སྦྲ་རིགས་ཐོགས་མེད། (ལྡི་ལི་མཐོ་སློབ།)
ལོ་རྒྱུས་ཀྱི་གཉའ་བར་དུ་འགྱིང་བའི་གནའ་བོའི་རི་གྲོང་ཆུང་ཆུང་དེར།
སྟེས་དབང་གིས་ཕྲད་ཅིང་སྟེས་དབང་གིས་འདྲེས་པའི་ཀོ་རི་ཡའི་བུ་མོ་ལགས།
མཛེས་སྡུག་གང་ཞིག་གིས་སྦགས་པའི་འཚིག་ཇ་ཕོར་གང་གི་སྔ་གཞུག་ཏུ།
རྡུལ་མཚོན་ལས་རྣོ་བའི་ཁྱོད་ཀྱི་ཟུར་མིག་དང་འཛུམ་མདངས།
བདག་གི་འཇིག་རྟེན་དུ་ཁད་ཀྱིས་འཛུལ་ནས་སླེབས་བྱུང་ལ།
མུ་ཏིག་བཞིན་འཚེར་བའི་ཁྱོད་ཀྱི་དྭངས་གཙང་དང་རེ་སྨོན།
བདག་གི་གཙང་ངོགས་སུ་གཡོར་གྲུ་བཞིན་ལྷོད་ཀྱིས་སྐྱོམ་བཞིན་ཕེབས་བྱུང་།
བརྩེ་དུངས་དང་མི་གཤིས་ཀྱིས་ལྡེམ་པོར་སྐྱོར་བའི་ཀོ་རི་ཡའི་བུ་མོ་ཁྱེད།
དོན་ངོ་མར། དུས་ཚིགས་གང་ཞིག་ལ་བརྐུངས་པའི་རྒྱང་རིང་གི་ཁུ་བྱུག་ཡིན།
ད་དུང་ཡིད་ཆེས་དང་རེ་བཞག་གིས་ཁེངས་པའི་ཉམ་ཆུང་གཞོན་ནུ་མ་ཁྱེད།
འཇིག་རྟེན་གང་ཞིག་ནས་ཕེབས་པའི་བརྩེ་དུང་གི་ཕོ་ཉ་ཡིན།
བསླུ་བྲིད་ཀྱིས་ཡོངས་སུ་བཏང་པའི་ཉིན་མཚན་གང་མང་གི་ངོགས་སུ།
ཁྱེད་རང་མི་ཡུལ་ཁོ་ནར་ཡོད་པའི་དུངས་སེམས་ཀྱི་ལྷ་མོ་ཞིག་གི་ཚུལ་དུ།
བདག་ཁོ་ནའི་འཇིག་རྟེན་དུ་བབས་ཤིང་བདག་ཁོ་ནའི་འཇིག་རྟེན་དུ་ལྷོད་ཀྱིས་ཐིམ་དུས།
ངས་རང་ཉིད་གནམ་འོག་འདིའི་བརྩེ་དུང་གི་རྒྱལ་སྲས་ཡིན་པའི་ངེས་ཤེས་ཐོག་མར་རྙེད་སོང་ལ།
ངས་ཚེ་སྲོག་གི་གཏིང་མཐར་བཞད་པའི་མཛའ་དུངས་ཀྱི་མཛེས་སྡུག་ཐོག་མར་མཐོང་བྱུང་ཨང་།
དྭངས་གཙང་དང་ལྷིང་འཇགས་འཁྱིལ་བའི་མཚན་མོ་རེ་རེར།
ཟླ་འོད་དང་སེམས་པ་མཉམ་དུ་བཞུར་བའི་ཞི་འཇགས་ཀྱི་སྒེའུ་ཁུང་འགྲམ་དུ།
ཁྱེད་ཀྱི་གསལ་ལ་མི་གསལ་བའི་ཀོ་རི་ཡའི་སྣ་གླུ་ཐུང་ཐུང་དེ་དག་དང་།
ད་དུང་ཁྱེད་ཀྱི་དག་ལ་མི་དག་པའི་བོད་སྐད་ད་མ་དིག་དེས།
ཐེངས་ག་ཚོད་ཅིག་ལ་བདག་གི་ཡོད་ཚད་བཟི་རུ་བཅུག་མྱོང་བ་ཁྱེད་ཁོ་ནས་ཤེས་ཨང་།
ཁྲེལ་གཞུང་ཅན་གྱི་རྒྱང་རིང་ཀོ་རི་ཡའི་བུ་མོ་ལགས།
གཟའ་མཇུག་གི་གུང་གསེང་རེ་རེ་དབུགས་དབྱུང་ཞིག་གི་ཚུལ་དུ་སླེབས་དུས།
