ཟླ་འདིའི་ཕྱི་ཚེས་ ༦ ཉིན་གཞོན་ནུའི་འགྱུར་ཁུགས་རྩོམ་སྒྲིག་ཚན་ཆུང་གིས་བསྒྲུབས་པའི་གཞོན་ནུའི་འགྱུར་ཁུགས་ཀྱི་དམིགས་བསལ་འདོན་ཐེངས་ཚགས་པར་ཐོག་མ་དཔར་བསྐྲུན་འགྲེམས་སྤེལ་བྱས། ད་ལྟ་ཚགས་ཤོག་འདི་ལྷོ་ཕྱོགས་སྦེལ་ཀོབ་དང་ལྡི་ལི། ངྷ་སའི་གཡས་གཡོན་སོགས་སུ་འགྲེམས་སྤེལ་བྱེད་ཀྱིན་པ་ཡིན་ལ། ཐག་རིང་ཐུང་གི་གཏམ་ལ་ཉན་ན་ཚགས་ཤོག་འདི་ལ་མི་མང་བོས་དོ་སྣང་དང་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག་སྐད།
ད་དུང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བྱེས་སྐྱེས་བོད་ཡིག་ལ་དེ་ཙམ་དོ་སྣང་མེད་མཁན་དང་། ནམ་རྒྱུན་བོད་སྐད་ཡིག་སྟེང་གི་གྲགས་ཅན་ཚགས་ཤོག་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། སྤྱི་ཚོགས་མེ་ལོང་ལྟ་བུ་མི་ཀློག་མཁན་གྱི་སློབ་མ་དག་གིས་ཀྱང་། ཚགས་པར་འདི་ཉོས་ཏེ་འཛིན་གྲྭའི་སྐབས་སུ་ཀློག་དེབ་ཀྱི་བར་དུ་བཅུག་སྟེ་ལྟ་ཀློག་བྱེད་ཀྱིན་པར་མ་ཟད། ཚགས་པར་འདི་དང་འབྲེལ་བའི་དྲ་བ་ཞིག་ཡོད་པར་ལྟ་འདུན་ཡོད་སྐོར་བརྗོད་ཀྱིན་འདུག་ཅེས་གྲོགས་པོ་ཞིག་གིས་ཟེར་ལ། ཁོང་ཚོར་འདིའི་སྐོར་ནང་སྒྲུང་གཏམ་སྙིང་རྗེ་མོ་དེ་འདྲ་ཡང་བཤད་ཀྱིན་འདུག
དེ་ནི་མཐར་གཏུགས་ན་དགེ་ཆོས་ཀྱིས་སྤྲང་བོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད། །ལྟོགས་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས། །ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་། །ཀུན་གྱིས་སེམས་ནས་དགའ་ས་འདི་ཉིད་ཡིན། ། གསུངས་པ་ལྟར། ཀུན་གྱིས་ཁ་ནས་སྨོད་པ་འདི་ཡིན་ཀྱང་། ཀུན་གྱིས་སེམས་ནས་དགའ་ས་འདི་ཉིད་རང་ཡིན་པས་ད་གཟོད་མཇེ་དང་སྟུའི་སྐོར་གྱི་ཚགས་པར་སྟེ། གཞོན་ནུའི་འགྱུར་ཁུགས་ཀྱི་དམིགས་བསལ་འདོན་ཐེངས་ཚགས་པར་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།
ཐེངས་འདིའི་གཞོན་ནུའི་འགྱུར་ཁུགས་ཚགས་ཤོག་ཏུ་འདྲེ་ལྡག་གི་རྩོམ་ཡིག་ “ཁྱེད་ཀྱི་མཇེ་ནི་དངོས་གནས་ཚ་བོ་འདུག ག་རེ་ཡིན་ནམ།” དང་། གསལ་ལེ་རྒྱལ་གྱི་ “སྒྲོལ་མའི་བསྟོད་པ།” འབའ་སྲས་ཀྱི་ “འདོད་གཏམ་ལག་ལེན་གྱི་སློབ་ཁྲིད།” ཐོར་རྒོད་པ་སྤྱན་ཆབ་ཀྱི་ “གློག་སྒྲོན་སྤར་རོགས།” མེ་ཏོག་དཀར་པོའི་ “མ་མཐོང་དགུ་མཐོང་།” ཨ་རིག་འགྱུར་མེད་ཀྱི་ “བོན་རྒྱའི་གྲྭ་ལོག་ལ་བྲིས་པའི་སྟུ་རྩོམ།” སེང་རྡོར་གྱི་ “སྨད་འཚོང་མའི་ཐད་ཀྱི་སྐད་ཆ་དགུ་ཟུར་མ།” སོགས་མཇེ་དང་སྟུའི་སྐོར་གྱི་རྩོམ་ཡིག་ཁག་ཅིག་དང་། རྩོམ་སྒྲིག་པས་བཙན་བྱོལ་གྱི་གསར་འགོད་པ་དག་གི་ཆེད་དུ་བྲིས་པའི་དངོས་བྲིས་གསར་འགྱུར་ “གངས་སྐྱིད་དུ་གཞུང་ཞབས་བུད་མེད་ཀྱི་སྤོ་ལོ་འགྲན་བསྡུར།” རྩོམ་སྒྲིག་ལས་རོགས་འབྲོང་བུ་ཟླ་བ་ལགས་ཀྱིས་རྒྱ་གར་ཆང་ས་དྲ་བ་ལས་བོད་བསྒྱུར་བྱས་པའི་ “ཆང་ས་དྲ་བས་ངེད་གཉིས་ཐུག་ཏུ་བཅུག་སོང་།” ཞེས་པའི་བརྗོད་གཞིའི་འོག་རྩོམ་ཐུང་བཞི་ཙམ་བཀོད་པར་མ་ཟད། ཟླ་ ༤ ཚེས་ ༢༠ ཉིན་ཤར་གཏོང་བྱས་པའི་ངེད་དྲ་བར་ཀློག་མཁན་ ༣༡ ཙམ་གྱིས་ཕུལ་བའི་ཤིས་ཚིག་སྣ་ཚོགས། གཞན་ཡང་། བཟའ་འཚོལ་སྟེགས་བུའི་སྟེང་ནས་ཁྱེད་ཀྱི་བཟའ་ཟླ་འཚོལ་སྟངས་ཤིག་ཅེས་པའི་ཆེད་བསྒྲིགས་ལེ་ཚན་ནང་། རྩོམ་པ་པོ་ ༡༦ ཙམ་གྱིས་རང་ཉིད་ཀྱི་ཆ་རྐྱེན་བརྗོད་པ་དང་རང་ལ་དགའ་རོགས་གང་འདྲ་ཞིག་དགོས་པ་སོགས་ཀྱི་བརྡ་ཁྱབ་བཀོད། དེ་བཞིན་ཁ་བཙོག་ལེ་ཚན་ཏེ། སེམས་ལ་མི་དྲན་དགུ་དྲན་དང་ཁ་ནས་མི་བཤད་དགུ་བཤད་ཅེས་པའི་ཆེད་བསྒྲིགས་ལེ་ཚན་ནང་། རྩོམ་པ་པོ་ ༡༥ ཙམ་གྱིས་བྲིས་པའི་མཇེ་དང་སྟུའི་སྐོར་གྱི་ཁ་བཙོག་དམར་རྗེན་མ་རྐྱང་རྐྱང་དང་། དེ་དག་ལ་ཀློག་མཁན་ཁག་ཅིག་གིས་བྲིས་པའི་མཆན་སོགས་བཀོད་པས་ན། འདི་ནི་བཙན་བྱོལ་གྱི་མཇེ་དང་སྟུའི་སྐོར་གྱི་ཚགས་ཤོག་ཐོག་མ་དང་། རྩོམ་ཡིག་དང་བསམ་ཚུལ་ཆེས་མང་བའི་ཚགས་ཤོག་ཐོག་མའང་ཆགས།
པར་རིས་ལ་མཚོན་ན་ན་གཞོན་ནམ་མཁའ་བསྟན་འཛིན་དང་ཁོང་གི་མཛའ་མོ། བཟོད་པ་དང་ཁོང་གི་མཛའ་མོ། ཕུན་ཚོགས་དང་ཁོང་གི་མཛའ་མོ་བཅས་ན་གཞོན་ཕོ་མོའི་མཛའ་བརྩེའི་དུང་བ་མཚོན་པའི་མཉམ་སྒྲོན་འདྲ་པར་ཁག་གསུམ་ཙམ་དང་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་དང་འདི་ལོའི་བོད་ཀྱི་མཛངས་མ་དག་གི་མཉམ་སྒྲོན་པར་རིས་བཅས་ཡོད།
ཚགས་ཤོག་གི་རྩོམ་སྒྲིག་པའི་གཏམ་ནང་འདི་ལྟར། ཉེ་རབས་ཀྱི་ལོ་ངོ་བཅུ་ཕྲག་འགར་ཕྱི་བལྟས་བྱས་ན་བོད་སྐད་ཡིག་གི་ཀ་མད་སུམ་ཅུ་དང་དབྱངས་གསལ་བཞི་བོ་གླེགས་བམ་བཀའ་འགྱུར་བསྟན་འགྱུར་དང་མ་ཎི་རྡོ་བརྐོས་ངོས་ལས་གཞུང་ཡིག་ཏུ་བྱོན་ཡོད་ལ། དགོན་པ་གྲྭ་ཚང་ཁག་གི་འདོན་རྟ་དབྱངས་གསུམ་དང་སེར་མོ་བའི་སྡེ་ནས་མི་སྐྱ་བའི་སྡེ་རུའང་བྱོན་ཡོད་པས། ཇི་ལྟར་བཤད་རུང་བོད་སྐད་ཡིག་འདི་བཞིན་བོད་ཀྱི་མང་ཚོགས་དཀྱུས་མས་བཀོལ་སྤྱོད་བྱེད་པ་དང་། བོད་སྐད་ཡིག་གིས་བོད་མིའི་སྤྱི་ཚོགས་ལ་ཞབས་ཕྱིའི་རྣམ་པ་ཞིག་ཐོན་གིན་ཡོད་ཟེར་ཆོག
དེའི་སྟེང་གཞོན་ནུའི་འགྱུར་ཁུགས་དྲ་ཤོག་གིས་བོད་སྐད་ཡིག་འདི་བཞིན་ད་དུང་ཡང་མང་ཚོགས་དཀྱུས་མ་དང་དུས་རབས་གསར་བའི་ན་གཞོན་རྣམས་ཀྱི་སེམས་ངོར་བརྐོས་ཏེ། ཁོང་ཚོར་མཚོན་ན་བོད་སྐད་ཡིག་ལ་དུང་ཞེན་བསླེབ་པ་དང་བོད་སྐད་ཡིག་གི་སྟེང་ནས་རང་རང་གི་སེམས་འགྱུ་ངོ་མ་ཕྱིར་མངོན་ཆོག་པའི་ཅུང་སྔོན་ཐོན་དང་གུ་ཡངས་ཀྱི་སྒོ་མོ་ཞིག་ཕྱེས་ཡོད་པར་འདོད་མོད། ངས་ད་དུང་བོད་མི་རེ་རེ་བཞིན་གྱི་འོག་གི་ཆུ་རས་དང་རྐང་མགོའི་ལྷམ། ཁྲུས་ཁང་དང་གསང་སྤྱོད། ཉལ་གདན་དང་འགྱིག་གདན། ཞལ་མཐིལ། བུད་མེད་ཀྱི་ནུ་ཁེབས་སོགས་ཀྱི་སྟེང་ནས་ཀྱང་བོད་ཡིག་ཅིག་མ་མཐོང་བར་དུ་བོད་སྐད་ཡིག་གི་ཚེ་སྲོག་ལ་འཇིག་ཉེན་ཞིག་ཡོད་པར་མཐོང་ལ། བོད་སྐད་ཡིག་ལ་འོད་སྟོང་ལྡན་པའི་ཉིན་མོ་ཞིག་བསླེབ་རྒྱུར་ངང་སྒུག་བྱས་ཡོད།
