(ཁ་སྐད་སྙན་ངག)
རས་པ།
དབུས་གཞུང་ལ་ངོ་མཚར་ཆེ་བའི་དམག་འཐབ་ཀྱི་བྱུང་བ་རིམ་པར་བསྐུར་ནས
དེ་རིང་བར ད་དུང་ང་ལ་སྐད་སྙན་མོའི་བཀའ་རྒྱ་ཅི་ཡང་མ་འབྱོར
ཀེ སྐྱག་བཙུར་ཁོ གལ་ཏེ་ང་ལྷ་སར་ཐོན་ན
རྒྱུགས་ཐེངས་གཅིག་གིས་སྟག་སྒྲ་ཀླུ་ཁོང་གི་མལ་ཁང་དུ་སོང་ནས
ངས་བསྐུར་བའི་རྐང་འབོབ་དང་ཇ་བག་རྣམས་འཁྱེར་ཤོག
སྒུག་སྒུག་ཀྱང་ཡར་འཐེན་མི་བྱེད་པའི་ཁྲེལ་མེད་ཁྱོད
ཅུང་ཙམ་མིན་ན ང་མགོ་འཐོམས་ནས་ཁྱོད་ལ་རྒྱ་མོ་ཞིག་ཀྱང་བསྐུར་ཚར་ཞེས་ཟེར་ངེས
རྒྱ་རྗེས་བོད་འདེད།
མའོ་ཙེ་ཏུང་གི་པར་ཆེན་ཞིག་བོད་ལ་སླེབས་དུས
བཅིངས་འགྲོལ་དམག་གིས་མེ་ཏོག་བཟུང་ནས་དགའ་བསུ་དགའ་བསུ་ཟེར
རྒྱ་དམག་མང་པོ་བོད་ལ་སླེབས་དུས
བོད་མི་རྣམས་ཀྱིས་བཟློག་པ་རྒྱབ་པའང་དགའ་བསུ་དགའ་བསུ་རུ་གྱུར
མ་མཐའ་ཡང་རྒྱ་མིའི་ངོར་དགའ་བསུ་རུ་གྱུར
ང་ཚོ་གད་མོ་དགོད་བཞིན་བྱེད་སྟངས་དེ་དགའ་བསུའི་ཉམས་སུ་བསུས
ང་ཚོ་ལ་དགའ་བསུ་དགའ་བསུ་ཟེར་ས་ཉེར་བར་བཅར་འོངས་ཀྱིན་འདུག
པཱ་པཱ་ཅུག་ཅུག་ཅུག་ལ་མེ་ཏོག་འཁྱེར་ཤོག
ཐལ་མོ་བརྡབ་ཤོག
དགའ་བསུ་དགའ་བསུ
བཀའ་ཁྲི་གསར་བར་དགའ་བསུ
༢༠༡༡།༨།༤
ཚན་པ་འོག་མ་དེས་དགའ་བསུ་དགའ་བསུ་གསུང་མེད་པར་བྱས་ན་ང་ཡང་མགོ་འཐོམས་ནས་ཁྱོད་ལ་དགའ་བསུ་ཞིག་བྱས་ཡོད་ཤག
ཧ་ཧ་ཧ་་་སྙན་ངག་འདིའི་གོ་བ་འཐིལ་ཕྱིན་པ་ཞིག་མ་ལོན་ཡང་ཟུར་གྱི་བྲོ་བ་དེས་ཁ་དོག་ཤེས་ཐལ་ལགས
བཀའ་དྲིན་ཆེ
ཚན་པ་འོག་མ་དེས་དགའ་བསུ་དགའ་བསུ་གསུང་མེད་པར་བྱས་ན་ང་ཡང་མགོ་འཐོམས་ནས་ཁྱོད་ལ་དགའ་བསུ་ཞིག་བྱས་ཡོད་ཤག
ཧ་ཧ་ཧ་་་སྙན་ངག་འདིའི་གོ་བ་འཐིལ་ཕྱིན་པ་ཞིག་མ་ལོན་ཡང་ཟུར་གྱི་བྲོ་བ་དེས་ཁ་དོག་ཤེས་ཐལ་ལགས
བཀའ་དྲིན་ཆེ
རྩོམ་གྲོགས་སྤྱན་ཆབ་ལགས་ཀྱིས་བཀླགས་པ་དགའ། གློ་བུར་གྱི་རིག་པས་རང་ཉིད་བསྐྱབས་པ་སྟབས་ལེགས།