༄༅། །དེ་རིང་འདིར་ཆིབས་སྒྱུར་བསྐྱངས་པའི། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཕྱི་ནང་སྐུ་མགྲོན་རྣམ་པ། ཁྲིམས་ཞིབ་པ་ཆེ་བས་དབུས་པའི་ཁྲིམས་ཞིབ་པ་རྣམ་པ། དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་གྱིས་དབུས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ལྡན་པའི་ལས་ཁུངས་ཁག་གི་འགན་འཛིན་དང༌། དྲུང་ཆེ་ཆུང་གིས་དབུས་པའི་གཞུང་ཞབས་རྣམ་པ། དབུས་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་དང༌། མཛའ་བརྩེའི་སློབ་ཕྲུག་དང་མི་མང་རྣམ་པ།
དེ་རིང་བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ལྷ་ཆོས་ཀྱི་སྣང་བ་སྤེལ་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་འཁྲུངས་པའི་དུས་ཚིགས་ཁྱད་པར་ཅན་འདིར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་དང༌། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས། ཕྲན་གྱིས་གུས་པ་ཆེན་པོས་བཀའ་བློན་ཁྲི་པའི་ལས་འཁུར་དང་ལེན་ཞུ་རྒྱུ་ཡིན།
ང་ཚོས། བོད་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། མགོན་སྐྱབས་དང་མེལ་ཚེ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང༌། གུས་པར་བཙན་བྱོལ་བོད་མི་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མ་ཟད། བཙན་འོག་ཏུ་ཚུད་པའི་བོད་རིགས་སྤུན་ཟླ་ཚོས་ཀྱང་སྨོན་འདུན་དང་འཚམས་འདྲིའི་ལམ་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆོས་ཕྱོགས་ནས་བྱིན་གྱིས་བརླབས་ཤིང༌། སྲིད་ཕྱོགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་སྒྲིག་འཛུགས་འདིའི་ཁྲིམས་མཐུན་ངོ་བོ་རྒྱུན་མཐུད་རྒྱུའི་གོ་སྐབས་ཐོབ་པ་ནི། ང་མི་སྒེར་གྱི་བྱས་རྗེས་མ་ཡིན་པར། བོད་གཞིས་བྱེས་གཉིས་ཀྱི་མི་རབས་གོང་མ་ཚོའི་དཀའ་སྤྱད་སྙིང་རུས་དང་བློས་བཏང་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། དེར་བརྟེན། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་མ་བྱུང་གི་བར། མེས་པོ་གོང་མ་ཚོས་བཞག་པའི་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་སྲ་བརྟན་རྒྱུན་གནས་ཡོང་ཐབས་དང༌། ྋགོང་ས་མཆོག་བོད་ནང་ྋཞབས་སོར་འཁོད་ཐུབ་པ་ཡོང་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།
ལོ་བརྒྱའི་གོང༌། ཕྱི་ལོ་༡༩༡༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་དང་ཞལ་གྱེས་དགོས་བྱུང་སྐབས། ཕོ་བྲང་པོ་ཏ་ལར་ཞལ་ཕྱོགས་ནས་རང་གི་སྐྱོང་ཡུལ་བོད་འབངས་ཚོར། ༼ཕྱིར་ཞབས་སོར་འཁོད་རྒྱུའི་༽གཡར་དམ་བཞེས་པ་མངོན་འགྱུར་ཡོང་ཆེད། དེ་སྐབས་དེང་དུས་ཀྱི་ཤེས་ཡོན་མེད་ནའང༌། བོད་མི་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་མཉམ་རུབ་ཐོག་ངལ་བ་དུ་མ་ཁྱད་དུ་བསད་ནས་འབད་བརྩོན་ཞུས་པའི་འབྲས་བུར། ཕྱི་ལོ་༡༩༡༣ གྱི་ལོ་འགོར། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ལྷ་སར་གདན་འདྲེན་ཞུས་པ་དང་བསྟུན། ྋགོང་ས་མཆོག་གིས་བོད་དེ་རྒྱ་ནག་ལས་ཐ་དད་རང་བཙན་ཡིན་པ་བསྐྱར་ནན་གནང༌།
དེ་ནས་བརྩིས་པའི་དུས་རབས་ཕྱེད་ཙམ་རྗེས། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༧ གྱི་མཚན་མོ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྷ་ས་ནས་ཞལ་གྱེས་དགོས་ཀྱི་གནས་སྟངས་བྱུང་སྐབས། ཐུགས་འཕྲེང་བཞིན་དུ། ༼ཕྱིར་ཞབས་སོར་འཁོད་རྒྱུའི་༽གཡར་དམ་ཡང་བསྐྱར་བཞེས་ཡོད།
དེ་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་ྋཞབས་སོར་འཁོད་ཐུབ་པ་ཞུ་རྒྱུའི་ལས་འགན་དེ། དེང་རབས་ཀྱི་ཤེས་ཡོན་ལྡན་པ་ང་ཚོའི་མི་ཐོག་འདིའི་ཕྲག་པར་བབས་ཡོད། འོན་ཀྱང་ང་ཚོས་མེས་པོ་གོང་མ་ཚོ་དང་འདྲ་བར་ཆིག་བསྒྲིལ་ཐོག་ཆོད་སེམས་བརྟན་པོའི་སྒོ་ནས་དཀའ་སྤྱད་སྙིང་རུས་ཐུབ་པ་དགོས་ཤིང༌། དེ་ལྟར་བྱས་ན་རྒྱལ་ཁ་དང༌། གལ་སྲིད་མ་ཐུབ་ན་ཕམ་རྒྱུ་རེད།
ང་ཚོའི་མདུན་དུ་ལྷགས་པའི་ལས་འགན་ནི་རི་བོ་ཧི་མ་ལ་ཡའི་གཏོས་དང་མཉམ་ཡང༌། ང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོའི་ལྷག་བསམ་སྙིང་སྟོབས་ཀྱི་རྒྱུན་བཟུང་ན། རང་དབང་གི་རི་རྩེར་སླེབས་ཐུབ་ངེས་ཡིན་པ་དང༌། བཙན་དབང་གི་སྒོ་ནས་རི་བོ་ཧི་མ་ལ་ཡའི་ཕྱོགས་གཉིས་སུ་ཁ་གྱེས་དགོས་བྱུང་བའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་མཉམ་འཛོམས་ཡོང་ངེས་ཡིན།
ངས། དོན་དམ་པའི་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ྋགོང་ས་མཆོག་གི་ཐུགས་བཞེད་སྒྲུབ་ཐབས་ཞུ་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན། འདི་ལོ། འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་མཇུག་བསྒྲིལ་བ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ང་ཚོ་མིང་དོན་མཚུངས་པའི་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུ་དང༌། ཡོངས་ཁྱབ་འགྲོ་བ་མིའི་རང་དབང་གི་ལྟ་གྲུབ་ལ་བརྩི་བཀུར་ཞུ་རྒྱུའི་ཆོད་སེམས་ཇི་ཙམ་བརྟན་པོ་ཡོད་པ་གསལ་སྟོན་ཐུབ་པར་མ་ཟད། བོད་མིའི་གོང་བུ་ཆིག་བསྒྲིལ་གྱི་ནུས་པ་འདི་ཕོ་མོ་རྒན་གཞོན་དང་ཆོས་ལུགས་ལུང་ཚན་ཀྱི་དབྱེ་བ་མེད་པར་མང་གཙོའི་ལྟ་གྲུབ་ལ་གཞི་རྩ་བཅོལ་བ་ཞིག་ཡིན་པ་གསལ་པོ་ཆགས་ཡོད།
འོས་བསྡུའི་གྲུབ་འབྲས་འདིས། རྒྱ་ནག་གི་འགོ་ཁྲིད་མཁྲེགས་འཛིན་ཅན་ཚོར་མི་རབས་གསར་རྙིང་དབར་གྱི་བོད་མིའི་འགོ་ཁྲིད་འཕོ་འགྱུར་གྱི་དབང་གིས། བོད་དོན་ཉམས་ཉེས་འགྲོ་རྒྱུའི་ཚབ་ཏུ་མུ་མཐུད་སྔར་བས་ནུས་སྟོབས་ཆེ་རུ་འགྲོ་བཞིན་པའི་བརྡ་ལན་གསལ་པོ་འཕྲོད་དགོས་ངེས་རེད།
