བོད་ནང་གི་བོད་དང་འབྲེལ་ཡོད་ཀྱི་སྒེར་གྱི་དྲ་རྒྱ་ཁ་ཤས་སྒོ་བརྒྱབ་འདུག
ཁ་ས་ནས་བཟུང་བོད་ཀྱི་སྐད་ཡིག་དྲ་ཚིགས། (Tibettl.com) དང་མཆོད་མེ་དྲ་རྒྱ། (Tibetcm.com)སོགས་སྒོ་བརྒྱབ་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དྲ་རྒྱ་འདི་ཚོ་ནི་སྒེར་གྱི་བདག་གཉེར་བྱེད་བཞིན་པ་དང་། བོད་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད་པས། སྲིད་གཞུང་ནས་དྲ་རྒྱ་དེ་ཚོར་རྟག་ཏུ་ལྟ་རྟོག་དང་དོ་དམ་ནན་པོ་བྱེད་ཀྱི་ཡོད་ཚོད།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཆོད་མེ་དྲ་རྒྱའི་གཙོ་གཉེར་བ་སྐུ་ཞབས་དཀོན་མཆོག་ཚེ་འཕེལ་འབོད་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་དེ་གའི་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོང་འཇུ་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་འཕྲོག་འཁྱེར་བྱས་ཡོད་འདུག
尊敬的广大网友:
您们好!
藏人文化网将于3月5日下午两点起开始升级维护工作,维护大约需要一周时间。维护将分期进行,博客西藏、藏人文化社区现(3月5日)关闭维护,藏人文化网主站将隔日后(3月6日)关闭维护。
维护期间,藏人文化网将无法访问,请广大网友给于谅解,感谢大家一直以来对藏人文化网的支持。
祝大家生活快乐,身体健康,工作顺心,扎西德勒!
藏人文化网 2009年3月5日
སྐྱིད་པོ་ཁྱོན་ནས་མི་འདུག
གོང་གི་རྒྱ་ཡིག་གི་མཆན་དེ་སུས་བཞག་པ་རེད། དྲ་རྒྱ་སྒོ་རྒྱག་དུས་ནི་གསུམ་བཅུའི་དུས་དྲན་ཉིན་ལ་རེད། དེ་ཡང་རྒྱ་གཞུང་གིས་བརྒྱབ་པ་མ་གཏོགས་དྲ་བདག་ཚོས་བརྒྱབ་པ་ཞིག་གཏན་ནས་རེད་མི་འདུག་སྙམ།
བོད་ནང་ནས་སྒེར་གཉེར་དྲ་རྒྱ་གང་ཡང་མཐོང་རྒྱུ་མི་འདུག
རྒྱ་གཞུང་གིས་དེ་ལྟར་ཁྱབ་སྒྲོག་བྱེད་དུ་བཅུག་པ་ཡིན་རྒྱུ་རེད། གཞན་དུ་ན་ང་ལ་རང་དབང་མི་འདུག་པས་ངས་སྒོ་བརྒྱབ་ཡིན་ཞེས་ལབ་ན་ཁྲིམས་འགལ་དུ་བརྩི་བ་རེད།
http://www.tibetcul.com
