སྐུ་ཞབས་ཀྲང་དང་གླེང་མོལ་ཡི་གེར་བཀོད་པ །
བོད་ཀྱི་སྐད་ཡིག་དྲ་ཚིགས་ནས་བླངས།
(http://www.tibettl.com/blog/u/laozang555/archives/2009/5413.html)
དེ་རིང་གཞན་དོན་ཞིག་གི་ཕྱིར་ཏུ་ས་ཆ་ག་གེ་མོ་ཞིག་ལ་འགྲོ་བའི་ལམ་བར་ནས །
རྒྱ་རིགས་སྐུ་ཞབས་ཀྲང་དང་ངེད་གཉིས་ཁ་བརྡ་སྣ་ཚོགས་ཚོགས་ཤིག་གླེང་པས་གོ་སྐབས་ཡག་པོ་ཞིག་བྱུང་། བཤད་ཀྱིན་བཤད་ཀྱིན་ན་ནིང་གི་གསུམ་བཅུ་བཞི་ལས་འགུལ་བཤད་རྒྱུར་འཕྲད་སོང་། ཡིན་ཡང་ངའི་སེམས་ངོར་ཁོ་ནི་རྒྱ་རིགས་ཡིན་པའི་ངའི་བསམ་ཚུལ་གྱི་ལྡོག་ཕྱོགས་ནས་བཤད་རྒྱུ་རེད་འདོད་མ་མཐའ་ཡང་ཟུར་ཙམ་ཞིག་ལྡོག་ཕྱོགས་ནས་ལོས་བཤད་བསམ་སོང་། དེ་མ་ཡིན་པར་ཁོ་བཤད་པ་ཕལ་ཆེར་ང་ཚོའི་བོད་མི་ཡོངས་ཀྱི་བསམ་ཚུལ་འདྲ་བོ་འདུག
ཁོས་ དེ་རིང་གཙོས་གྲོང་ཁྱེར་ལ་འགོ་ཁྲིད་ཞིག་གམ་དཔོན་པོ་ཞིག་ཡོང་གི་ཡོད་ཁ་རེད །
ངས་ ཅི་བྱེད་ཀི
ཁོས་ གཙོས་གྲོང་ཁྱེར་གྱི་ལམ་མདོ་སྲང་མདོ་ཡོད་ཚད་འགྲིམ་འགྲུལ་ཉེན་རྟོག་པ་དང་དམག་མིའི་བཀག་འདུག་ཟེར །
ངས་ འོ་དེ་རིང་སྤྱི་ཟླ་གསུམ་པའི་ཚེས་པ་དགུ་རེད་སང་ཉིན་ནི་ཚེས་བཅུ་ཡིན་པའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ནི་གཞས་བྱེས་གཉིས་སུ་ལྷུང་བའི་བོད་མི་ཡོངས་ཀྱི་འདས་སོང་ལོ་ཟླ་སྐྱུར་བོ་ཕྱི་དྲན་བྱེད་པའི་ཉིན་མོ་ཡིན་པ་དང་དེའི་ཁར་ད་ལོ་ནི་བོད་མིའམ་བོད་རྒྱལ་ཁབ་ཀྱིས་རང་དབང་གཞན་འོག་ཏུ་ཤོར་ནས་ལོ་འཁོར་ལྔ་བཅུ་ལོན་པ་ཡིན་པའི་ཁོ་རང་ཚོས་དེ་ལ་སྔོན་འགོག་གི་འཇིགས་སྣང་བསྐུལ་བ་དང་དྲག་ཆས་སྤྲད་པ་ཡིན་རྒྱུ་རེད་གོ
སྐབས་དེར་ཏག་ཏག་ཁོ་ལ་ཁ་པར་ཞིག་སླེབས་སོང་། སི་ཁྲོན་གྱི་གྲོགས་པོ་ཞིག་རེད་ཟེར་ཞོར་དུ་ཁོས་ཁ་པར་ལ་ཉན། ཁ་པར་འཚམས་བྱས་ནས་བགོད་ཞོར་ལ་ཧ་ལས་པ་ཞིག་ལ་ན་ནིང་གསུམ་པའི་བཅུ་བཞིའི་རྗེས་ནས་སི་ཁྲོན་གྱི་གྲོགས་པོ་འདིས་ང་ལ་འདྲི་རྒྱུར་ཁྱོད་ལ་གནོད་སྐྱོན་འདྲ་འེ་ཐེབས་ཐ་ཟེར། ངའི་ཅི་ཡིན་མ་ཤེས་པར ། ཨ་ཇི་ཞིག་ལ་ཞེས་དྲིས་པས ། བོད་ཁུལ་ཡོངས་དང་ནང་དགོས་སུ་ཁྱོད་འདུག་སའི་ཀན་ལྷོ་ན་བོད་མིས་རྒྱ་རིགས་དང་མི་རིགས་གཞན་བསད་ནས་བོད་མི་གཅིག་གི་ལག་ན་མི་རིགས་མཞིན་པའི་མགོ་གཅིག་གཉིས་རེ་བཟུང་ནས་སྲང་ལམ་ན་འགྲོ་བཞིན་པ་མ་ཡིན་ནམ་ཟེར ། འ་འ་་་དཔེ་ཞིག་གང་ལ་ཡོད་དེ་འདྲ་ཞིག་གཏན་ནས་མ་རེད ། ཁྱོས་འདི་འདྲའི་སྙོགས་གཏམ་ཞིག་གང་ནས་ཐོས་སོང་ཟེར་བ་ན ། ང་ཚོའི་ས་ཆས་མི་ཚང་མའི་དེ་འདྲ་ལབ་ཀྱིན་འདུག་ ། འོ་དེ་འདྲ་མིན་ན་སྐྱོན་མི་འདུག་ཟེར་ཞེས་བཤད་གི་ཟེར ། འདི་དང་མཚོན་པའི་སྒྲོ་འདོག་གི་སྐད་ཆ་སྣ་ཚོགས་ཚོགས་ཤིག་སྐམ་ས་ཆེན་མོ་ན་དུས་ནམ་ཡང་འུར་གྱིན་འདུག ་གོ །
སྐུ་ཞབས་ཀྲང་ཁོང་ནི་དྲག་ཆས་ཉེན་རྟོག་པུའུ་ན་གྲོགས་པོ་མང་བའི་མི་ཞིག་ཡིན་པའི་ཁོས་དེའི་ཕྱོགས་ནས་གནས་ཚུལ་གསར་བ་ངའི་བློ་ངོར་མ་ཤར་བ་རེ་འགའང་བཤད་རྒྱུ་ཡོད་ཀི
ད་ལོ་ཀ་ཅིའི་གཞོན་ཆུང་དམག་མི་གསར་དུ་བསྡུས་ནས་དམག་སྦྱོང་དང་སློབ་གསོ་གང་མང་བྱས་ནས་ཟླ་བཞི་ཙམ་ཕྱིན་པའི་ནང་དམག་ཕྲུག་ལོ་ཆུང་གཉིས་ཀྱིས་དེ་གའི་མནར་སྡུག་དང་སློབ་གསོ་ལ་ངང་སྐྲག་སྐྱེས་སྟེ་གཟིགས་པོ་འཁྲུ་རུ་འགྲོ་བའི་ལམ་བར་ནས་ཕྱིར་རང་ཡུལ་དུ་བྲོས་བྱོལ་བྱས ། སྟབས་མ་ལེགས་པར་ཀ་ཅི་ནས་བཟུང་རྐང་པ་རྒྱབ་ནས་ཉིན་ཕྱེད་ཙམ་ཞིག་སོང་མཐར་བོང་སྒར་ཐང་ལ་ཐོན་ལ་ཉེ་དུས་དམག་བདག་གི་བྲོས་སོང་བ་ཤེས་ནས་རླངས་འཁོར་ནང་ནས་རྗེས་འཆོད་སོང་ཟེར། བྲོས་བྱོས་བྱེད་དགོས་དོན་ནི་བོད་མི་རིགས་ནི་སྡུག་རྩུབ་ཆེ་བ་དང་འཇིགས་སྐྲག་ཞེད་སྣང་ཆེ་བའི་མི་རིགས་ཤིག་ཡིན་པ་དང་དམག་མི་ཞིག་ཡིན་ཚེ་ངོས་ཅན་དུ་ཁོང་ཚོ་དགྲ་རུ་བཟུང་སྟེ་དུས་ནམ་ཡང་གུང་ཁྲན་ཏང་ལ་བློ་སེམས་རྣམ་དག་གི་སྒོ་ནས་བོད་མི་རིགས་སམ་གྲངས་ཉུང་མི་རིགས་རྩ་མེད་དུ་བཏང་དགོས་པའི་འོས་འགན་ཡོད་པ་ཅེས་སློབ་གསོ་ཡང་ཡང་གནང་བའི་རྒྱུ་མཚན་གྱི་དམག་ཕྲུག་གཉིས་ཀ་བྲོས་སོང་ནི་རེད ། ཡང་ན་ནིང་དོན་རྐྱེན་གྱི་རྗེས་ནས་བསང་ཆུ་རྫོང་དྲག་ཆས་ཉེན་རྟོག་པུའུ་ནས་ཉེན་རྟོག་དམག་མི་ཞིག་བྲོས་སོང་ནས་ད་ལོ་ད་རུང་གར་སོང་ཆ་མེད་ཏུ་གྱུར་སོང་བ་སོགས་བཤད་ཀྱིན་འདུག་རེ་ཞིག་རྫོགས་སོ ། །
བདེན་པའི་ལམ་ནས་བརྡོལ་པའི་བདེན་པ་དག །
གཡོ་ཁྲམ་གོམ་ལག་མྱུར་བའི་གཡོ་ཅན་འགའི ། །
མི་བཟོད་སྙིང་དུ་སྡུག་པའི་གར་འཁྲབ་ནས ། །
གངས་རིའི་བུ་ཆུང་དབུགས་རྒྱུན་འགག་ལ་ཁད ། །
གསུམ་བཅུའི་དུས་དྲན་ཉིན་མོར་བྲིས་པ་ཡིན ། །