རོལ་དབྱངས་དང་གློག་འོད་མཉམ་དུ་བཞུར་བའི་ཆང་ཁང་དེ་དག་ཏུ།
ཁྱེད་རང་སུ་ལའང་སྨོན་མི་དགོས་པའི་བུད་མེད་གཞོན་ནུ་མ་ཞིག་གི་ཚུལ་གྱིས།
བདག་གི་དཔུང་པར་འཇུས་ཤིང་བདག་གི་ཕྲག་པར་བསྙེས་ནས་ཐེངས་མང་བསྐྱོད་མྱོང་ཨང་།
སྐབས་དེ་དག་ཏུ། ཏག་ཏག་མཉམ་འཛོམས་ཀྱི་སྐབས་དེ་དག་ཏུ།
ངེད་གཉིས་ཀྱི་འཇིག་རྟེན་ཡོད་ཚད་འཛུམ་མདངས་དང་དགོད་སྒྲ་ཡིན་ལ།
ངེད་གཉིས་ཀྱི་འཇིག་རྟེན་ཡོད་ཚད་དུངས་སེམས་དང་མཉེས་གཤིན་ཁོ་ན་ཡིན།
ལས་དབང་ལ་གདོང་གཏད་དགོས་པའི་མཐའ་མཇུག་གི་མཚན་མོ་དེར།
སྨྲ་བ་མེད་ཅིང་དབུགས་རིང་མང་བའི་གནམ་གྲུའི་འབབ་ཚིགས་དེར།
མིག་ཆུས་ཡོངས་སུ་ཁེངས་པའི་ཁྱེད་ཀྱི་འཁྲེང་ཞེན་གྱི་མིག་མདངས་དེ་དང་།
ཅི་ཞིག་གིས་བསྣངས་པའི་ཁྱེད་ཀྱི་སྨྲ་བརྗོད་ལ་ག་ལེར་སེམས་པ་གླན་དུས།
བདག་གི་འཇིག་རྟེན་ཡོད་ཚད་བརྩེ་དུང་གིས་ཤིག་ཤིག་འདར་བྱུང་ཨང་།
མིག་ཆུ་དང་ཁ་བཏགས་ཁྲོད་ནས་བཞུད་ཟིན་པའི་ཀོ་རི་ཡའི་བུ་མོ་ལགས།
༢༣/༠༧/༢༠༡༡
གྲྭ་ལོག་ནི་གྲྭ་ལོག་རང་རེད། བུ་མོ་དགའ་སྟངས་མི་ཤེས་མཁན་ཞིག་རེད་འདུག གྲྭ་བ་ལོག་ནས་བུ་མོ་གཅིག་ཐུག་པ་དེ་ཡང་སྐད་གྲགས་ལུང་པར་བསྒྲགས་སོང།
དོན་གྲུབ་ལགས་བདེན། གྲྭ་ལོག་འདི་ཚོར་ནམ་ཡང་ན་ཟུག་འདི་ལས་མེད། རྩོམ་ཁྱོག་རེ་འབྲི་སྐབས་བུ་མོ་མ་གཏོགས་བརྗོད་བྱ་གཞན་མེད་སོང་པ་འདྲ།
སྤྱིར་བཏང་ཡག་པོ་བྲིས་འདུག དགའ་བསུ་ཞུ་རྒྱུ་མ་འདས། ད་དུང་འདི་འདྲ་རྩོམ་ཡིག་སྤེལ་ཐུབ་ན་གཞོན་སྐྱེས་ལྟ་བཞིན་འདུག དེ་ནི་བོད་ཡིག་ཡར་རྒྱས་སུ་བསྐྱོད་རྒྱུ་ལ་ཕན་པ་ཆེན་པོ་འདུག
སྙན་ངག་ཡག་པོ་འདུག
སྙན་ཚིག་གི་དྲི་བསུང་འཐུལ། བརྩེ་དུང་གི་རོ་ཉམས་ལྡན། ཕོ་རྒོད་པོ་ཞིག་གི་སྣང་ཚུལ་ངོ་མ་བྲིས་འདུག །ཡིན་ཡང་གལ་ཆེན་པོ་ཅང་མ་རེད། ན་ཟུག་ཞིག་ལས་མི་འདུག།
གྲྭ་ལོག་ཅིག་ཡིན་པ་ཕལ་ཆེར་བདེན་ཤས་ཆེ་ཡང་། བུད་མེད་གཅིག་ལས་རེག་མེད་པ་དོན་གྲུབ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།