ཅེས་དང་། གཞན་ཡང་། ང་ཚོ་ལ་མི་འབོར་གྱི་འཇིག་ཉེན་ཞིག་ཡོད་ལ། ཡོངས་གྲགས་སུ་བོད་མི་ས་ཡ་དྲུག་ཟེར་ཡང་། ད་ལྟའི་གནས་བབ་འདིའི་འོག་ནས་བོད་སྐད་གཙང་མ་བཤད་པ་དང་བོད་ཀྱི་ཁྲག་རྒྱུན་གཙང་མ་ཡིན་པའི་བོད་མི་ས་ཡ་དྲུག་ཡོད་མེད་སུས་ཀྱང་བཤད་དཀའ་ཐོག ཁ་སང་དེ་རིང་གི་བོད་ནང་གི་ཆབ་སྲིད་སྲིད་ཇུས་ཀྱི་གནས་བབ་འོག་དང་། བཙན་བྱོལ་ནང་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གང་སར་ཁ་འཐོར་དུ་སོང་བའི་བོད་མིའི་གནས་བབ་ལ་བསམ་ན། མི་འབོར་གྱི་འཇིག་ཉེན་ཇེ་ཆེ་ལས་ཇེ་ཆུང་དུ་འགྲོ་བའི་དུས་ཤིག་མེད་ལ། དེང་སྐབས་བཙན་བྱོལ་གྱི་མི་འབོར་ཉུང་ཉུང་བོ་འདི་ཡང་ཕྱིར་རང་གི་ནང་ཁུལ་དུ་གཉེན་སྒྲིག་པ་དང་ནང་ཁུལ་ལ་བཟའ་ཟླ་འཚོལ་བའི་མཐུན་རྐྱེན་དང་བརྒྱུད་ལམ་དཀོན་སྟབས། ངེད་དྲ་བས་མ་མཐར་ཡང་བོད་སྐད་ཡིག་ཙམ་མ་ཟད་ཁ་འཐོར་དགུ་འཐོར་དུ་གནས་པའི་བོད་མིའི་སྤྱི་ཚོགས་འདི་ལ་ཞབས་ཕྱིའི་རྣམ་པ་ཞིག་བསྒྲུབ་འདུན་ཡོད།
གཅིག་བྱས་ན་འདི་ནི་རྨི་ལམ་ཞིག་ཡིན་སྲིད་ཀྱང་ང་ནི་རྨི་ལམ་འདིའི་གཏིང་རིམ་དུ་འཛུལ་ཏེ། དུས་ནམ་ཡང་ནམ་ལངས་དུས་མེད་པ་དང་གཉིད་དཀྲོག་མཁན་མེད་པའི་རེ་བ་ཞིག་བཅངས་ཡོད། དེ་སེམས་ནས་མ་བརྗེད། ཅེས་པ་སོགས་བཀོད་ཡོད།
ད་ལྟ་ངེད་དྲ་བས་གཞོན་ནུའི་འགྱུར་ཁུགས་དྲ་བ་སྔར་བས་ཀྱང་སྤུས་དག་པ་དང་ཁམས་གཙང་བ། ནང་དོན་དང་བརྗོད་བྱ་སོགས་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་ཚད་ལྡན་གྱི་དྲ་བ་ཞིག་བཟོ་བཞིན་པའི་སྒང་ཡིན་ལ། ཟླ་དགུ་བ་ཡས་མས་སུ་གཞོན་ནུའི་འགྱུར་ཁུགས་ཀྱི་མིང་བརྗེ་བསྒྱུར་གྱིས་ (ཆང་ས་དྲ་བ་) ཞེས་པ་ཞིག་ཤར་གཏོང་བྱ་འདུན་ཡོད།
ང་ཚོས་དམིགས་ཡུལ་གཙོ་བོ་བོད་མི་རིགས་ཀྱི་སྐད་ཡིག་འདི་ལ་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་དོ་སྣང་དང་དུང་ཞེན་བསླེབ་ཐབས་དང་། བོད་ཀྱི་ཤ་དར་ཁྲག་དར་གྱི་ཕྱི་རབས་གཞོན་སྐྱེས་རྣམས་རང་མི་རིགས་ལ་ཆང་ས་རྒྱག་པ་དང་གཉེན་སྒྲིག་གི་ཆ་རྐྱེན་བསྐྲུན་པ་སོགས་བོད་མི་རིགས་རང་གི་ཤ་ཁྲག་རུས་གསུམ་མུ་མཐུད་དེ་འཚོ་ཞིང་གནས་ཐོག བོད་ཀྱི་སྐད་ཡིག་ཀྱང་སྔར་བས་དར་ཞིང་རྒྱས་པར་བྱ་རྒྱུ་དེ་ཡིན་པས། དུས་རབས་རིང་བཞིན་དང་ན་གཞོན་གྱི་ཁམས་དང་མོས་པར་བསྟུན་པའི་བྱེད་སྒོ་འདི་སྤེལ་བ་ཡིན།
དེར་བརྟེན་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ཀློག་མཁན་རྣམས་ཀྱིས་ངེད་ཅག་གི་དམིགས་འདུན་དང་འཚམ་པའི་རྩོམ་ཡིག་སྣ་ཚོགས་དང་། བོད་ཀྱི་གསར་བུ་གསར་མོ་སྟག་འདྲ་གཟིག་འདྲ་དག་གིས་རྫིག་ཉམས་དང་མཛེས་ཉམས་མངོན་གསལ་དུ་མཐོང་ཐུབ་པའི་པར་རིས་སྣ་ཚོགས ༼ མཛའ་བརྩེའི་དུང་པ་ཟབ་པའི་ཕོ་མོ་མཉམ་འདུས་ཀྱི་པར་ཡིན་ན་དམིགས་བསལ་གྱིས་དགའ་བསུ་ཞུ། ༽ དེ་བཞིན་བརྩེ་དུང་དང་བཟའ་ཚང་། འཚོ་བ་དངོས་སོགས་བརྗོད་བྱ་ཡིན་པའི་བརྙན་འཕྲིན་སྣ་ཚོགས་བསྐུར་བར་དགའ་བསུ་ཞུ། །
གཞོན་ནུའི་འགྱུར་ཁུགས་རྩོམ་སྒྲིག་པས།
Comments on “བཙན་བྱོལ་གྱི་ཆེས་ཐོག་མའི་མཇེ་དང་སྟུའི་ཚགས་ཤོག”
Comments are closed.
It has been while I watched VOA tv program. Surprising pogram is about China, hosted by trinlay choden asking questions to Tseten Wangchuk. It is a drama, the way she ask and he answers. His analytical on China issue is not in depth knowledge. It is like reading some newspaper and then acting it like his own opinion.
He does not seems to know lot about China. May be a promoting himself in TV
Please stop.
Zomo la,
I agree with what you said. I had the same impression.
ཚགས་ཤོག་འདི་ད྅ར་ཐོག་ནས་མཐོང་ཐུབ་བམ།
ཡག་པོ་རེད། ང་ཚོའེ་ཡི་གེ་འདི་དེ་ལྟར་བེད་སྤྱོད་བཏང་ནས་འཁོར་ཡུག་རྒྱ་ཆེ་རུ་མ་བསྐྱེད་ན་ཡར་རྒྱས་གོང་འཕེལ་འགྲོ་རྒྱུ་ཁག་པོ་རེད། མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་གལ། མཐའ་ན་སྒོ་ཐེམ་དུ། བྱོན་པ་ལེགས ཞེས་པ་ཡང་བོད་ཡིག་གིས་འབྲི་བ་སོགས་ལ་འབད་དགོས།
བོན་རྒྱའི་གྲྭ་ལོག་ལ་བྲིས་པའི་སྟུ་རྩོམ། – ཨ་རིག་འགྱུར་མེད།
ཤལ་མ་ལ་ཡི་ཁྲག་སྡོང་འཁྲུངས་ཉིན་དེར། །
བོན་རྒྱའི་བསྟན་རབ་གྲྭ་པ་ལོག་དང་ཐལ། །
མི་ལོ་སུམ་ཅུ་ཁད་ཀྱིས་བརྒལ་སོང་ཟིག །
མི་ཚེ་ཕྱེད་ཀ་དགོན་ནས་རྫོགས་སོང་ཟིག
ནང་བསྟན་རིག་གནས་ཁྱོད་ཀྱིས་ཤེས་ཡོད་ཟིག །
སུམ་རྟགས་དག་གསུམ་ཞོར་ནས་སྦྱངས་དང་ཟིག །
སྙན་ངག་བྲིས་ན་ཐོགས་པ་མེད་པ་བོ། །
ད་ནི་ལོག་ཀྱང་ལས་ཀ་རེག་སོང་ཟིག །
ན་ནངས་དོ་ཚིགས་སྙན་པ་ཇེ་རྒྱས་རེད། །
བསྡད་ཀྱིན་བསྡད་ཀྱིན་ཚིག་རྩ་ཇེ་རྣོ་རེད། །
ཁྱོད་ཀྱི་བུ་ཆུང་ཤལ་མའི་ཁྲག་སྡོང་དེ། །
ཡ་ཆུང་གང་དཀར་སེམས་ལ་བབས་དང་ཐལ། །
དེ་ལྟ་མོད་ཀྱང་ཁྱེད་རང་ལོག་ཉིན་ནས། །
སྨན་ཤར་བུ་མོར་འགྲོགས་རབས་མ་གོ་ཐལ། །
སྟུ་སྒོ་ཉུག་རབས་ལྷག་ཏུ་མ་ཐོས་ཐལ། །
དེ་ཡི་ཕྱོགས་ནས་ད་དུང་ལྐུག་ཚོད་རེད། །
ལྷོ་ནས་ཚུར་ལ་ཡོང་བའི་ལམ་ཞོར་དུ། །
ལྡི་ལི་མ་ཅིག་ཀྲི་ལར་ཨེ་སོང་ལགས། །
སྨན་ཆུང་བུ་མོ་ཉོ་རྒྱུ་ཨེ་རེག་ཐལ། །
སྟུ་ཡི་སྒོ་མོ་གར་ཡོད་ཨེ་རྙེད་ཐལ། །
སྒོར་སྒོར་དུང་གི་མདོག་འདྲའི་མྱོས་བུམ་ལ། །
ལག་པས་བྱིལ་བྱིལ་བྱེད་རྒྱུ་ཨེ་རེག་ཐལ། །
འཇམ་ཞིང་མཉེན་པའི་བུད་མེད་ལུས་པོ་དེ། །
སེམས་ཀྱིས་ཚོར་བས་མྱོང་རྒྱུ་ཨེ་བྱུང་ཐལ། །
མི་ལོ་སུམ་ཅུར་བསྙལ་བའི་ཤང་ཤང་མཇེ། །
སྟུ་སྒོ་དྲོན་མོར་འཇུག་རྒྱུ་ཨེ་བྱུང་ཐལ། །
ཚ་ཞིང་སྲེག་འདྲའི་བུད་མེད་སྟུ་ཆེན་གྱིས། །
ཁྱོད་ཀྱི་མཇེ་མགོ་ཕྱིར་ལ་ཨེ་བརྫོགས་ཐལ། །
དང་པོ་སྤྱོད་དུས་མཇེ་མགོ་ཅུང་ཙམ་ཚ། །
ཡང་ཡང་སྤྱད་པས་ཡུན་གྱིས་གོམས་འགྲོ་བས། །
སྐྱེས་པ་ཕོ་ཡིས་མྱོང་དགོས་འཁྲིག་སྤྱོད་ཀྱི། །
ཐོག་མའི་བྱ་བ་ཁྱེད་ཀྱིས་ཨེ་འགྲུབ་ཐལ། །
ཆགས་པའི་མིག་གིས་ཁྱོད་ལ་ཡང་ཡང་ལྟ། །
ལྐུག་པའི་ངག་གིས་ངུ་ངག་དབྱངས་ལ་གྱེར། །
འདར་བའི་ལག་པས་ཁྱེད་རང་དམ་དུ་སྡོམ། །
འདི་འདྲའི་རིགས་ལ་ད་དུང་མ་ཐུག་པ། །
ཁ་སང་དེ་རིང་ནོར་བུ་གླིང་ག་ན། །
མཛེས་མ་མང་རབས་བདག་གིས་ཐོས་ནའང་། །
