མཁན་ཆེན་དཔེ་ཆ་བ།
དེ་ཡང་ས་ག་ཟླ་བའི་དུས་ཆེན་ཉིན་མོར་རྒྱ་གར་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་དང་ཤྲི་ལང་ཁའི་ཆེས་མཐོའི་གཞུང་ཚབ་དོན་གཅོད་སློབ་སྟོན་པ་སོགས་ཀྱིས་གལ་གནད་ཆེ་བའི་གསུངས་བཤད་གནང་འདུག
དེ་ཡང་ཀརྨ་པས། སྤྱིར་བཏང་ནང་པའི་ལྟ་གྲུབ་ཀྱིས་དེང་སང་གི་རྩོད་རྙོགས་ཆེ་བའི་འཇིག་རྟེན་འདི་ཞི་འཇམ་ཡོང་བར་ཕན་ཐོགས་ཚད་མེད་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན་མཁས་པ་ཚོས་ཞིབ་འཇུག་གི་ལམ་ནས་ཐེག་པ་ཐུན་མོང་བ་དང་ཐེག་པ་ཐུན་མོང་མ་ཡིན་པའམ་ཐེ་ར་ཝ་དྷ་དང་མ་ཧཱ་ཡ་ན་ཞེས་འབོད་བཞིན་པའི་ཆོས་རྒྱུད་ཆེན་པོ་གཉིས་ཀྱི་ལྟ་གྲུབ་ལ་ཞིབ་འཇུག་གི་ལམ་ནས་གཞི་གཅིག་ལ་དྲིལ་ཚུལ་ངོ་སྤྲོད་བྱེད་དགོས་ཀྱིན་འདུག དེ་ཡང་ཐུན་མོང་གིི་གཞི་གཅིག་དུ་འབབ་པའི་ཚུལ་དེ་ངོ་སྤྲོད་བྱ་ཐུབ་ན་མི་མང་པོའི་དོག་པ་སེལ་བར་ཕན་ཐོགས་ཆེན་པོ་ཡོད་ཚུལ་སོགས་གསུང་བཤད་རྒྱས་པར་གནང་འདུག
ཤྲི་ལང་ཁའི་སློབ་སྟོན་བློན་ཆེན་མཆོག་གིས། དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་དགྲ་བཅོམ་པ་མ་ཧེན་དྷས་ཤྲི་ལང་ཁའི་གླིང་ཕྲན་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་ཚུལ་དང་། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཆོས་ནི་ཤྲི་ལང་ཁའི་མི་མང་ལ་ལམ་སྣ་སྟོན་པའི་འོད་སྣང་ཉག་གཅིག་ཏུ་གྱུར་ཡོད། དེ་ཡང་ཤྲི་ལང་ཁའི་ལོ་རྒྱུས་དང་། རྩོམ་རིག གོམས་སྲོལ། སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་སོགས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་ཡོད། སངས་རྒྱས་ཀྱི་ཆོས་འདིས་ཤྲི་ལང་ཁའི་མི་མང་ལ་ཡ་རབ་དང་། བཟང་སྤྱོད། བཟོད་སྒོམ། མཐུན་སྒྲིལ་བཅས་ཀྱི་གོམ་པ་མདུན་སྤོས་བྱེད་སྟངས་བསླབས་ཡོད་ཚུལ་སོགས་གསུངས་བཤད་གནང་འདུག
ད་དུང་ཁོང་གིས། ཉེ་བའི་ཆར་སེར་སྐྱའི་གྲོང་དུ་ནང་པ་སངས་རྒྱས་པའི་རྟེན་རྫས་མང་པོ་སྔོགས་འདོན་རྙེད་སོན་བྱུང་བ་ཚང་མར་གུས་ཕྱག་བྱེད་པའི་གོ་སྐབས་བྱུང་སོང་། དེ་ནི་ང་རང་ཉིད་ཀྱང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སྐལ་བ་བཟང་པོར་ཚོར་བྱུང་། རྟེན་རྫས་དེ་དག་ཤྲི་ལང་ཁའི་སྲིད་འཛིན་མཆོག་གིས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་༢༠༡༢ལོའི་ས་ག་ཟླ་བའི་བར་དུ་ཤྲི་ལང་ཁའི་ཡུལ་དུ་ཉར་ཆོག་པའི་གནང་བ་ཐོབ་ཚུལ་སོགས་གསུངས་འདུག