ཡུན་རིང་ཞིག་ལ་གསར་བུའི་སྣང་བ་དེ་བརྗེད་སོང་བ་བཞིན། བུ་མོ་ཚོ་གླེང་རྒྱུ་ཕར་ཞོག ལྟ་རྒྱུའང་བརྗེད་འགྲོ་བའི་སྐབས་ཤིག་ཏུ། སྙན་ངག་འདིས་རང་གི་ཁ་སང་ལ་ཐེངས་གཅིག་ཁྲིད་སོང་།
ད་དུང་སྣ་གླུ་ཐན་ཐུན་དང་བོད་སྐད་ད་མ་དིག་ཟེར་སྐབས། མིག་ངོར་གཟུགས་བརྙན་འདྲ་ཞིག་འཆར་འོང་གི་འདུག སྤྱིར་བུད་མེད་འདི་སྐྱེས་བ་ཚོ་ལས་གསང་བ་ཤིན་ལྐོག་གི་སེམས་ཅན་ཞིག་ཡིན་ནའང་། འུ་ཚོའི་འཚོ་གནས་དང་འབྲེལ་བའི་མཛའ་འབྲེལ་གྱི་ངོས་ནས་བཤད་ན། སྙན་ངག་འདིས་ཅང་མི་རེག་མཁན་རྣམས་ཧེབ་ལངས་སུ་འཇུག་ཐུབ་ཀི་རེད་ལ། ད་དུང་ཁ་ལོག་ཀྱང་རྒྱག་འཇུག་ཐུབ་ཀི་རེད།
གང་ལྟར་འདི་སྙན་ངག་ཅིག་རེད་ཅེས་ངས་སྐད་ཆེན་པོས་བཤད་རྒྱུ་ཡིན། འོ། ཡིན་ནའང་། འདི་ཚིག་བཅད་དམ་དུམ་རེ་འཐམས་ནས་སྡོད་མཁན་ཚོས་འབྲི་བའི་སྙན་ངག་ཟེར་བ་དེ་དང་གཅིག་པ་མིན།
རྒྱལ་སྤྱིའི་རྩོམ་རིག་རིག་པར་སྦྱང་མྱོང་མཁན་ཞིག་ཡིན་ཚེ་གཞི་ནས་རྩོམ་རིག་གི་བརྗོད་གཞི་ལ་ཚད་མེད་ཅིང་བུད་མེད་ནི་སྙན་ངག་པ་གཤའ་མ་ཤིག་ལ་མཚོན་ན་མེད་དུ་མི་རུང་པའི་བརྗོད་བྱ་ཞིག་ཡིན་པའང་ཤེས་ངེས། སྦྲ་རིགས་ལགས་ཀྱང་ལྡི་ལི་གཙུག་ལག་སློབ་གླིང་དུ་ཡོད་པར་བརྟེན་གནས་ལུགས་དེ་རྟོགས་པ་ཡིན་སྲིད།
གྲ་ལོག་ཡིན་ནའང་རེད་བུ་མོར་དགའ་ཤེས་ན་རེད་མ་ཤེས་རེད་གཞོན་སྐྱེས་དག་གི་ཡིད་ངོར་འཆར་བདེ་
བའི་རྩོམ་ཡིག་ཞིག་འདུག་ འོང་ཏང་འཕངས་བ་ཞིག་ལ་སྐད་གཅིག་གི་བདེ་སྐྱིད་ཙམ་ལས་མཐར་ཐུག་
བུ་མོ་དེ་ཁ་བཏགས་གཡོགས་རྒྱུ་ལས་ཚེ་གཅིག་མཉམ་དུ་འགྲོ་བའི་གོ་སྐབས་བཟང་པོ་དེ་ཤོར་བ་རེད།
ཡང་ཡང་འཇིག་རྟེན་འཚོ་བའི་ཐོག་གི་རྣམ་མང་མཛངས་མ་ཅི་དང་ཅིའི།།འཇམ་འཇམ་ལུས་དེར་མ་འཛེགས་བསམ་ཡང་འཛེགས་པར་ཐལ་བའི་དྲན་འཆར་འགའ།།སྙན་སྙན་ཚིག་སྦྱོར་དབྱངས་དང་སྦྲག་ཏེ་དེང་འདིར་འཆད་འདོད་བདག་ལ་སྐྱེས།།མཛེས་མཛེས་དབྱངས་ཅན་བདག་གི་གསང་གྲོགས་འཁྱུད་ནས་མ་བཞུགས་རམ་སྐྱོར་མཛོད།།དོན་ཆེན་ཡིན་ལ་དོན་ཡང་ཆུང་ཞིང་རན་ཐང་ལྡན་ལ་གོང་ཡང་ཆུང་།།སྨན་མཆོག་ཡིན་ལ་དུག་ཀྱང་ཡིན་ཞིང་བདེ་སྐྱིད་ཡིན་ལ་སྡུག་བསྔལ་ཡིན།།ཤིན་ཏུ་འབེལ་ལ་རྙེད་པར་དཀའ་ཞིང་ཡོད་ན་མཆོག་ལ་མེད་ནའང་འགྲིགས།།བཤད་པར་སླ་ཞིང་དཔྱད་པར་དཀའ་བའི་བརྩེ་དུང་གཏིང་མཐའ་སུ་ཡིས་དཔོག།འབྲུག་པ་ཀུན་ལེགས་ལྟར་མིན་ལ།།