དྲ་རྒྱ་འདིའི་ཐོག་ཏུ་སོང་དང་ཤར་རྒྱུ་གོང་གི་རྒྱ་ཡིག་གི་བརྡ་ཐོ་ལས་མི་འདུག བོད་དུ་སྙན་ངག་འབྲི་མཁན་མང་པ་ལ་ཁག་ཅི་ཡོད།
བོད་མིའི་རིག་གནས་དྲ་བ་ནི་བོད་མིས་གཉེར་བའི་རྒྱ་ཡིག་གི་དྲ་ཚིགས་ལེགས་ཤོས་ཤིག་རེད། འདིའི་ནང་དུ་རྒྱ་ཡིག་ཤེས་པའི་བོད་མི་རྣམས་ཀྱི་ཟིན་བྲིས་སོགས་གང་འཚམ་ཡོད།
ང་ཚོ་ཕྱི་ལ་ཡོད་པའི་བོད་པ་ཚོས་ནང་གི་བོད་པ་རྣམས་ལ་རོགས་པ་བྱེད་དགོས་ཀྱི་འདུག་ལ་རོགས་པ་བྱེད་ཀྱང་ཐུབ་ཀྱི་འདུག དཔེར་ན། ང་ཚོས་གོང་གི་དྲ་རྒྱ་རྣམས་འགོ་ཕྱེ་དགོས་ཅེས་ཡི་གེ་བྲིས་ནས་རྒྱ་མིའི་གཞུང་ཚབ་ལ་སྐྱེལ་བར་ཕྱིན་ན་ཁོ་ཚོས་སྣེ་ལེན་བྱེད་ཀྱི་རེད་ཅེས་ཟེར་གྱི་འདུག བྱས་ཙང་ང་ཚོས་ད་ལས་འགུལ་ཅི་ཐུབ་སྤེལ་ན་དགའ།
བོད་ནང་གི་ཟིན་བྲིས་དག་གློ་བུར་གློ་བུར་དུ་སྒོ་བརྒྱབ་འགྲོ་བའི་གནད་འགག་གཅིག་ནི་ཕྱི་རྒྱལ་རང་དབང་ལུང་པར་ཡོད་མཁན་ང་ཚོའི་ཁྲོད་ནས་མི་མང་པོ་ཞིག་གིས་ཆབ་སྲིད་ཀྱི་གནད་དོན་མངོན་གསལ་ཡོད་པའི་རྩོམ་ཡིག་སྤེལ་བ་དེ་རེད། དཀའ་ངལ་འདི་བསལ་དགོས་ན་ང་ཚོས་དྲ་ཐོག་གི་ཁོར་ཡུག་དེ་འདྲ་ཞིག་བསྐྲུན་རྒྱུ་དང་། དེར་ཕྱི་ནང་གི་མི་སུ་ཡང་ཞུགས་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད།
ཉེ་ཆར་བོད་ཀྱི་ས་ཆ་གང་མང་ཞིག་ཏུ་དྲ་ཁང་ཚང་མ་སྒོ་རྒྱག་པ་དང་སྒེར་ཁྱིམ་དུའང་དྲ་བར་ཞུགས་མི་ཐུབ་པ་བཟོས་འདུག་པས་དྲ་ཚིགས་སྒོ་མ་རྒྱབ་ནའང་ཉིན་འདི་གའི་རིང་ལྟ་བུ་ལ་བེད་སྤྱོད་ཆུང་ཆུང་རེད། རེ་ཟུང་མ་གཏོགས་ཞུགས་མི་ཐུབ་པ་དང་ཐ་ན་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ཡང་སྐུར་མི་ཐུབ་ས་མང་པོ་ཡོད་ལ་སྐབས་འགར་ཁ་པར་ཡང་གཅད་ཀྱིན་འདུག །
བོད་ཡིག་གི་དྲ་རྒྱ་བཀག་དང་མ་བཀག་ལ་གངས་ཅན་སྐྱིད་གཤོངས་དང་རྒྱལ་བ་རིན་པོ་ཆེས་སྐྱེད་བསྲིང་བྱས་པའི་འདབ་ཆགས་གཤོག་པ་གཉིས་ལྡན་ཚོར་འབྲེལ་བ་ཅི་ཙམ་ཡོད་དམ། བཙན་བྱོལ་དུ་འཚར་ལོངས་བྱུང་པའི་བོད་མི་ཅི་ཙམ་ཞིག་བོད་ནང་གི་དྲ་ཐོག་ཏུ་འགྲོ་གི་ཡོད་དམ། བསམ་བློ་འདི་འདྲ་ཞིག་སེམས་སུ་འཁོར་ཐེངས་རེར་ང་སྐྱིད་པོ་རྩ་ནས་མི་འདུག