གྲྭ་ལོག་ཁྱོད་ལ་འོས་པའི་མཛའ་མོ་ཞིག །
ད་དུང་ཡོད་རབས་བདག་གིས་མ་གོ་ཐལ། །
ཕ་མས་བཅངས་པའི་རེ་བ་བརླགས་དང་ཟིག །
གདན་ས་རྒྱ་མཚོ་འདྲ་བོ་བསྐྱུར་དང་ཟིག །
ཁས་བླངས་དམ་ཚིག་སྡོམ་པ་ཤོར་སོང་ཟིག །
ད་ནི་འཁོར་བའི་མི་ཁར་མ་སྐྲག་ཀྱེ། །
སོང་ས་བསྡད་སའི་བུ་མོར་ཐུག་ཚད་པོ། །
ཆགས་པའི་མིག་གིས་ལྟ་གིན་ལྟ་གིན་བྱོས། །
འདྲིས་ས་མཐུན་སའི་བུ་མོར་ཡོད་ཚོད་པོ། །
རྒྱུན་དུ་ཁ་འཇམ་ཚིག་གིས་བདག་པོ་རྒྱོབས། །
ནོར་བུའི་གླིང་གའི་ཕྱོགས་ནས་མ་རྙེད་ན། །
གངས་ཅན་དཀྱིལ་གཤོངས་འདི་ནའང་འགའ་རེ་ཡོད། །
བརྒྱ་ལ་མཛེས་མ་མེད་ན་མི་ཆོག་ཀྱང་། །
ཁྱོད་ལ་སྟུ་ཅིག་ཡིན་ན་འགྲིག་ནི་བྱོས། །
ཡ་གི་མེག་གྷན་གན་ཡང་གཡང་གི་ས། །
འཛམ་གླིང་ཤར་ནུབ་བུ་མོ་མང་ས་ཡིན། །
ཁོམ་དུས་ཁོམ་དུས་གན་ལ་འགྲོ་གི་སྡོད། །
ལས་ཤིག་ཡོད་ན་རོགས་ཟིག་རྙེད་ལ་པཱ། །
བུ་མོ་འགའ་ཡིས་ཁ་པར་བཀྱག་མ་ཐག །
ཁ་ནས་ཧ་ལོ་མི་ཟེར་མི་ཚེ་འདྲི། །
དེ་འདྲིའི་རིགས་ལ་བདག་པོ་མ་རྒྱག་ལགས། །
མི་ཚེ་གཅིག་གི་དོན་དག་འཕྱུག་འགྲོ་པཱ། །
མི་ལོ་སུམ་ཅུ་ཟད་ནས་བུད་སོང་ཟིག །
ད་ནི་བྲེལ་རྒྱུ་ཅི་ཡོད་དལ་མོ་བྱོས། །
སེམས་མཐུན་བུ་མོ་ཞིག་ལ་ཤུ་རེ་བྱོས། །
ད་དུང་གཡབ་ས་བཟང་ན་བདེ་སྐྱིད་ཡིན། །
བོད་ཀྱི་བུ་མོ་ཕལ་ཆེར་ཡ་རབས་ཡིན། །
འཇུབ་ཅིང་ལྡག་ལ་དགའ་བོ་མེད་པ་ཡིན། །
འཁྲིག་པའི་རྩལ་ཡང་དེ་ཙམ་འཛོམས་པ་མིན། །
འཁྲིག་པ་སྤྱད་ཀྱང་དོན་གོ་ཆུང་བ་ཡིན། །
ནུབ་ཕྱོགས་བུ་མོ་ཆགས་པའི་གདུ་བཞིན་ཡོད། །
འཇུབ་ཅིང་ལྡག་ལ་ཐོགས་པ་མེད་པ་ཡིན། །
ལང་དང་ཙོག་ལ་ཁྱད་པར་དེ་བས་མེད། །
ཅི་ཙམ་སྤྱད་ཀྱང་འདོད་པ་ཚིམ་མེད་ཡིན། །
སྟུ་ཡི་ཆེ་ཆུང་ཕྱོགས་ནས་ཤར་མོ་བཟང་། །
འཁྲིག་པའི་བྱང་རྩལ་ཕྱོགས་ནས་ནུབ་མོ་བཟང་། །
ཡ་རབས་གཞུང་རྒྱུད་ཕྱོགས་ནས་བོད་མོ་བཟང་། །
ཉལ་ས་དྲོན་མོའི་ནང་ནས་ལོ་ལོན་བཟང་། །
ཚེ་གཅིག་ཆུང་མ་ལེན་ན་བཟང་ན་ཧྲ། །
ཞག་གཅིག་ཉལ་ཡ་བཙལ་ན་ཡག་ན་བཟང་། །
སྤྱིར་ན་ཕྱི་ཐག་བསམ་ན་བོད་མོ་བཟང་། །
ཁྱིམ་ལ་དགོད་སྒྲ་ཅན་པོ་དེས་བཟང་མེད། །
ཨ་རིར་འགྲོ་འདོད་ཡོད་ན་ཨར་མོ་འཚོལ། །
ཡུ་རོབ་གླིང་ལ་འགྲོ་ནའང་དེ་ལྟར་ཡིན། །
ཕ་ཡུལ་ཕྱོགས་ལ་འགྲོ་ན་བོད་མོས་བཟང་། །
ཕ་མའི་སྔུན་ནས་མྱིག་སྟོན་མ་བྱེད་པཱ། །
གནས་སྐབས་གཡབ་སའི་བུ་མོ་འགའ་རེ་འཚོལ། །
སྟུ་ཡི་ཆེ་ཆུང་འཁྲིག་པའི་བྱང་རྩལ་སོགས། །
ཐོག་མ་ནས་བཟུང་རང་ལ་འཚམ་ནི་འཚོལ། །
ཚེ་གཅིག་ཆུང་མ་གདམ་པའི་གོ་རིམ་མོ། །
རིག་གནས་བཅུ་ལ་ཁྱེད་རང་མཁས་མོད་ཀྱང་། །
གྲྭ་པ་ལོག་པའི་སྔ་གཞུག་ཙམ་གྱིས་ནི། །
སྟུ་ཡི་ཕྱོགས་ནས་ང་ནི་ཁྱོད་ལས་མཁས། །
ལམ་སྟོན་འདི་ཚོ་སེམས་ལ་ཞོག་ཅིག་ཀྱེ། །
ཨ་རིག་གྲྭ་ལོག་རྩ་སྨྱོ་ཐེབས་འདུག་ཟེར།
བུ་མོའི་རྗེས་ལ་ཁྱི་སྨྱོན་ཆགས་འདུག་ཟེར།
བོད་ཀྱི་མཛངས་མས་ངོ་ཚ་སྦྱིན་འདུག་ཟེར།
ངོ་ཚ་མེད་པའི་ཁྱི་འདྲ་ཆགས་འདུག་ཟེར།
སྐད་ཡིག་ཁ་འཁྱེར་འཆལ་གཏམ་སྤེལ་འདུག་ཟེར།
གངས་སྐྱིད་ཁུལ་ལ་མཚན་ལ་རྒྱུགས་གི་ཟེར།
དཔེ་སྟོན་དགེ་རྒན་མཉམ་དུ་ཉལ་འདུག་ཟེར།
གྲྭ་ལོག་འཆལ་པོ་རྩ་སྨྱོན་འགྱུར་མེད་ཟེར།
སྙན་ངག་བཟང་ཡང་ཟེར་རྒྱུས་ཕོང་འདུག་པས།།སྨྱོན་པ་མིན་ན་འདོད་གཏམ་ཚོད་འཛིན་བྱོས།།
ཁྱིམ་པ་སྤྲང་པོ་ཚུན་ལ་ཉམས་ཡོད།།བཞུགས་སྒར་ཕོ་བྲང་ཉེ་སར་འདི་མི་འཚམས།།
ཚགས་ཤོག་འདི་ནམ་རྒྱུན་བོད་ཡིག་ལ་ཁ་གཉེར་སྣ་གཉེར་བྱེད་མཁན་ཚོས་ཀྱང་ཉོས་ནས་ཀློག་གི་ཡོད་པ་ཐོས་སོང་། འདི་ཐབས་ལམ་ཡག་ཤོས་ཤིག་རེད་འདུག
ཨ་ཙི་ཨ་ཙི་དེ་འདྲའི་ཚིག་བཙོག་ལ།།
སེམས་ནས་དྲན་ཚད་ཁ་ནས་ལབ་ནས་འདུག
ཁ་ལ་ཡོང་ཚད་ཡིག་ཐོག་ཕབ་ནས་གདའ།།
འཁྲུག་གཏམ་གླེང་ན་ཁྱོད་རང་ངར་ས་རེད།།
གྲྭ་ལོག་ཟེར་ན་དེ་འདྲ་དགོས་ལེ་རེད།།
ཕྱི་ལོག་དག་ལ་ཉམས་མྱོང་བཤད་ནས་འདུག
སྔ་ལོག་ཅིག་གི་འགན་ཁུར་ལེན་ནས་གདའ།།
དགེ་རྒན་བསྟེན་ན་ཁྱོད་འདྲ་དཀོན་ཚོད་རེད།།
ར་མ་ལུག་གི་ལུང་སྐད་བསྲེས་འདུག་ཀྱང་།།
ཤར་ནུབ་སྟུ་ཡི་ཁྱད་པར་ནོར་མི་འདུག།
བོད་སྟུ་རྙིང་པའི་ཁྱད་ཆོས་ཀྱང་བཤད་འདུག
ཤ་མཇེ་ཟེར་ན་ཁྱོད་ལ་ཡོད་ས་རེད།།
ཅི་ཞིག་ལ་དྲ་ལམ་འདིར་དབྱིན་ཡིག་འབྲི་རུ་བཅུག་པ་ཡིན། འདི་དག་དྲ་བདག་གིས་ངེས་པར་དུ་འགོག་དགོས།
་ཧཧཧཧ།ཡག་པོ་རེད།་སྐད་ཡིག་བེད་སྤྱོད་འདི་རེད་ལེ།
རྩོམ་རྙིང་རྐྱང་བསྐྱར་འགོད་བྱས་ན་ཁྱོ་མི་འདུག།
ཨ་རིག་ལགས། མི་རིགས་འདི་ལ་ཤ་ཞེན་དང་བརྩེ་བ་ཡོད་ན། གཞན་ལ་ངོམས་སུ་འོས་པའི་བོད་པའི་ཡ་རབས་སྤྱོད་བཟང་གྱི་གོམས་གཤིས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་འདི་དག་ཅི་ནས་ཀྱང་སྲུང་སྐྱོབ་བྱེད་རོགས། འདི་དག་གཏོར་གཤིགས་མ་གཏོང་རོགས། ཞེས་འབོད་སྐུལ་ལན་བརྒྱར་ཞུ།
མཇེ་དང་སྟུ་ནི་རང་ཆས་སུ་ཡོད་པ་ཞིག་རེད་། ཡ་མཚན་མིན་པར་ཡ་མཚན་དུ་འདོད་པ་དང་། བཙོག་པར་འཛིན་པ་ནི་རང་ཉིད་ཀྱི་འབྱུང་ཁུངས་ངོས་འཛིན་མི་ཤེས་པའི་རྟགས་རེད་། འགྲོ་བ་མི་ཞིག་ཡིན་ཕྱིན་པདྨ་འབྱུང་གནས་མ་གཏོགས་མཇེ་དང་སྟུ་ལ་མི་བསྟེན་པ་ཅང་ཡོད་རྒྱུ་མ་རེད་། ཡང་ཅིག་བཤད་ན་། རྒྱ་གར་སྐད་དུ་མཇེ་ཤ་ར་ར་། བོད་སྐད་དུ་སྟུ་ཤ་ར་ར་། མཇེ་དང་སྟུའི་བསྟན་བཅོས་རྩོམ་པ་པོ་ནི་འབྲུག་སྙོན་ཀུན་ལེགས་དང་། དགེ་ཆོས་མཁས་དབང་། མི་ཕམ་བཙུན་པ་སོགས་རེད། མ་གཞི་བོད་སྐད་ཡིག་ལ་དོ་སྣང་མེད་མཁན་དང་མཇེ་དང་སྟུ་ལ་དོ་སྣང་ཆེ་བ་ཡོད་ན་མཇེ་དང་སྟུའི་བསྟན་བཅོས་སམ་རྩོམ་ཡིག་གིས་བོད་སྐད་ཡིག་ལ་དོ་སྣང་སླེབས་ངེས་པས། ཐབས་ལམ་འདི་ཡག་པོ་ཞིག་མ་རེད་པས།
སྤྱི་ཚོགས་ཀྱི་འཚོ་བ་འདིར་གོ་སྐབས་ཡག་པོ་ཞིག་སྤྲད་འདུག མུ་མཐུད་དེ་ཡིན་ད། ཤུགས་རྒྱོབས་ཤིག
ཡ་དེ་ཐབས་ལམ་ཡག་པོ་ཞིག་ཡིན་འདུག། ཁྱད་མཚར་། ཕོ་མཚན་མོ་མཚན་ལ་བསྟེན་ནས་་བོད་་ཡིག་ལ་དོ་སྣང་སླེབས་་ཚུལ་ཞིག། ཧ་ཧ་ཧ།