བོང་བུར་ལབ་དོང་རྙེད་འདྲའང་མིན།།ཁྱེད་དང་མཚུངས་པ་དེ་བས་མིན།།འོན་ཀྱང་རྣམ་སྨིན་འབྲས་བུ་ཡིས།།མཛངས་མ་གཅིག་རྗེས་གཉིས་མཐུད་ངང་།།མ་བོས་མགྲོན་དུ་རིམ་གྱིས་འཁོར།།སྐབས་འགར་གཉིས་གསུམ་ལྷན་འཛོམས་ཏེ།།ཕན་ཚུན་མི་སྨྲའི་རྟུལ་ཞུགས་འཛིན།།དེ་དག་དངུལ་གྱིས་བཀུག་མིན་ལ།།སྤྲེལ་ལད་བཤད་ནས་སླུས་པའང་མིན།།དེང་གི་དབྱིན་མོའི་རྗེས་འབྲངས་མཁན།།ཁྱི་སྨྱོན་ལྟ་བུ་མ་ཡིན་ལ།།ཆོལ་ནས་ཁྱིམ་པ་སུན་འབྱིན་ལས།།ཇི་མི་སྙམ་པར་གསོག་མཁནའང་མིན།།དཀར་ནག་ལས་འབྲས་དཔང་བཙུགས་ཏེ།།འདོད་ཁམས་བདེ་བར་ཡང་ཡང་རོལ།།དེ་དག་ཚེ་སྟོད་ལང་ཚོས་སོ།།
བསྟན་འཛིན་འོད་ཟེར་ལགས། རྒྱལ་སྤྱིའི་རྩོམ་རིག་ཅེས་པ་གང་འདྲ་ཞིག་ལ་གོ་དགོས། ངས་ཀྱང་Shakespeare སྐབས་དང་དེ་བཞིན་དེང་རབས་ནུས་ཕྱོགས་རྩོམ་རིག་སོགས་ལ་སློབ་སྦྱོང་ཅུང་བྱས་པ་ཡིན་ལ། བུད་མེད་དང་བརྩེ་དུང་གི་སྙན་ངག་འབྲི་མཁན་སྔོན་བྱུང་སྙག་ངག་པ་ཡང་ཡོད་པ་བདེན། འོན་ཀྱང་། ཁྱེད་ཀྱིས་བཤད་པ་ལྟར་རྒྱལ་སྤྱིའི་རྩོམ་རིག་ཅེས་པ་བུད་མེད་དང་བརྩེ་དུང་སྐོར་འབྲི་ཐབས་ཀྱི་རྩོམ་གཞུང་ཞིག་ཡིན་པར་གོ་བ་ནི་དངོས་ནས་སྙིང་རྗེའི་ཡུལ་རང་རེད།
གྲྭ་ལོག་འདི་དག་ལ་ནམ་ཡང་བཤད་རྒྱུ་དེ་ལས་མེད། བལྟས་ཡོང་ན་བསྟན་འཛིན་འོད་ཟེར་ཡང་གྲ་ལོག་ཞིག་ཡིན་པ་འདྲ། Jhon Kits ལྟ་བུར་མཚོན་ན་ནུབ་ཕྱོགས་སྙན་ངག་པའི་དཔུང་སྡེའི་ཁྲོད་ཀྱི་ལོ་ན་གཞོན་ཤོས་དང་བརྩེ་དུང་གི་སྙན་ངག་པ་འབུར་དུ་ཐོབ་པ་ཞིག་ཡིན་མོད། བོད་ཀྱི་གྲྭ་ལོག་ཚོའི་བརྩེ་དུང་སྐོར་གྱི་སྙན་ངག་དང་བསྡུར་ཐབས་མེད།
བོད་ཀྱི་རྩོམ་རིག་དང་སྙན་ངག་ཁྲོད་བུད་མེད་དང་བརྩེ་དུང་འབྲི་མཁན་མང་ཤོས་གྲྭ་ལོག་ཚོ་ཆགས་ཡོད། ཕལ་ཆེར་དགོན་པ་གྲྭ་ཚང་ནང་རྒྱལ་སྤྱིའི་རྩོམ་རིག་ཁྲིད་རྒྱུ་ཡོད་པ་འདྲ། ཧཧཧཧ།
