འབྲོག་རུ་ཆོས་གྲགས་ཀྱིས།
ངའི་མེས་པོ་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་ནི་མཆོད་བཤམས་ཀྱི་ཁྲོད་ནས་བཤམས་རྒྱུ་དང་ཁ་ཏོན་གྱི་དཔེ་ཆ་འདོན་བྱེད་ཅིག ད་དུང་བླ་གྲྭ་ཚོས་ནང་ཆོས་སྦྱོང་བྱེད་དང་སྒོམ་ཆེན་ཚོས་གསང་སྔགས་བསྒྲུབ་བྱེད་ཁོ་ན་ཞིག་ཆགས་ཡོད། ཡིན་ནའང་ངའི་ན་གཞོན་ཚོའི་སྤྱི་ཚོགས་ཁྲོད་དུ། བོད་སྐད་ཡིག་ནི་མིའི་རིགས་ཀྱི་གནད་དོན་གླེང་བྱེད་དང་། མིའི་རིགས་ཀྱི་འཚོ་གནས་བསྒྲུབ་བྱེད་ཅིག་ཡིན། ད་དུང་བོད་སྐད་ཡིག་གིས་ངའི་མི་རིགས་འདིའི་སྐྱོ་སྡུག་གི་ལོ་རྒྱུས་ཀྱི་འཁན་འཁྲི་ཁུར་ནས་གཞིས་བྱེས་གཉིས་གཅིག་ཏུ་སྤྲེལ་དགོ། སེམས་བསམ་པའི་གཏིང་ནས་གླེང་བའི་སྙིང་གཏམ་དང་ཤ་རུས་པའི་མཐུལ་ནས་ལངས་བའི་ན་ཟུག་དེ་དག་ཕྱི་རུ་འདོན་དགོ། ཉམས་ཐག་པའི་མི་རིགས་འདིའི་ཕྱིར་དུ། ཤོར་ཟིན་པའི་རྒྱལ་ཁབ་འདིའི་ཆེད་དུ། མི་རིགས་འདིའི་ལུས་གསེང་ན་རྒྱུ་བའི་ན་ཟུག་གི་འཁུན་སྒྲ་གྲངས་མེད་དེ་ཕྱི་ལ་བསྒྲག་དགོ། ལྷག་དོན་དུ་གཏིང་ཟབ་ཅིང་རྒྱ་ཆེ་བའི་མི་ཆོས་རིག་གནས་ཀྱི་དབུ་འཕང་དགུང་དུ་བསྟོད་དགོ། མི་རིགས་འདིའི་མཛེས་དཔྱོད་ལྟ་གྲུབ་དང་རིག་གནས་སེམས་ཁམས་སོགས་བརྒྱུད་སྤྲོད་བྱེད་དགོ། མི་རབས་ནས་མི་རབས་བརྒྱུད་དེ། བོད་སྐད་ཡིག་ལ་འདི་ལྟར་འགན་འཁྲི་གྲངས་མེད་ཅིག་ཡོད། བོད་སྐད་ཡིག་ལ་འདི་ལྟར་ལས་དོན་གྲངས་མེད་ཅིག་ཡོད། མཐར་དེད་ན་འདི་ཡོད་ཚོད་ང་ཚོས་བསྒྲུབ་དགོ། འདི་ཡོད་ཚད་བསྒྲུབ་བྱེད་ཀྱི་ལག་ཆ་གཙོ་བོ་ནི་བོད་སྐད་ཡིག་ཡིན་པས་ང་ཚོར་བོད་སྐད་ཡིག་མེད་སོང་ན་ཡོད་ཚད་མཇུག་རྫོགས་སོང་བ་མ་ཡིན་ནམ།