ངས་གསལ་འདེབས་ཞུ་རྒྱུ་ཞིག་ལ། ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱ་ནག་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པ་ཞིག་མ་ཡིན་པར། རྒྱ་ནག་དབང་འཛིན་པས་བོད་ནང་ལག་བསྟར་བྱས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་ལ་ངོ་རྒོལ་བྱེད་ཆེད་ཡིན། ང་ཚོས་རང་དབང་དང༌། དྲང་བདེན། ཆེ་མཐོང༌། དེ་བཞིན་བོད་མིའི་ངོས་འཛིན་བཅས་ཀྱི་ཆེད་འཐབ་རྩོད་བྱེད་ཀྱི་ཡོད། བོད་མིའི་དཀའ་སྡུག་འདི་དག་དངོས་དོན་ཡིན་པ་དང༌། རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཡིན་པ་རྒྱ་ནག་གི་དབང་འཛིན་པ་དང་རྒྱ་རིགས་གྲོགས་པོ་ཚོས་ཤེས་རྟོགས་ཐུབ་པ་དགོས།
བོད་རིགས་སྤུན་ཟླ་ཚོ། ལོ་ཆིག་སྟོང་བརྒལ་བའི་གོང་དུ་ང་ཚོའི་མེས་པོ་ཚོས། བྱབྱརྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།བྱབྱ ཅེས་པའི་མནའ་སྐྱེལ་ཐོ་བཙུགས་གནང་བའི་དམ་བཅའ། བསྐྱར་ནན་དུ་བརྗོད་འདོད་ཡོད།
ཕྱི་ལོ་༡༩༥༠ ང་གྲངས་ནང་རྒྱ་དམག་བོད་དུ་ཐོག་མར་འབྱོར་སྐབས། བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད། དེ་སྐབས། བོད་མི་ཁ་ཤས་ཀྱིས། རྒྱ་ནག་ནས་བོད་དབར་གཞུང་ལམ་བཟོ་རྒྱུར་མཐུན་འགྱུར་བྱས་པ་དང༌། གླ་ཆར་དངུལ་རྡ་ཡང་སྤྲད་ཡོད་པ་རེད། དེ་དུས་ཕྱི་ཚུལ་ལ་རྒྱ་དམག་རྣམས་ཀུན་སྤྱོད་གཙང་ལ། ཡ་རབས་ཀྱི་རྣམ་པ་ལྡན་ཡང༌། གཞུང་ལམ་བཟོས་ཚར་བ་དང༌། བོད་ས་ཡོངས་རྫོགས་དམག་གིས་མཐའ་བསྐོར་ཏེ། ཨ་སྒོར་ས་ཡ་མང་པོའི་རིན་ཐང་ལྡན་པའི་ཤིང་ནགས་དང༌། གསེར་ཟངས་ཀྱི་གཏེར་ཁ་རྣམས་གང་བྱུང་བསྔོག་འདོན་བྱེད་འགོ་ཚུགས་པ་རེད། དེ་འཕྲལ་རྒྱ་དམག་གི་གཤིས་ཀ་འགྱུར་ནས་རྩུབ་སྤྱོད་ཀྱིས་བོད་བཙན་བཟུང་དང༌། བོད་མིའི་ཐོག་གོ་མཚོན་བེད་སྤྱད་ནས་གཏོར་རྒོལ་གྱི་དམག་འཁྲུག་བསླངས་པ་རེད།
དུས་དེ་ནས་བཟུང༌། བོད་ནང་ཞི་བདེ་ལྷིང་འཇགས་ཀྱི་དུས་སྐབས་མཇུག་བསྒྲིལ་བ་དང་སྦྲགས། བོད་མི་རྣམས་རང་གི་ལུང་པའི་ནང་གྲལ་རིམ་གཉིས་པ་ལྟ་བུར་གྱུར་ཡོད།
ད་ལྟའི་ཆར་བཙན་གནོན་འོག བོད་ཁུལ་ཡོངས་ལ་ཆབ་སྲིད་ཀྱི་དམ་དྲག་དང༌། རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་སོགས་བཏང་དང་གཏོང་བཞིན་པ་དེ་དག་ང་ཚོས་ནམ་ཡང་ངོས་ལེན་ཐུབ་ཐབས་མེད། མེ་འཁོར་ལྕགས་ལམ་བཟོས་པའི་དབང་གིས་བོད་ཀྱི་གཏེར་ཁ་བསྔོག་འདོན་བྱེད་ཤུགས་ཆེ་རུ་སོང་བ་དང༌། བོད་ནང་རྒྱ་རིགས་མི་འབོར་སྤོ་ཞུགས་ཆེ་རུ་ཕྱིན་པར་བརྟེན། བོད་མིའི་རིག་གཞུང་དང་ངོ་བོ་ཉམས་རྒུད་འགྲོ་བཞིན་ཡོད། ད་ལྟའི་དངོས་ཡོད་གནས་སྟངས་ནི། བོད་ནང་བརྒྱ་ཆ་བདུན་ཅུར་ཉེ་བའི་སྒེར་གྱི་བཟོ་ཚོང་སྡེ་ཚན་ཁག་རྒྱ་མིར་དབང་བའམ་ཁོང་ཚོས་བཟུང་ཡོད། དེ་བཞིན་ས་གནས་དམར་ཤོག་ཚོགས་པའི་ལས་བྱེད་བརྒྱ་ཆ་ལྔ་བཅུ་ལྷག་རྒྱ་རིགས་དང༌། རོབ་རྩིས་བྱས་ན་མཐོ་རིམ་སློབ་འབྲིང་དང་གཙུག་ལག་སློབ་གྲྭ་ཐོན་པའི་བོད་རིགས་བརྒྱ་ཆ་བཞི་བཅུ་ཙམ་ལས་མེད་ཆགས་ཡོད། ད་དུང་དེས་མ་ཚད་རྒྱ་ནག་དབང་འཛིན་པ་ཚོས། བོད་དེ་ཁོང་ཚོའི་སྒེར་བདག་ཕ་གཞིས་སུ་བརྩིས་ནས་ཞིང་བྲན་བདག་པོ་ལྟ་བུའི་སྤྱོད་ཚུལ་བཟུང་གི་ཡོད།
འདས་པའི་ལོ་གསུམ་གྱི་གོང་སྟེ། ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་སྲིད་བྱུས་མཁྲེགས་བཟུང་བྱས་པའི་དབང་གིས་བོད་ས་སྟོད་སྨད་བར་གསུམ་ཡོངས་ཀྱིས། རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་མ་བྱེད་ཀ་མེད་བྱུང་བ་དང༌། བོད་མི་ཚོས་ཁ་གྲགས་ཀྱི་ཐོག་ནས་ྋགོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད། ཞི་བའི་སྒོ་ནས་རང་གི་བསམ་ཚུལ་བརྗོད་པ་ཙམ་ལའང་ཉེས་རྡུང་ཚབས་ཆེ་གཏོང་བ་ཤེས་རྟོགས་ཡོད་པའི་ཆ་ནས་བོད་ནང་ངོ་རྒོལ་སྐད་འབོད་བྱེད་རྒྱུར་ང་ཚོས་སྐུལ་སློང་བྱེད་ཀྱི་མེད། འོན་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བདེན་རྒྱབ་བྱ་རྒྱུ་དང༌། བདེ་སྡུག་ཤོད་དབང་མེད་པ་ཚོའི་མགྲིན་ཚབ་པ་བྱེད་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཞིག་ཡིན་པས། མུ་མཐུད་ཁོང་ཚོའི་བདེ་སྡུག་བརྒྱུད་བསྒྲགས་བྱ་རྒྱུ་ཡིན།
ལོ་དྲུག་ཅུའི་རྗེས་སུའང༌། རྒྱ་ནག་དབང་འཛིན་པས་ཁས་ལེན་བྱས་པ་ལྟར་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་ཐུབ་མེད། སྤྱི་ཚོགས་རིང་ལུགས་ཀྱི་ཚབ་ཏུ་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་དང༌། ལྷ་ཡུལ་གྱི་ཚབ་ཏུ་གོད་ཆག་ནང་ལྷུང་བའི་གནས་སྟངས་རྒྱ་ནག་གཞུང་གིས་ཀྱང་ཤེས་དགོས་ངེས་རེད། ཉེ་སྔོན་ལྷ་སར་བྱབྱབོད་ཞི་བས་བཅིངས་འགྲོལ་བྱབྱཟེར་བ་བཏང་ནས། ལོ་དྲུག་ཅུ་འཁོར་བའི་དུས་དྲན་མཛད་སྒོ་བྱས་པའི་སྐབས། ཆེས་མཐོའི་འགོ་ཁྲིད་མང་པོ་ཕེབས་ཡོད་ཀྱང༌། ཕྱི་ཚུལ་ལ་དུས་དྲན་བྱས་པ་ཙམ་ལས། དོན་དངོས་ཐོག་སྐབས་དེར་ཡུལ་སྐོར་སྤྲོ་འཆམ་པ་ཚུན་བཀག་འགོག་བྱས་པ་དང༌། ལྷ་སའི་སྲང་ལམ་གང་སར་གོ་མཚོན་ཐོགས་པའི་དམག་དཔུང་འགྲེམས་འཇོག་དང༌། ཁང་པའི་སྟེང་ནས་མེ་མདའི་སོ་ཁ་བཙུགས་ཏེ་བསྡད་པ་བཅས། ཡོངས་བསྒྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞིའི་འོག་མཛད་སྒོ་དེ་གཉེར་ཡོད། དེ་ལ་གཞིགས་ན། པེ་ཅིང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ཁུངས་འཁྱོལ་གྱི་མེད་པ་གསལ་པོ་རེད།
བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་མིན་ལ་མ་ལྟོས་པར། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་སྐྱོང་བྱེད་རྒྱུ་འཛམ་གླིང་ཡོངས་དང༌། ལྷག་པར་རྒྱ་རིགས་ཚོར་གསལ་པོ་བརྗོད་རྒྱུ་ཡིན། བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས། ཞི་མོལ་གྱི་ལམ་ནས་བོད་དོན་འགྲིག་ཆགས་འཚོལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ན། ས་གནས་དང་དུས་ཚོད་གང་འདྲ་ཞིག་ཏུ་ཡིན་ནའང་རྒྱ་གཞུང་དང་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡོད།