གྲྭ་བ་ལོག་ནས་ལྟ་བ་མ་ལོག་མཁན་ལ་གྲྭ་ཟུར་ཞེས་འབོད་ན་འགྲིག་གི
རེད་རེད། དེ་ཁོང་ཚོར་ཁག་འགེལ་ས་ཡག་པོ་ཞིག་རེད་འདུག ཧཧཧ།
གྲྭ་ལོག་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། སྟི་ཞིག་ཡོད་ན་འགྲིག་གི་ཡོད་པ་དེ་རེད།
གྲྭ་ཟུར་ཞེས་བརྗོད་ན་ཟུར་སྣེའམ་གྲུ་ལྟ་བུར་གོ་དགོས། རང་སྟེང་གི་སོ་ཐར་སྡོམ་པ་ཕུད་ནས་བན་ལོག་གམ་སྐྱ་བབས་པའི་གྲྭ་པ་ཞིག་ལ་གྲྭ་ལོག་ཟེར་། དཔེར་ན་མཁན་ཟུར་དང་། དབུ་ཟུར་། བཀའ་ཟུར་། སྤྱི་ཟུར་ལྟ་བུ་ནི་རང་རང་གི་ལས་གནས་ནས་འཕོས་པ་ཞིག་ལ་ཟེར་། དེ་མིན་བླ་མ་ལོག་ན་བླ་ཟུར་ཞེས་འབོད་དགོས་སམ། སྐྱག་པས་རྐུབ་སྟེགས་པ་འདྲ་ཞིག་འདུག། ཁ་རྒྱུན་ལ། བླ་མ་ལོག་ན་མཛད་པ། མཁན་པོ་ལོག་ན་བར་ཆད་། གྲྭ་རྐྱང་ལོག་ན་ལྟས་ངན་ཟེར་།
སྐུ་ཞབས་གསེར་འབྲུག་སྡེར་ལྔ་ལགས།
གྲཱ་ཟུར་དང་གྲུ་ཟུར་གཉིས་མཉམ་དུ་བསྲེས་ན་ཉ་དང་ཉུང་མཉམ་སྲེས་ཟེར་གྱི་ཡོད་པ་རེད།བཀའ་ཁྲི་་སྔོན་མ་ལ་ཁྲི་ཟུར་དང་མཁན་པོ་ཁྲི་ལས་བཤོལ་བ་སོགས་ལ་མཁན་ཟུར་རིན་པོ་ཆེ་ཞེས་སོགས་གསུངས་པ་ནི་ཡུལ་ཕ་རོལ་པོར་གུས་ཞབས་ཀྱི་རྣམ་པ་དང་བཅས་འབོད་སྲོལ་ཞིག་ཏེ།གཞན་དུ་ན་སྤྲང་སྐད་དམ་ཡང་ན་མ་རབ་ཀྱི་སྐད་ངན་འདོན་བཞིན་འབོད་ནའང་ཁྱེད་ལ་ཕན་ན་ཆོག་པ་ཡིན།སྤྱིར་བཏང་བྱས་ན་དམག་རྒྱབ་ས་ལ་ཕྱིན་པ་དང་མ་པྱིན་པ་གཉིས་སུ་གཟི་བརྗིད་ཆེ་བ་ཡོད་དམ།དེ་སྔོན་དྲཱ་གྲོགས་མང་པོས་ལུང་ཚད་ལྡན་མང་པོ་མདོ་དང་བསྟན་བཅོས་ཁག་ནས་དྲངས་པ་ལྟར་ཡིན་པས་དགོས་པ་དམིགས་གསལ་ཅན་མེད་ན་ཡིན་གཅིག་གྲ་ལོག་དང་ཨ་ལོག་སོགས་འབོད་ན་རང་ཉིད་ཀྱི་སེམས་ཁམས་མཚོན་པ་ཙམ་ལས་གཞན་གང་ཡང་མེད།ཡང་སྤྱི་ཆོགས་ཁྲོད་གྲཱ་ཟུར་རམ་གྲཱ་ལོག་རྣམ་པས་རང་གི་མི་རིགས་ལ་ཞབས་འདེགས་རྣམ་པ་སྣ་ཚོགས་ཞུས་ཡོད་པ་ཞིབ་ཏུ་དཔྱད་ན་མཁྱེན་ངེས་ཡིན་ནོ།།
སྐུ་ཞབས་སྣྲོན་ངག་ལགས།