ཉིན་མ་འདི་དག་གི་་རིང་དུ་ངེད་ཅག་གིས་བོད་ནང་གི་བོད་ཡིག་དྲ་ཚིགས་དག་གི་སྒོ་ཕྱེ་ཐུབ་ཀྱི་མེད་པ་འདིས་ང་ཚོ་ལ་ཕམ་ཁ་དེ་ལས་ཀྱང་ཆེན་་པོ་ཞིག་སྤྲོད་ཀྱི་འདུག གནས་ཚུལ་གྱི་ཡོངས་ཁུངས་གཙོ་བོ་ཞིག་འདི་ལྟར་བཀག་ནས་བསྡད་པ་ཡིན་ན་ནི། དངོས་ནས་སེམས་འཕོང་བ་ཞིག་མ་རེད་དམ།
གནས་ཚུལ་གསལ་བོར་ཐོས་པ་ནི་འདི་ལྟ་སྟེ། ཉིན་འགའི་སྔོན་དུ་རྒྱ་ནག་གློག་འཕྲིན་སྤྱི་ཁྱབ་ཀུང་ཟི་ཟེར་བ་དེས་མྱུར་བཀའ་བཏང་སྟེ་བོད་ནང་གི་སྒེར་གྱིས་གཉེར་བའི་དྲ་བ་ཚང་མ་སྒོ་རྒྱག་དགོས་ཞེས་བཀའ་བཏང་བ་རེད། དེའི་ཕྱིར་བོད་ནང་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་མཆོད་མེ་དྲ་བ་དང་། བོད་ཀྱི་སྐད་ཡིག་དྲ་བ། བོད་ཡིག་ཟིན་བྲིས། གངས་ལྗོངས་གཞོན་ནུ་བཅས་བརྡ་ཙམ་མེད་པའི་འོག་སྒོ་བརྒྱབ་འདུག སྤྱིར་བཏང་དྲ་བ་འདི་དག་གི་དྲ་བདག་གིས་སེམས་ཆུང་དང་གཟབ་ནན་གྱིས་གཞུང་ཕྱོགས་ཀྱི་བཀའ་བཞིན་ཆབ་སྲིད་དང་འབྲེལབའི་གླེང་བརྗོད་དག་བསུབ་ཀྱིན་ཡོད་ནའང་ད་ཆ་བོད་ཡིག་ཡིན་ན་ཁྲིམས་འགལ་ཡིན་པ་ལྟ་བུའི་སྣང་ཚུལ་ཆགས་འདུག
མཆོད་མེད་བོད་ཀ྄ྱི་ས྄ྐད་ཡིག་སོགས་ཀ྄ྱི་ད྄ྲ་བ་ས྄ྒོ་བར྄ྒ྄ྱབས་པར་མ་ཟད། ས་ཚིགས་གནད་ཅན་ཁག་ལ་ཁ་པར་ཡང་གཏོང་ཐུབ་ཀ྄ྱི་མི་འདུག ར྄ྒ྄ྱ་ནག་ས྄ྲིད་གཞུང་གི་ངན་བ྄ྱུས་ལ་མཐའ་མེད་ས྄ྟབས་འདི་པ་ཚང་གིས་གང་འད྄ྲ་ཞིག་བ྄ྱས་ཀ྄ྱང་ཧང་སང་བའི་ཚོར་ས྄ྣང་ཡོང་གི་མི་འདུག འོན་ཀ྄ྱང་ཕ྄ྱི་ཕ྄ྱོགས་སུ་བོད་ཀ྄ྱི་བ྄ླ་མ་ར྄ྫུན་མ་ཚོས་བས྄ྟན་པ་དང་བོད་མི་རིགས་ཀ྄ྱི་ཞབས་འད྄ྲེན་དུ་འག྄ྲོ་བའི་ས྄ྤ྄ྱོད་ངན་ས྄ྣ་ཚོགས་ཀ྄ྱི་ལས་གཞིའི་འགོ་ར྄ྩོམ་བཞིན་པ་འདི་ལ་ཤིན་ཏུ་ཧང་སང་ཞིང་ཡ་ང༌། དཔེར་ན། ཉེ་ལམ་ཨ་ལགས་སུམ་ཅང་ཟེར་བའི་བ྄ླ་ར྄ྫུས་ཝ་མོ་ཞིག་གིས་ཝ་ཕ྄ྲུག་ར྄ྒ྄ྱུ་ར྄ྔམ་ཅན་འགའ་དང་མཉམ་འབ྄ྲེལ་ག྄ྱིས་ལ྄ྡི་ལིར་ཐེག་ཆེན་ནང་བའི་རིག་གཞུང་ས྄ློབ་གཉེར་ཁང་ཟེར་བ་བཙུགས་ཡོད་པ་རེད་ཟེར། ཨེ་ཤི་ཡ་རང་དབང་ར྄ླུང་འཕ྄ྲིན་ཁང་གི་གསར་འགོད་པའི་ད྄ྲིས་ལན་དུ་ས྄ྐད་ཆས་འབ྄ྱོན་མི་འབ྄ྱོན་བ྄ྱས་ནས་བོད་ཀ྄ྱི་ནང་བའི་རིག་གཞུང་དར་ས྄ྤེལ་གཏོང་གི་ཡིན་ཟེར། རིག་གཞུང་དར་ས྄ྤེལ་ཇི་ལ྄ྟར་གཏོང་གི་ཡིན་ནམ། ཐེག་ཆེན་ནང་བའི་རིག་གཞུང་གི་ངོ་རིས་གཏན་ནས་མཐོང་མ་མ྄ྱོང་བ་ཞིག་གིས་ཐེག་ཆེན་ནང་བའི་རིག་གཞུང་ས྄ྤེལ་ག྄ྱི་ཡིན་ཟེར་ན་ཧམ་པའི་གཏམ་དུ་མ་སོང་ངམ། མི་འབག་མགོ་མཐུག་ད྄ྲགས་ནས་རང་གི་འཕ྄ྲལ་ག྄ྱི་ཁེ་ཕན་ཕ྄ྲན་བུ་ཞིག་གི་ཆེད་དུ་བ྄ྱེད་མི་ཕོད་པ་གང་ཡང་མེད་ཚོད་འདུག ཉིན་རེའི་གསར་ཤོག་འདོན་ག྄ྱི་ཡིན་ཟེར། ཉིན་རེའི་གསར་ཤོག་འདོན་པ་ལ་ཤེས་ཡོན་ག྄ྱི་གནས་ཚད་དང༌། ར྄ྒ྄ྱུ་ཚགས་ཀ྄ྱི་མཐུན་ར྄ྐ྄ྱེན་ར྄ྒ྄ྱུས་ལོན་བ྄ྱེད་མ་མ྄ྱོང་བ་འད྄ྲ། ཉིན་ཤས་ལས་མི་འགོར་བ་རང་གི་ཨང་མགོ་བར྄ྫིས་ཡོང་བའི་ར྄ྫུན་གཏམ་འདི་འད྄ྲ་བཤད་ཐུབ་པ་ལ་བལ྄ྟས་ན་དངོས་གནས་ཧམ་པ་འདུག ས྄ྤ྄ྲུལ་ས྄ྐུའི་མིང་ཙམ་ལས་དོན་ལ྄ྡན་ག྄ྱི་ས྄ྤ྄ྲུལ་ས྄ྐུའི་མཛད་པ་མི་ས྄ྐ྄ྱོང་བའི་བ྄ྱ་ས྄ྤ྄ྱོད་ངན་པའི་བ྄ླ་ར྄ྫུས་འདི་རིགས་ཀ྄ྱིས་བོད་མི་རིགས་རིག་གཞུང་དང་བཅས་པའི་ཞབས་ནས་འད྄ྲེན་ག྄ྱི་ཡོད། ས྄ྤ྄ྱོད་ངན་མཚམས་མ་བ྄ྱས་ན་ནག་ཐིག་ཅན་ག྄ྱི་ལོ་ར྄ྒ྄ྱུས་ཀ྄ྱི་ལེའུ་ར྄ྣམས་རིམ་བཞིན་འབ྄ྲི་ངེས་ཡིན། ས྄ྡེ་གཏོགས་དང་བཅས་པའི་སེམས་ལ་ངེས་པར་བ྄ྱོས།་ འདི་རིགས་ང་ཚོས་ར྄ྒ྄ྱ་ཡན་དུ་མི་བཏང་བར་ས྄ྨ྄ྱུག་ར྄ྩེས་བ྄ྱ་ར་བ྄ྱས་ནས་ནག་ཉེས་ཐད་འདོན་བ྄ྱ་དགོས་པ་གལ་ཆེ་ས྄ྙམ།
1 མཆོད་མེ་བོད་ཀ྄ྱི་ར྄ྩོམ་རིག་ད྄ྲ་བ་དང༌། 2ར྄ྒ྄ྱུ་ཚགས་ཀ྄ྱི་མཐུན་ར྄ྐ྄ྱེན་ཅི་ཙམ་དགོས་པ་ཞེས་པ་གཉིས་སུ་བཅོས་དགོས།
oh! how bad china?