དེང་སྐབས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་རེ་བྱེད་པ་དང༌། དམག་ཤུགས་རྒྱབ་རྟེན་བྱས་ཏེ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད། འོན་ཀྱང་བཟང་སྤྱོད་ཀྱིས་ཕོངས་ཏེ་ཡོད། བཟང་སྤྱོད་ནི་ཁྲོམ་ནས་ཉོ་རྒྱུ་མེད་ལ། དམག་ཤུགས་ཀྱིས་བསྐྲུན་ཐབས་དེ་བས་ཀྱང་མེད་པར། དོན་དངོས་བྱ་སྤྱོད་ཀྱི་ཐོག་ནས་ཡོང་བ་བྱེད་དགོས། ཇི་སྲིད་བོད་མིའི་ཐོག་དྲག་གནོན་བྱས་པ་དེ་སྲིད་དུ་ངོ་རྒོལ་མུ་མཐུད་ཡོང་རྒྱུ་ལས། གུས་བཀུར་དང་ཆེ་མཐོང་ཐོབ་མི་སྲིད། བོད་དོན་ཐད་ཕུགས་བརྟན་འཁེལ་བའི་ཐབས་ལམ་ཞིག་འཚོལ་ཐུབ་ན། དེས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཆེ་མཐོང་དང་ཡིད་ཆེས་ཡོང་བར་ཕན་ཐོགས་ཡོང་རྒྱུར་མ་ཟད། རྒྱ་ནག་གི་ཆིག་བསྒྲིལ་དང་བདག་དབང་སྲུང་སྐྱོབ་ལའང་ཕན་ཐོགས་ཡོང་རྒྱུ་ཡིན། རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མི་མང་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་རྒྱ་རིགས་ཚོ་ལ། བཟང་སྤྱོད་ཀྱིས་ཕོངས་པའི་ཞན་ཆ་ཁ་གསབ་བྱ་རྒྱུར་དོན་ཕན་ལྡན་པའི་ནུས་པ་འདོན་རྒྱུའི་གོ་སྐབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ངས་ལོ་བཅུ་དྲུག་ཙམ་རིང་ཧར་ཝཊ་གཙུག་ལག་སློབ་ཁང་དུ་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་འབྲེལ་བ་བྱེད་མྱོང་ལ། བོད་དོན་སྐོར་རྒྱ་བོད་མཁས་པའི་ཚོགས་འདུ་ཡང་གོ་སྒྲིག་བྱས་པ་ཡིན། ང་ཚོས་མུ་མཐུད་རྒྱ་རིགས་དང་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཡོང་བའི་འབྲེལ་ལམ་འཛུགས་འདོད་ཡོད། ཨ་རི་དང༌། ཡུ་རོབ་ཀྱིས་མཚོན་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། དྲང་བདེན་དང༌། རང་དབང༌། འདྲ་མཉམ་བཅས་ཀྱི་ཆེད་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང༌། པེ་ཅིང་གཞུང་ལའང་བོད་ཀྱི་གནད་དོན་དེ་ཞི་བའི་སྒོ་ནས་སེལ་ཐབས་བྱེད་དགོས་པའི་བསྐུལ་ལྕག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་དོན་འགྲིག་ཆགས་བྱུང་བ་ཡིན་ན། དེ་ནི་དུས་རབས་ཉེར་གཅིག་པའི་རྨད་དུ་བྱུང་བའི་ལོ་རྒྱུས་ཤིག་ཏུ་འགྱུར་རྒྱུ་དང༌། འཛམ་གླིང་ནང་ཞི་བདེ་དང༌། རང་དབང༌། འཚེ་མེད་ཞི་བའི་ནུས་སྟོབས་བཅས་ལ་ངེས་ཤེས་བསྐྱར་མ་རྙེད་རྒྱུ། དེ་ནི་ང་ཚོ་བོད་རིགས་ཙམ་དུ་མ་ཟད། འཛམ་གླིང་ཐོག་གཉའ་གནོན་མྱོང་བཞིན་ཡོད་པའི་མི་རིགས་ཡོངས་ཀྱི་རྒྱལ་ཁ་ཞིག་ཀྱང་ཡིན།
བོད་དོན་འགྲིག་ཆགས་གང་མྱུར་ཡོང་ཐབས་བྱེད་རྒྱུ་དེ། ཨེ་ཤི་ཡ་གླིང་ཕྲན་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད། བོད་མི་རིགས་ནི་ལོ་སྟོང་ཕྲག་མང་པོའི་རིང༌། མི་འབོར་དུང་ཕྱུར་ཉི་ཤུ་ལྷག་གི་འཚོ་བ་དང་འབྲེལ་བ་ཡོད་པའི་ཨེ་ཤི་ཡའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཆགས་ཡོད་ནའང༌། བོད་ནང་རྒྱ་ནག་གིས་ཆུ་རག་གང་བྱུང་བརྒྱབས་པའི་དབང་གིས་མི་ས་ཡ་མང་པོའི་འཚོ་བར་དོ་ཕོག་ཐེབས་གཞིར་སོང༌། བོད་མི་ཚོས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པའི་གནས་བབ་ཅིག་ཡོང་ཐབས་སུ། མི་མང་པོས་དོ་སྣང་ཤུགས་ཆེ་བྱེད་ཀྱི་ཡོད། དེ་ནི་ཆབ་སྲིད་དང་འབྲེལ་བ་མེད་པར། མང་ཚོགས་ཀྱི་བདེ་དོན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད།
རྒྱ་གར་གཞུང་དང་མི་མང་གི་ངོས་ནས་འདས་པའི་ལོ་ལྔ་བཅུ་ལྷག་རིང༌། ང་ཚོར་སྐྱབས་བཅོལ་གྱི་གནས་བབས་གནང་བ་དང༌། གནས་ཚང་གཡར་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང༌། ང་ཚོ་འདིར་གནས་སྡོད་བྱེད་མཁན་ཚོར་མཚོན་ན་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཕགས་བོད་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་མུ་མཐུད་གོང་འཕེལ་གཏོང་རྒྱུ་ཡིན། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ནི་ནམ་ཡང་གཞལ་དཀའ་བར་གྱུར་ཟིན་ནའང༌། ང་ཚོར་མུ་མཐུད་རྒྱབ་སྐྱོར་ཡོང་བ་དང༌། བོད་ཀྱི་གནད་དོན་དེ། རྒྱ་དཀར་ནག་གཉིས་དབར་གྱི་གནད་དོན་གཙོ་བོའི་གྲས་སུ་ཚུད་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས། འབྱུང་འགྱུར་ལོ་ལྔའི་རིང་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་ལ་བརྟེན་ནས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ད་དུང་ལོ་ལྔ་བཅུ་བྱེད་དགོས་བྱུང་ཡང་སྲ་བརྟན་རྒྱུན་གནས་ཐུབ་པ་དང༌། གཞིས་བཞུགས་བོད་མིའི་སེམས་ཤུགས་གོང་དུ་འཕེལ་བ་དང༌། གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བོད་ཕྱི་ནང་གཉིས་ཀས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྷག་དཀར་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་མཉམ་རུབ་ཀྱི་སྒོ་ནས་འཛམ་གླིང་གང་སར་ཁ་གྲམ་སྟེ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་སྲ་བརྟན་ཡོང་ཐབས་སུ། འགུལ་ཤུགས་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་བྱེད་དགོས།
ང་ཚོས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ཉི་ཤུའི་ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་དང༌། བོད་ནང་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཁོང་ཚོ་ནི་མ་འོངས་པར་བོད་ལ་འོད་སྣང་སྦྱིན་མཁན་གྱི་སྒྲོན་མེ་ལྟ་བུ་ཡིན།
དེ་བཞིན་འཛིན་སྐྱོང་ནང་ཁྱད་ལས་མི་སྣ་གསོ་སྐྱོང་ཐུབ་ཐབས་དང༌། འཕྲུལ་རིག་ལག་རྩལ་དང༌། སྤྱི་ཚོགས་འབྲེལ་གཏུགས་ཀྱི་བརྒྱུད་ལམ་ཁག་བེད་སྤྱད་པའི་སྒོ་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་དང༌། མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ། གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ། བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བཅས་བྱེད་རྒྱུ་ཡིན།
