འཁོར་ཡར་འགྲོ་མར་འགྲོ ཅི་ལས་འདི་བྱས་སོགས་ཡང་ཀློག་པ་པོ་དག་དང་འབྲེལ་ཅི་ཙམ་ཡོད་དམ།
ཁྱོད་ཀྱི་ཉིན་ཐོ་མུ་འབྲེལ་རིང་མོ་དག་ཀློག་ཚད་ཅིག་མི་འདུག ཁྱོད་སྒེར་གྱི་ཉིན་རེའི་ཁ་འཁོར་སྣ་འཁོར་ཡར་འགྲོ་མར་འགྲོ ཅི་ལས་འདི་བྱས་སོགས་ཀློག་པ་པོ་དག་དང་འབྲེལ་བ་ཅི་ཙམ་ཡོད་དམ།
ཁྱོད་ཀྱི་ཉིན་ཐོ་མུ་འབྲེལ་རིང་མོ་དག་ཀློག་ཚད་ཅིག་མི་འདུག ཁྱོད་སྒེར་གྱི་ཉིན་རེའི་ཁ་འཁོར་སྣ་འཁོར་ཡར་འགྲོ་མར་འགྲོ ཅི་ལས་འདི་བྱས་སོགས་ཀློག་པ་པོ་དག་དང་འབྲེལ་བ་ཅི་ཙམ་ཡོད་དམ།