ལོ་ལོན་ལགས། གོང་གི་མ་རྩོམ་ཞིབ་ལྟ་ཞིག་གྱིས་དང་། ཁྱད་མཚར་དང་ཡ་མཚར་གང་ཡང་མི་འདུག། བྱེས་སྐྱེས་སློབ་བུ་འགའ་ནམ་རྒྱུན་བོད་སྐད་ཡིག་ལ་དོ་སྣང་དེ་ཙམ་མི་བྱེད་མཁན་ཚོས། དེང་དུས་དྲ་རྒྱ་དང་བརྙན་འཕྲིན་སོགས་ཀྱི་ནང་མཇེ་དང་སྟུ་མངོན་སུམ་དུ་སྦྱོར་བ་བྱེད་པ་ལ་མི་བལྟ་བར་། བོད་སྐད་ཡིག་ཐོག་གི་མཇེ་དང་སྟུའི་རྩོམ་འཆལ་འགའ་ལྐོག་ལྐོག་སུད་སུད་བྱས་ནས་བལྟ་དགོས་དོན་གང་ཡིན་ནམ། བྱས་ཙང་བོད་སྐད་ཡིག་ཐོག་གི་མཇེ་དང་སྟུའི་སྙན་རྩོམ་ཀློག་རྒྱུར་དགའ་བ་ལ་བསྟེན་ནས་ག་ལེར་བོད་སྐད་ཡིག་ལ་དོ་སྣང་སླེབས་ན་། མཇེ་དང་སྟུ་ལ་བསྟེན་པ་མ་རེད་པས།
ཡག་པོ་འདུག་
སྐུ་ཞབས་གསེར་འབྲུག་ལགས།ཁྱེད་ཀྱིས་གསུངས་པ་དེ་ནི།དྲེད་མོང་གིས་འཕྱི་བིབ་ཟིན་པའི་དཔེ་དང་གཉིས་སུ་མ་མཆིས་ལ།ཨཁུ་སྟོན་པའི་སྒྲུང་ནང་དུ་འཇོར་གཡུག་ནས་སླ་ང་ཟིན་པ་རང་རེད།གང་ཡིན་ཟེར་ན་སྦྱང་དཀའ་བའི་ཡ་རབ་བཟང་སྤྱོད་ཀྱི་གོམ་གཤིས་བཟང་པོ་དེ་སྔོན་ལ་ཕར་དོར་ནས་ཤེས་སླ་བ་འདོད་གཏམ་དམར་རྗེན་ལ་བརྟེན་ནས་བོད་ཡིག་སློབ་པ་ལྷུར་བླངས་པས་སོ།།ཁྱེད་ཀྱིས་གསུངས་པའི་ཐབས་ལམ་དེ་དག་ནི་སྐུགས་པའི་སྤྱང་རྟགས་ཁོ་ནར་ཟད་དོ།།
མཇེ་དང་སྟུ་ཞེས་ཚགས་ཤོག་དེ་ལ་ནི།།
ངོ་ཚ་མེད་པའི་མི་ཡི་བྱ་སྤྱོད་ཟེར།།
དགེ་མཚན་བ་སྤུ་ཙམ་ཡང་མེད་པས་ན།།
རིག་གཞུང་ཡར་རྒྱས་གཏོང་བ་ག་ལ་ཞིག།
བསླབ་ཅིང་མི་ཤེས་རང་གི་རིག་གཞུང་ལ།།
དོ་སྣང་མོ་གཤམ་བུ་ཡི་སྤུན་ཟླ་ཉིད།།
མ་བསླབ་ངང་གིས་འཇུག་པའི་མཇེ་དང་སྟུ།།
ངོམ་སོ་བྱེད་པ་སྨྱོན་པའི་ཟློས་གར་ཡིན།།
ངོ་ཚ་ཁྲེལ་གཞུང་མེད་པ་ལས་ངན་པས།།
མཇེ་དང་སྟུ་ཡི་ང་རོ་བསྒྲགས་ནས་ནི།།
རང་གི་སྐད་ཡིག་ཡར་རྒྱས་གཏོང་ངོ་ཟེར།།
ད་བར་སྨྱོ་སྐད་འདི་འདྲ་ཐོས་མ་མྱོང་།།
མཁས་པའི་གླེགས་བམ་གད་སྙིགས་ཁྲོད་དུ་ལུས།།
ཡ་རབས་སྤྱོད་བཟང་མར་ངོའི་ཟླ་བ་ལྟར།།
བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཞབས་འདྲེན་པ།།
གླེན་པ་འདི་རྣམས་མགྱོགས་པོར་ཤི་བར་ཤོག།
ང་རྒྱལ་གཏིང་ནས་ལངས་བའི་ཚེ།
འཆི་བའི་སྲོག་ལ་མ་འཛེམས་པར།
སྟག་ཤར་གཞོན་པའི་འཇེ་ལ་ཕྱག་འཚལ་ལོ།
མཇེ་ནི་སངས་རྒྱས་སྤྲུལ་པ་ཡིན།
ད་ལྟ་ཤི་ཡང་ད་ལྟ་ལངས།
སྟུ་ནི་མུ་གེའི་སྐལ་བ་ཡིན།
ད་ལྟ་སྦྱིན་ཀྱང་ད་ལྟ་སློང་།
ཨ་རིག་འགྱུར་སླ་ཚང་། མ་རེད། ཨ་རིག་འགྱུར་མེད་ལགས། ཁྱེད་ཀྱི་བླ་ན་མེད་པ་དང་བསམ་ཀྱིས་མི་ཁྱབས་པའི་མཛད་རྗེས་འདིས་བོད་སྐད་ཡིག་ཡར་རྒྱས་གཏོང་ཁོ་ཐག་རེད། ཉིན་ཕྱེད་ཙམ་ལས་མ་ཕྱིན་ཀྱང་རྗེས་འདེད་འདི་འདྲ་མང་བ་ལ། ལྷག་དུ་བོད་མི་རིགས་ཀྱི་གལ་ཆེན་དོན་ཆེ་རྐྱང་རྐྱང་གླེང་བཞིན་འདུག འགྱུར་མེད་ཚང་གི་དགོད་ཁ་ལྷུག་ལྷུག་ངང་ཅི་ཞིག་འཇོན་སོང་བ་བཞིན་གཉིད་ཀྱང་ཁུག་གི་ཡོད་རྒྱུ་མ་རེད་དེ། གཟབ་གཟབ་བྱས་མ་གཏོགས། ཁྱོད་མ་རྒན་ལ་དུང་བའམ་དགའ་བ་དྲན་པ་ལ་སོགས་ཀྱང་སྟུའི་ཆེད་དུ་རེད་མི་ཟེར་བའི་ངེས་བ་མི་འདུག་གོ། དུ་དུང་ཁུག་མ་ནང་ན་མ་རྩ་ཉུང་ཉུང་རེ་མ་གཏོགས་མེད་ན། དེ་བས་ཀྱང་གཟབ་གཟབ་དང་གྲ་སྒྲིག་ཡོད་ན་དགའ་རྒྱུ་རེད། བོད་མི་རིགས་འདི་སྟུ་དྲི་ཤོར་སོང་ན་ཆུ་ལ་ལྕེབ་འགྲོ་མཁན་དེ་འདྲིའི་ངོ་ཚ་ཅན་རེད། གལ་སྲིད་སྟབས་འགྲིག་མ་འགྲིག་རེ་བྱུང་ནས་གྱོད་རྒྱག་མཁན་རེ་སླེབས་རེ་སོང་ན། ཁྱོད་ཅག་གི་དམིགས་ཡུལ་ལ་བར་ཆད་བཏང་འགྲོ་བའི་སྐད་ཆ་མ་རེད། གྱོད་མཁན་གྱི་བདེ་འཇགས་ལ་འགན་ལེན་ཐུབ་པའི་རེ་བ་ཡོད། རྒྱུ་མཚན་ཅི་ཡིན་མ་ཤེས་སྟེ། བོད་མི་རིགས་འདི་མི་རིགས་གཞན་དང་མི་འདྲ་སའི་ངོ་ཚ་ཅན་ཞིག་རེད། སྤྱིར་སེམས་ཅན་སྤྱིའི་ཆ་ནས། འདོད་པ་སྤྱོད་ཕྱོགས་གཞན་ལ་གསང་ནས་སྤྱོད་མཁན་མང་ཙམ་འདུག འདི་རིགས་ཀྱི་ངོ་ཚ་དེ་ཚུལ་བཅོས་ཞིག་མ་རེད། མ་གཞི་ནས་ཁྱོད་འདི་གསལ་ལེ་འདྲ་ཞིག་རེད། དོན་ཆེན་འགྲུབ་འགྲོ་བའི་རེ་བ་མེད།
འཚེ་བའི་ལས་ཀྱིས་མནར་བའི་འཇིག་རྟེན་འདིར།
འཚེ་བྲལ་ཞི་བའི་ལམ་སྟོན་དུ་བཀུར་ཅིང་།
ས་ཡ་དྲུག་གི་ཡབ་ཆེན་མགོན་མཆོག་དེའི།
ཞབས་ལ་ཐེའུ་བརྒྱུས་ནས་མ་འཐེན་ཨང་།
ཕ་མེས་གོང་་མས་ཡ་རབས་ལམ་བཟང་བརྒྱུད།
རང་གི་རིག་གཞུང་འཛམ་གླིང་རྩེ་མོར་ངོམས།
སྟུ་མཇེའི་ཆགས་སྒྲུང་བྲིས་ནས་བྱུང་མིན་པ།
རྒྱལ་རབས་ལོ་རྒྱུས་དག་ལ་བལྟས་ན་་ཤེས།
ལོ་ཆུང་རྣམས་ལ་ཆགས་གཏམ་བཤད་མང་ན།
ཀླད་པའི་འཁོར་རྒྱ་དེ་ཡིས་ཕྱོགས་བགྲངས་ནས།
སྐུ་སྟོད་མ་ཚར་སྐུ་སྨད་འཛབ་དོང་དུ།
ལྷུང་བའི་གནས་ཚུལ་ཐུགས་ལ་འཁོར་ལགས་བསམ།
མེས་པོ་གོང་མས་མདོ་སྔགས་རིག་གནས་ཀྱི།
དཀའ་གནད་འབྱེད་པའི་བསྟན་བཅོས་བགྲངས་ཡས་པ།
སྟུ་མཇེའི་སྒྲུང་གཏམ་བརྒྱུད་ནས་སྦྱོང་ཟེར་ན།
སྲོག་ཆགས་སྦྲང་མ་ཡིས་ཀྱང་འཕྱ་པར་ངེས།
མིའི་སྤྱི་ཚོགས་འདི་བཞིན་ཐུག་པ་ཞིག་ཡིན་པར་ཆ་བཞག་ན་ཚ་སྒོག་གཡེར་གསུམ་སོགས་ཀྱི་བྲོ་རྫས་རིགས་ཅི་ཙམ་སྣ་མང་འཛོམས་ན་དེ་ཙམ་རོ་ཞིམ་པ་ནང་བཞིན་རེད།
སྤྱི་ཚོགས་ལ་བེད་སྤྱོད་ཡོད་པ་ཞིག་དང་ རང་གཞན་ལ་མི་གནོད་པ་ཞིག་ཡིན་ན། ཁ་ནས་ཤོད་པ་དང་ལག་ནས་འབྲི་བ། ཚགས་ཤོག་འདོན་པ་སོགས་ལ་འཛེམ་དོག་གང་ཡང་བྱེད་དགོས་པར་མ་མཐོང་།
ཕོ་མོའི་མཚན་མ་འདི་ཤོད་པ་ཙམ་གྱིས་སྡུག་ཅག་གང་མ་རེད། ཞེ་ས་མ་ཞུས་ན་གསང་སྔགས་བླ་མེད་སོགས་ནའང་མཇེ་སྟུའི་སྐོར་རྐྱང་རྐྱང་རེད།
གལ་ཏེ་འཇིག་རྟེན་ན། བརྩེ་དུང་དང་། མཛེས་སྡུག བུད་མེད་ཀྱི་ནོར་བུ་རིན་པོ་ཆེ་གསུམ་མེད་པའི་དུས་ཤིག་ན། མིའི་རིགས་ཀྱི་འཚོ་གནས་ལ་སྙིང་པོ་ག་རེ་ཡོད་རེད། གཞན་སངས་རྒྱས་དང་ཆོས་དགེ་འདུན་གསུམ་གྱིས་བག་ལེབ་གཅིག་གི་རིན་ལོན་རྒྱུ་མ་རེད་པཱ།
མཇེ་སྟུ་བཙོག་རུང་རང་གི་ལུས་ན་ཡོད།།
འཁྲིག་སྤྱོད་ངན་ཡང་སྤྱོད་མཁན་དེ་ཡང་རང་།།
མཇེ་སྟུ་བརྗོད་པ་ལུགས་དང་འགལ་གྱུར་ན།།
མཇེ་སྟུ་ཁ་སྦྱོར་བྱེད་པའི་ལུགས་དེ་སྤོངས།།
བླང་དོར་རྣམ་འབྱེད་བློ་ལ་མེད་ཙ་ན།།
བཟང་ངན་མེད་ཅིང་དགེ་སྡིག་དབྱེ་བ་མེད།།
ངོ་ཚ་མེད་ཅིང་ཁྲེལ་མེད་ཀུན་ཏུ་སྤྱོད།།
འཇིག་རྟེན་འཚོ་བ་དོན་སྙིང་ཅི་ཞིག་ལྡན།།
འཇིག་རྟེན་ཕལ་བས་མཇེ་སྟུ་སྒོམ་པ་དང་།།
རྣལ་འབྱོར་བ་ཡིས་མཇེ་སྟུ་སྒོམ་པ་གཉིས།།
དོན་དང་དུས་དང་དགོས་པ་གཏན་མི་འདྲ།།
འདི་འདྲ་མཉམ་བསྲེ་བྱེད་པ་སྨྱོན་པའི་རྟགས།།
ཕལ་བའི་བདེ་བ་མཇེ་དང་སྟུ་ལ་ཐུག།
སྡུག་བསྔལ་ངང་གིས་བསྐྱེད་པའི་གཞི་རྩ་ཡིན།།
