རིག་འཛིན།
ང་དགུའི་ལོ་ཟླའི་རླུང་འཚུབ་དྲག་པོས།།
གངས་རིའི་ཡུལ་གྱི་སྣོད་བཅུད་ཡོད་རྒུ།།
མྱ་ངམ་ཐང་གི་གཡུལ་སར་བསྒྱུར་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་དམག་གི་གླང་སྤྱོད་རྩུབ་མོས།།
གདོང་དམར་བོད་མིའི་ཡབ་མེས་འབུམ་ཕྲག།
དམར་གསོད་དྲག་པོའི་འཁོར་ལོ་སྐོར་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
ཤར་ཕྱོགས་ཙི་ནའི་བསྟན་དགྲ་དམར་པོས།།
གངས་ཅན་བོད་མིའི་བཅུ་ཕྲག་རིག་གནས།།
མངོན་ལྐོག་གཉིས་ཀྱིས་རྩ་མེད་གཏོང་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་ཇག་པའི་སྡུག་རྩུབ་དྲག་པོས།།
བྲག་སྲིན་ཨ་མའི་གཅེས་ཕྲུག་འབུམ་ཕྲག །
ཁ་བྲལ་བཏང་བའི་དྲན་གདུང་ན་ཟུག །
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུང་ཁྲན་ཀླ་ཀློའི་ངན་བྱུས་རལ་གྲིས།།
བསིལ་ལྡན་ཡུལ་གྱི་ཀ་ཁའི་དབྱངས་རྟ།།
དུབ་བུར་གཅོད་པའི་བྱ་ངན་འདི་ཀོ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་གཞུང་གིས་ལོ་ཟླ་གྲངས་མེད།།
གངས་རིའི་ལྗོངས་ཀྱི་གཏེར་དངོས་རྩེ་ཤིང་།།
ཉིན་མཚན་དབྱེར་མེད་རྒྱ་ཡུལ་འཁྱེར་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
དམ་ཆོས་བདུད་རྩིའི་ཆོས་ཆར་འབབ་པའི།།
མཐོ་སྒང་བོད་ཡུལ་ཞི་བདེའི་གླིང་འདི།།
གུན་ཁྲན་དཔོན་གྱིས་གཡུལ་སར་བསྒྱུར་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་གཞུང་གི་དཔོན་ངན་དེ་ཚོས།།
རང་ཅག་བོད་མིའི་འདི་ཕྱིའི་སྐྱབས་གནས།།
༧ཡིད་བཞིན་ནོར་བུར་ཚད་མེད་ཞུ་བ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གངས་རིའི་ཡུལ་གྱི་ཁྱིམ་བདག་བོད་མི།།
གུན་ཁྲན་རྒྱ་ཡི་གཡོག་ལ་བཀོད་དེ།།
མི་ལོ་དྲུག་ཅུའི་དཀའ་སྡུག་དེ་དག །
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
ཆོས་ལྡན་བོད་ཀྱི་དགོན་སྡེ་འབུམ་ཕྲག །
གུན་ཁྲན་དམག་གིས་གཏོར་བཅོམ་བྱས་ཏེ།།
སྐྱབས་ཡུལ་དགེ་འདུན་རལ་གྲིས་བཀུམས་པ།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་གྱི་དཔོན་གྱིས་ངན་བྱུས་ཟམ་པ།།
བསིལ་ལྡན་བོད་ཀྱི་ཡུལ་ལ་བཙུགས་ཏེ།།
བོད་ཡུལ་རྒྱ་ཡུལ་བསྒྱུར་བའི་བྱུས་ངན།།
གདོང་དམར་བོད་མིའི་སྙིང་གི་རྨ་ཁ།།
གུན་ཁྲན་ཀླ་ཀློས་དྲག་སྤྱོད་ཁོ་ནས།།
མདོ་དབུས་ཁམས་གསུམ་བོད་རིགས་སྤུན་ཟླ།།
སྡུག་ལ་སྦྱར་བའི་སྐྱོ་གར་ལས་དབང་།།
གཞིས་བྱེས་བོད་མིའི་སྙིང་གི་རྨ་ཁ།།
གཞིས་བྱེས་གཉིས་ཀྱི་ན་གཞོན་གངས་ཕྲུག།
དམ་མཐུན་ལ་རྒྱའི་མཐུན་སྒྲིལ་སྒྲིམ་སྟེ།།
རིག་པའི་རྣམ་དཔྱོད་རྩལ་དུ་སྟོན་ནས།།
ཕ་ས་ལེན་པར་མཉམ་དུ་ཆས་འགྲོ།།
རྨ་ཁ་མང་བའི་མི་རིགས་འདི་ལ། །
གསོ་བའི་སྨན་དཔྱད་ལག་ལེན་དགོས་སྟབས།།
རིག་འཛིན་ཟུག་རྔུའི་སྐད་སྒྲ་དེ་ཡིས།།
ལན་ཅིག་ཡིད་ལ་མྱ་ངན་སྟེར་བྱུང་།།
དོན་གྱི་གནད་རྣམས་འབུར་དུ་ཐོན་ཀྱང་།།
ཚིག་གི་དག་ཆར་ཡིད་གཟབ་དགོས་སྟབས།།
སྨན་གྱི་ཐུན་གཅིག་བསེ་རུས་ཕུལ་ཡོད།།
བདུད་རྩིའི་ཚུལ་དུ་ལན་ཅིག་བཞེས་རོགས།།
ཡིག་ནོར་ཡོད་པའི་ཚིག་རྐང་ཁག་ཡིན།
གུན་ཁྲན་དམག་གི་གླང་སྤྱོད་རྩུབ་མོས།།
དམར་གསོད་དྲག་པོའི་འཁོར་ལོ་སྐོར་བ།།
དུབ་བུར་གཅོད་པའི་བྱ་ངན་འདི་ཀོ།
གངས་རིའི་ལྗོངས་ཀྱི་གཏེར་དངོས་རྩེ་ཤིང་།།
༧ཡིད་བཞིན་ནོར་བུར་ཚད་མེད་ཞུ་བ།།
གུན་ཁྲན་རྒྱ་ཡི་གཡོག་ལ་བཀོད་དེ།།
གུན་ཁྲན་གྱི་དཔོན་གྱིས་ངན་བྱུས་ཟམ་པ།།
མ་དག་པ། དག་པ།
གླང་སྤྱོད། བརླང་སྤྱོད།
སྐོར་བ། བསྐོར་བ།
གཏོང་བ། བཏང་བ།
དུབ་བུར། དུམ་བུར།
སྡུག་རྩུབ། གདུག་རྩུབ།
རྩེ་ཤིང་། རྩི་ཤིང་།
ཚད་མེད། མཚན་སྨད།
བཀོད་དེ། བཀོལ་ཏེ།
གུན་ཁྲན་གྱི་དཔོན་གྱིས། གུང་ཁྲན་དཔོན་གྱིས།
བསེ་རུུའི་མཆན་དེས་ཤིན་ཏུ་ཕན་འབྲས་ཟབ་མོ་ཞིག་སྤྲད་འདུག་པས་ཁོ་བོས་སེམས་གཏིང་ནས་ཡིད་
རངས་ཞུ་ཡི་ཡོད། ངོ་མ་དོན་གོ་ཆོད་པའི་མཆན་རང་རེད།
དྲ་གྲོགས་བསེ་རུ་ལགས།
དག་བཅོས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ།
རྗེས་སུ་ཡང་ཡང་ཕེབས་རོགས།
ལྷ་ས་ལྷ་ཡི་ཞིང་ཁམས་དེར།།
ཆོས་མེད་སྨྲ་བའི་བདུད་མཚོན་གྱིས།།
ཡུམ་བུ་བླ་མཁར་ཐང་ལ་བརྡབས།།
ཡར་ཀླུང་གཙང་པོར་ཁྲག་གིས་བརྫིས།།
སྤྱིར་བཏང་བརྗོད་བྱའི་ངོས་ནས་བལྟས་པ་ཡིན་ན། ཁྱེད་རང་བྲིས་པའི་རྩོམ་ཡིག་དེ་རིན་ཐང་ཆེ་བའི་བདག་ཉིད་ཅན་ཅིག་རེད་འདུག འོན་ཀྱང་ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པར་ཁས་ཆེ་བར་སོང་། ང་ཚོའི་སྤྱི་ཚོགས་ཀྱི་ནང་གི་རྩོམ་པ་པོ་རྣམས་ཀྱི་ལས་འགན་གཙོ་ཆེ་ཤོས་ནི། རང་གི་སྐད་ཡིག་གི་ཤེས་ཚད་གོང་མཐོར་གཏོང་རྒྱུ་དེ་རེད། དེ་གོང་མཐོར་གཏོང་ཐབས་ག་རེ་རེད་ཞུ་ན། དེ་ནི་ང་ཚོས་བྲིས་པའི་རྩོམ་ཡིག་དེ་རྣམས་ཀློག་པ་པོ་མང་དག་ཅིག་གིས་བཀླགས་པར་བརྟེན་རྗོད་བྱེད་ཚིག་གི་ཆ་ནས་དག་ཆ་སོགས་ནོར་བུ་མེད་པར་ཆགས་ཐུབ་རྒྱུ་དང་། དོན་ལ་དམིགས་ནས་དེ་དག་གི་རྩོམ་གྱི་ས་བོན་རྙེད་ཐུབ་པ་ལ་རག་ལས་ཡོད་པ་རེད། དེར་སོང་ང་ཚོས་ཐོག་མར་བསམ་ཚུལ་དང་སྒྲུང་གཏམ་གང་དང་གང་འབྲི་བའི་སྐབས་སུ་སྐད་ཀྱི་ཆ་ནས་ཡོངས་གྲགས་སམ་ཐུན་མོང་གི་སྐད་ཡིན་པ་ལ་སུམ་རྟགས་ཀྱི་སྒྲིག་གཞི་དང་མི་འགལ་བའི་ཐོག་ནས་བེད་སྤྱད་བྱེད་རྒྱུ་དེ་ནི་གཙོ་བོའི་ནང་ནས་གལ་གནད་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད། དེས་ན་ཉིད་ཀྱི་གོང་དུ་བྲིས་པའི་རྩོམ་གྱི་བརྗོད་བྱའི་ངོས་ནས་བལྟས་ན་ཧ་ཅང་གི་ཡག་པོ་འདུག འོན་ཀྱང་རྗོད་བྱེད་ཀྱི་ཆ་ལ་མ་དག་མང་པོ་འདུག་པས་ཁྱེད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་རྗེས་སུ་དེ་གའི་རིགས་ལ་དོ་སྣང་ཆེ་ཙམ་གནང་ཐུབ་ན་བཟང་པོའི་སྟེང་དུ་རྒྱན་ཟེར་བ་ལྟར་རང་གཞན་གཉིས་ཀ་ལ་ཕན་པ་ཞིག་ཆགས་རྒྱུ་ཉག་ཅིག་རེད་ལགས།