ངས། མཁས་དབང་ཟམ་གདོང་རིན་པོ་ཆེས་འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་དབུ་ཁྲིད་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་དང༌། འཛིན་སྐྱོང་གསར་རྙིང་འཕོ་འགྱུར་ལམ་ལྷོང་ཡོང་ཆེད། ཁོང་དང་ཕྱག་རོགས་བཀའ་བློན་རྣམ་པས་མཛའ་བརྩེའི་སྣེ་ལེན་དང༌། མཐུན་འགྱུར་རོགས་རམ་གནད་སྨིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཀྱང་མུ་མཐུད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་དང༌། བཀུར་འོས་སྤྱི་འཐུས་རྣམ་པར་མཐུན་འགྱུར་མཉམ་ལས་ཆ་ཚང་ཞུ་རྒྱུ་ཡིན་ཞིང༌། ལས་དོན་འདི་དག་ལམ་ལྷོང་ཡོང་ཆེད་ལྷག་བསམ་དང་ཤེས་འཇོན་ལྡན་པའི་སྲི་ཞུ་བ་ཚོ་དང༌། མང་ཚོགས་མཉམ་དུ་འཁྲིད་རྒྱུ་ཡིན།
མཐའ་བསྡོམས་སུ། ད་རེས་ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྣམས་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ལས། བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མིན་པའི་དངོས་དོན་དྲན་བསྐུལ་ཞུ་རྒྱུ་ཡིན། ྋགོང་ས་མཆོག་གིས་བོད་མི་མང་ལ་ཐུགས་བློས་བྱིངས་འགེལ་དང་སྦྲགས། འདས་པའི་མི་ལོ་ལྔ་བཅུའི་རིང་མང་གཙོའི་སྒྲིག་འཛུགས་ཀྱི་འཕེལ་རིམ་ཡོངས་སུ་རྫོགས་ཐབས་གནང་བ་ལྟར། ད་ཆ་ྋགོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་གནང་མི་དགོས་པར་བོད་མི་རྣམས་རང་རྐྱ་འཕེར་བའི་སྒོ་ནས་རང་གི་རྐང་པའི་ཐོག་ལངས་ཐུབ་པ་བྱེད་རྒྱུའི་དུས་སྐབས་ཤིག་གནང་ཡོད། དེ་ནི་ང་ཚོ་ཚང་མའི་ནུས་པར་ཚོད་བགམ་ཞིག་ཡིན་ཞིང༌། ཁྱད་པར་ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་འགོ་ཁྲིད་རྣམས་ནས་ྋགོང་ས་མཆོག་གི་ཐུགས་རེ་ལྟར། ནུས་ཤུགས་ཟོང་ཁ་ཆིག་བསྒྲིལ་གྱིས། ལས་དོན་ཚགས་ཚུད་ཐུབ་པ་བྱེད་དགོས། དེ་ནི་ང་ཚོས་ངེས་པར་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་དང༌། གོ་སྐབས་ཤིག་ཀྱང་ཡིན།
ལྷག་དོན་གཞོན་སྐྱེས་ཚོར་དམིགས་བཀར་ཛ་དྲག་གི་བསྐུལ་མ་ཞུ་རྒྱུར། ང་ཚོ་གདེང་སྤོབས་ཆེན་པོས་རང་དབང་གི་ཕྱོགས་སུ་མུ་མཐུད་མདུན་བསྐྱོད་བྱེད་པར། ཁྱེད་ཚོའི་རྒྱབ་སྐྱོར་དང༌། ཁྱེད་ཚོའི་ཤེད་ཤུགས། ཁྱེད་ཚོའི་འཇོན་ཐང་བཅས་ཀྱི་རྒྱབ་རྟེན་དགོས་ཀྱི་ཡོད། ང་ཚོས་ཤེས་དགོས་པར། བོད་མིའི་རང་དབང་འཐབ་རྩོད་ལ་རྒྱལ་ཕམ་ཇི་བྱུང་ང་ཚོའི་མི་ཐོག་འདིར་རག་ལུས་ཡོད། བོད་དེ་འཛམ་གླིང་ས་ཁྲའི་ནང་གནས་མིན་དང༌། བོད་རིགས་རྣམས་མུ་མཐུད་འཚོ་གནས་ཐུབ་དང༌། ཡང་ན་འགྲེམས་སྟོན་ཁང་གི་ཡོ་ཆས་ལྟ་བུར་བསྒྱུར་རྒྱུའི་མཚམས་སུ་སླེབས་ཡོད། ང་ཚོའི་ཤེས་འཇོན་དང༌། སྙིང་སྟོབས། ཆོད་སེམས་ཇི་ཙམ་བརྟན་པོ་ཡོད་མེད། དངོས་གནས་ཚོད་བགམ་བྱེད་པའི་དུས་ཚོད་ཅིག་ཡིན།
ད་ལྟའི་དུས་སྐབས་འདི་ཕན་ཚུན་སྐྱོན་བརྗོད་དང༌། འཇིགས་ཞུམ་བྱེད་པའི་དུས་ཚོད་མ་ཡིན་པར། སྙིང་སྟོབས་དང་ཆོད་སེམས་བརྟན་པོས་རང་ཉིད་བོད་པ་ཡིན་པའི་སྤོབས་པ་གཟེངས་སུ་བསྟོད་ནས། ང་ཚོས་བྱེད་ཐུབ་སྙམ་པའི་གདེང་ཚོད་ཡོད་དགོས་པ་དང༌། མི་རབས་གཞོན་པ་ཚོས། ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀའི་ནང་འགོ་ཁྲིད་ཀྱི་ཆ་ཤས་མང་ཙམ་བླང་རྒྱུའི་དུས་ལ་བབས་ཡོད། ཚང་མས་ཤེས་དགོས་པ་ཞིག་ལ། བྱ་བ་འདི་ང་ཚོས་མ་བྱས་ན་གཞན་སུས་ཀྱང་བྱེད་ཀྱི་མ་རེད།
བོད་རིགས་སྤུན་ཟླ་ཚོ། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་ལ་ཕྱིར་ྋཞབས་སོར་བདེ་འཁོད་བྱུང་བ་ལྟར། ང་ཚོར་ཡང་ཉི་མ་གཅིག་དེ་ལྟར་གོ་སྐབས་ཡོང་རྒྱུ་ངེས་པ་ཡིན། གལ་ཏེ་ང་ཚོས་མེས་པོ་གོང་མ་ཚོ་ལྟར་ཆིག་བསྒྲིལ་གྱི་སྒོ་ནས་གོ་སྐབས་དམ་འཛིན་བྱེད་མ་ཐུབ་ན་ང་ཚོ་ཕམ་རྒྱུ་ཡིན། ཆིག་བསྒྲིལ་ནི། ནམ་ཡང་འདོར་ཐབས་མེད་པའི་རྩ་དོན་དང༌། ང་ཚོའི་འཐབ་རྩོད་ཀྱི་རྨང་གཞི་ཡིན། ཆིག་བསྒྲིལ་ལ་འཐུས་ཤོར་བྱུང་ན། དེའི་ལེ་ཁག་ང་ཚོར་ཡོད་པས། ང་ཚོར་རེ་བའི་མིག་འབུར་ལྟ་བཞིན་པའི་གཞིས་བཞུགས་རྒྱ་ཆེའི་བོད་མི་རྣམས་ཐུགས་ཕམ་མི་ཡོང་བ་གནང་དགོས། ད་ནས་བཟུང་ང་ཚོས་གོམ་སྟབས་ག་འདྲ་ཞིག་སྤོས་ནའང་གཞིས་བཞུགས་བོད་མི་ཚོས་ཞིབ་ཚགས་པོའི་སྒོ་ནས་གཟིགས་ཏེ་བཞུགས་ཡོད་པ་མཁྱེན་དགོས། དགའ་འོས་པ་ཞིག་ལ་ང་ཚོར་ལམ་སྟོན་གནང་མཁན་ྋགོང་ས་མཆོག་གསེར་ཞལ་འཚོ་བཞུགས་ཡོད་པ་འདི། ཧ་ཅང་སྐལ་བ་བཟང་པོ་ཡིན།
བཀའ་ཁྲི་འོས་ཐོན་པའི་མིང་ཐོག་ནས། ྋགོང་ས་མཆོག་གི་མཇལ་ཞུར་ཐེངས་དང་པོ་བཅར་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་༡༩༩༢ ལོར་གུས་པ་ཐོག་མར་མཇལ་ཞུར་བཅར་སྐབས་ཀྱི་ས་ཆ་ཡང་གནས་དེ་རང་ཡིན་ཞེས། དྲན་སྐུལ་མཛད་པ་དང་སྦྲགས། བཀའ་ཁྲིའི་ལས་ཡུན་ཡག་པོ་ཡོང་བའི་ཐུགས་རེ་གནང་བ་ལྟར། ཐུགས་བཞེད་མངོན་འགྱུར་ཡོང་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འོན་ཀྱང་དེ་སྒྲུབ་པར་ང་མི་གཅིག་ཁོ་ནས་ཡོང་ཐབས་མེད་པར་བརྟེན། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་གང་གིས་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༧ གྱི་མཚན་མོ་རང་གི་སྐྱོང་ཡུལ་བོད་ལ་ྋཞབས་སོར་བདེ་འཁོད་མཛད་རྒྱུའི་གཡར་དམ་བཞེས་པ་དེ་མངོན་འགྱུར་ཐུབ་ཆེད། བོད་མི་ས་ཡ་དྲུག་གིས་ཕྲན་ལ་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམ་པར་ང་ཚོ་མགྱོགས་མྱུར་མཉམ་འཛོམས་ཡོང་གི་རེད། ཅེས་ཆེད་མངགས་ཞུ་འདོད་བྱུང༌། ང་རང་བོད་ལ་འགྲོ་མ་བཅུག་རུང་ངའི་སེམས་པ་ག་དུས་ཡིན་ནའང་བོད་དང་མཉམ་དུ་ཡོད་མུས་སུ་མ་ཟད། རང་ཉིད་བོད་མི་ཞིག་ཏུ་སྐྱེས་པར་ཡང་དགའ་སྤོབས་ཡོད་ལ། བོད་མི་རང་བྱས་ཏེ་འཆི་རྒྱུར་ཡང་དེ་བཞིན་ཡིན་པས། ཇི་སྲིད་འཚོ་བའི་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོའི་ཕ་མ་མང་ཆེ་བ་དང་འདྲ་བར་ངའི་སྐྱེད་བྱེད་དམ་པ་དེ་ཡང༌། བོད་ལ་ལོག་ཕེབས་རྒྱུ་བྱུང་མེད། འོན་ཀྱང་བོད་མི་ཚང་མའི་ལོ་རྒྱུས་དེ་མཚུངས་ཆགས་ཀྱི་མ་རེད། ང་ཚོས་མཉམ་རུབ་ཐོག་བོད་ནང་རང་དབང་གི་གནས་བབ་བསྐྱར་གསོ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་གི་གདུལ་ཞིང་དུ་གདན་ཞུ། གཞིས་བྱེས་མཉམ་འཛོམས་བཅས་ཀྱི་སྐལ་བཟང་ཉི་མ་ཤར་ངེས་རེད།
དེ་རིང་ང་ཚོ། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྒྱ་གར་འཕགས་པའི་ཡུལ་དུ་གནས་ཡོད་ཀྱང༌། རྗེས་མ་ང་ཚོ་སངས་རྒྱས་ཀྱི་ཆོས་ས་དར་རྡོ་དར་དུ་འགྱུར་ཡུལ། གངས་ལྗོངས་ཆོས་ཀྱི་ཞིང་དུ་མཉམ་འཛོམས་ཡོང་རྒྱུ་རེད། ང་ཚོ་ྋགོང་ས་མཆོག་གི་ད་ལྟའི་བཞུགས་སྒར་དང༌། ཆོས་ཀྱི་མགྲོན་ཁང་དྷ་རམ་ས་ལ་ནས། གང་གི་གདུལ་ཞིང་དང་ལྷ་དང་བླ་མའི་གདན་ས། ལྷ་ལྡན་གྲོང་ཁྱེར་ཆེན་པོ་བར། ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་དེ་འགོ་འཛུགས་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད།
འདི་ནི་ང་ཚོའི་མངོན་འདོད་ཡིན་ལ། འཐབ་རྩོད་དང་ཆོད་སེམས་ཀྱང་ཡིན་པས། ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུ་དེ། བོད་མི་ས་ཡ་དྲུག་གི་གཞི་རྩའི་ལམ་སྟོན་དུ་བཟུང་ན། ང་ཚོར་རྒྱལ་ཁ་ཐོབ་ངེས་ཡིན། ྋགོང་ས་མཆོག་སྐུ་ཚེ་ྋཞབས་པད་ཡུན་དུ་བརྟན་པའི་སྨོན་འདུན་ཤུགས་དྲག་པོ་དང་བཅས། བོད་རྒྱལ་ལོ།། །།
༼བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ངོས་ནས་འདིར་འདྲེན་བཀོད་ཞུས་པ་ཡིན༽
གསུང་བཤད་འདི་བཀླགས་པ་དང་ཉན་སྐབས། ཐོག་མར་དབྱིན་ཇིའི་ནང་བྲིས་པ་དང་། དེ་རྗེས་གང་ཟག་གཉིས་པ་ཞིག་གིས་བོད་བསྒྱུར་བྱས་པའི་རྣམ་པ་གསལ་པོ་མངོན་གྱི་འདུག ལྷག་པར་དུ་ཁོང་གིས་ལྗགས་ཀློག་གནང་སྐབས་ཡི་གེ་གཅོད་མཚམས་འགྲིགས་མིན་གྱིས་དོན་དག་ཐད་གོ་བ་མི་འདྲ་བ་ཆགས་རྒྱུའི་ཉེན་ཁ་གསལ་པོ་མཐོང་སོང། དཔེར་ན། འདས་པའི་མི་ལོ་ལྔ་བཅུ། ཞེས་པར་ཁོང་གིས། འདས་པའི་མི་ ལོ་ལྔ་བཅུ། ཞེས་བཀླགས་པ་ལྟ་བུའོ། ལྷག་པར་དུ་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཀྱི་ཚིག་དོན་དང་། ད་ལྟའི་བཀའ་ཁྲི་གསར་པ་བློ་བཟང་སེང་གེའི་བཀའ་སློབ་གཉིས་ལ་གཟིགས་ཚིག་སྦྱོར་དང་། ནང་དོན་གཉིས་ཀའི་ཐད་ནས་ཁྱད་པར་ཧ་ཅང་ཆེན་པོ་མཐོང། དཔེ་མཚོན་ཙམ་ཞུས་ན། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོཆེའི་གསུང་བཤད་ནི། ཚིག་ཉུང་བ་དང་དོན་གཟབ་པ་དང། བཀའ་ཁྲི་གསར་པའི་གསུང་བཤད་ནི། ཚིག་མང་ལ་དོན་ཉུང་བ། ཚིག་སྦྱོར་ཐད་ནས་མི་མཛེས་པ་ལྟ་བུར་མངོན།། དེ་ནི་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན་ནོ།།།་
དཔལ་ལྡན་བཀའ་བློན་ཁྲི་བའམ་སྲིད་སྐྱོང་མཆོག་གི་ཁྲི་འདོན་མཛད་སྒོ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་ཐུབ་པའི་སྨོན་ལམ་ཡང་འདེབས་སོ།།
great, very good, Tashi delerks!!!
ཏྰ་ལས་བླ་མས་ཀྱང་ཡུན་རིང་སྙིང་དུ་བརྣགས་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་པ་རེད་ཅེས་གསུངས་སོང་ལ། ཡིན་པ་འདྲ། བཀྲ་ཤིས་བདེ་ལེགས་ཞུ།
འཚམས་འདྲི་ཞུ།
འབྱུང་འགྱུར་གྱི་མི་ལོ་ལྔའི་རིང་ལ་བོད་དོན་གཙོས་ལས་དོན་ཆེ་ཕྲ་ཚང་མ་ལམ་ལྷོང་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།
དེ་རིང་ནི་ང་ཚོས་བོད་ཀྱི་ལོ་རྒྱུས་གཟི་བརྗོད་ལྡན་པའི་ཉི་མོར་ཞིག་ཡིན་པས་བཀྲ་ཤིས་བདེ་ལེགས་རེད། ངས་འདི་ནས་དྲ་གྲོགས་ཡོང་ལ་ཞུ་འདོད་པ་ནི་དུས་ཚོད་མ་སོང་རུང་རྒྱུུན་དུ་མི་ལ་སྐྱོན་བརྗོད་རྐྱང་རྐྱང་གནང་བསྡད་ན་ཕན་ཐོག་ཅི་ཡང་མེད་མོད།
གཞོན་སྐྱེས་ཤ་དར་ཁྲག་དར་ཞིག་གི་ཆོད་སེམས་རེད་འདུག སྤྱི་ཚོགས་ནང་གདོང་ཐུག་བྱེད་སྐབས་ཁ་ཕྱོགས་འདི་འགྱུར་མ་སོང་ན་ཡག་པོ་རེད།
འཚམས་འདྲི་ཡོད། བཟང་ངན་ཇི་ལྟར་ཡང་། ད་ནི་ང་ཚོའི་དབུ་ཁྲིད་ཡིན་པས་ཚང་མས་ནུས་པ་མཉམ་སྤུངས་གནང་རོགས་ཞུ།
བཀྲ་ཤིས་བདེ་ལེགས། འཚམས་འདྲི་ཞུ
ཕྱོགས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག
བཀའ་ཁྲི་གསར་བ་མཆོག་ལ་སྙིང་ནས་འཚམས་འདྲི་ཞུ།
ངན་པ་ལང་ཤོར་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ན་ལས་ཅི་ཡང་མི་སྲིད་ཅི་ཡང་སྲིད། རྒྱལ་ཁྲིམས་མི་བཀུར་ཞིང་རང་གི་ཐོབ་ཐང་བདག་འཛིན་མི་ཐུབ་པའི་སྤྱི་ཚོགས་འདིར། འོས་བསྡུའི་གྲངས་འབོར་ཁྲོམ་བསྒྲགས་ཕོད་པའི་ནང་རུལ་བ་དང་། ཡ་ང་མེད་པའི་དྲག་སྤྱོད་པ། རྒྱུ་འབྲས་མིག་ཟུང་ལོང་བའི་འགོ་ཁྲིད་དང་ཤེས་ཡོན་པ་སོགས་ཀྱི་ཁ་དར་བའི་དབང་གིས། ཕྱི་དགྲ་འདུལ་བ་ལས་ཀྱང་ནང་ཁུལ་གྱི་གནད་དོན་རྐྱ་འཐབ་ཅིང་མགོ་རྙོག་པ་ཡིན། དེའི་ཕྱིར་བོད་མི་ཀུན་གྱིས་བཀའ་ཁྲི་གསར་བར་ལྟ་རྟོག་བྱ་དགོས་ལ། རང་དོན་ཁོག་བཅུག་གི་དཔོན་ངན་རིགས་ཀྱི་བྱ་བྱེད་ལ་དེ་བས་ཀྱང་ལྟ་རྟོག་དང་གླེང་སློང་ནན་པོ་བྱ་དགོས། དེ་ལྟར་མ་ནུས་ན་བློ་བཟང་སེང་གེ་ལྟ་བུ་བཅུ་བྱུང་ཡང་ངན་པ་ལང་ཤོར་དག་གིས་གཡོ་སྒྱུ་ཁྲམ་གསུམ་གྱི་དབང་དུ་ཤོར་ནས་བོད་མིའི་བྱུས་ཆེན་དང་བདེ་དོན་བརླག་སྲིད་དོ།།
བཀའ་ཁྲི་གསར་པའི་ཁྲི་འདོན་མཛད་སྒོ་ལ་རྟེན་འབྲེལ་ཞུ་རྒྱུ་དང། ཁོང་གི་གསུང་བཤད་དེ་བཞིན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སྲིད་སྐྱོང་གསར་བ་འདང་དགོང་ནས་བཀྲ་ཤིས་བདེ་ལེགས་ཞུས་ཚར། ད་རིང་ཡང་བསྐྱར་ཞུ་རྒྱུ་ཡིན།
ཞོར་དུ་དྲན་སྐུལ་གཏོང་རྒྱུ་ཞིག་ལ། གུ་རུ་རིན་པོ་ཆེའི་བཀའ་དྲིན་ལ། ཁོང་ལ་མཐུ་དང་ནུས་པ་ཆེ་དྲག་ནས། རྒྱ་ནག་གི་ 八八九九九 གཉའ་ཞུམ་ཞུམ་མགོ་སྒུར་སྒུར་གྱིས་བོད་ཟླ ༦ པའི་ཚེས ༡༠ ལ་ཕྱག་འཚལ་སོང་།
བཀའ་བློན་ཁྲི་པ་མཆོག་ལ་བཀྲ་ཤིས་བདེ་ལེགས།
བོད་ཡིག་ལྗགས་ཀློག་སྐབས་ཅུང་མགོ་བོ་མཐུར་དུ་གཟིགས་ནས་ཅི་ཞིག་ལ་མྱ་ངན་བྱ་བཞིན་པའི་ཚུལ་གྱིས་ཀློག་སོང་ན་ཡང་། དབྱིན་ཡིག་སྐབས་མགོ་བོ་གཟེངས་སུ་བཏོན་ཏེ་གཏམ་བཤད་གནང་ཚུལ་ལ་བལྟས་ན་འདྲེ་མགོ་རྡོའི་བསམ་ཚུལ་བཞིན་བོད་ཀྱི་རིག་གནས་དང། སེམས་ཁམས་ནི་ཀླད་བསྐོར་རང་རེད་ཟེར་བ་ཡང་བདེན་པ་འདྲ་མཐོང་སོང་།
གང་ལྟར་ཁོང་ངེད་བོད་མི་རྣམས་ཀྱི་བཀུར་དུ་འོས་པའི་སྲིད་སྐྱོངས་མི་སྣ་གལ་ཆེན་ཞིག་ཏུ་མང་མོས་ཀྱི་འོས་འདེམས་ཞུས་པས་ཚང་མས་བརྩི་ཀུར་དང་ཁོང་གི་ཕྱག་ལས་ལ་ཕྱག་གྲུ་མཉམ་འདེགས་དགོས་པ་ནི་ང་ཚོ་བོད་པ་རྣམས་ཀྱི་བླ་ན་མེད་པའི་འོས་འགན་ཡིན་པ་ཡང་ཤེས་རོགས།
ཧ་ཅང་དགའ་བོ་བྱུང་སོང་།