དྲིན་ཅན་དྲིན་ལོག་བྱེད་པའི་གཞི་རྩ་ཡིན།།
ཐ་ན་རང་ཤི་རྒྱག་པའི་སྣ་འདྲེན་ཡིན།།
རྣལ་འབྱོར་བདེ་བ་མཇེ་དང་སྟུ་ལ་མིན།།
འཁོར་བ་མཐའ་ཅན་བྱེད་པའི་གཞི་རྩ་ཡིན།།
མཐའ་ཡས་སེམས་ཅན་སྐྱོབ་པའི་གཞི་རྩ་ཡིན།།
མི་འགྱུར་བདེ་བ་འདྲེན་པའི་གཞི་རྩ་ཡིན།།
ཚགས་ཤོག་དེ་ལྟ་བུའི་རིགས་བཏོན་པ་ནི་དེང་རབས་ཀྱི་ཕྱོགས་སུ་བསྐྱོད་པའི་དོམ་གང་མདུན་སྤོས་ཡིན་པས་དགའ་བསུ་ཞུ་དགོས་པ་ཞིག་ཡིན་ཀྱང་། ཁག་བཀྲིས་ས་དེ་བྱེས་ཀྱི་གཞིས་ཆགས་པ་རྣམས་ཀྱི་བོད་ཡིག་ལ་དོ་སྣང་སླེབས་ཆེད་ཡིན་ཟེར་ན་བྱེད་ཀྱི་བོད་རིགས་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཏུ་མཐོང་པ་ལས་རྒྱུ་མཚན་ཡང་དག་ཏུ་མ་མཐོང་། འོ་ན། ཁྱེད་ཀྱི་ཆགས་སྲེད་ཀྱི་དེབ་ཞིག་སྔར་བྲིས་པ་དེ་ཡང་གཞིས་ཆགས་པ་རྣམས་ལ་དོ་སྣང་སླེབས་ཆེད་ཡིན་ནམ། ཡང་ན་ཁྱེད་ཀྱི་རྩ་ཤུགས་ཆེ་དྲག་པས་ཡིན། མདོར་ན། ང་ཚོ་བོད་མི་རིགས་ནང་ཁུལ་ལ་རྩ་ཤུགས་ཆེ་ཤོས་དང་ངོ་ཚ་རྒྱུ་མེད་མཁན། བུད་མེད་མཐོང་མ་ཐག་རྐུབ་རྩག་ཤོར་མཁན་ནི་དྷ་རམ་ས་ལའི་དབྱིན་ཇི་རྐུབ་ལ་རྒྱུག་མཁན་གྱི་སྐྲ་རིང་པོ་རྣམས་རེད་ཟེར་ན་ཡང་མི་འགྲིག་པ་ཅང་མེད། གཞིས་ཆགས་པ་དང་གསར་འབྱོར་བའི་བར་ལ་འགལ་ཟླ་ཡོང་གཞི་རིགས་འདྲ་མིན་མ་བྲིས་ན་ལེགས། ཁྱེད་ཀྱི་གསར་འགྱུར་གྱི་ལས་རིགས་དང་གཞན་ཡང་རྩོམ་རིགས་མང་ཆེ་བ་ནི་གཞིས་ཆགས་པ་ལ་ཧ་ཅང་གི་དམཌྷའ་འབེབས་དང་ཁྱད་གསོད་བྱེད་འདུག་ན་བློ་གཟུ་བོར་གནས་པ་ཞིག་དགོས་པ་ནི་གནད་ཆེ་སྙམ།
༄༅།་་་མཇེ་སྟུ་གཉིས་ཀྱི་གཏམ་རྒྱུད་འདི་ཡི་དུས་རབས་ཉེར་གཅིག་པའི་བོད་རིགས་སྤུན་ཟླ་ཡོང་ངོ་ཚ་དང་ཡ་རབས་བཟང་སྤྱོད་དོར་སྟེ་ནུབ་ཕྱོགས་འཁྲིད་སྤྱོད་ཀྱི་རྗེས་སུ་འགྲོ་མི་ཐོབ་ཞིག་ཆགས་རྒྱུ་ཡིན་པ་སྨོན་མ་དགོས་སོ།
གླེང་གླེང་མཇེ་དང་སྟུ་ཡི་སྐོར། །བལྟས་བལྟས་འཁྲིག་སྤྱོད་གློག་བརྙན་བལྟས།།
ནར་ནར་མཇེ་དེ་ལངས་ནས་ནི། ཅི་བྱ་གཏོལ་མེད་གྱུར་ནས་ཐལ།།
ཡག་པོ་རེད།
དགའ་བསུ་དང་རེ་སྐུལ།
ཚགས་ཤོག་འདི་འདྲ་བཏོན་པར་ཡི་རངས་ཞུ། འདིས་ཁ་ཐོར་ཡང་ཐོར་དུ་སོང་བའི་བོད་རིགས་ཚོར་རང་སྐད་ཀྱི་ཁ་ཟས་གསར་བ་ཞིག་ཁ་སྣོན་བྱས་བྱུང་ལ། བོད་ཡིག་གི་སྤྱོད་སྒོ་ཆེ་རུ་གཏོང་བ་དང་བོད་ཡིག་ལྟ་ཀློག་ལ་དགའ་ཞེན་དང་གོམས་འདྲེས་ཡོང་བར་ནུས་པ་ཆེན་པོ་ཐོན་ངེས་རེད་སྙམ།
འོན་ཀྱང་ཚགས་ཤོག་འདིའི་ནང་དོན་གྱི་ཆ་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་མི་ཉེན་པར་འདོད། ཁོང་ཚོ་ལུས་སེམས་འཚར་ལོངས་ཀྱི་བདེ་ཐང་དང་ལྷག་པར་དུ་ཉིན་རེའི་སེམས་པའི་འཁོར་འདུ་དང་དེར་འབྲེལ་གྱི་མི་ཚེའི་མདུན་ལམ་ལ་གནོད་ཚབས་ཧ་ཅང་ཆེ་བ་རེད། འདི་ནི་ངས་ཁྱེད་རྩོམ་སྒྲིག་པ་ལ་རེ་སྐུལ་ཞུ་ལ་ལགས།
རིང་རིང་མཇེ་དེ་གང་སར་བཅུག་དྲག་ན།
ནད་དང་ཁ་མཆུའི་ནང་ནས་མཐར་དཀའ་བས།
རང་ལ་དབང་བའི་རྒན་མོ་སྟུ་ལུགས་མར།
ཉིན་མཚན་ཀུན་ཏུ་སྤྱད་ན་གནས་བཟོད་བདེ།
བཀུར་འོས་ཁ་བརྡ་ཚང་གི་རྩོམ་སྒྲིག་ལགས། དེ་སྔོན་ངས་ཁ་བརྡ་ཚང་འདི་ཡ་རབ་བཟང་སྤྱོད་ལྡན་པའི་དྲ་གནས་ཡག་ཤོས་ཤིག་ཏུ་ངུས་འཛིན་བྱེད་མུས་ཡང། ད་ལྟ་ཁ་བརྡ་དྲ་རྒྱའི་ནང་གི་རྩོམ་ཡིག་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་འགལ་བའི་རྩོམ་ཡིག་ཚིག་རྩོགས་དེ་འདྲས་སྤེལ་དགོས་དོན་ཅི་ཡིན་ནམ། རྩོམ་ཡིག་འདིས་བོད་མི་རིགས་ཀྱི་རིག་གཞུང་ལ་ཕན་ཐོག་རྒྱུ་ཕར་ཞོགས་དེ་ལས་ལྡོག་ཏེ་མི་རིགས་ཀྱི་བཟང་སྤྱོད་དང་འགལ་གྱི་འདུག་པས་ཕྱིར་འཐེན་བྱ་རོགས།
སྔར་འདོད་པའི་བསྟན་བཅོས་དང། དེང་སང་འཁྲིག་སྤྱོད་གློག་བརྙན་ནམ་ཚགས་པར་ཟེར་བ་ལས། སྟུ་དང་མཇེའི་ཚགས་པར་ཞེས་པ་ལྟ་བུའི་ཚིག་ནི་ཅུང་མི་མཛེས་སོ་སྙམ།
བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད། །སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད། །ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ། །ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས། ། ཞེས་གསུང་པ་ལྟར་ཡིན་པས་དགའ་བསྲུ་ཞུ།
བོད་ཡིག་དྲ་རྒྱ་ནང་དབྱིན་ཡིག་གི་བཙན་འཛུལ་འགོག་དགོས།
དྲཱ་གྲོགས་ལུང་རྟོགས་ལགས་དང་བཞེད་པ་མཐུན་པ་ལྷན་རྒྱས་ལ།
རང་གིས་ལོངས་སྤྱོད་པ་དང་རང་ལ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ངོ་ཚ་སྤོང་དགོས་ན།
དབྱར་དཔྱིད་གཉིས་སུ་ཁྱེད་རྣམ་པ་ཁྲོམ་དང་འདུ་ཚོགས་ཆེ་བའི་གྲོང་དང་གྲོང་ཁྱེར་དག་ཏུ་གོས་འདོམས་དཀྲིས་ཙམ་ཡང་མེད་པར་ཐེངས་གཅིག་ཕེབས་དང་།ཁ་བདེན་ཚིག་ལ་གནས་པའི་རྟོག་སད་པར་རྩིས་ཆོག་་་་
ངོ་གནོང་མི་དགོས་པར་ཐལ་ཁྱོད་རང་རྣམ་པ་དང་མི་གཞན་ལའང་མཚན་མ་ཡོད་ཅིང་འདོད་བདེ་ལ་ལོངས་སྤྱོད་པའི་ཕྱིར།་་་་་་རྟགས་ཁྱབ་ཁས།ཞེ་ན་་་་་་་ལན་མེད་དོ་་་་་་་
བག་ཡོདཔར་་མཛོད་ཅིག།
ལྐོག་ཏུ་ཉལ་བའི་དངོས་ཡོད་ཀྱི་གནས་ཚུལ་མཚོན་པའི་ཚགས་ཤོག་འདི་ལྟར་དཔར་སྐྲུན་བྱེད་པ་ནི་དགའ་བསུ་ཡོད་ལ་འཇིགས་མེད་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྒྱུ་མཚན་ནི་བོད་ཡིག་མ་གཏོགས་མངོན་ཐོན་སྐད་ཡིག་ཀུན་ལ་འཁྲིག་སྤྱོད་ཀྱི་དུས་དེབ་དང་ཚགས་ཤོག་བརྒྱ་ཕྲག་མང་དུ་ཡོད་ཀྱང་། བོད་ཡིག་སྒང་དེ་ལྟར་མེད་ཅིང་། དེ་ནི་འཁྲིག་སྤྱོད་ལ་དུང་བའི་ཀློག་མཁན་རྣམས་ལ་བོད་ཡིག་ཐོག་ཟ་མ་མེད་པ་ལྟ་བུ་ཆགས་པས་སྟོང་ཆ་དེ་སྐོང་མ་ཐུབས་རྗེ་ཆེ། སྐད་ཡིག་ནི་ཁང་པ་ལྟ་བུ་ཡིན་ཞིང་མི་རིགས་གཅིག་ལ་མཚོན་ན་ཁང་པ་ལ་མཁོ་བའི་དངོས་རྗས་ཀུན་མཁོ། འདོད་མཁན་ཚོས་ཀློག་ན་བདེ་ལ་མི་འདོད་མཁན་ཚོས་མ་ཀློག་ན་བདེ། ཐབས་ཅད་ཀྱིས་འདོད་པའི་དངོས་ཤིག་མེད་པས་ཡིན། ཕོ་རྒོད་པོ། ཤུགས་རྒྱོབ།
ཨ་ནུ་དང་ལུང་རྟོགས་སོགས་ལ་མངོན་པར་སྟོད་དོ།
སྣྲོན་ཁྲི་དང་མིག་བརྒྱད་སོགས་ལ་མངོན་པར་མི་སྟོད་དོ།
རྒྱུ་མཚན། སྣྲོན་ཁྲི་དང་མིག་བརྒྱད་སོགས་ནི་རང་ཉིད་འབྱུང་ཁུངས་ཀྱང་མི་ཤེས་པའི་ཡ་རབས་སྤྱོད་བཟང་ཡོད་མདོག་དང་ངོ་ཚ་ཡོད་མདོག་བྱེད་མཁན་གྱི་གྲྭ་ལོག་ཡིན་པའི་ཕྱིར་།