གྲྭ་ཟུར་ཞེས་པའི་མིང་ཚིག་འདིའི་གོ་དོན་ནི། ཟུརསྣེའམ་གྲུ་ཟུར་ལ་གོ་དགོས་པ་ལས་ཉ་ཉུང་བསྲེས་ནས་ཅི་ཕན། ཁྲི་ཟུར་ལ་སོགས་པ་ནི་ལས་གནས་ལས་འཕོས་པ་ཞིག་ལ་ཟེར་ཞེས་གོང་དུ་ཞུས་ཚར་། གཞན་དུ་ན་སྤྲང་སྐད་དང་སྨོད་ཚིག་སོགས་ནི་མ་ཡིན་ཏེ། རང་སྟེང་གི་སོར་སྡོམ་ཕུད་ཚར་ནས་སྐྱ་ལོག་པའིགང་ཟག་ཞིག་ལ་གནའ་སྔ་མོ་ནས་གྲྭ་ལོག་ཞེས་ཡོངས་གྲགས་ཡིན་པས་ཕྱིར་། དམག་རྒྱབ་སར་ཕྱིན་ནས་རྒྱལ་ཁ་ལོན་ན་དཔའ་བོ་རེད་ལ་གཟི་བརྗིད་ཡང་རེད། ཕམ་ཉེས་བྱུང་བ་དང་མགོ་བཏགས་ཞུས་པ་སོགས་ནི་སྐྱག་པ་ཟ་ཁར་ཕྱིན་པ་དང་གཉིས་སུ་མ་མཆིས་པས་མ་ཕྱིན་ན་དགའ་གི་རེད། དེ་ནི་འབྲེལ་མེད་དོན་གཞན་རང་རེད་འདུག། མདོ་དང་བསྟན་བཅོས་གང་དུ་ཡང་གྲྭ་ལོག་ལ་གྲྭ་ཟུར་འབོད་དགོས་ཞེས་མདོ་དང་བསྟན་བཅོས་གང་དུ་འདུག། གལ་སྲིད་ཡོད་པའི་དབང་དུ་བཏང་ན་ཡང་ཡོངས་གྲགས་མ་ཡིན་ཏེ། དཔེར་ན་དགེ་སྦྱོང་གོའོ་ཏཱ་མས་འཇིག་རྟེན་འདི་གོང་བུའམ་རིལ་རིལ་སྤོ་ལོའི་དབྱིབས་ཅན་ཡིན་པ་མཁྱེན་ངེས་ཀྱང་། ཡོངས་གྲགས་ལ་འཇིག་རྟེན་ལེབ་ལེབ་ལ་ངོས་འཛིན་པར་རྟེན་། ཡོངས་གྲགས་ལ་སོང་བས་སྟོན་པས་རྫུ་འཕྲུལ་གྱིས་དངོས་སུ་བསྟན་ན་ཡང་གོའོ་ཏཱ་མའི་ཆོ་འཕྲུལ་རེད་ཟེར་བ་ལས་ཡིད་ཆེས་བྱེད་མཁན་མེད་ངེས་པས། གོའོ་ཏཱ་མས་ཀྱང་འཇིག་རྟེན་ལེབ་ལེབ་ཡིན་པ་གསུངས་པས་ཕྱིར་། ངེད་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གྲྭ་པ་དང་གྲྭ་ལོག་གིས་མི་རིགས་ལ་ཞབས་འདེགས་ཞུ་མཁན་ཡང་འདུག། ཞབས་འདྲེན་ཞུ་མཁན་ཡང་འདུག། སྐྱ་བོའི་ནང་ལ་ཡང་དེ་མཚུངས་རེད་ལགས།
འོ་ན་། ཁྱེད་ལ་གུས་བཀུར་འདོད་ན་། གྲྭ་ལོག་རིན་པོ་ཆེ། གྲྭ་ལོག་ལགས་ཞུས་ན་གང་འདྲ་འདུག།
མ་གཞི་གུས་བཀུར་ཞུ་དགོས་མིན་ནི་སྐུ་ཉིད་ཀྱིས་གནང་སྟངས་ལ་རག་ལུས་ཡོད།
གྲ་ལོག་བན་ལོག་གང་ཡིན་ཡང།། དེ་ནི་སྐབས་འདིར་འབྲེལ་མེད་ཡིན།།
བརྩེ་དུང་རོ་བཅུད་ལྡན་པ་ཡིན།། སྙན་ངག་འདི་ནི་སྲོག་ལྡན་ཡིན།།