དྲ་གྲོགས་ལགས། ཁྱེད་ཀྱིས་བོད་ཡིག་གཏགས་མི་ཤེས་པ་རེད་དམ། ཡང་ན་མ་གཏགས་པ་ཡིན། བོད་ཡིག་དྲ་ངོས་སུ་དབྱིན་ཡིག་རེ་ཟུང་བྲིས་ན་ཅུང་མི་བདེ་བ་ཞིག་མ་རེད་དམ། ངས་ཁྱེད་ཀྱི་མཆན་བུ་གསུམ་མཐོང་བ་ཚང་མ་དབྱིན་ཡིག་རེད་འདུག
བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་རྒྱའང་སྒོ་བརྒྱབ་འདུག
h-P-±ôÅ-TÛ-ŸÛG-‚Å-m-hGº¤ü
fzÅ-z;ôh-q-ºi-ºfïm-fÞz-z¤ü
དྲ་གྲོགས་གངས་ཐིགས་ལགས། ཉིད་ཀྱིས་མཆན་བཅུ་བཞི་བའི་འབྲེལ་ཐག་འཐོར་ནས་ཡག་པོ་ཞིག་ཀློག་ཐུབ་ཀྱི་མི་འདུག ཡིན་ཡང་། ཁ་ཤས་ཤིག་ཀློག་ཐུབ་པ་དེ་ནི་མི་འདུག་དང་མི་འདུག་ཁ་ཤས་རེད་ལ། རྡོག་རྡོག་བཤད་པ་ཡིན་ན་བོད་ནང་དུ་འབྲེལ་བ་གང་ཡང་བྱེད་ཐུབ་ཀྱི་མི་འདུག་ཟེར་གྱི་ཡོད་པ་འདྲ་ཞིག་རེད། དེ་འདྲ་ཡིན་ནམ།
མགོ་ནག་རྩམ་ཟན་སྤྱིའི་ལ་རྒྱ་དང་བདེ་སྡུག་ཆེད་རང་ལུས་ལ་མེ་ལྕེ་སྒྲོན་མཁན་གྱི་ན་གཞོན་དཔའ་བོ་དགེ་འདུན་པ་བཀྲ་བྷེའི་མིང་གི་ཐོག་ནས་བདེན་པའི་མེ་ལྕེ་ཟེར་བ་ལྟ་བུའི་ན་གཞོན་གྱི་དཔུང་ཁག་ཅིག་རྩ་འཛུགས་བྱས་ཏེ། མུ་མཐུད་ཁོང་གི་དམིགས་ཡུལ་དང་འབོད་སྒྲ་རྨང་གཞི་བྱས་ཏེ་བོད་ཀྱི་བདེན་དོན་ཆེད་འགན་ཁུར་ནས་ལས་དོན་བྱེད་ཐུབ་ན་ཡག་པོ་མ་རེད་དམ། བསམ་ཚུལ་ཡིན།
ངས་ད་ལྟ་CCTVབཞི་པ་ལ་བལྟས་མ་ཁད་ཡིན། གསར་འགོད་པས་བོད་ས་རྣམས་ལྷིང་འཇགས་ཡིན་པར་བཤད་འདུག བརྙན་འཕྲིན་ལས་ལྷ་ས་དང་ཆབ་མདོ་དཀར་མཛེས་བཅས་ནས་གྲྭ་བ་གཅིག་ཀྱང་སྲང་ལམ་ན་རིག་རྒྱུ་མི་འདུག མགོ་ལོག་ནས་གྲྭ་བ་ཁ་ཤས་རིག་སོང་། མི་ཚོས་བཤད་རྒྱུར་དེ་རིང་བོད་པ་རྣམས་གང་དུ་སོང་ཡང་རྟོག་དཔྱོད་དང་དོགས་ཟོན་གྱིས་ལམ་འགག་རྣམས་ནས་བཅའ་ལག་རྣམས་སྔོག་བཤེར་བྱེད་པ་སོགས་མང་པོ་ཞིག་བྱེད་ཀྱིན་འདུག་ཟེར། ལག་ཁྱེར་ཁ་པར་གྱིས་འཕྲིན་ཐུང་སྐུར་བ་ཙམ་ཡང་མི་ཐུབ། ཧོང་ཀོང་རྒྱ་བྱ་བརྙན་འཕྲིན་ཁང་ནས་པཎ་ཆེན་རྫུན་མ་བསྟན་བྱུང་ཁོས་ཀྱང་རྒྱལ་གཅེས་ཀྱི་ཚིག་ཁ་ཤས་བཤད་སོང་བ་བཅས་དེ་རིང་མཐོང་བའི་གནས་ཚུལ་ལོ། །