འདི་འཕྱི་དྲགས་པ་རེད། འོན་ཀྱང། འདི་ནས་འགོ་བརྩམས་པ་ནི་ངོ་མ་དགའ་འོས་པའི་དོན་དག་ཅིག་རེད། དྲི་བ་དྲིས་ལན་གྱི་ལེ་ཚན་ཞིག་ཀྱང་འཇོག་ཐུབ་ན་བསམ་གི འདི་ནི་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་གལ་ཆེན་ཞིག་རེད། ཐུགས་རྗེ་ཆེ། མཇལ་ཡོང་།
སེམས་ཀྱི་ངོ་ཚ་གནའ་ནས་བོར་ཟིན་ཡང་།།
རྫུན་བག་ངོ་ཚ་ཞིག་གི་འཛུམ་མུལ་པའི།།
འ་ཅག་ལུགས་སྲོལ་བཟང་བོར་འགལ་སོང་ཞེས།།
སྟོང་བའི་གླིང་བུ་འབུད་རྣམས་མཇེ་ཡིས་མཆོད།།
མཇེ་སྟུ་ཚགས་ཤོག་ཁྱིམ་ནས་བསྐྱར་བཀླགས་བྱས།།
དྲ་ངོས་འདི་མ་བཀླག་ལྟས་ངན་ཞེས།།
ཁ་གཉེར་སྣ་གཉེར་བྱེད་མཁན་མགོ་གཉིས་པ།།
བུད་མེད་སྨད་ཀྱི་ཁ་ནག་སྟུ་ཡིས་མཆོད།།
བཙན་བྱོལ་བ་ལགས།
གནད་དོན་འདི་འདྲ་ཞིག་ལ་ཁྱེད་ཀྱི་འུར་སྒྲོག་འདི་ལྟར་བྱེད་དགོས་དོན་ཅི་ཡིན། ངོས་རང་ཡང་རྒྱ་གར་ལ་སྐྱེས་པ་ཞིག་ཡིན་ལ། གནད་དོན་འདིས་ང་ཚོ་བོད་རིགས་སྤུན་ཟླའི་དབར་རྙོག་གླེང་ཡོང་རྒྱུའི་ཐབས་དང་བྲལ་ཞིང་།
དེང་དུས་ང་ཚོའི་ན་གཞོན་ནང་བོད་ཡིག་ཐོག་དོ་སྣང་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དངོས་གསལ་ལགས། དེ་འདྲའི་དུས་འདིར་ན་གཞོན་རྣམས་ལ་སོ་སོའི་སྐད་ཡིག་ཐོག་དོ་སྣང་ཡོང་ཕྱིར་བརྒྱུད་ལམ་འདྲ་མིན་བརྩམས་པར་མངོན་པར་བསྟོད་པར་འོས། གནད་དོན་འདི་འདྲ་ཞིག་གི་ང་ཚོའི་གཤིས་སྤྱོད་ལ་གནོད་སྐྱོན་འགྲོ་ཕྱིར་མི་མཐོང་ངོ།
གོང་དུ་། དོན་མེད་དུ་གང་ཟག་སྒེར་བ་ལ་ཚིག་མཚོན་འདེབས་མཁན་དང་ཀླན་ཀ་འཚོལ་མཁན་འདུག་པས། མཆན་བུ་དེའི་རིགས་མུ་མཐུད་དུ་ཡོང་ཚེ།
རྩོམ་འདིའི་མཆན་སྒོ་རྒྱག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
khabdha editor ( Skype)
Khabdha tsang ( Facebook)
ངོ་མི་ཚ་བ་ལ་ངོ་ཚ། ངོ་ཚའི་བུ་ཆུང་མཆན་དུ་བཅུག་ཞེས་པ་ལྟར། བོད་པ་ཚོ་ངོ་ཚ་དགོས་པ་རྒྱུ་ནོར་ལོང་སྤྱོད་ཀྱི་ཆེད་དུ་སོ་སོའི་ཆོས་དང་རིག་གཞུང་རྒྱལ་ཁབ་མི་རིགས་དང་བཅས་པ་དང་ཐ་ན་སོ་སོའི་ལུས་ཀྱང་ཕྱི་རྒྱལ་གྱི་འབྱོར་ལྡན་པོའོ་རྨོའོ་ཚོར་བཙོང་རྒྱུར་ངོ་མི་ཚ་བར། ངོ་ཚ་མི་དགོས་པ་འཇིག་རྟེན་ཀུན་ལ་མཐུན་སྣང་དུ་ཡོད་པའི་འཁྲིག་གཏམ་ལ་ངོ་ཚ་མདོག་བྱས་པ་ནི་ངོ་ཚ་གོ་ལོག་རེད།
དྲ་གྲོགས་སྣྲོན་ངག་ཁྲི་ལགས། ང་ཚོ་ཨ་མའི་མངལ་ནས་དང་པོ་སྐྱེས་དུས་གཅེར་བུར་སྐྱེས་པ་རེད་ལ། ཆུང་དུས་ཀྱང་གཅེར་བུར་འགྲོ་བ་ལ་ངོ་ཚ་མེད་ན། ཆེན་པོ་ཆག་དུས་གཅེར་བུ་འགྲོ་བ་ལ་ངོ་ཚ་དགོས་དོན་གང་ཡང་མེད་པ་རེད། འོན་ཀྱང་ཆེན་པོ་དེ་ཚོ་གཅེར་བུར་འགྲོ་རྒྱུར་ངོ་ཚ་བྱས་པ་དེ་ནི་བློ་འཁྲུལ་སོང་བ་རེད། འཁྲུལ་པ་འདི་ལྟ་བུ་དག་གིས་ང་ཚོའི་རྐང་ལག་ཡོངས་སུ་བསྡམ་ཡོད།
བཀུར་འོས་དྲ་གྲོགས་ཚོ། ངས་ཁྱེད་ཚོའི་སེམས་གཏམ་ལ་ཉན་པ་ཡིན། ང་ལ་བསྟོད་བསྔགས་གཏོང་མཁན་དང་སྐྱོན་བརྗོད་བྱེད་མཁན། ངའི་ལས་གཞི་ལ་དགག་མཁན་དང་བསྟོད་མཁན་སུ་ཡིན་རུང་ཐུགས་རྗེ་ཆེ་ཞུ། ལས་གཞི་འདི་ལ་རྒྱབ་སྐྱོར་བྱེད་མཁན་དག་གིས་ང་ལ་སྐུལ་འདེད་བྱེད་ཀྱིན་འདུག་ལ། དགག་པ་རྒྱག་མཁན་དག་གིས་ངས་མ་འོངས་པའི་ལས་དོན་བྱེད་ཕྱོགས་ལ་ཁྲིད་སྟོན་གནང་གི་འདུག
གནའ་མི་བོད་ཀྱི་གཏམ་དཔེ་ལྟར། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་པས། ང་ལ་སྐྱོན་ཡོད་དང་ཡོད། སྐྱོན་ང་ལ་ཡོད་ལ་ཁྱེད་ལའང་། ཁོ་ལ་ཡོད་ལ་གན་ལའང་ཡོད། ང་ཚོ་ཚང་མར་ཡོད།
གཙོ་བོ་ང་ཚོ་སུ་ཡིན་རུང་བསམ་བློ་ཡག་སར་བཏང་སྟེ། དོན་དག་ལེགས་ཕྱོགས་ནས་བསྒྲུབ་དགོས་ཀྱི་འདུག དཔེར་ན། ང་དང་ངེད་རྩོམ་སྒྲིག་ཚན་ཆུང་གིས་སྒྲུབ་བཞིན་པའི་ལས་གཞི་འདི་རེད། ཁྱེད་ཚོས་འདིའི་སྐོར་ལ་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་དྲན་མོ་རེ་གསུང་ན་འདས་མ་ད་གསུམ་དང་རང་གཞན་ཚང་མར་ཕན་པ་ལས། ང་ཁྱི་ཡིན་མིན་དང་སྨྱོས་ཡོད་ཚུལ་དེ་འདྲ་བརྗོད་ནས་གང་ཡོང་།
ང་ལ་ཁྱི་དང་འཆལ་པོ། སྨྱོན་པ། རྩ་མེད། ངོ་ཚ་མེད་མཁན་སོགས་ཅི་ཙམ་བརྗོད་ཀྱང་ང་ནི་སྔར་གྱི་ང་རང་ཡིན་པ་ལས་དེས་ང་ཡར་ལ་སྐྱེལ་གྱི་མ་རེད་ལ། མར་ལའང་དྲུད་ཀི་མ་རེད། ད་དུང་ངས་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་བརླག་གིན་འདུག་ཟེར་གྱིན་རང་གི་ཁ་ནས་ཁྱི་དང་འཆལ་པོ། ངོ་ཚ་མེད་མཁན། ཉལ་བོ་བརྟེན་མཁན་སོགས་ཁ་རུ་ཡོང་ཚད་སྨྲ་བའང་བོད་ཀྱི་ཡ་རབས་བཟང་སྤྱོད་ལ་མཐུན་དཀའ་བས། དེའི་རིགས་ཀྱིས་སུ་གང་ལའང་ཕན་གི་མ་རེད།
དེའི་རིགས་ལ་ངས་ད་དུང་འདི་ལྟར་འདྲི་འདོད་དེ། འོ་ན་ཁྱེད་རང་ཉིད་ཀྱིས་ཅི་ཞིག་བསྒྲུབས་མྱོང་། གཞི་རིམ་སློབ་གྲྭ་ཁག་ན་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་སློབ་བུ་དག་གི་བོད་སྐད་ཡིག་གི་ཤེས་ཡོན་གནས་ཚུལ་ལ་རྒྱུས་ལོན་བྱས་མྱོང་ངམ། ད་ལྟའི་ན་གཞོན་རྣམས་ལ་བོད་ཡིག་ཟེར་དུས་མགོ་ན་གི་འདུག མཁྲེགས་པོ་འདུག གོ་གི་མི་འདུག་ཟེར་བའི་བཤད་རྒྱུན་ཞིག་ཡོད་པའི་རྒྱུ་མཚན་ལ་དཔྱད་མྱོང་ངམ། ཐ་ན་རང་ཉིད་སློབ་གྲྭ་ཞིག་ཏུ་སོང་ནས་བོད་རིགས་གཞོན་སྐྱེས་གཅིག་གཉིས་ཤིག་ལ་ཉིན་མ་གཅིག་དང་དུས་ཚོད་ཅིག ཡང་ན་སྐར་ཆ་གཅིག་ཚུན་ལ་ཁོའི་ཁ་རུ་བོད་སྐད་ཚིག་གཅིག་གཉིས་ཤིག་ཡིན་རུང་ཨེ་ཞོག་གི་ལྟ་གིན་ཡོད་དམ། འོ་ན། རང་ཉིད་ཀྱིས་གཞན་སྐད་ཀྱིས་བསྲེ་སླད་མ་འདྲེས་པའི་བོད་སྐད་གཙང་མ་ཞིག་འཁྱོངས་མིན་ལ་ཚོད་ལྟ་བྱས་མྱོང་ངམ། གལ་སྲིད་ཁྱེད་རང་ཉིད་ཀྱིས་དེ་ལྟ་བུའི་ལས་གཞི་ཆུང་ཙག་རེ་ཡང་བསྒྲུབས་མྱོང་མེད་ཚེ། དོན་མེད་ལ་འུར་མ་རྒྱག ཤ་ཚ་ཡོད་མདོག་མ་བྱེད།
ང་ཚོ་ལ་གསར་བྱུང་གི་རིག་གནས་གང་བྱུང་ཡང་དང་ལེན་བྱེད་དཀའ་བར་མ་ཟད། ཚོད་ཚོད་ལ་འུར་འགྲོགས་ལངས་ཏེ་དགག་རྒྱག་བྱེད་པའི་ལུགས་འདི་སྔར་ནས་ཡོད་དེ། དགེ་ཆོས་མཆོག་གིས་གསར་བ་ཐམས་ཅད་བདུད་ཀྱི་འཁྲུལ་ཏུ་སེམས། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་སྒོམ། ༼ ཚིག་ཏག་ཏག་དྲན་མ་སོང་། ༽ གསུངས་པ་ལྟར། སྐུ་ཞབས་ཞོགས་དུང་སོགས་ལ་ཐོག་མར་ཅི་ཙམ་རྒོལ་མྱོང་བ་སུར་མི་གསལ་བ་ལྟར་རོ། །