འཚམས་འདྲི་བཀྲ་ཤིས་བདེ་ལེགས། ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་དང་། བཀའ་ཁྲི་བློ་སེང་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། །དགེའོ། །
བཀའ་ཁྲི་གསར་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོད་རྒྱལ་ལོ། བཀའ་ཁྲི་བློ་བཟང་སེང་གེ་རྒྱལ་ལོ།
བཀའ་ཁྲི་གསར་པ་མཆོག་གི་ལས་ཁུར་དམ་འབུལ་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།
བོད་རྟེན་འབྲེལ་ལ་དབང་བ་ཡིན་པས་ངས་ལྟས་ནས་ཁོང་གང་ལྟར་ང་ཚོའི་མང་པོས་བཀུར་བའི་རྗེ་བོ་ཡིན་པས་སྤྱིར་བསམ་ཚུལ་སྣ་ཚོགས་བཤད་རྒྱུ་ནི་དགེ་མཚན་ལས་མེད་ཀྱང་། དེ་རིང་ཐོག་མའི་དམ་འབུལ་གྱི་མཛད་སྒོ་འདི་ཁོང་མི་སྒེར་དང་འབྲེལ་བ་ཞིག་མིན་པར་བོད་བསྟན་པ་ཆབ་སྲིད་ཀྱི་ལ་རྒྱ་དང་འབྱུང་འགྱུར་ལ་འབྲེལ་ནས་ཡོད་པས་ཚང་མས་གང་བྱུང་རྟེན་འབྲེལ་མི་ལེགས་པའི་མཆན་མི་འབྲི་རྒྱུའི་རེ་བ་ཡོད།
དྲ་གྲོགས་རྣམ་པས་སྤྱི་ལ་ཐུགས་བསམ་བཞེས་རོགས།
བཤད་རྒྱུ་ཡོད་ན་དུས་ཚོད་ཡོད་ཡོད་པ་རེད།
བོད་དོན་བདེན་མཐའ་གསལ་བ་དང་གཞི་བྱེས་མཉམ་འཛོམས་ཡོང་བར་ཤོག
བཀའ་ཁྲི་གསར་བ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
བཀའ་ཁྲི་གསར་པ་མཆོག་གི་འབྱུང་འགྱུར་ལོ་ལྔའི་རིང་ཆིག་བསྒྲིལ་དང༌གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་རྒྱལ་གྱུར་ཅིག བཀྲ་ཤིས་བདེ་ལེགས་ཞུ།
སྤྲུལ་སྐུའི་གོ་ས་དང་། སྐུ་དྲག་གི་མཚན་གནས་གང་ཡང་མེད་པའི་ཁྱིམ་ཚང་ཉམ་ཆུང་གི་བུ་བོད་རྒྱལ་ཁབ་ཀྱི་སྲིད་སྐྱོང་བྱེད་རྒྱུའི་སྐལ་བཟང་ཤར་བ་ནི་དགའ་འོས་ཤིང་། མཐོ་སྒང་པའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པའི་ཤིས་རྟགས་ཡིན། འདི། དོན་ངོ་མའི་དམངས་གཙོ་ཟེར་བའི་སྲོལ་བཟང་གི་འགུལ་བསྐྱོད་རང་རེད། བོད་མི་རིགས་ཀྱི་བཀུར་འོས་སྲིད་སྐྱོང་མཆོག་ལ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།།
This journalist also takes the opportunity to express her concern:
– I –
THE THEOSOPHICAL SOCIETY
As far as the news in the Press are concerned, the Theosophical Society has been trying to involve the Dalai Lama in the Theosophical Society, always by way of invitations for lectures, or supposed hommages to the Dalai Lama, in one or other of the Theosophical Society compounds.
Such has been the case in the past, involving the Theosophical Society compound in India, as also recently, when the Theosophical Society invited the Dalai Lama to the Theosophical Society compound in the United States.
The fact is that the Theosophical Society is involved with crimes:
a) – stealing of intellectual property;
b) – stealing of sacred Tibetan Buddhist Manuscripts;
c) – literary fraud;
d) – pedophilia disgracing hundreds of boys of the Theosophical Society;
e) – stealing of bank accounts;
f) – terrorism;
g) – human sacrifices in the Kali Temple of the Theosophical Society compound.
Under the principles of investigative journalism, this journalist investigated them all.
The case of terrorism involving the Theosophical Society was revealed to this journalist, when she interviewed two members of the Theosophical Society, and whose testimonies were thus registered, directly linking the Theosophical Society with terrorist activities in India, of the infamous LTTE, whose members killed the Prime Minister of India, Rajiv Ghandi, son of Indira Ghandi.
LEGAL MEASURES TAKEN BY THIS JOURNALIST
Between 2000/2002, this journalist filed three complaints in the FBI against Radha Burnier, president of the Theosophical Society, for other crimes commited, of which this journalist could present material evidence, i.e., documented proofs. This journalist also filed one complaint in the FBI against Pedro de Oliveira, International Secretary of the Theosophical Society, for his involvement with the stealing of the bank account of an old-aged British citizen.
The above mentioned victim came to this journalist and presented not only her oral testimony but also documented proof of the crime commited by the Theosophical Society against her.
Consequently, in my opinion, the Dalai Lama, as any of his representatives, as well as any of his faithfuls, should carefully avoid any more involvements with the Theosophical Society.
First, because it will be necessary to take the Theosophical Society to an international court of justice, by way of which the Theosophical Society shall be forced to return to the Dalai Lama the sacred Buddhist Manuscript that the Theosophical Society stole from a Tibetan Buddhist Temple, in Tibet.
This journalist investigated this crime, and therefore she has documented proofs.
She is also willing to make a donation to the Gelug-pa School of Buddhism, in order to assist in taking back to them, their sacred Tibetan Buddhist Manuscript, stolen by the Theosophical Society.