གྲོགས་པོ་ལགས་ད་ལྟའི་བོད་སྐད་ཡིག་ནི་ཁྱེད་ཀྱི་འཚོལ་བའི་ནང་གི་ལྷུ་ལག་ཅིག་ཡིན། ད་ལྟའི་བོད་སྐད་ཡིག་ནི་ཁྱེད་ཀྱི་འཇིག་རྟེན་ནང་གི་ལམ་ཡིག་ཅིག་ཡིན། བོད་སྐད་ཡིག་ནི་བོད་མི་རིགས་འདིའི་ལྕེ་ལྟ་བུ་ཡིན་པས་བོད་མི་རིགས་འདི་ལྐུགས་པར་མི་འགྲོ་བའི་སྨོན་འདུན་ཞུ་བཞིན་ཡོད། གླེན་པར་མི་འགྲོ་བའི་སྨོན་ལམ་འདེབས་ཀྱིན་ཡོད། སྨོན་ལམ་འདི་རེ་འདུན་ཞིག་ཡིན། དྲན་གདུང་གིས་མནར་བའི་སྐྱབས་བཅོལ་གྱི་ལོ་ཟླའི་ཁྲོད་ནས་མིག་ཆུས་བསླང་བའི་རེ་འདུན་ཞིག་ཡིན། སེམས་བསམ་པའི་གཏིང་ན་རེ་བའི་འདུན་པ་ཞིག་ཡིན།
༄༎ དྲ་གྲོགས་འབྲོག་རུ་ལགས་ཁྱེད་གསུང་པ་ངོ་མ་བདེན་ནོ་
སྐད་འདི་མཆོད་བཤམས་ནང་དུ་བཤམས་རྒྱུ་མིན་དངོས་ནས་རེད་གང་ཟག་ཕན་ཚུན་སྙིང་གཏམ་བརྗོད་ས་དང་སྤྱི་སྡུག་གླེང་སའི་ལག་ཆག་ཞིག་ཡིན་ནོ།སྐད་ཡིག་ནི་མི་རིགས་དེ་ཡི་བྱུང་ཁུང་དང་ངོ་རྟགས་མཚོན་བྱེད་གཙོ་བོ་དེ་ཡིན་ སྐད་ཡིག་འཁོར་སྤྱོད་གང་འདྲ་བྱེད་དགོས་འདུག་ཟེར་ན་ངེས་པར་དུ་སྙུག་འཛིན་པ་དག་གི་བོད་མི་ཡོངས་ལ་བསམ་གཞིག་
བྱེད་ནས་ཚིག་མཁྲེགས་པོ་སོགས་བེད་སྤྱོད་གནང་ན་མི་རེ་ཟུང་གི་གོ་ཐོབ་ཀྱང་མི་མང་གི་གོ་དཀའ་བར་དེའི་ཐོག་ལ་ངེས་པར་དུ་བསམ་ཞིབ་དགོས་བསམ་་ རྩམ་སྒྲུང་དང་བྱི་སྒྲུང་བརྩེ་དུང་སོགས་ཀྱི་སྐོར་མང་ཙམ་སྤེལ་ཐུབ་ན་ཕན་ཐོག་ཆེ་བར་སྣང་སྐད་ཡིག་ལ་དོ་སྣང་སླེབས་ཐབས་ལ་ཕན་ཐོག་ཆེ་བར་གཐོང༌།
1༽ སྐད་ཡིག་གི་ངོ་བོ་། སྐད་ཡིག་ནི་མི་རིགས་ཤིག་གི་བྱུང་ཁུངས་དང་ངོ་རྟགས་མཚོན་བྱེད་ཡིན། མཐོ་བླ་ཆེན་དཔོན་ཆེན་ནས་མར་སྐྲང་པོ་དང་སྐྱ་སེར་གྱི་དབྱེ་མེད་རིགས་རུས་ཀྱི་ཁྱད་མེད་ཕོ་མོ་དབྱེ་མེད་ཀྱི་ངོ་རྟགས་ཡིན། ཚང་མས་བེད་སྤྱོད་གནང་དགོས་སོ།
2༽ བོད་ཀྱི་སྐད་ཡིག་འདི་བེད་སྤྱོད་གཏོང་སའི་ཁོར་ཡུག་རྒྱ་ཆུང་ཆུང་མིན་པར་བོད་པ་དང་ཧི་མ་ལ་ཡའི་མི་རིགས་
འབྲུག་སོགས་མང་དག་ཞིག་མཆིས་ཀྱང་ལྷག་པར་དུ་ནང་པ་ཕལ་མོ་ཆེའི་བོད་ཡིག་ལ་དོ་སྣང་མི་དམན་ཙམ་ཡོད་བཞིན་
