འདྲེ་མགོ་རྡོ།
གྲོགས་པོ་ཞིག་གི་ཁ་ནས་རྒྱ་གར་རྡ་ས་རུ་རྩོམ་པ་པོའི་མཐུན་ཚོགས་ཟེར་བ་ཞིག་ཡོད་པར་གོ དེ་མ་ཐག་སེམས་ལ་དགའ་བ་ཞིག་སྐྱེས། རིམ་པས་དེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་༡༩༩༩ ཟླ ༣་ཚེས ༡༩ ཉིན་དབུ་བརྙེས་པ་ཞིག་ཡིན་འདུག དེ་ནས་ད་བར་ ༡༢ ལ་ཉེ་བ་ཕྱིན་འདུག ཡིན་ཡང་ཡིད་སྐྱོ་བ་ཞིག་ནི་ངེད་ལ་ད་བར་འདིའི་སྐོར་ཅི་ལྟར་གསལ་ཆ་མ་བྱུང་བ་རེད་དམ། དེ་ནི་འགྱོད་པ་ཞིག་ཀྱང་རེད་ལ་རྗེས་ལུས་ཤིག་ཀྱང་མིན་ནམ།
ངས་རིམ་པར་ཚོགས་པ་དེ་དབུ་ཚུགས་སྟངས་ནས་ཚོགས་མི་ག་ཚོད་ཡོད་མེད། ཚོགས་པ་དེའི་ངོས་ནས་བོད་ཀྱི་རྩོམ་རིག་སྐོར་ལ་བྱས་རྗེས་ག་རེ་བཞག་མིན་ཞིབ་ལྟ་བྱས་པ་ཡིན། ང་ཡ་མཚན་སྐྱེས་ས་ཞིག་ནི་ངས་བོད་ཕྱི་ལོག་ཏུ་འདི་འདྲའི་རྩོམ་པ་པོ་འབོར་ཆེན་ཞིག་ཡོད་པ་མ་ཤེས་པ་དེ་རེད་ལ། ངས་ཚོགས་མི་དག་གི་མཚན་རེ་རེ་ཟིན་དེབ་ངོས་སུ་བཤུས་ཏེ་སླར་ཡང་རང་གིས་མཇལ་མྱོང་བའི་བོད་ཡིག་བརྩམས་ཆོས་རྣམས་བསྐྱར་དུ་སྔོགས་པ་ཡིན། བོད་ཕྱི་ནང་གཉིས་ཀྱི་བརྩམས་ཆོས་སྐད་གྲགས་ཅན་སྔོགས་པ་ཡིན། དང་པོ་ལོ་རྒྱུས་ཐད་ཀྱི་བརྩམས་ཆོས་རྣམས་སྔོགས་པ་ཡིན། ང་ལ་ལག་པར་ཐོག་པ་ནི་བསོད་ནམས་རྒྱལ་མཚན་ཟེར་བས་ཚིག་བཅད་དུ་སྡེབས་པའི་ལོ་རྒྱུས་ཤོག་ལྷེ་ཁ་ཤས་ཤིག་དང་འཕྲད། དེའང་རྒྱ་གར་ནས་མཐོ་སློབ་ཐོན་པའི་སློབ་མ་ཞིག་གི་ས་ནས་རེག དེ་མ་གཏོགས་ངས་གང་ཡང་མ་རེག
ཡང་བསྐྱར་བསམ་བློ་བཏང་དུས་སྙན་རྩོམ་གྱི་རིགས་འཁོད་པའི་དུས་དེབ་དང་ཚགས་ཤོག་དེ་འདྲ་སྔོགས་རྒྱུ་དྲན། སྔོགས་པ་ཡིན། སྐབས་དེར་ངས་ཆེད་དེབ་སྙན་ངག་གི་དེབ་བཏོན་ཟིན་པའི་ཚོགས་མི་ཁ་ཤས་རེག དེ་ནས་གང་ཡང་མ་རེག ཡང་གྲོགས་པོའི་ས་ནས་ཚོགས་པ་དེའི་སྐོར་ལ་སྐད་ཆ་དྲིས། གྲོགས་པོས་ཚོགས་དེ་ལ་དྲ་རྒྱ་ཡོད་ཟེར། དྲ་རྒྱར་ལྟོས་པས། སྙན་ངག་ཡིན་ཟེར་བའི་ལུགས་འདྲ་མིན་གྱི་ཡི་གེ་མཆོག་ཏུ་མཐོང་། ཚང་མ་བཀླགས་པ་ཡིན། བཀླགས་མཐར། ངས་དཔྱད་རྩོམ་ཞེས་པའི་ལེ་ཚན་དེ་ལ་ཡང་བསྐྱར་ལྟོས་པ་ཡིན། རྩོམ་རིག་གི་སྐོར་མེད་ནའང་། ཆབ་སྲིད་ཀྱི་བྱུང་རིམ་འདྲ་བའི་དཔྱད་རྩོམ་ཞིག་འབྲི་མཁན་དེ་ཆབ་བྲག་ལྷ་མོ་སྐྱབས་རེད། དེ་ནས་སློབ་གསོའི་སྐོར་གྱི་དཔྱད་རྩོམ་འབྲི་མཁན་དེ་ཧོར་ཞི་བདེ་རྒྱ་མཚོ་རེད། མིང་དེ་གཉིས་ང་ལ་ངེས་བདེ་བོ་འདྲ་ཞིག་བྱུང་།