མཆོད་མེ་དང་སྐད་ཡིག་དྲ་ཚིགས་སྒོ་བརྒྱབ་ཡོད་པ་བདེན་པ་རེད།
དྲ་གྲོགས་ལྷ་ཆབ་ཀྱིས་བཤད་པ་ལྟར་ན་མཆོད་མེ་དྲ་ཚིགས་མགྱོག་མྱུར་སྒོ་ཕྱེ་རྒྱུ་ཡིན་ཚུལ་ཞིག་དང་སྐད་ཡིག་དྲ་ཚིགས་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་དཀའ་ངན་ཆེ་རབས་ཟེར།
ད་དུང་ཉིན་འགའི་སྔོན་ངའི་གྲོགས་པོ་ཞིག་གིས་ཧི་གཟུགས་ཟིན་བྲིས་སུ་ཆབ་སྲིད་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་གྱིན་འདུག་པ་ལ། ངས་དེའི་སྐོར་མ་བྲིས་ན་བཟང་ནི་རེད་ཅེས་ལབ་ཡིན། སྐྱོན་ཡོད་ནི་མ་རེད་ཁོ་པ་ཚོས་ཀྱང་འབྲི་གྱིན་འདུག་ཅེས་གནས་ལུགས་ཡོད་མདོག་ཁ་བོ་ཞིག་བཤད་ནས་བཀོད་སོང་། ང་ཚོ་རང་དབང་ལུང་པ་ནས་དཔའ་པོ་འཁྲབ་རྒྱུ་དང་ལ་རྒྱ་ཡོད་ཅེས་ཁ་ཕོ་སྒྲོག་མཁན་མང་ནི་རེད། འདི་ཚོ་གལ་ལ་ཐུག་དུས་གར་སོང་ཆ་མེད་དུ་འགྲོ་མཁན་ཚོ་ཡིན་ནི་རེད།
གོ་ཐོས་བྱུང་བ་ལྟར་ན་བོད་ཡིག་སྒེར་གཉེར་དྲ་ཚིགས་དེ་དག་རྒྱ་ནག་སྲིད་གཞུང་ནས་གནས་ལུགས་ཅི་ཡང་མ་བརྗོད་པར་སྒོ་རྒྱབ་པ་ཞིག་རེད་འདུག་ལ། སླར་ཡང་སྒོ་འབྱེད་ཆོག་མིན་ལ་སྐད་ཆ་ཅི་ཡང་མི་འདུག
སྤྱིར་དྲ་རྒྱ་ནི་གནས་ཚུལ་དྲིལ་བསྒྲགས་དང་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་པས། བོད་རིགས་གཞིས་བྱེས་གཉིས་ལ་མཚོན་ནའང་བོད་དོན་གནས་ཚུལ་གྱི་འབྱུང་ཁུངས་དང་བོད་ཡིག་དར་སྤེལ་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