དེ་ལས་གནད་དོན་ངོ་མའི་སྟེང་ནས་ལས་ཀ་འདི་འདྲ་བྱས་ན་འགྲིག་གི་མི་འདུག གན་བྱས་ན་ཡག་པོ་འདུག ང་ལ་བསམ་ཚུལ་འདི་ཡོད། གཞུག་ཕྱོགས་འདི་ལྟར་བྱེད་ཐུབ་ན་ཡག་པོ་འདུག་ལྟ་བུའི་རང་རང་གི་སེམས་འགྱུ་ངོ་མ་དང་མཐུན་ལམ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་དང་། ད་གཟོད་འུ་ཅག་ཚང་མར་ཕན་པར་མ་ཟད། ང་ཚོའི་ལས་གཞི་འདིར་ཡང་ཕན་ངེས།
མ་མཐར་ཡང་། བསམ་ཤེས་དང་ཤེས་ཡོན་ཅན་ཞིག་ཡིན་ན་མི་སྒེར་ལ་དོན་མེད་ཀྱི་ཚིག་རྩུབ་སྨྲ་བ་སྤངས་ཏེ། གནད་དོན་ངོ་མའི་སྟེང་ནས་བཀའ་མོལ་གནང་ཤེས་ཀི་རེད་སྙམ།
དེ་ཚོ་སེམས་ལ་འཇགས་རོགས།
མཇུག་མཐར་ཞུ་འདོད་པ་ནི། འདིར་ང་དང་ངེད་རྩོམ་སྒྲིག་ཚན་ཆུང་ལ་ལེགས་སྤེལ་ཉེས་འགོག་གི་གསུང་མོལ་གནང་མཁན་དང་། མཆན་འཇོག་མཁན་སུ་ཡིན་རུང་གང་ཐུབ་ཅི་ཐུབ་ཀྱིས་བགྲོ་གླེང་དང་ལམ་སྟོན་ཞུ་རྒྱུ་དང་། གཞུག་ཕྱོགས་དྲ་ཤོག་ཐོག་ཏུའང་འདོན་རྒྱུ་ཡིན་མོད། དོན་མེད་ལ་འུར་རྒྱག་མཁན་དག་དང་མཉམ་དུ་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་ཏུ་གཏོང་འདོད་མེད་པར། ཁོང་ཚོའི་སྐད་ཆའང་རྣ་རྒྱབ་ཀྱི་རླུང་ལ་བསྐུར་འདོད་པས་དེ་ཡང་ཐུགས་ནས་མ་འདོར་རོགས།
རང་གི་ལུས་ལ་དབང་བའི་མཇེ་སྟུ་གཉིས།།
ཁྲོམ་བསྒྲགས་བྱེད་པ་སྨྱོན་པའི་ཟློས་གར་ཡིན།།
མཇེ་དང་སྟུ་ཡི་ཟློས་གར་ཆུང་ཆུང་ཞིག།།
ངོ་ཚ་མེད་པའི་གར་སྟེགས་སྟེང་དུ་བསླེབས།།
མཇེ་དང་སྟུ་ཡི་རྫས་ངན་བལྡགས་ནས་ནི།།
རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་དོ་ཟེར།།
ཆོས་དང་མི་མཐུན་འཇིག་རྟེན་ལུགས་དང་མིན།།
མི་ཡི་ལུས་ལ་འདྲེ་ཡི་བསམ་པ་ཅན།།
རང་གི་རིག་གཞུང་རྣ་བའི་ཚེར་མ་ཉིད།།
ཕྱི་ལུགས་ཆགས་སྤྱོད་སྙིང་གི་དཀྱིལ་དུ་སྒོམ།།
དེང་རབས་ལུགས་ཀྱི་བདེན་ཁ་རང་ལ་བྱིན།།
འདོད་པའི་རི་མོ་ཡིན་པས་བསུབ་ཐབས་བྲལ།།
གཏམ་ངན་འདི་འདྲ་ཁ་ལ་ཁྱེར་ནས་ནི།།
རང་གི་རིག་གཞུང་སྲུང་སྐྱོབ་མ་ཟེར་ཅིག།།
དེ་བས་གང་དགའི་ཕྱོགས་སུ་ཡིབ་ཏེ་སྡོད།།
བོད་ཀྱི་རིག་གཞུང་ཕྱོགས་ལ་དེ་ཡིས་ཕན།།
མཇེ་མགོ་བསམ་གྲུབ་དར་རྒྱས་།
ཁྲག་གི་མིག་ཆུ་མ་བཏོང་།
ཇ་ལེ་ཨབ་སོ་སྒྲོལ་མ་།
གླིང་བཞི་སྐོར་ནས་སླེབ་འདུག།
དྲང་མོར་བཤད་ན། བུད་མེད་མི་འདོད་སྐྱེས་བ་སུ་ཞིག་ཡོད།།སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད།།ཅེས་པ་ལྟར་རེད། འདིར་ངེད་ཅག་གིས་ཁྱེད་རྣམ་པའི་རྩོམ་སྒྲིག་ཚན་ཆུང་ལ་ལེགས་སྤེལ་ཉེས་འགོག་གི་གྲོས་མོལ་གནང་བ་ཙམ་ལས། ཁྱེད་རྣམ་པ་སུ་ལའང་ཚིག་ངན་བཤད་མེད་ལ། སྐད་ཡིག་ཡར་རྒྱས་ལ་ཁ་གཡར་ནས་ཁ་ཁོག་མི་མཚུངས་བའི་གཏམ་འཆལ་དང་ཚགས་ཤོག་དེ་འདྲ་བཏོན་པ་ཡིན་ན་དེའི་མཇུག་འབྲས་ལ་ཅི་ཞིག་ཡོང་རྒྱུ་ཡིན་མིན་བསམ་བློ་ཡག་པོ་ཐོངས། ངེད་ཅག་ལ་ཁྱད་པར་མེད། དུ་དུང་མཆན་འཇོག་མཁན་སུ་ཡིན་རུང་གང་ཐུབ་ཅི་ཐུབ་ཀྱིས་བགྲོ་གླེང་དང་ལམ་སྟོན་ཞུ་རྒྱུ་གལ་ཆེ། །
xxxxxxxxxxxxxx
མིག་བརྒྱད་པའི་གསུངས་པ་ལ་ཡང་བདེན་ཤོས་འདུག
ཨ་རིག་ཡུལ་ནས་འཁྲུངས་པའི།།
ཨ་རྒྱ་གྲྭ་ལོག་གན་གིས།།
སེམས་ལ་མི་དྲན་དགུ་དྲན།།
མཇེ་སྟུའི་ཚགས་ཤོག་དྲན་ཟིག།
བོད་ཀྱི་རིག་གཞུང་ཟེར་ན།།
ཕན་མིན་བཤད་པར་དཀའ་མོད།།
བོད་ཀྱི་ཡི་གེའི་ཕྱོགས་ལ།།
དུས་ལ་རན་པའི་སྨན་མཆོག།
བདེན་དང་མི་བདེན་བསམ་ན།།
ཁ་བརྡ་དྲ་བར་གཟིགས་དང་།།
མཇེ་སྟུའི་རྩོམ་ཡིག་འོག་ཏུ།།
མཆན་པ་མཇེ་སྟུ་འཚང་འཚང་།
ཡི་གེ་འབྲི་མཁན་མང་ན།།
ཀློག་མཁན་དེ་ལས་མང་པ།།
འབྲི་མཁན་ཀློག་མཁན་གཉིས་ཀ།
བོད་ཡིག་འཕེལ་བའི་རྒྱུ་རེད།།
འདི་ནི་འདོད་པ་ཁམས་ཀྱི།།
སྐྱེ་བོའི་དགའ་ཕྱོགས་ཡིན་པས།།
དགའ་ཕྱོགས་ཞིག་དང་བསྟུན་པ།།
ཐབས་དང་ཤེས་རབ་མཆོག་ཡིན།།
ཨ་མདོ་ཡུལ་གྱི་ཨ་ཁུའི།།
ཨ་རིག་རྒད་པོ་ཁྱེད་ལ།།
ཨ་གཙིག་ནུ་གཙིག་བྱས་ནས།།
ཨ་མཆོག་ཀྲོང་ཀྲོང་ཉན་ཡོད།།
ཨ་ཁུས་ཟེར་ནས་བཅོས།
ཁ་བརྡ་ཚང་ལ་གནད་ལུགས་དང་རྒྱུ་མཚན་བཤད་ས་མེད་པ་དེ་ག་རེ་རེད་། དེ་ལ་འགྲེལ་བཤད་ཞིག་ངེས་པར་དུ་ཡོད་པར་ཞུ། ངའི་མཆན་དེ་ཡོད་གིན་ཡོད་གིན་མེད་པར་བཏང་འདུག།
གྲོགས་པོ་ཨ་རིག་འགྱུར་མེད་ལགས། ཀླད་པ་ལྗང་ཁུ་ཚོའི་ཁ་ལ་ཉན་དགོས་དོན་གང་ཡང་མེད། མུ་མཐུད་ནས་མདུན་དུ་སྐྱོད་ཅིག ཁྱོད་ལ་རྒྱལ་ཁ་ཐོབ་ངེས་རེད།
སྤྱིར་འདོད་ཆགས་ཟེར་བ་ནི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སྤང་མི་ཐུབ་ཀྱང་། འདོད་ཆགས་ཟེར་བ་དེ་མགོ་གནོན་བྱ་ཡིན་གྱི་དང་དུ་བླང་བྱ་མ་ཡིན། གལ་སྲིད་དེ་ལྟར་ཡིན་ན་སྟོན་པ་སངས་རྒྱས་ཀྱིས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་གཉེན་པོར་ཆོས་འཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ་དགོས་པ་མེད་པར་གྱུར་རོ། །ཨ་རིག་འགྱུར་མེད་ལྟ་བུ་རྩ་ཤུགས་ཆེ་དྲག་པས་བཟོད་མི་ཐུབ་མཁན་དེས་སྟོན་པ་བཅོམ་ལྡན་འདས་ཀྱི་ཉོན་མོངས་འཇོམས་བྱེད་ཀྱི་གསུང་ལ་ངོ་མི་མཚར་བར་འདོད་པའི་བསྟན་བཅོམ་ཀྱི་རྩོམ་པ་པོ་དགེ་འདུན་ཆོས་འཕེལ་གྱི་ལུང་ལ་ཡིད་ཆེས་ཀྱིས་ངོ་མཚར་དུ་འཛིན་པ་ནི་ངོ་མར་རང་མདོག་སྟོན་པ་རང་རེད། ང་ཚོ་བོད་མིའི་གཤིས་ཀ་ལ་ངོ་ཚ་ཁྲེལ་ཡོད་ཟེར་བ་ཞིག་ཡོད་པས་དེ་ཆོས་དང་མཐུན་པ་ཞིག་ཡིན། གལ་སྲིད་ཁྱེད་རང་བོད་ཀྱི་སྐད་ཡིག་ལ་ལ་རྒྱ་དེ་ཙམ་ཡོད་ན་ཁྱེད་རང་བོད་པའི་སྤྱི་ཚོགས་ནང་དུ་ཕྱིན་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་ཡིག་སློབ་ཏུ་ཕྱིན་དང་། ད་གས་འགྲིག་གི་རེད། ཁོ་བོས་བལྟས་ན་སྤྱི་ཚོགས་མེ་ལོང་ཚགས་པར་དེ་ཡང་འཁྲིག་སྤྱོད་ཀྱི་ཚགས་པར་ཤིག་ཏུ་ཧ་ལམ་གྱུར་རན་འདུག