དེ་ནས་ང་ཡར་མྱུལ། མར་མྱུལ། མྱུལ་མྱུལ་མཐར། ངས་ལོ་ངོ་ ༡༢ ལྷག་གི་ལོ་རྒྱུས་ལྡན་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བརྩམས་ཆོས་མ་མཇལ་བ་ཡིན་ནམ་བསམ། ” སྤྱི་ཚོགས་མེ་ལོང་ ” ཞེས་པའི་ཚགས་པར་དྲ་ངོས་འཁོད་པ་རྣམས་ལས་རྩོམ་ཡིག་རྣམས་ཀྱང་བཀླགས། དྲ་རྒྱ་ནས་ཕྱིར་འབུད་གྲབས་བྱེད་སྐབས། གྲགས་ཅན་རྩོམ་པ་པོ་དང་བརྩམས་ཆོས་ཟེར་བ་ཞིག་འདུག དེའི་སྟེང་དུ་མནན་པས་དེ་ནི་རྒྱལ་སྤྱིའི་གྲགས་ཅན་རྩོམ་པ་པོ་དང་བརྩམས་ཆོས་རྣམས་རེད། མིག་བཤེར་ཙམ་ཡང་མ་འཕང་བར་ཕྱིར་ལོག་བྱས་པ་ཡིན།
ག་ལེར་བསམ་བློ་ཞིག་བཏང་བ་ཡིན། རྩོམ་པ་པོ་ཟེར་བ་དང་བརྩམས་ཆོས་ཀློག་རྒྱུར་དགའ་བའི་ང་ལ་རྩམ་སྐྱ་མ་རེག་པའི་ཚོར་བ་ཞིག་སླེབས། ཡིད་ཀྱི་དགའ་ཚོར་ག་ལེར་ཡལ། ཟོག་ལུག་བོར་ཟིན་པའི་ཟོག་རྫི་བཞིན་རྫ་ལུང་རི་ལུང་ཁྲོད་ན་རང་ཉིད་ཁེར་རྐྱང་ཡིན་པ་ལྟ་བུའི་ཚོར་བ་ཞིག་སྐྱེས།
སྐབས་དེར་ངས་༧ཏཱ་ལའི་བླ་མའི་འཚམས་འཕྲིན་དེ་ཡང་བསྐྱར་ཐེངས་གཅིག་བཀླགས་པ་ཡིན། འཚམས་འཕྲིན་དེའི་ནང་” མཐུན་ཚོགས་འདིའི་དམིགས་ཡུལ་ནང་ཇི་ལྟར་གསལ་འཁོད་བཞིན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གཅེས་འཛིན་བྱ་རྒྱུ་དང། བོད་ཀྱི་རྒྱལ་རབས་ལོ་རྒྱུས་བྱུང་བ་དངོས་དང་མི་མཐུན་པའི་འཁྱོག་བཤད་ཀྱི་ཡིག་ཆ་སྣ་ཚོགས་ཐོན་བཞིན་པ་རྣམས་ལ་དག་ཐེར་དང་སུན་འབྱིན་བྱ་རྒྱུ། རང་རིགས་རྩོམ་པ་པོ་ཕུལ་བྱུང་རིགས་ལ་བཟང་བསྟོད་བྱ་རྒྱུ་བཅས་ནི་ངེས་བར་དུ་འབད་བསྒྲུབ་དགོས་པའི་བྱ་བ་ཡིན། ” ཞེས་འཁོད་པ་དེས་བདག་སེམས་མུག་པོ་ཅུང་ཙམ་གསོས།
ངས་རྩོམ་པ་པོའི་ཚོགས་པ་དེས་ཆོས་དང་རིག་གཞུང་རྒྱུད་འཛིན་གནང་སྟངས་ལ་ལྟ་འདོད་བྱུང་ལ། དེ་ལས་ཀྱང་ལྟ་འདོད་པ་ཞིག་ནི། བོད་ཀྱི་ལོ་རྒྱུས་ཀྱི་དངོས་བྱུང་དེ་ཉིད་གསལ་རྗེན་བྱས་པ་དེར་དེ་བས་ཀྱང་མཇལ་འདོད་ཆེ་རུ་ཕྱིན། ཡིན་ནའང་། ལས་ངན་པ་ཞིག་ལ། ངའི་མུ་མཐུད་ནས་ཚོགས་པ་དེ་བཙལ་འདོད་ལ་དུས་ཚོད་ཀྱིས་ཁོམ་ལོང་མ་གནང་བ་ནི་གཅིག་བྱས་ན་གྱོང་གུད་ཅིག་ཀྱང་ཡིན་སྲིད་པས། ཚོགས་པ་དེའི་སྐོར་མཁྱེན་མཁན་ཚོས་འདིར་དྲ་ངོས་ནས་ཁ་གསབ་བྱ་རོགས་ཞུ།།