ད་མང་པོ་མ་བཤད། ཀིརྟི་སྐྱབས་ཀྱིས་བཤད་པ་ལ་གོ་རྒྱུ་འདུག གྲྭ་ལོག་ཡིན་ན་འདྲ། བན་ལོག་ཡིན་ན་འདྲ། སྐྱ་བོ་ཡིན་ན་འདྲ། ཁ་འཇམ་ཡིན་ན་འདྲ། ཁོག་རུལ་ཡིན་ན་འདྲ། ཁ་ནས་རྣམ་པར་དག་ཁུལ་ཤོད་ཁ་བྱེད་རེད་མ་གཏོགས། ཁོག་ན་ཁྱབ་བྱེད་ཉོན་མོངས་པའི་རྩུབ་རླུང་གིས་བལྟམས་པ་གཅིག་མཚུངས་རེད། ད་ལན་ང་ཚོས་ཁོང་གི་རྐང་འདྲེན་མི་བྱེད། ཁོང་གི་རོ་བཅུད་དང་ལྡན་པའི་སྙན་ཚིག་གི་བྲོ་བ་ལ་ལོངས་སུ་སྤྱོད་ན་དེ་དགའ་ལེ་མ་རེད་པས། སངས་རྒྱས་དཀོན་མཆོག་ཕར་ཕུད། དེ་མིན་སྐྱོན་མེད་མཁན་སུ་ཞིག་ཡོད། སྐྱོན་བརྗོད་བྱེད་ན་རྫོགས་མཐའ་ཡོད་པ་མ་རེད་དོ། སྐྱོན་བརྗོད་བྱེད་མཁན་དེ་རིགས་ཀྱང། ཀུན་མཁྱེན་ཡེ་ཤེས་ཀྱིས་གཟིགས་ཚེ། སྐྱག་དྲི་ཕལ་ལེ་མ་ཡིན་པའི་ངེས་པ་ཅི་ཞིག་ཡོད། མི་ཡི་རི་མ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད། ཅེས་པའི་གནའ་རབ་བོད་ཀྱི་གཏམ་དཔེ་བཤད་སྲོལ་དེ་འདྲ་ཆགས་པོ་ཞེ་དྲག་ཡོད་རེད། སུས་ཤེས། who know kon jane
བཀྲ་ཤིས་བདེ་ལེགས།
སྐུ་ཞབས་གསེར་སྡེ་ལགས།
ངས་ཁྱེད་ལ་སྙན་ངག་ལམ་ནས་མགོ་མཚུངས་ཀྱི་དཔེ་མཚོན་གོ་བདེར་བསྟན་པ་དེ་རྣམས་ཁྱེད་ཀྱི་ངོར་བོང་བུ་རྣ་བར་གསེར་བླུགས་པ་ལས་མ་འདས་པ་བློ་ཕམ་ཆེ།
དཔེ་དོན་རགས་པ་འདི་ཙམ་ཡང་མ་གོ་བ་གང་གིས་ལན་ནམ།
སླར་ཡང་སྙན་ངག་གི་ལམ་ནས་ཁྱེད་ཀྱི་མཆན་མཐའ་མ་ལ་ཉ་ཉུང་མཉམ་བསྲེས་དང་ཞ་ཱདཔེ་ལྷམ་འགེབས་ཀྱི་སྐྱོན་འདི་ལྟར་མཆིས་ཏེ་སེམས་རྣལ་དུ་ཕབ་ནས་ཡག་པོ་ཉོན་ཨང་།
བོད་ཀྱི་བུད་མེད་སྤྲུལ་སྐུའི་ཡང་སྲིད་སྙན་གྲགས་ཅན་བསམ་སྡིངས་རྡོ་རྗེ་འཕགས་མོ་བདེ་ཆེན་ཆོས་སྒྲོན་
སོགས་བཙུན་མ་ཟུར་པ་རྣམས་ཆོས་ཅན།་་་་་་་་་་་་གྲཱ་ལོག་ཡིན་པར་ཐལ་་་་་་་་་་་རང་གི་སོར་སྡོམ་ཕུད་ཚར་
ནས་སྐྱ་ལོག་པའི་གང་ཟག་ཡིན་པའི་ཕྱིར།་་་་་་་་་་རྟགས་ཁྱབ་ཁས་་་་་་་ཞེས་རང་གརམ་རང་ལ་འཕངས་ན་
ལན་ཅི་ཡོད་ཞིབ་ཏུ་སོམས་ཤིག
དེ་མིན་གཏམ་གྱི་གོ་བ་མ་ལོན་རང་མདོགས་མ་སྟོན་ཅིག
ཧཧཧཧཧ།
ལན་མེད་པར་མ་བྱས་སམ།ཁ་སྤུ་ཐོག་པའི་ལས་ལ་བྲེལ་བར་མ་གྱུར་ཏམ།
སྐུ་ཞབས་གསེར་སྡེ་ལགས།