ཨོ། ཚགས་པར་འདོན་མཁན་གྱི་མི་གཅིག་གི་མིང་ཤེས་སོང། ཁྱེད་ཀྱིས་ང་ངོ་ཤེས་ཀྱི་མ་རེད། ཤེས་དགོས་དོན་ཡང་ཅང་མེད་ཀི ཁ་ནས་རིག་གཞུང་དང་ཞིབ་འཇུག ད་དུང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་ཁ་གཡང་སྒྲོག་མཁན་ཚོ་དང་གཏན་ནས་མི་འདྲ། འདིས་མི་དམངས་དམངས་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་ཞབས་འདེགས་ཞུ་ངེས་ཡིན་ལ། འདི་ནི་མིག་བཙུམ་ནས་མ་ནི་ཁྲི་འབུམ་བགྲངས་བ་ལས་ཀྱང་དགེ་བ་དཔག་མེད་ཡོད་ངེས་རེད། འཁྲིག་སྤྱོད་ནི་ཉིན་རེའི་འཚོ་བའི་དགོས་མཁོ་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། བཟའ་ཚང་འཆམ་མཐུན་ཡོང་བའི་གཞི་རྩ་ཡང་ཡིན། རྒྱ་ནག་གི་མི་སེར་མང་ཆེ་བས་འབུ་རིགས་སྣ་ཚོགས་ཀྱི་ཤ་བཟའ་བ་ནི། སུས་ཀྱང་མི་ཤེས་པ་ཞིག་མིན་ནའང། འོན་ཀྱང། རྒྱ་མི་ཁ་ཤས་ཀྱིས་འབུ་རིགས་བྱེ་བྲག་པ་རེ་འགའི་ཤ་བཟའ་བའི་དམིགས་ཡུལ་ནི། རང་གི་བཟའ་ཟླའམ་དགའ་རོགས་སོགས་ལ་འཁྲིག་པ་སྤྱོད་སྐབས་འདོད་སྲེད་འཕེལ་བའི་ཆེད་དམ། གཙོ་བོ་བུད་མེད་ཀྱི་འདོད་པ་ཡོངས་སུ་བསྐོང་ཐུབ་ཆེད་འཁྲིག་སྤྱོད་ཀྱི་དུས་ཚོད་རྒྱུན་བསྲིང་ཐུབ་པའི་དོན་དུ་དམིགས་ནས་འབུ་རིགས་དེ་དག་གི་ཤ་བཟའ་བཞིན་ཡོད་རབས་འདུག དབྱིན་ཇི་མགོ་སེར་མང་ཆེ་བས་འཁྲིག་སྦྱོར་གྱི་བྲོ་བ་མྱོང་ཆེད་རྫས་སྦྱོར་ལས་གྲུབ་པའི་སྨན་སྣ་ཚོགས་བསྟེན་མུས་ཡིན། འདོད་པའི་བདེ་བ་ཚུལ་བཞིན་ལག་ལེན་བསྟར་མི་ཤེས་པའི་ཁྱོ་ག་མི་ཉུང་བ་ཞིག་གི་ཆུང་མས་ཟུར་བསྟེན་དགའ་རོགས་འཚོལ་བའམ་རང་གི་ཁྱོ་ག་གཡུགས་ནས་སྐྱེས་པ་གཞན་དང་འགྲོགས་དགོས་དོན་ནི། མཐར་གཏུགས་ནས་བཤད་ན། བུད་མེད་ཀྱི་འདོད་པ་གཏིང་ཟབ་པས་འཁྲིག་པའི་རྒྱུན་རིང་དུ་བསྟེན་མ་ཐུབ་པས་ལན་པ་ཁོ་ན་ཡིན། འདི་འདྲའི་གནད་དོན་གྱི་གནད་དོན་རིགས་ཤིག་ནི་ཇི་ལྟར་ཐག་གཅོད་བྱེད་དགོས་མི་ཤེས་པའི་དཀའ་ངལ་ལ་གདོང་ལེན་གྱིས་མི་ཚེ་སྐྱེལ་མཁན་ཚོར་ལམ་སྟོན་གང་ཐུབ་གནང་པར་འབད་འབུངས་སྔར་བས་མང་དུ་བསྟེན་འཚལ་ལོ།། ནེའུ་ཡོག་ནས།
གཞོན་ནུ་ཟླ་མེད་ཀྱི་དེ་ལ་གོ་རྒྱུ་ཞིག་ཡོད་གི མི་བསམ་ཤེས་ཟེར་བ་དེ་མོ་ཟིག་ཡིན་རྒྱུ་རེད།
འཕགས་ཁོ་ལགས་ཕེབས་པ་དང་། ངའི་ཀླད་རྩའི་འཁོར་རྒྱུགས་དེ་ཅུང་འཁྲུག་ཏུ་ཕྱིན་སོང་ལ་རམ་འདེགས་ཀྱང་མི་ཉུང་བ་ཞིག་བྱས་སོང་། ནུབ་ཕྱོགས་ཀྱི་མགོ་སེར་ཚོས་རྒྱ་མཚོའི་འགྲམ་དུ་འབུ་དུང་ཁ་འབྱར་ལྟ་བུ་ཆེ་ཆུང་ཁམ་བུའི་ཚད་ཅན་མུའུ་ཤེལ་ཞེས་པ་དེས། འཁྲིག་སྤྱོད་ཡུན་གནས་ཐུབ་པར་ཕན་པ་དང་ལྷག་པར་དུ་མཇེ་ཞུམ་མེད་ལ་ཕན་ཚུལ་བཤད་ཀྱི་འདུག། མ་ཟད་ད་དུང་འཁྲིག་སྤྱོད་ནི་རང་དབང་ཅན་དུ་འདོད་ལ་ཁག་གཅིག་གིས་བཟའ་ཚང་ཁ་ཤས་མཉམ་དུ་འཛོམས་ནས་ཕན་ཚུན་འཁྲིག་སྤྱོད་ཕར་གཡར་ཚུར་གཡར་བྱེད་པའི་སྲོལ་ཞིག་ཀྱང་འདུག། དེ་བཞིན་མཇེ་ལས་སླ་པོར་མི་ལངས་བའི་སྐྱེས་པ་ལ་བུད་མེད་ཞིག་གིས་ཐག་པས་བསྡམ་བཀྱིག་བྱེད་པ་དང་རྟ་ལྕགས་བཞུས་ནས་ཆགས་པ་སློང་བ་སོགས་བྱེད་ཀྱི་འདུག། འཁྲིག་སྤྱོད་ཀྱི་ཆ་རྐྱེན་བསྒྲུབ་སའི་ཚོང་ཁང་ནི་གང་སར་ཁེངས་འདུག་ལ་རྒྱ་ཆེ་ལ་ཆ་རྐྱེན་ནི་སྣེ་འཛོམས་རེད། འདི་ལྟར་མཇེ་རྫུན་དང་སྟུ་རྫུན་སོགས་ཆེ་ཆུང་སྣ་ཚོགས་མཚོན་འདྲ་མིན་དབྱིབས་སྣ་ཚོགས་འདུག་ལ། ཚོང་ཁང་གི་ཞབས་ཞུ་མ་མཛེས་ཤིང་ལྟ་ན་སྡུག་པ་ཚོས་སྣང་མེད་ངང་ཉོ་མཁན་དང་ལྟད་མོ་བལྟ་མཁན་ཚོར་རྒྱུ་ཆ་དང་ཕན་ནུས་ཁྱད་ཆོས་སོགས་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་གི་འདུག། དེས་མཇེ་དང་སྟུ་ནི་རང་ཆས་སུ་གྲུབ་ལ་འཁྲིག་སྤྱོད་རང་དབང་ནི་མིའི་རིགས་ཀྱི་སྤྱི་ཚོགས་ནང་འཚོ་བའི་དགོས་མཁོར་མེད་དུ་མི་རུང་ཞིག་མཚོན་གྱི་ཡོད་། དེར་བརྟེན་ཨ་རིག་འགྱུར་མེད་ལ་འགལ་སྐྱོན་གང་ཡང་མི་འདུག་སྙམ།
ད་ཐེངས་གསེར་འབྲུག་སྡེར་ལྔའི་དེ་ལའང་གོ་རྒྱུ་ཞིག་ཡོད་གི མངོན་པར་བསྟོད་དོ། བོད་མི་རིགས་གྲངས་ཉུང་གི་གནས་སྟངས་འདི་ལས་སྐྱོབ་ཐབས་ཤིག་གནང་རོགས་ཞུ། ཁྱེད་རྣམ་པ་མི་རིགས་ཀྱི་དཔའ་བོ། མི་རིགས་ཀྱི་ལ་རྒྱ་འཛིན་མཁན་དེ་ཡིན་པས། བོད་མི་རིགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དང་ང་ཚོས་ཁྱེད་རྣམ་པར་རྒྱབ་སྐྱོར་ཞུས་ངེས་ཡིན། འོན་ཀྱང་གྲྭ་བའི་སྤྱི་ཚོགས་ལ་ལེ་ལན་མ་གདའ་རོགས། རང་རང་ལ་འགན་ཡོད་པ་ཤེས་པར་གྱིས།
འཕགས་ཁོ་ལགས། ཁྱོད་ཀྱིས་༼འདི་ནི་མིག་བཙུམ་ནས་མ་ནི་ཁྲི་འབུམ་བགྲངས་བ་ལས་ཀྱང་དགེ་བ་དཔག་མེད་ཡོད་ངེས་རེད། ༽ ཟེར། ཁྱེད་རྣམ་པས་ཟློས་གར་ཁང་དུ་འཁྲིག་སྤྱོད་ཀྱི་ཟློས་གར་ཞོག་འཁྲོབ་དང་དེ་ནས་ལྟད་མོ་ཡག་པོ་ཞིག་ཡོང་ངེས་རེད། དེ་མིན་སྟོང་བཤད་བརྒྱབ་པས་ཅི་ཕན།
འབྲུག་པ་ཀུན་ལེགས་ཀྱི་སྐྱབས་འགྲོ་འཁོར་བ་ལས་སྒྲོལ་མ་བཞུགས་སོ།།
ཤིང་སྡོང་རྒོད་པོ་བཞིན་རྩ་བ་ནས་འགྱེལ་ཡང་བདག་འཛིན་བློ་ཡིས་མི་ཐོངས་པའི་ཨ་པ་རྒས་པོའི་མཇེ་ལ་སྐྱབས་སུ་མཆིའོ།།གཅོང་རོང་དོག་མོ་བཞིན་གཏིང་དུ་ལྷུང་ཡང་འདོད་ཆགས་བློ་ཡིས་མི་ཐོངས་པའི་ཨ་མ་རྒན་མོའི་སྟུ་ལ་སྐྱབས་སུ་མཆིའོ།།
ང་རྒྱལ་གཏིང་ནས་ལངས་ཚེ་འཆི་བའི་སྲོག་ལ་མི་འཛེམས་པའི་སྟག་ཤར་གཞོན་པའི་མཇེ་ལ་སྐྱབས་སུ་མཆིའོ།།
སྨད་ཀྱི་བདེ་བ་རྦ་རླབས་བཞིན་གཡོ་ཚེ་ཁྲེལ་དང་ངོ་ཚ་མི་འཛེམས་པའི་ན་ཆུང་བུ་མོའི་སྟུ་ལ་སྐྱབས་སུ་མཆིའོ།།
གོང་དུ་ངས་ཁ་བརྡ་ཚང་ལ་བཟང་སྤྱོད་དང་ལྡན་པའི་སྒོ་ནས་རྩོམ་རྩོགས་འདི་ཕྱིར་འཐེན་བྱ་རོགས་ཞེས་བསྐུལ་མ་བྱས་ཀྱང་། ཁ་བརྡ་ཚང་གི་རྩོམ་སྒྲིག་གྲྭ་ལོག་ཚོ་དང། མཆན་འབྲི་བ་གྲྭ་ལོག་དེ་ཚོས་དགའ་པོའི་ནང་ནས་ཕོ་རྟགས་མོ་རྟགས་སྐོར་ལ་ངོ་ཚ་འཁྲེལ་མེད་ཀྱི་མཆན་མང་པོ་ཞིག་སྤེལ་བཞིན་འདུག ད་མུ་འཐུད་སྤེལ། སྤེལ། སྤེལ། གྲྭ་ལོག་ཚོ།
ཨོའོ་མ་ཟང་ཐལ་དགའ་ལྡན་ནས་བདེ་མཆོག་སྐུ་འདྲ་དེ་ལྷ་ཁང་ནང་ནས་ཕྱིར་བསྟོན་གི་ཡོད་ས་རེད་ཧཧཧཧཧཧཧ
དམ་པའི་ཞིང་ལ་བསྔགས་པའི་རྩོམ་ཡིག་ཅིག །
འབྲི་མཁན་མང་ཡང་ཀློག་མཁན་ཉུང་ཚོད་རེད།།
མཇེ་སྟུ་ཆགས་སྲེད་བརྗོད་པའི་རྩོམ་ཡིག་ཅིག །
འབྲི་མཁན་ཉུང་ཡང་ཀློག་མཁན་མང་ཚོད་རེད།
མཇེ་དང་སྟུ་ཡི་ཚགས་ཤོག་ང་ལ་མཁོ། །
མཇེ་དང་སྟུ་ཡི་བསྟན་བཅོས་ང་ལ་མཁོ། །
མཇེ་དང་སྟུ་ལས་བྱུང་བའི་དགེ་སྐྱོན་དག །
ལྷུག་པར་སྨྲ་བའི་སྤོབས་པ་ང་ལ་མཁོ། །
རྒྱོ་བཤད་མང་དུ་འདོན་པ་ན།།
ན་ཆུང་ཆགས་པ་ལོང་ནས་དགའ།།
སྟག་ཤར་དེ་ལ་ངོམས་ནས་དགའ།།
རྒན་འཁོགས་དྲན་པ་གསལ་ནས་དགའ།།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
khabdha editor (Skype)
Khabdha tsang ( Facebook)