ཉིན་གཉིས་ཀྱི་ཉིན་ཐོའི་ལྷུ་ལག་བསྒྲིགས་ཏེ་ཤར་མར་བགྱིས།
འདི་ལོའི་ཟླ ༥ ཚེས ༤ ནས ༥ བར།
མགོ་རྡོ་ལགས་ཀྱི་རྩོམ་ཐུང་དེ་ལ་ཡིག་ནོར་མང་དྲགས་པས་ཚིག་གོང་འོག་ཀུན་ལ་བལྟས་ཏེ་དོན་ལ་བསམ་བློ་བཏང་ན་མ་གཏོགས་ཅི་ཞིག་བཤད་ཀྱི་ཡོད་མི་ཤེས་ཀི་ཡ། ད་དུང་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་ཡིག་རིག་མ་རིག་གི་གླེང་གི་འདུག
གྲོགས་པོ་ལགས། ཁྱེད་ཀྱིས་ལྷོད་ཀྱིས་འཚོལ་དང་མཐུན་ཚོགས་འདི་ལ་ཁྱེད་ཀྱི་མི་ཚེ་ལ་བཀླག་མི་ཚར་བའི་སྙན་ངག་ཡོད་ལ། ཁྱོད་ཀྱི་ཚེ་གང་ལ་བལྟས་ཀྱང་མི་རྫོགས་པའི་སྒྲུང་རྩོམ་དང་དཔྱད་རྩོམ་ཡོད། ད་དུང་ཁྱོད་ཀྱིས་སྒལ་བས་མི་འཁྱོག་པའི་ཚགས་ཤོག་དང་དེབ་ཕྲེང་ཡོད། དེས་ན་ད་དུང་ཡུན་གྱིས་འཚོལ་རོགས།
འབའ་སྲས་ལགས། གཞན་གྱི་བསམ་ཕྱོགས་ལ་འུར་འདྲོགས་བྱེད་དོན་ཅི་ཡིན། སྐུ་ཉིད་ཀྱི་འདོད་ཚུལ་ལྟར་རྕོམ་པ་པའི་མཐུན་ཚོགས་ལ་བརྩམས་ཆོས་སྤྱི་རྒྱ་ཅི་ཙམ་ཡོད་ཀྱང་། གསེར་ཡིན་ན་གསེར་གྱི་རིན་དོན་ཡོད་པ་བཞིན་སྣང་མེད་དུ་གང་ཞིག་ནས་ལྷག་འགྲོ་བའི་བསམ་པ་མེད། འོན་ཀྱང་དོན་གཞན་ཞིག་གི་མགོ་འབུར་དབང་མི་སྟེར་བར་འཇོམས་ཐབས་ལ་འབད་པ་འདིས། ཅི་ཞིག་མཚོན་ནམ། སྐུ་ཉིད་ཀྱི་མཚན་དང་བརྩམས་ཆོས་ཐད་ལ་དོགས་འདྲོགས་བྱེད་དགོས་དོན་ཨེ་ཡོད། ཕྲན་ལ་མཚོན་ན་སྐུ་ཉིད་ཀྱི་སྙན་ངག་རོ་བཅུད་མངར་བ་དེ་དག་ཀློག་ནས་བཟི་བསྡད་ཡོད།
བསམ་འགྲུབ་ལགས། ལྕི་ཡང་དང་ལེགས་ཉེས་ཀྱི་ཐད་ནས་སྨྲས་ན་གུས་པས་ཅིས་ཀྱང་ལེགས་གསོལ་ཞུ་འདོད་ཡོད་ལ། འོན་ཀྱང་། ཚིག་གི་ཟ་ཟུར་ནས་ཅི་ཡང་མི་གནས་པ། སྟོང་བར་མཐོང་བ། མེད་པར་ལྟ་བ་འདིས་ཀྱང་ཅི་ཞིག་མཚོན་གྱི་ཡོད་དམ།
བདེན་པའི་གནས་ལུགས་གུས་པའི་གཙུག་གིས་བཀུར།།
སྟོང་བའི་གཏམ་ལ་ནམ་ཡང་མགོ་མི་སྒུར།།
བདེན་རྫུན་དབྱེ་བ་འབྱེད་པའི་ཚངས་པའི་ཐིག །
ཉེ་རིང་མེད་པར་རྣམ་དཔྱོད་རིག་པས་འཛིན།།
འབའ་སྲས་ལགས། སྐུ་ཉིད་ནས་བདེན་པ་ལ་གུས་བརྩི་བྱས་བ་རེ་སྨོན་ཤིན་ཏུ་ནས་ཆེ། འདྲེ་མགོ་རྡོ་དྲི་ཟའམ་གཟུགས་མེད་ཀྱི་ཁུངས་སུ་བསྡུས་ནས་མ་རིག་མདོག་མདོག་བྱེད་ཀྱིན་ཡོད་ན་མ་གཏོགས། རྩོམ་པ་པའི་མཐུན་ཚོགས་ལ་རྩོམ་ཀྱི་ཁ་གྲངས་ཉུང་གི་ལབ་ཀྱིན་མེད་པ་འདྲ། གཅིག་ར་མེད་པ་དེ་བས་ཀྱང་ལབ་ཀྱིན་མི་འདུག གལ་སྲིད་སྐུ་ཉིད་ཀྱི་གསུངས་བ་བཞིན་སྟོང་བའི་གོ་དོན་ཅིག་ཡོད་ཚེ། བརྗོད་བྱ་སྟོང་བ་དང་ལག་ལེན་སྟོང་བ་གོ་དགོས་བ་འདྲ། གཞན་ཡང་སྐུ་ཉིད་ཀྱི་ཚངས་ཐིག་ལས་བརྒལ་ཡོད་ཚེ། གུས་བོས་ཉེ་རིང་ཕྱོགས་ཞེན་བྱས་བ་ཁྱོན་ནས་མིན་ཡང་། རིག་སྟོབས་ཀྱིས་དབང་གིས་ནོར་སྐྱོན་ཡོད་ན་དགོངས་དག་ཞུ།།
གཏུམ་ཆེན་གྱིས་ཡིག་ནོར་དག་ཐེར་གནང་རྒྱུ་གལ་ཆེན་རེད།
འབའ་སྲས་འབོད་པར། སྙན་ངག་དང་དཔྱད་རྩོམ་སྒྲུང་གཏམ་བཅས་ཀྱི་རྩོམ་པ་པོ་དང་རྩོམ་ཡིག་གི་ཁ་བྱང་བཅས་དྲ་ངོས་འདིར་འདྲེན་གནང་ཡོང་བ་ཞུ། དེ་མ་གཏོགས། ངས་ཚོགས་པ་དེའི་སྐོར་གླེང་བ་ཙམ་གྱིས་ཉིད་རང་འདྲོག་མགོ་མ་ལངས་ན་མི་དགའ་འམ།
སྐུ་ཞབས་འདྲེ་ལགས་ཀྱིས་གསུངས་པ་ལྟར། པེན་བོད་རྩོམ་པ་པོ་མཐུན་ཚོགས་ཟེར་བ་ཞིག་ཡོད་པ་ཐོས་མྱོང་མོད། འོད་ཀྱང་ཉིད་ཀྱིས་བཙལ་ནས་མ་རྙེད་པ་ལྟར་ཕྲན་ནས་ཀྱང་དེའི་སྐོར་གྱི་ཞིབ་ཕྲ་གནས་ཚུལ་དང་ཚོགས་མི་རྩོམ་པ་པོ་དག་གི་བརྩམས་ཆོས་སོགས་ལ་དེ་ཙམ་རྒྱུས་མེད་པ་མ་ཟད། ལར་ནས་འདིའི་སྐོར་རྒྱུ་ལོན་བྱ་འདོད་ཆེ། ལྷག་པར་དུ་གངས་ཅན་བོད་ཀྱི་དེང་རབས་རྩོམ་རིགས་གསར་པར་ཕུལ་བའི་ལེགས་སྐྱེས། གསར་གཏོད་དང་མདུན་བསྐྱོད་ཀྱི་བསམ་བློ། བོད་ཀྱི་འཐབ་རྩོད་ལ་རྩོམ་རིགས་ཀྱིས་ཕྱོགས་སྟོན་དང་འགོ་འཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་མིན་དང་སྤྱི་ཚོགས་ཐོག་ཏུ་ཤུགས་རྐྱེན་ཅི་འདྲ་ཐོབ་ཡོད་མིན་སོགས་ནི་ཅི་ནས་ཀྱང་ངེས་པར་བཙལ་ནས་ཞིབ་ཏུ་བལྟ་དགོས་པའི་གནད་ཀྱི་དམ་པ་ཞིག་ཏུ་མཐོང་ལ། བོད་ཀྱི་རྩོམ་པ་པོའི་མིང་བྱང་ཁུར་བའི་མཐུན་ཚོགས་ཤིག་ལ་དེ་ལྟ་བུའི་ཁྱད་ཆོས་ཅི་ནས་ཀྱང་ལྡན་དགོས་པས་འདི་ནི་ངེས་པར་གླེང་དགོས་པའི་གནད་ཀྱི་དམ་པ་ཞིག་ཏུ་མཐོང་། རྗེས་སུ་དེའི་སྐོར་ལ་ཅུང་ཙམ་ལྟ་འདོད་ཆེ།།