འབྲས་ལྗོངས་དགོན་སྡེ་ལྷན་ཚོགས་ཀྱི་དབུ་གཙོ་ཡ་པོ་བསོད་ནམས་ཡོངས་དྷ་ལགས་ཀྱིས། ཤྲི་ལང་ཁའི་མི་མང་གིས་འབྲས་ལྗོངས་ནས་འཁྲུངས་ཤིང་ཤྲི་ལང་ཁའི་ཡུལ་དུ་སྐུ་ཚེ་བསྐྱལ་བའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་ལ་ཤྲི་ལང་ཁའི་གཞུང་དམངས་ཀྱིས་གུས་བརྩི་ཆེན་པོ་ཞུས་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག དེ་ཡང་བཙུན་པ་མ་ཧེན་དྷ་མཆོག་ནི་འབྲས་ལྗོངས་སུ་འཁྲུངས་ཤིང་ཤྲི་ལང་ཁར་རབ་ཏུ་བྱུང་། ཁོང་རང་ཉིད་ཀྱི་རང་ཉིད་བོད་རིགས་ཡིན་པར་ཞལ་གྱིས་བཞེས། ཤྲི་ལང་ཁར་ཡང་བོད་ཀྱི་མ་ཧེན་དྷ་ཐེ་ར་ཟེར་ནས་སྐད་གྲགས་ཆེ། ཁོང་གི་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན། གོང་གིས་སྐུ་ཚེ་གང་བོར་དཔེ་དེབ་བཞི་བཅུ་ཙམ་བརྩམས་ཡོད། ཁོང་གིས་ཤྲི་ལང་ཁའི་རང་བཙན་འཐབ་རྩོད་ལ་ཕྱག་ལས་རྒྱ་ཆེར་གནང་ཞིང་ཤྲི་ལང་ཁ་རང་བཙན་བྱུང་རྗེས་སུ་ཁོང་ནི་ཤྲི་ལང་ཀའི་རང་བཙན་ལེན་མཁན་གྱི་དཔའ་བོའི་གྲས་སུ་བགྲངས་ཡོད། དེ་ཡང་གྲོང་ཁྱེར་ལྟེ་བ་གོ་ལོམ་བྷོ་ཡི་སྲང་ལམ་ཞིག་ལ་ཁོང་གི་མིང་བཏགས་པ་དང་། ཁོང་གི་འདྲ་སྐུ་ཞིག་ཀྱང་བཞེངས་ཡོད། ༼ཁོང་གི་སྐོར་ཉུང་བསྡུས་ཤིག་ཟུར་དུ་ངོ་སྤྲོད་བྱ་འཆར་ཡོད་༽
ད་དུང་གྲོང་ཁྱེར་ཕོན་དྲི་ཆེ་རེས་ཡི་ནང་པ་མཐུན་ཚོགས་ཀྱི་དབུ་གཙོ་སོགས་ཀྱིས་གསུངས་བཤད་གནང་ཡོད།
༼བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་གི་སྐུ་པར་གྱི་ཡོང་ཁུངས་www.dailynews.lkཡིན།༽
བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་ལ་གུས་བརྩི་དང་ཤྲི་ལང་ཀ་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་ལང་ཀར་གཤེགས་པའི་མདོ་གསུངས་པའི་གནས་མཆོག་ཅིག་ཡིན་པར་མ་ཟད། ནང་པའི་རྒྱལ་ཁབ་རྙིང་ཤོས་ཤིག་ཏུ་གྱུར་ཡོད་ལ་བསྟན་པ་ཆགས་འཇིག་མེད་པར་གནས་ལ་ལོ་རེ་བཞིན་དུས་ཆེན་བརྩི་སྲུང་བྱེད་པ་སོགས་ང་ཚོས་བོད་པས་མིག་ལྟོས་བྱ་འོས་བར་གྱུར་མོད། ཡིད་ཕངས་བ་ལ་བོད་ཀྱི་ནང་པ་དང་འདི་གཉིས་ཀྱི་བར་ལ་དེ་ཙམ་གྱིས་འབྲེལ་ལམ་མེད་པ་དང་ད་ཐེངས་ས་ག་ཟླ་བའི་དུས་ཆེན་ཉིན་མོར་རྒྱ་གར་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་དང་ཤྲི་ལང་ཀའི་ཆེས་མཐོའི་གཞུང་ཚབ་དོན་གཅོད་སློབ་སྟོན་པ་སོགས་ཀྱིས་གལ་གནད་ཆེ་བའི་གསུངས་བཤད་གནང་འདུག་པ་དེ་ལ་བསྔགས་བརྗོད་ཞུ་འོས་དང་། འབྲེལ་ལམ་བཟང་པོ་ཞིག་འཛུགས་པ་ནི་བསྟན་པ་སྤྱི་ལ་ཕན་པས་དེ་ལྟར་ཐུགས་ལ་འདོགས་པར་ཞུ། །