དྲ་གྲོགས་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དགོང་ཚུལ་ལ་རྒྱབ་སྐྱོར་དང་ངའི་བསམ་ཚུལ་ཡང་དེ་དང་གཅིག་མཚུང་ཡིན་གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་བོད་ཡིག་དང་དབྱིན་ཡིག་ཀློག་བཏང་ཐད་མགོ་བོ་སྒུར་ཆེ་ཆུང་སོགས་ཀྱི་སྐད་ཆ་དེ་དག་ནི་དེ་རིང་ཤིན་་ཏུ་ནས་ཀྱང་བཤད་མི་འོས་པ་ཞིག་གོ གཞན་གང་ཡང་མ་བསམ་རུང་བོད་པ་རྣམས་ནི་རྟེན་འབྲེལ་དང་སྨོན་ལམ་སོགས་ལ་རེ་བ་དང་ཡིད་ཆེས་ཤིན་ཏུ་ཆེན་པོ་བྱེད་མཁན་ཞིག་ཡིན་ཙམ་དེ་རིང་ནི་བོད་མི་བརྒྱ་ཆ་བདུན་བཅུ་ཡན་གྱི་རེ་འབྲས་དངོས་་སྨིན་བྱུང་བའི་དུས་བཟང་ཞིག་ཡིན་ཚེ་སུས་ཀྱང་མགོ་འཇུགས་ལྡོག་སྟེ་བཤད་མི་འོས་པ་བསམ་རོགས།།
གཡུ་ཐོག་བུ་ཅེས་པ་འདི་ལ་ངོ་མ་དེང་རབ་ཀྱི་བསམ་བློ་ཞིག་ཡོད་ས་རེད། སྐད་ཆ་བཟང་གི་གོ་ཨ་མའི་བུ།
མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་གསར་པ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད་དཱ།
tashi delek
རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། བསླར་ཡང་བཀའ་ཁྲི་གསར་བའི་ཁྲི་འདོན་དམ་འབུལ་ལ་སྙིང་ནས་རྟེན་འབྲེལ་ཞུ།
དུས་མཚུངས། དེ་རིང་ནས་བཟུང་ཕྱི་ནང་གཉིས་ནས་ཁ་བརྒྱ་མིག་སྟོང་གིས་རྒྱུན་ཆད་མེད་པར་ཚིག་མཚོན་གྱི་དྲག་ཆར་རླུང་ཚུབ་འབབ་རྒྱུ་ནི་འབྱུང་བའི་རང་བཞིན་དུ་སོང་བས་བཀའ་ཁྲི་མཆོག་ནས་གང་གིས་ཡང་མི་ཆོད་པའི་གོ་ཁྲབ་མཐུག་པོ་ཞིག་གྱོན་དགོས་ཐུག་གི་རེད། དེ་དོན་དེ་རིང་ནས་ཡིད་ལ་་་་་་་་་་་་་་་་
ཧཧཧ སེམས་གཏམ་ཡིན་་་དྭ
དེ་རིང་བཀྲིས་པའི་ཉི་མ་་་དོན་གྲུབ་པའི་ཉི་མ་་་་ཕུན་གསུམ་ཚོགས་པའི་ཉི་མ་་་་་སྐལ་པ་བཟང་བའི་ཉི་མ་འདིར་་་བཀྲ་ཤིས་པའི་སྨོན་ལམ་ཞུ་རྒྱུ་ཡིན།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་།
བོད་ཀྱི་སྲིད་སྐྱོང་ཁྲི་རབས་དང་པོའི་བྱ་བ་རྣམས་ལམ་འགྲོ་ཡོང་བ་དང་།
བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
གསལ་བཤད་གཅིག་ཞུ་ཡ་ལ།
དེ་རིང་གི་ཚེས་གྲངས་འདི་ཕྱི་ཟླ་༨་ཚེས་༨་ཆུ་ཚོད་༩་སྐར་མ་༩་སྐར་ཆ་༩་འདི་བློ་སེང་གིས་དམ་འབུལ་བྱས་ཡ་དེ་གཞན་པའི་དམིགས་ཡུལ་གང་ཡང་མི་འདུག
གྲངས་ཀ་དེ་དག་བསྡོམས་ན་བླ་སེང་ཁོ་རང་གི་ལོ་གྲངས་མཉམ་པའི་གནད་རེད་ཟེར།
དྲ་གྲོགས་ཚོ་རྣམ་རྟོ་མ་མང་དེ་ལུགས་དགོངས་འཇག་ཞུ།
བོད་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན། བཙན་བྱོལ་བོད་མིའི་སྲིད་སྐྱོང་བ། མཁས་དབང་བློ་བཟང་སེང་གེ་མཆོག དམ་འབུལ་གྱི་དུས་བཟང་འདིར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས། ཁྱེད་ཀྱི་སྲིད་སྐྱོང་གནང་བའི་དུས་ཡུལ་རིང་བོད་ཀྱི་རྩ་དོན་ལ་བྱ་བ་ལམ་འགྲོ་དང་། གང་བཟང་ལ་འབྲས་བཟང་ཐོབ་བའི་སྨོན་འདུན་ཞུ།། བོད་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ལོ།།།
བཀྲེ་ཤེས་བདེ་ལེགས
དེ་རིང་སླར་ཡང་ བོད་རེ་བས་ཕུངས།
དཔལ་ལྡན་བཀའ་བློན་ཁྲི་བ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ཐུབ་པའི་སྨོན་མདུན་དང་། ཚང་མས་བརྩི་ཀུར་དང་ཁོང་གི་ཕྱག་ལས་ལ་ཕྱག་གྲུ་མཉམ་འདེགས་དགོས་པ་ནི་ང་ཚོ་བོད་པ་རྣམས་ཀྱི་བླ་ན་མེད་པའི་འོས་འགན་ཡིན་པ་ཡང་ཤེས་རྒྱུ་གལ་ཆེ་བ།།
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
བཀའ་ཁྲི་གསར་པའི་གསུང་བཤད་བོད་བསྒྱུར་ཚིག་སྦྱོར་དེ་བོད་ཀྱི་ལྷ་སྐད་རེད་དམ།
འདི་ངས་བསྐྱར་འདེབས་ཞུ་རྒྱུ་ཞིག་ལ།
དེ་རིང་ང་ཚོ་བོད་མི་ས་ཡ་དྲུག་དང་འབྲེལ་བའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཡིན་པས་བཀྲ་ཤིས་པའི་འཚམས་འདྲི་ལས་ལྟས་ངན་པའི་ཀུ་ཅོ་རེ་མི་འདོན་རོགས་ཐུགས་རྗེ་ཆེ།
ཁ་བརྡ་དྲྭ་བའི་རྕོམ་སྒྲིག་པ་ལགས། གུས་མོས་ཁ་སང་ནས་ཁ་བརྡ་དྲྭ་བའི་ཁ་བརྡ་ཞེས་པའི་གློག་འཕྲིན་སྟེང་རྩོམ་ཐུང་ཞིག་བསྐུར་ཡོད། འོན་ཀྱང་ད་དུང་བཀོད་མ་སོང་། འགོད་རྒྱུར་དཀའ་ངལ་ཡོད་པ་རེད་དམ། ཡང་ན་རྒྱུ་རྐྱེན་གཞན་གྱི་དབང་གིས་མ་བཀོད་པ་ཡིན། གསལ་བཤད་ཅིག་གནང་རྒྱུའི་རེ་བ་ཡོད།
༧དཔལ་ལྡན་མི་དབང་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པ་དང་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་གྲངས་མེད་ཞུ།། བོད་རྒྱལ་ལོ། །བོད་རྒྱལ་ལོ། །བོད་རྒྱལ་ལོ། །
བར་སྣང་ན་ལྡིང་བསྐོར་རྒྱག་བཞིན་པའི་གཏམ་བཤད་མིན་པར་ང་དང་ཐག་ཉེ་རུ་སོང་། རྗེས་མ་འདིར་ཡོང་དུས་ངས་ཕྱག་འཚལ་མི་དགོས་ལ། ལག་ཟུང་ཐལ་མོ་སྦྱར་མི་དགོས། དད་པའི་སྤུ་ལོང་གཡོ་མི་དགོས། ངའི་ཞབས་ཞུ་བའམ་ཡང་ན་ས་ཡ་དྲུག་གི་ཞབས་ཞུ་དྲག་གྲས་སུ་གྱུར་བར་ཐོག་མར་མིད་པ་ཡན་ཆད་ནས་རྟེན་འབྲེལ་ཙམ་ཞུ་བ་དང་། ཞབས་ཞུ་ཡག་པོ་སྒྲུབ་ཚེ་ལོགས་སུ་རྔན་པའམ་ཊེབ་སུ་རེ་རྗེས་ནས་སྟེར་ཆོག