འདྲེ་ལགས། དྲ་ངོས་དེར་རྩོམ་དང་རྩོམ་པ་པོའི་མིང་གཉིས་གསང་ཐང་ཐང་བཀོད་ཡོད་པས་འདིར་འབྲི་མཁོ་པའི་དགོས་པ་ཅི་ཡང་མ་མཐོང་ལ། དེ་བས་ཁྱེད་ཀྱིས་མུ་མཐུད་རྩོམ་པ་པོའི་མཐུན་ཚོགས་འདི་བཙལ་ནས་རྙེད་ཐུབ་པའི་རེ་བ་ཡོད་ལ། བརྙེད་ནས་ཀྱང་མཐུན་ཚོགས་འདིའི་རྩོམ་པ་པོ་ཚོས་བྲིས་པའི་རྩོམ་རིགས་ཀྱི་ཐད་ནས་ཞན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས། ཁྱེད་ཀྱིས་ཞན་ཆ་དེ་རིགས་སེལ་ཐབས་དང་། མཐོར་འདེགས་དང་ནུས་པ་ཇི་ལྟར་འདོན་དགོས་མིན་གྱི་ཐད་ལ་ཆེད་རྩོམ་ཞིག་སྤེལ་ཐུབ་ན། ཁ་བ་བོད་པ་ཚང་གི་ལ་ཞེན་དུ་འཐུས་པས་དེ་ལུགས་དགོངས་འཇགས་འཚལ།
འབའ་སྲས་འབོད་པ་ད་གཞི་ནས་ལྷོད་ལ་བབས་འདུག ངས་དྲ་ངོས་ཀྱི་ཡི་གེ་རྣམས་ཀློག་ཚུལ་གོང་དུ་བྲིས་ཟིན། ཁྱེད་ལ་རེ་སྐུལ་བྱས་པ་ནི། ཁ་བ་ཅན་པའི་རྩོམ་རིག་གི་ལས་དོན་ནང་གཟེངས་སུ་ཐོན་པའམ། ཡང་ན་༧ཏཱ་ལའི་བླ་མར་དམ་བཅས་པའི་སྒྲུབ་བྱ་དེ་དག་གང་དུ་ཡོད་དམ་ཞེས་པ་དེ་ཙམ་ཡིན། གནད་དོན་མི་རྙེད་ན་བཀའ་མོལ་མ་གནང་ནའང་འགྲིག་གི་རེད་ལ། ཤེས་ཡོན་ཅན་བྱེད་འདོད་ན་གནད་དོན་འགོ་ཚོས་པ་གནོང་།
ཡིག་ནོར་ཡོང་ས་གཙོ་བོ་བྱ་ཚིག་ལ་རེད་འདུག བརྡ་སྤྲོད་ཡག་པོ་ཆགས་མེད་པ་ལྟ་བུ་འདུག
བཀླགས་ཚུལ། བསྒྲུབ་བྱ། བྱ་འདོད་ན་ཞེས་བཅོས་ན་འགྲིག་གམ།
གོང་དུ་མཆན་བུ་འདེབས་མཁན་དྲ་གྲོགས་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། པེན་བོད་ཀྱི་རྩོམ་པ་པོ་ཞེས་པའི་མིང་ངོ་མ་ཡག་པོ་རེད། འོན་ཀྱང་ཚོགས་པ་དེའི་འདས་པའི་བྱུང་བ་དངོས་ལ་བལྟས་ཚེ་ངོ་མ་སེམས་ཤུགས་ཆགས་རྒྱུའི་རྒྱུ་ལས་མ་འདས། དཔེ་མཚོན་འགའ་ཤས་ཞུས་ན། ཚོགས་པ་དེའི་ཚོགས་གཙོ་རྙིང་པ་བླ་བྲང་སྐལ་བཟང་གིས་ལྐོག་བཟའ་བྱས་པ་དང་། དེ་རྗེས་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་རང་གི་ངོ་ཤེས་མང་པོ་ཚོགས་པའི་མིང་ཐོག་ནས་ཕྱི་རྒྱལ་ལ་བཏང་དང་གཏོང་བཞིན་པ་མ་ཟད། སྤྱི་ཚོགས་མེ་ལོང་ཚགས་པར་དེ་ཡང་རང་གི་ཟུར་མོར་རྩིས་སྤྲད་ནས་ཕྱི་ཕྱོགས་ནས་ཁྱིམ་ཚང་ཚགས་པར་ཞེས་འབོད་ཀྱི་ཡོད་དོ།
འདྲེ་མགོ་རྡོ་ལགས། ཡིག་ནོར་གྱིས་ཟོས་པའི་ཁྱེད་ཀྱི་བསམ་ཚུལ་བཀླགས་ཟིན། རེད་ཡ་རྡ་སའི་ཁོར་ཡུག་ཆུང་ངུ་འདི་ནས་རྩོམ་པ་པོའི་མཐུན་ཚོགས་མི་རེག་ན་མཐུན་ཚོགས་ཀྱི་རྩོམ་ཡིག་ཆ་ཚང་ཁྱེད་ཀྱིས་ལས་སླ་བོར་བཀླག་མི་ཚར། རྩོམ་རིག་ལ་དུང་ཤ་ཆེ་བར་རློམ་པའི་ཁྱེད་ཀྱིས་མ་མཐའ་ཡང་<>ལྟ་བུའི་ཡིག་ནོར་རིགས་དང་པོ་འཚོལ་དང་དེའི་རྗེས་ང་ཚོ་རྩོམ་པ་པོ་མཐུན་ཚོགས་འཚོལ་དུ་འགྲོ།