ངས་ཁྱེད་ལ་སྙན་ངག་ལམ་ནས་མགོ་མཚུངས་ཀྱི་དཔེ་མཚོན་གོ་བདེར་བསྟན་པ་དེ་རྣམས་ཁྱེད་ཀྱི་ངོར་བོང་བུ་རྣ་བར་གསེར་བླུགས་པ་ལས་མ་འདས་པ་བློ་ཕམ་ཆེ།
དཔེ་དོན་རགས་པ་འདི་ཙམ་ཡང་མ་གོ་བ་གང་གིས་ལན་ནམ།
སླར་ཡང་སྙན་ངག་གི་ལམ་ནས་ཁྱེད་ཀྱི་མཆན་མཐའ་མ་ལ་ཉ་ཉུང་མཉམ་བསྲེས་དང་ཞ་ཱདཔེ་ལྷམ་འགེབས་ཀྱི་སྐྱོན་འདི་ལྟར་མཆིས་ཏེ་སེམས་རྣལ་དུ་ཕབ་ནས་ཡག་པོ་ཉོན་ཨང་།
བོད་ཀྱི་བུད་མེད་སྤྲུལ་སྐུའི་ཡང་སྲིད་སྙན་གྲགས་ཅན་བསམ་སྡིངས་རྡོ་རྗེ་འཕགས་མོ་བདེ་ཆེན་ཆོས་སྒྲོན་
སོགས་བཙུན་མ་ཟུར་པ་རྣམས་ཆོས་ཅན།་་་་་་་་་་་་གྲཱ་ལོག་ཡིན་པར་ཐལ་་་་་་་་་་་རང་གི་སོར་སྡོམ་ཕུད་ཚར་
ནས་སྐྱ་ལོག་པའི་གང་ཟག་ཡིན་པའི་ཕྱིར།་་་་་་་་་་རྟགས་ཁྱབ་ཁས་་་་་་་ཞེས་རང་རང་ལ་འཕངས་ན་
ལན་ཅི་ཡོད་ཞིབ་ཏུ་སོམས་ཤིག
དེ་མིན་གཏམ་གྱི་གོ་བ་མ་ལོན་རང་མདོགས་མ་སྟོན་ཅིག
ཧཧཧཧཧ།
ལན་མེད་པར་མ་བྱས་སམ།ཁ་སྤུ་ཐོག་པའི་ལས་ལ་བྲེལ་བར་མ་གྱུར་ཏམ།
སྐུ་ཞབས་གསེར་སྡེ་ལགས།
ངས་ཁྱེད་ལ་སྙན་ངག་ལམ་ནས་མགོ་མཚུངས་ཀྱི་དཔེ་མཚོན་གོ་བདེར་བསྟན་པ་དེ་རྣམས་ཁྱེད་ཀྱི་ངོར་བོང་བུ་རྣ་བར་གསེར་བླུགས་པ་ལས་མ་འདས་པ་བློ་ཕམ་ཆེ།
དཔེ་དོན་རགས་པ་འདི་ཙམ་ཡང་མ་གོ་བ་གང་གིས་ལན་ནམ།
སླར་ཡང་སྙན་ངག་གི་ལམ་ནས་ཁྱེད་ཀྱི་མཆན་མཐའ་མ་ལ་ཉ་ཉུང་མཉམ་བསྲེས་དང་ཞ་ཱདཔེ་ལྷམ་འགེབས་ཀྱི་སྐྱོན་འདི་ལྟར་མཆིས་ཏེ་སེམས་རྣལ་དུ་ཕབ་ནས་ཡག་པོ་ཉོན་ཨང་།
བོད་ཀྱི་བུད་མེད་སྤྲུལ་སྐུའི་ཡང་སྲིད་སྙན་གྲགས་ཅན་བསམ་སྡིངས་རྡོ་རྗེ་འཕགས་མོ་བདེ་ཆེན་ཆོས་སྒྲོན་
སོགས་བཙུན་མ་ཟུར་པ་རྣམས་ཆོས་ཅན།་་་་་་་་་་་་གྲཱ་ལོག་ཡིན་པར་ཐལ་་་་་་་་་་་རང་གི་སོར་སྡོམ་ཕུད་ཚར་
ནས་སྐྱ་ལོག་པའི་གང་ཟག་ཡིན་པའི་ཕྱིར།་་་་་་་་་་རྟགས་ཁྱབ་ཁས་་་་་་་ཞེས་རང་གཏམ་རང་ལ་འཕངས་ན་
ལན་ཅི་ཡོད་ཞིབ་ཏུ་སོམས་ཤིག
དེ་མིན་གཏམ་གྱི་གོ་བ་མ་ལོན་རང་མདོགས་མ་སྟོན་ཅིག
ཧཧཧཧཧ།
ལན་མེད་པར་མ་བྱས་སམ།ཁ་སྤུ་ཐོག་པའི་ལས་ལ་བྲེལ་བར་མ་གྱུར་ཏམ།