བསྒྲགས་པའི་གསར་འགྱུར་ལྟར་ན། དེ་རིང་ཨ་ཧྥུ་སྒ་ནན་སི་ཐན་དུ་ཐ་ལི་པན་དང་ཨ་ལི་ཁེ་ཀྲ་འཇིགས་སྐུལ་ཚོགས་པར་དམག་འཁྲུག་རྒྱག་བཞིན་པའི་བྱང་ཆིངས་དམག་མིའི་ཐད་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་དེའི་ནང་དུ་ཡོད་པའི་དམག་མི་སོ་བརྒྱད་ཚང་མ་ཚེ་ལས་འདས་ཡོད་པ་དང་། དམག་མི་དེ་དག་གི་ཁྲོད་ནས་དམག་མི་ཉི་ཤུ་རྩ་གཉིས་ནི་ཨ་རིའི་སྐམ་མཚོ་མཁའ་གསུམ་གྱི་དྲག་པོའི་རྒོལ་རྡུང་གི་དམག་སྦྱོང་ཚད་མཐོ་ཤོས་དེ་བྱས་ཡོད་ཅིང་། ཟླ་གཅིག་གོང་དུ་འཇིགས་སྐུལ་བའི་མགོ་གཙོ་སྦིན་ལ་སྒྲིན་གསོད་མཁན་དག་ཡིན་འདུག ཐེངས་འདིའི་ཆག་སྒོ་འདི་ནི་ཨ་རིས་ཐ་ལི་པན་དང་མཉམ་དུ་དམག་འཁྲུག་བརྒྱབ་པའི་འདས་པའི་ལོ་བཅུའི་རིང་གི་ཆག་སྒོ་ཆེ་ཤོས་དེ་ཡིན་ཟེར།
ཆུ་ངོགས་གཏམ་རྒྱུད་ནང་གི་ཀྲང་ཧྲུན་བཞིན་བྷེལ་ལ་ཌིན་འདི་ཤི་ཡང་རྣམ་ཤེས་ཀྱིས་ལྟས་ལན་རྩོད་ཀྱི་ཡོད་ས་རེད། བླ་མ་མཁྱེན།
༄༅། ཇི་ལྟར་སར་ལྷུང་བ་ཡིན་ན། རྐྱེན་ཅི་ཞིག་ལ་འཕྲད་པ་ཡིན་ན། ཨ་ཁ།
ཐ་ལི་པན་གྱིས་ཁོ་ཚོས་ཅིག་བྱས་པ་ཡིན་ལུགས་ཀྱི་ཁ་ཤོམ་འཐེན་གི་འདུག
ཨ་རི་ལ་ཆག་སྒོ་བྱུང་བའི་སྐད་ཆ་རྣར་གོ་ན་ཡིད་ཕང་གིས། དེ་ལས་མ་གོ་ན་བཟང་བ་འདྲ་འདུག དེང་ཕྱིན་གསར་ངན་འདི་མོ་འདི་འདིར་ཁྱེར་མ་ཡོང་།
གོང་གི་གནས་ཚུལ་དེ་རྫུན་མ་རེད། གནམ་གྲུ་དེ་ཟགས་མི་འདུག ད་ལྟ་རང་འདི་ནས་འཕུར་འགྲོ་གི་འདུག ཨ་ལ་རྕེད་མོ་ཡིན།
ཁོང་ཚོ་བྷིན་ལ་ཏིན་བསད་མཁན་དག་དང་རུ་ཁག་གཅིག་པ་ཡིན་པ་ལས། མི་དེ་ཚོ་མ་རེད། དཔང་མི་དང་ཏ་ལི་བྷན་གྱིས་གནམ་གྲུ་དེ་རྐང་བཙུགས་ནས་གཏོར་བ་བཤད་ཤག
གནམ་གྲུ་དེར་རིན་གོང་ཨ་སྒོར་ས་༣༢ཙམ་་གནས་ཀྱི་ཡོད་པ་དང་། མི་་༣༠་ལྷག་ཙམ་ཁུར་ཐུབ་ཀྱི་ཡོད་འདུག ད་ལན་འདས་གྲོངས་སུ་ཕྱིན་པའི་ཨ་རིའི་དམག་མིའི་ནང་དུ་ས་མཚོ་གནམ་གསུམ་གྱི་དྲག་པོའི་སྦྱོང་བརྡར་ཆ་ཚང་ཐོན་པའི་ཚད་མཐོ་ཤོས་དེ་ཡིན་ས་རེད། དེ་སྔོན་བིན་ལ་ཏན་གསོད་མཁན་གྱི་དམག་སྡེ་ནས་ཡིན་ཡང་། བིན་ལ་ཏན་གསོད་མཁན་གྱི་ཁུངས་མི་རྣམས་ནི་ཡིན་ས་མ་རེད། དེ་ནི་ཉེ་བའི་ལོ་ཤས་ནང་ཨ་རིའི་དམག་ཐོག་ཆགས་སྒོ་ཆེ་ཤོས་དེ་ཡང་ཡིན་ས་རེད།