བར་སྟོང་ནང་དུ་ཡིག་ནོར་འདིའི་རིགས་ཡོད། ཚིག་བཅད། སྡེབས་སྦྱོར། སྔོགས་པ་ཡིན། ལྟོས་པ་ཡིན། ཅི་ལྟར་ལྟ་བུ་སོགས།
བཀྲ་ཤིས་ལགས། སྐད་ཆ་ཚང་མ་མཉམ་བཞག་ནས་བཤད་ན་ཅུང་ཡག་པོ་མེད་དམ། ཁྱོད་ཀྱིས་བླ་བྲང་སྐལ་བཟང་ནས་བཟུང་མ་འགྲིག་མ་འཐུས་ཚུལ་བཤད་ནས་སེམས་ཤུགས་ཆག་རྒྱུ་ལས་མ་འདས་ཟེར། སྐད་ཆ་དེའི་ཟུར་ན་ཁྱོད་རང་སྤྱི་སེམས་པ་ཞིག་ཡིན་ཞེས་པའི་དོན་ཡོད་པ་རེད། རྒྱུ་མཚན། སྤྱི་སེམས་པ་ཞིག་མིན་ན་གཞན་དོན་ལ་སེམས་ཤུགས་ཆག་དགོས་དོན་མེད་གཱ། མི་སྤྱི་སེམས་པ་ཞིག་ཡིན་ན་གནད་འགག་དང་གཉན་ཕྲང་གི་སྐབས་དེ་འདྲ་ཞིག་ཡོད་ན་ཁྱོད་ད་བར་དུ་གང་ཞིག་ལ་སོང་བ་ཡིན། ད་བར་དུ་ཁྱོད་གཉིད་སོང་ནི་རེད་དམ། ཆབ་བྲག་ལྷ་མོ་སྐྱབས་ཀྱིས་རང་གི་ངོ་ཤེས་གྲོགས་པོ་ཚོ་ཕྱི་ལོག་ལ་གཏོང་དང་གཏོང་བཞིན་ཡོད་ཟེར་བ་ཁྱོད་ལ་འདྲེ་ཡིས་བཤད་པ་རེད་དམ། ཡང་ན་ཁྱོད་ཀྱིས་བཟི་གཏམ་བཤད་ཀྱིན་ཡོད། ཡིག་ཐོག་ནས་སྐད་ཆ་བཤད་མཁན་ཞིག་ལ་མཚོན་ན་སྐད་ཆ་ཚང་མ་ལ་འགན་འཁུར་དགོས་པ་རེད། ཁྱོད་ཀྱིས་དོན་མེད་དུ་སྐྱ་རིང་ལམ་ན་སྐྱ་མི་ཞིག ལ་ལོ་འདེད་ནོ་གན་རེད་ཟེར། རྒྱ་རྫོང་ནག་ན་ཁྭ་ཏ་ཞིག རྩམ་ཁུག་གཏེད་ནོ་གན་རེད་ཟེར་རྒྱུ་་ཡིན་ན་དེ་ཧ་ཅང་ཁག་པོ་རེད། དེ་དོན་དངོས་དང་སྦྱར་ན་སུས་ཁག་ཐག་བྱེད་ཐུབ། ངས་ཁྱོད་ལ་གསལ་བོར་བཤད་རྒྱུ་ཞིག་ལ། ལྷ་མོ་སྐྱབས་ཚོགས་གཙོར་བསྡད་ནས་ཁོས་ངོ་ཤེས་གྲོགས་པོ་གཅིག་ཀྱང་ཕྱི་ལོག་ལ་བཏང་མྱོང་མེད། ཁོས་བཏང་བ་ཞིག་ཁྱོད་ཀྱིས་ཁུངས་དང་བདེན་དཔང་དང་བཅས་པ་ཞིག་སྟོན་རྒྱུ་མ་ཡོད་ཚེ། ཁྱོད་ཀྱི་ཁྱི་ཁ་དེ་ཚུམས་མ་སྡོད། བཏང་ཟིན་པ་དེ་སུ་རེད། གཏོང་བཞིན་པ་དེ་སུ་རེད། སུ་ཞིག་གང་ཞིག་ལ་བཏང་སོང། རེ་རེ་བཞིན་བདེན་དབང་དང་བཅས་ཤོད་དང་ཁྱོད་དཀར་སོང་ནི་ཡིན། མ་གཞི་ནས་ཕྱི་ལོག་ལ་འགྲོ་མི་འགྲོ་དེ་རྒྱུན་ལས་ནས་ཐག་གཅོད་རྒྱུ་ཞིག་ལས་མི་སྒེར་བ་སུ་གང་ལའང་དབང་ཆ་དེ་ཡོད་པ་མ་རེད། དེ། ཁྱོད་ཀྱི་ཡིད་ལ་འཛིན་རྒྱུའི་ཚིག་དང་རུམ་ན་བཅུག་རྒྱུའི་བྲོ་ཡིན། སྤྱིར་བཏང་བཤད་ན་ཚོགས་མི་ཚོ་ཡིན་ན་འདྲ། མི་གཞན་ཞིག་ཡིན་ན་འདྲ་ཕྱི་ལོག་ཅིག་ལ་གཏོང་ཐུབ་ན་མི་གཏོང་བར་ཅི་ཞིག་བྱེད། དེ་བཏང་ན་ཡག་པོ་མི་འདུག་གམ། ཁྱིམ་ཚང་དང་ཁང་བ་མེད་པའི་ཡུལ་ནས་ཡོ་རོབ་སོགས་རྒྱལ་ཁབ་གཞན་ལ་འགྲོ་ན་མི་འདོད་མཁན་སུ་རེད། ཧ་ཅང་ཉུང་ཉུང་རེད། མི་ཞིག་བཏང་ན་དེའི་མི་ཚེ་ཐག་གཅོད་བྱས་པ་གང་ཞིག་དེ་དང་འབྲེལ་བའི་མང་བོ་ཞིག་ཐག་གཅོད་བྱས་ཚར་བ་རེད། དོན་དག་འདི་དག་ལ་བསམ་བློ་བཏང་ན་གཏོང་རྒྱུ་མེད་པ་ཞིག་ཨེ་ཡིན་ན་བསམ་གི།
གཞན་སྤྱི་ཚོགས་མེ་ལོང་རང་གི་ཟུར་མོར་རྩིས་སྤྲད་ཞེས་པ་དེ་ཧོལ་རྒྱུགས་དང་འུར་སྒྲོགས་བྱེད་རྒྱུར་དགའ་བའི་སྐད་ཆ་རེད། སྤྱི་ལོ་༢༠༠༩/༠༨/༣༡ཉིན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ཚོགས་ཆེན་སྐབས་སུ་མང་མོས་འོས་འདེམས་ཀྱིས་བྱས་པའི་ཐག་གཅོད་རེད་མ་གཏོགས། སྤྱི་ཚོགས་མེ་ལོང་སུ་ཞིག་གིས་གང་ཞིག་ལ་སྤྲད་ཆོག་པ་ཞིག་ཡིན་ནི་མ་རེད། ཚོགས་པ་ཞིག་གི་རྒྱུན་ལས་ཀྱིས་རྩོམ་སྒྲིག་བྱེད་བཞིན་པའི་སྤྱི་ཚོགས་རྩོམ་རིག་གསར་ཤོག་ཅིག་ཡིན། ཕྱི་ལོག་ནས་ཚགས་པར་འདིའི་མིང་ལ་ཅི་ཞིག་འབོད་ན་འབོད། དེ་གཙོ་བོ་མ་རེད། གཙོ་བོ་སྐད་ཆ་བཤད་ན་རྩད་གཅོད་ཞིབ་འཇུག་གལ་ཆེན་ཡིན་པ་དེ་རེད། ང་ཚོས་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་ཅི་ཞིག་ཡོད་པ་དེ་ལག་ལེན་བྱེད་རྒྱུ་འོས་འགན་ཡིན་པ་ལས་གཞན་ལ་འབྲེལ་བ་མེད།
ཞེས་འཇིག་རྟེན་བསྟུན་ཐབས་དང་ཉམས་མྱོང་གདམས་ངག་གི་སྨན་ཞིག་ཀྱང་ཁྱོད་ལ་རིན་མེད་དུ་སྤྲད་ཡོད་པས། དེ་བཞེས་དང་མི་ཕན་ན། མི་འདོད་ནད་ཀྱི་ནད་རྟགས་རེ་རེ་ཤོད། བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམས་པའི་སྨན།། གང་དུ་བཙལ་ཡང་རྙེད་པར་དཀའ་ན་ཡང།། བདག་གི་ལག་ན་དོན་དངོས་སྦྱར་བའི་སྨན།། གཟུ་བོས་བློ་ཡིས་ལེགས་ཉེས་འབྱེད་པའི་སྨན།། ཕྱོགས་སུ་མ་ལྷུང་དྲང་མོར་བཤད་པའི་སྨན།། རྒྱུ་ངོ་མི་ངོ་རྩད་ནས་གཅོད་པའི་སྨན།། སྨན་མཆོག་གང་དགོས་བདག་ལ་འཛད་མེད་ཡོད།།
ཞེས་ཀྱང་སྨྲའོ། བཀྲ་ཤིས་ལགས།