དེའི་ཕྱིར། རང་དབང་ལུང་པ་རུ་ཡོད་པའི་བོད་པ་དག་གིས་བོད་ལ་བོད་ཡིག་བཀོལ་བའི་དབང་ཆ་མེད་པ་དེ་སྐད་འབོད་བྱེད་པའི་ནང་དོན་གཙོ་བོ་དང་ཀུན་ལ་བསྒྲགས་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད། གཅིག འདི་ནི་ཁོང་ཚོས་རིག་གནས་རྩ་མེད་གཏོང་བའི་རྨང་གཞི་ལས་ཀ་རེད། གཉིས། བོད་ཡིག་བཀོལ་སྤྱོད་ཀྱི་དབང་ཆ་མེད་པས་བོད་ནང་དུ་བོད་ཡིག་ལ་རིན་ཐང་མེད་པ་རེད་ལ། འདིར་བརྗོད་བཞིན་པའི་དབང་ཆ་དེ་བོད་ཁུལ་གྱི་བྱ་བ་ཡོད་ཚད་བསྒྲུབ་པར་བོད་ཡིག་བཀོལ་དགོས་པའི་དབང་ཆ་དེ་རེད། ཕྱོགས་གཞན་ཞིག་ནས་འདི་ནི་རྒྱ་ནག་རང་གི་རྒྱ་རིགས་ལ་ལས་གནས་འདོན་སྤྲོད་ཐུབ་ཆེད་ཀྱི་ཐབས་ཤེས་ཞིག་ཏུ་བརྩི་དགོས། གསུམ། བོད་ཡུལ་རྒྱ་མིས་བཀང་བ་དེ་ཡང་སྐད་ཡིག་ལ་ཕམ་ཉེས་ཤོར་བའི་རྟགས་མཚན་ཞིག་ཡིན།
མདོར་ན། བོད་ལ་བོད་ཡིག་བཀོལ་དབང་མི་འདུག རིག་གནས་རྩ་མེད་གཏོང་བཞིན་འདུག་ཟེར་ཐུབ་དགོས་པ་དེ་རེད། ཞོར་དུ་རྒྱ་མའི་ལན་དུ་གུང་ཁྲན་ཏང་གི་མགྲིན་ཚབ་ཀྱི་བོད་ཡིག་དྲ་ཚིགས་དང་ཚགས་པར། དཔེ་ཆ། བརྙན་འཕྲིན། རླུང་འཕྲིན་སོགས་ཕྱི་ཕྱོགས་ལ་བོད་ཡིག་སྲུང་སྐྱོབ་ཀྱི་རྣམ་པ་མཚོན་བྱེད་དུ་སྟོན་གྱི་འདུག་པ་ལ་སྐད་ཆ་བཤད་ཤེས་དགོས་པ་རེད།
ངོ་རྒོལ་བྱས་པ་དང་ཁྱད་པར་སེམས་ནག་དགྱ་དམར་དང་།
དོལ་རྒྱལ་ཚོགས་པའི་དཔུང་ཤུགས་ལ་བརྟེན་ནས་སླར་ཡང་།
ཡང་སྐྱར་དུ་བོད་ནང་གི་བོད་ཡིག་གི་དྲྭ་མིག །
ཧི་མ་ལ་ཡི་ཟིན་བྲིས་དེ་སྒོ་བརྒྱབ་འདུག །
གཟིགས་དང་གྲོགས་པོ་ཚོ
ང་ཚ་བོད་པ་དག
ཨ་ཁ་དངོས་ནས་དཀའ་ཁི་ཡ།
བླ་མ་ཡིད་བཞིན་ནོར་བུ་མཁྱེན་ནོ།
ཤྲྰིཿ
ངོ་རྒོལ་བྱས་པ་དང་ཁྱད་པར་སེམས་ནག་དགྱ་དམར་སྲིད་གཞུང་དང་།
དོལ་རྒྱལ་ཚོགས་པའི་དཔུང་ཤུགས་ལ་བརྟེན་ནས་སླར་ཡང་།
ཡང་སྐྱར་དུ་བོད་ནང་གི་བོད་ཡིག་གི་དྲྭ་མིག །
ཧི་མ་ལ་ཡི་ཟིན་བྲིས་དེ་སྒོ་བརྒྱབ་འདུག །
གཟིགས་དང་གྲོགས་པོ་ཚོ
ང་ཚོ་བོད་པ་དག་དངོས་ནས་ཨ་ཁ་དངོས་ནས་དཀའ་ཁི་ཡ།
བླ་མ་ཡིད་བཞིན་ནོར་བུ་མཁྱེན་ནོ།
ཤྲྰིཿ