གནས། གཙོ་བོ་བོད་པ་རང་ཉིད་ཀྱི་རང་མི་རིགས་ཀྱི་སྐད་ཡིག་འདི་བེད་སྤྱོད་མ་བྱེད་ན་སུས་བྱེད་ཡོང་། ད་ཆ་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ཡ་ངར་བ་འདི་ལ་ཕྱི་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ཁུར་དང་སྐད་ཡིག་བདག་པོ་མ་རྒྱག་ན་སུས་རྒྱག་གི་རེད། བོད་པ་འདི་གཞི་བྱེས་གཉིས་ཀྱི་གྱར་ནས་སྐད་གཞན་ཞིག་གི་འོག་ནས་འཚོ་སྡོད་བྱེད་དགོས་པར་དཀའ་ངལ་ཆེ་ཤོས་དེ་འདུག་དེ་དག་ཐུག་ས་གཙོ་བོ་དེ་ནི་རྒྱ་ནག་དམར་པོའི་གཞུང་འདི་ལ་ཐུགས་འདུག་རྒྱ་ནག་དམར་པོའི་གཞུང་གི་འོག་ནས་ང་ཚོ་ ལངས་ཐུབ་པ་ཡིན་ན་ང་ཚོའི་སྐད་ཡིག་འདི་གསོན་པོ་གནས་ཐུབ་།
3༽ སྐད་ཡིག་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་སྐོར་རུབ་ཙམ་བཤད་ན། མཁན་མིང་འཛིན་པ་དག་གི་ངེས་པར་དུ་ཚིག་མཁྲེགས་པོ་བེད་སྤྱོད་མི་གཏོང་བར་ངེས་པར་རང་གཅིག་པོས་བེད་སྤྱོད་མེད་
པར་མི་བཟོ་བར་བྱེད་དགོས་ཀྱི་ཡོད་དེ་བཞིན་རིགས་གཞན་གྱི་དུང་བ་ཟབ་པའི་མི་རིགས་སྐྱེ་སྲིང་བྱེད་དགོས་ངེས་པར་ཁྱེད་ཁྱི་གསུང་པ་བཞིན་མཆོད་བཤམས་ནང་དུ་བཤམས་རྒྱུ་མིན་པ་ཤེས་དགོས། གྲོགས་པོ་ཁྱེད་ཀྱི་ད་དུང་མང་ཙམ་འབྲི་རོགས་གནང་ཕན་ཐོགས་ཆེ།
འབྲོག་རུ་བོད་ཀྱི་སྐད་ཡིག་ལ་ཤ་ཚ་ཡོད་པ་བདེན་སྲིད། འོན་ཀྱང་ཤ་ཚ་སྟངས་མི་ཤེས་པ་འདིས་སེམས་སྐྱོ། བོད་ཀྱི་སྐད་ཡིག་ལ་བོད་སྐད་ཡིག་ཅེས་ཚིག་སྡུད་མི་རུང་བཞིན་དུ་ཚིག་སྡུད་བརྒྱབས་པ་དང་། བསྒྲུབ་བྱེད་ལ་སྔོན་འཇུག་བ་སྦྱར་བ། དགོས་ལ་བསམ་བཞིན་དུ་རྗེས་འཇུག་ས་དོར་བ་སོགས་ནི་བོད་ཀྱི་སྐད་ཡིག་ལ་ཤ་ཚ་མཁན་ཞིག་གི་བྱེད་སྟངས་ཡིན་ནམ། འདི་ལྟར་བྱས་ན་བོད་མི་རིགས་ལྐུགས་པར་འགྲོ་བའི་སྨོན་ལམ་བཏབ་པ་ལས་ཀྱང་ཐུ་རེད། འདི་འདྲའི་ཁ་དང་ལག་ལེན་མི་མཚུངས་པའི་རིགས་མ་གནང་ན་མཛེས། གངས་བུའི་མཆན་ལ་དེ་བས་ཀྱང་ལྟ་ཉན་མི་འདུག དེས་ན་བོད་ཀྱི་སྐད་ཡིག་ལ་གཅེས་སྤྲས་བྱེད་འདོད་ན་དེ་བེད་སྤྱོད་ཚུལ་བཞིན་གཏོང་དགོས་པ་ལས་ཡིག་ནོར་དང་ཁ་སྐད་མ་དག་པ་གང་བྱུང་དུ་བྲིས་ཏེ་བེད་ལོག་ཏུ་བཏང་ན་ཕན་ལས་གནོད་ཆེ་བ་འདི་ཤེས་དགོས།