༸རྒྱལ་བའི་བཀའ་དགོངས་ལྟར་ཚོགས་པ་འདིས་བཙན་བྱོལ་ནང་གི་རྩོམ་པ་པོ་གསོ་སྐྱོང་གི་འགན་ཁྱེར་ཀྱིན་མེད་པ་རང་དང་མཐུན་ས་རྣམས་ཕྱི་རོལ་དུ་དབོར་ཀྱིན་ཡོད། དེ་ནི་དང་པོ་བླ་བྲང་སྐལ་བཟང་གིས་རྩིས་ཁྲ་ཁམས་གཙང་ཙམ་ཡང་མ་བྱས་པ་ཚོགས་པའི་མིང་ཐོགས་ནས་སོང་བ། གཉིས་པ་ཀུན་ཐར་གྱིས་རོགས་པ་འགའ་ཕྱི་རྒྱལ་ཁྲིད་ནས་ཁོ་ཚོ་བཞག་སྟེ་རང་ཉིད་ཕྱིར་ཡོང་བའི་སྐབས། གསུམ་པ་ལྷ་མོ་སྐྱབས་སོང་བ་སོགས་རེད།
སྤྱིར་བཏང་ནས་ཚོགས་པ་འདིའི་ནང་རྒྱུས་མེད་དག་འཛུལ་ནས་གནས་སྟངས་ཧ་གོ་བ་དང་ཚོགས་མི་མང་པོ་ཞིག་ཕྱིར་ཐོན་བཞིན་པ་འདིར་རྒྱུ་མཚན་ཆེན་པོ་ཞིག་ཡོད་པའི་རྟགས་གསལ་པོ་ཡིན།
དྲྭ་ཚིགས་དེའི་ནང་གི་ཚོགས་མིའི་གྲུབ་ཆ་ནས་བསམ་ཞིབ་ཅིག་བྱོས་ནས་ལྟོས་དང་། ལས་ཀ་ཏག་ཏག་ཅིག་བྱེད་ཐུབ་ཀྱིན་མེད་པ་དེས་ཚོགས་མའི་གྲུབ་ཆ་ཡོངས་ཁྱབ་ཅིག་བྱུང་མེད་ལ། ད་ལྟའི་བོད་གཞིས་བྱེས་གཉིས་ཀྱི་ཤེས་ཡོན་པ་དག་གི་སྐད་ཆར་ཉོན་དང་། ཚོགས་པ་འདིས་ས་མིག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ས་མིག་བཀག་ནས་སྡོད་ཡོད་པ་དང་། ཚོགས་པ་འདིས་རང་ཁ་གསོ་བྱེད་ཙམ་ལས་མི་རིགས་ཤིག་དང་། རྩོམ་པ་པོའི་མཐུན་ཚོགས་ཤིག་གི་འགན་གཏན་ནས་ཁྱེར་ཀྱིན་མེད་པའི་ཡི་མུག་དང་ལྐོག་བཤད་ཏག་ཏག་ཡིན།
ཨ་རོ་ཀླུ་ཚང་བ་ཁྱོད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ན་བཀྲ་ཤིས་ཟེར་བ་དེའི་གཉེན་ཉེ་ཞིག་ཡིན་ནི་མིན་ནཱ། ཁྱོད་ཀྱང་མ་དཔྱད་པར་བཤད་རྒྱུར་དགའ་མཁན་ཞིག་རེད་མོས། ཡ་་་། ཁྱོས་ཀྱིས། ་་་་་རང་དང་མཐུན་ས་རྣམས་ཕྱི་རོལ་དུ་དབོར་ཀྱིན་ཡོད། པ་རེད་ཟེར། རང་དང་མཐུན་ས་སུ་ཞིག་ཕྱི་རྒྱལ་ལ་དབོར་སོང་བ་ངས་མི་ཤེས། གནའ་ཞིག་གི་དོན་དག་བཤད་ཀིན་ཡོད་ན་དེ་བས་ཀྱང་མི་ཤེས། ཀུན་ཐར་དོན་གྲུབ་ཀྱིས་རོགས་པ་འགའ་ཁྲིད་དེ་ཕྱི་རྒྱལ་ནས་བཞག་པ་རེད་ཟེར་ན་ཁོ་ཚོ་ཅ་ལག་འདྲ་བོ་ཞིག་མིན་འགྲོ་བསམ་བསམ་ཞིག་འདུག་གཱ། ཁོ་ཚོ་རང་ཉིད་འགྲོ་འདོད་མེད་ན་མི་ཞིག་གིས་ཁྲིད་ས་ཨེ་འགྲོ་ཡ། ཅ་ལག་བཞིན་གང་ཞིག་ནས་བཞག་ཆོག་ཆོག་ཅིག་དེ་བས་ཀྱང་ཨེ་ཡོད་ལ། ལྷ་མོ་སྐྱབས་ཕྱི་རྒྱལ་ལ་སོང་ན་ཅི་རེད། ཁོ་ཕྱི་རྒྱལ་ལ་འགྲོ་མི་ཆོག་པའི་རྒྱུ་མཚན་ཅི། ཨ་རོ་་་སྐད་ཆ་དེ་འདྲ་བཤད་རྒྱུ་ཨེ་ཡོད་ལ་བསམ་བློ་བཏང་ནས་བཤད་ན་རང་གཞན་ཀུན་ལ་བཟང་བར་སྙམ།