ཁོང་རང་ཉིད་ཀྱིས་རང་ཉིད་བོད་རིགས་ཡིན་པར་ཞལ་གྱིས་བཞེས་པའི་འབྲས་ལྗོངས་ནས་འཁྲུངས་ཤིང་ཤྲི་ལང་ཁའི་ཡུལ་དུ་སྐུ་ཚེ་བསྐྱལ་བའི་བཙུན་པ་་་་མ་ཧེན་དྷ་ཐེ་ར་་་་མཆོག་ལ་གུས་བརྩི་ཆེན་པོའི་རྗེས་སུ་ཡིད་རང་ཚད་མེད་པ་ཞུ། བན་དེ་དངོས་གནས་ཤིག་བྱེད་འདོད་ན་་་སྐྱེས་ཕ་བཟང་གི་བུ་་་ཁོང་འདྲ་པོ་གནང་དགོས་པ་རེད། ད་ཁྱེད་རང་ཚོ་མིག་དཔེ་ཡག་པོ་བལྟ་ས་འདུག་བ། ཁོང་གིས་རྒྱུ་མཚན་ཞིག་མཐོང་བའི་ཐོག་ནས་་་་ཐེ་ར་ཝ་དྷ་་་་གནང་བ་ཞིག་ཡིན་གྱི་རེད། དུས་སྐབས་རགས་ན་ངས་ཀྱང་ཐེ་ར་ཝ་དྷའི་བྱུང་རབས་ལོ་རྒྱུས་ཚད་ལྡན་ཞིག་སློབ་སྦྱོང་བྱེད་འདོད་ཆེན་པོ་ཡོད། ཆོས་ཚུལ་དངོས་གནས་དེ་ལ་སུ་ཡིན་ནའང་རྗེས་སུ་ཡིད་རང་ཞུ་འོས་པ་ཤིག་རེད། སྤྱིར་བོན་པོས་རྒྱ་གར་ནང་དུ་བཞུགས་པའི་་་བན་དེ་དངོས་གནས་་་དེ་ཚོ་དང་ལྷན་དུ་འགལ་ཟླ་གང་ཡང་བྱུང་མྱོང་མེད། འགལ་ཟླ་བྱུང་མྱོང་ས་དེ་བོད་ཡུལ་དུ་་་མགོ་གཉིས་ཁྲབ་མཁན་་་དེ་ཚོ་དང་བྱུང་བ་རེད་བ། བོན་པོ་ཡིན་པས་ཟེར་ན་བོན་པོ་ཡང་མིན། བན་དེ་ཡིན་པས་ཟེར་ན་བན་དེ་ཡང་མིན་མཁན་དེ་ཚོ་རེད། བྱ་ཕ་བང་འདྲ་པོ།
bonpo ལགས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།ཅེས་སྟོན་པ་གཤེན་རབ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་པར་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་གསུངས་ཚར་བ་རེད། ད་བན་བོན་གྱི་རྩོད་པ་དེ་འདྲ་མ་བརྒྱབ་ན་ཆོག་གི བོད་ཀྱི་གདོད་མའི་ཆོས་ལུགས་ནི་བོན་ཆོས་ཡིན་པ་བཤད་མ་དགོས་བ་རེད་ལ། དེ་ལ་བོད་མི་ཞིག་ཡིན་ཕྱིན་གུས་བརྩི་ཞུ་འོས་དང་འོས། བོད་ཀྱི་ཤེས་རིག་འཕེལ་རིམ་ཁྲོད་ནས་སྔར་དང་མི་འདྲ་བར་བོན་པོ་ནང་པ་ལ་འགྱུར་ཚར་བ་རེད། ད་རྩོད་པ་རྒྱག་དོན་ཅི་ཡོད། པཎ་ཆེན་ན་རོ་པའི་སྤྲུལ་བ་ཆོས་རྗེ་ཀུན་ལེགས་སམ་གྲུབ་ཐོབ་ཁོང་གིས་གསུངས་པ་དེ་ག་རང་རེད།
བོད་དབྱིན་ལེགས་སྦྱར་བཅས་ཀྱི་ཚིག་མཛོད་རྩོམ་མཁན་དེ་ཡིན་ནམ།
མཁན་ཆེན་དཔེ་ཆ་བ་ལགས། ཁྱོད་ཀྱི་ཀརྨ་པ་ཟེར་བ་དེ་སུའི་ངོས་ལེན་ཡོད་༧སྐྱབས་མགོན་རིན་པོ་ཆེའི་བཀའ་འོག་དང་གསུང་འོག་ཡོད་པའི་དཔེ་ཆ་བ་ཞིག་དང་བོད་པ་ཞིག་མིན་པ་འདྲ། ད་དུང་མཐའ་ཡས་རྡོ་རྗེའི་ཁོང་གིས་ནང་པའི་ལྟ་གྲུབ་ཀྱི་འཛམ་གླིང་ནང་མཛའ་མཐུན་སོགས་ཕན་ཡོད་གསུང་པ་བདེན་པ་རེད་དེ་ཁོ་རང་མིའི་བེད་སྤྱོད་ཁོ་ནས་འོག་འཚོ་བཞིན་པའི་ཚོང་རྫས་དང་། འགལ་འདུའི་ཕུང་པོ། ཀཾ་ཚང་ནང་ཁུལ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཆགས་ཡོད་པ་མ་ཤེས་ནས་ད་དུང་ཀརྨ་པ་ཡིན་བསམ་པ་སྙིང་རྗེ་བྱིས་པ་རང་རེད།
ཀ་ར་མ་འདི་ན་ཐོན་བཞག །