བོད་ཀྱི་སྲིད་སྐྱོང་བློ་སེང་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཕྱག་ལས་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ།
བོད་གངས་ཅན་པའི་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ། བོད་རྒྱལ་ལོ།།།
ཡར་ལ་ཕ་མེས་ཡང་མེས་དགྱེས་པ་སྐྱེད།།
མར་ལ་ཕས་རྒོལ་སྟོང་གི་ཀླད་པ་འགེམས།།
བར་དུ་དུས་རབས་གསར་བའི་རིང་ལུགས་འཛིན།།
བཀའ་ཁྲི་གསར་བའི་དམ་བཅའ་རི་བཞིན་བརྟན།།
བརྒྱ་བྱིན་མིག་སྟོང་གིས་ནི་མ་མཐོང་ཞིང་།།
ཚངས་བའི་རྣ་བ་བརྒྱད་པས་མ་ཐོས་བའི།།
བོད་ཀྱི་རྩ་དོན་དབུ་རྨོག་བཙན་པ་དང་།།
བདེན་དོན་ཉི་མ་འཆར་པའི་རྟེན་འབྲེལ་ཞུ།།
དྲང་གཏམ་ཀུ་ཅོ་་མ་མང་ན་ལེགས་ལོ། དྲང་གཏམ་རེ་བས་ཕུངས་རྒྱུ་རེད།
བློ་དང་སྤོབས་པའི་རྩལ་གྱིས་བཞེངས་སྟེ་ས་སྒང་མཐོན་པོའི་ནམ་མཁའ་ན།།
བཟང་བསྟོད་སྐར་བརྒྱས་ཕྱོགས་ཀུན་སྐོར་བ་རི་བོང་འཛིན་པའི་རྒྱལ་མཚན་ཅན།།
སེང་སྟག་དོམ་གྱི་ཁ་སྒོར་ལྷུང་བའི་ས་ཡ་དྲུག་གི་འོད་དུ་ཤར།།
གེ་སར་རྒྱལ་བོའི་རྣམ་ཐར་སྐྱོང་ལ་འཆམ་མཐུན་རྡོ་རྗེ་མདུད་པར་ཤོག།
དེ་རིང་བོན་ནས་ཀྱང་མོས་ལ་མ་མོས་ཀྱིས་འཚམ་འདྲི་ཞིག་གནང་སོང་། འོན་ཀྱང་བཀྲ་ཤིས་མ་ཆག་པ་བཀྲེ་ཤེས་ཆག་པ་དེ་འཕོངས་པོ་བྱུང་། འདྲེ་མགོ་རྡོ་ལ་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཅུང་ཟད་ཐེབ་ཡོད་པ་ནི་དགའ་འོས་པ་ཞིག་རེད། བོད་ཀྱི་དཔེ་ལ། ཕོ་རབ་འཁྱོག་འཁྱོག་སྦ་འཁྱོག་ཡིན། སྦ་ཉི་མས་དྲོས་ན་གར་བསྲངས་ཡིན། ཕོ་འབྲིང་འཁྱོག་འཁྱོག་རྭ་འཁྱོག་ཡིན། རྭ་ཚ་གྲང་སྙོམ་ན་བསྲངས་རྒྱུ་ཡོད། ཕོ་ཐ་མ་འཁྱོག་འཁྱོག་རྡོ་འཁྱོག་ཡིན། རྡོ་གོར་མོ་འཁྱོག་ན་བསྲངས་རྒྱུ་མེད་ཞེས་པ་ཞིག་ཡོད། དེས་ན་ཁོང་ཕོ་རབ་ཡིན་པ་འདྲ།
བོད་གངས་ཅན་བ་སྤྱི་པོ་གནམ་བསྟན་ཡོངས་ཀྱི་འཚབ་བྱས་ནས་
བོད་ཀྱི་ལོ་རྒྱུས་རང་བཞིན་ཅན་གྱི་སྲིད་སྐྱོང་བ་མཁས་དབང་བློ་བཟང་སངྒེ་མཆོག་ལ་བརྟེན་འབྲེལ་ཞུ།།
བཀའ་ཁྲི་མཆོག་གི་བསམ་དོན་ཡིད་བཞིན་འགྲུབ་པར་སྨོན། དེ་རིང་བཀྲ་ཤིས་པའི་ཉིན་མོ་དུས་བཟང་ཁྱད་པར་ཅན་འདིར་མི་ངན་རེ་ཟུང་ཞིག་གིས་མ་ཤེས་ཤེས་ཁུལ་བྱས་ནས་སྤྱི་ཚོགས་ཞི་བདེ་མེད་པ་བཟོ་གི་འདུག བཀྲ་ཤིས་པའི་དུས་བཟང་ལ་སྲིན་བྱ་འུག་པ་དེ་ཚོས་སྐད་ཅོར་གྲགས་བཞིན་འདུག་པས་བོད་མི་བསམ་ཤེས་དང་ལྡན་པ་རྣམས་ཀྱིས་དགོང་བཞེས་ཞུ།།
སྲིད་སྐྱོང་གསར་བར་བཀྲ་ཤིས་སྨོན་འདུན་ཞུ།
དེ་རིང་གི་གསུང་བཤད་རིང་དྲགས་པའི་ཚོར་སྣང་ཞིག་མི་ཕལ་ཆེ་བར་སླེབས་འདུག གཞུག་ནས་ཁོང་གི་གསུང་བཤད་ཕྱིར་དྲན་བྱེད་དུས། དེ་རིང་གི་གསུང་བཤད་ལ་བསྐྱར་བསྡུས་ཀྱི་གནད་ཅིག་ལྷག་འདུག་སྙམ། དཔེར་ན། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་སྐོར་དེ་ཡང་དང་འོར་གྱིས་བརྗོད་པ་ལྟ་བུ་འོ།། བོད་རྒྱལ་ལོ།
ཁྱེད་ཀྱི་སྙིང་སྟོབས་དང་བློ་ཕུགས་ཀྱི་ཆོད་སེམས་འོག་ནས་ཁྱེད་ལ་བོད་ཀྱི་བཀའ་ཁྲིའི་གོ་གནས་ཐོབ་ཡོད་ཌྷལ། ང་ཚོས་ཀྱང་ཁྱེད་ལ་དགའ་བསུ་ལོས་ཞུ། གང་ཡིན་ཟེར་ན། ཁྱེད་རང་མི་རིགས་ཀྱི་སྐད་ཡིག་ཐོག་ལ་ཆུ་ཚད་དམའ་རུང་། ལྷག་བསམ་ནི་ཞུམ་པ་མེད་པ་ཡོད། དེས་ན་ཁྱེད་ཀྱི་ལོ་ལྔའི་དུས་ཡུན་གྱི་མཛད་རྗེས་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད། ཁ་དྲོ།
ཨེ་མ་ཧོ། ངོ་མཚར་ཆེ། རྟེན་འབྲེལ་ཤིན་ཏུ་ལེགས། ཡར་ངོའི་ཚེས་བཅུའི་ཉིན་གྱི་བོད་ཀྱི་རྒྱལ་བློན་གསར་རྙིང་རྣམས་གདན་འཛོམས་པའི་དབུས་སུ། ཉེ་ས་ན་འདུག་པ་དང་རིང་ན་ཅེར་བའི་འཁོར་བྱེ་བ་འབུམ་སྡེ་དབུས་སུ། བར་ན་གནས་པ་དང་ཁ་གཏད་དུ་ལངས་པའི་དགྲ་བོའི་ཀླད་དུ། འཇིགས་པ་མེད་པའི་སེངྒེ་གད་རྒྱངས་བསྒྲགས་འདུག འབྱུང་འགྱུར་གྱི་ཆབ་སྲིད་སྐྱོང་བའི་འཆར་ཟིན་ཞིག་གམ། སྐྱ་ཐིག་ཞིག་ཡིན་པར་སྨོན། ད་ནི་པྰ་པྰ་འགྱུར་ནས་པ་པོ་ཡིན་པར་ཤོག ཅོའོ་ཅོའོ་འགྱུར་ནས་ཇོ་ཇོ་ཡིན་པར་ཤོག པ་པོ་དང་ཇོ་ཇོ་ལྷན་དུ་འཛོམས་ནས་བཀྲ་ཤིས་པའི་རྟེན་འབྲེལ་སྒོ་འཕར་ཡངས་པོ་ཕྱེས་པར་ཤོག
༧དཔལ་ལྡན་མི་དབང་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲིའི་དམ་འབུལ་གནང་བར་སྙིང་དབུས་ནས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁོང་གི་ཁས་ལེན་དམ་བཅའ་གནང་བ་བཞིན་མ་འོངས་འཆར་གཞི་དང་ལས་དོན་ཁག་ལམ་ལྷོང་དང་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།། བོད་རྒྱལ་ལོ།།
གཏམ་བཤད་རིང་དྲགས་མ་དྲགས་ཟེར་བ་འདི་སྤྱིར་བཏང་གི་ལེགས་སྦྱར་དང་གཏམ་བཤད་ཅིག་ཡིན་ན་ཡོད་པ་ལས་དེ་རིང་གི་གཏམ་བཤད་ལ་དེ་འདྲའི་ས་མཚམས་ཁྱོན་ནས་ཡོད་མ་རེད། གང་རེད་ཟེར་ན་དེ་ནི་ལོ་རྒྱུས་དང་རྒྱལ་རབས་དེབ་ཐེར་དུ་གནས་དགོས་པ་དང་འདས་འོངས་ད་གསུམ་གྱི་བརྗོད་གཞི་དང་ལྟ་གྲུབ་ལངས་ཕྱོགས་ཕུགས་མདུན་བཅས་ཀྱི་གསལ་བཤད་ཡིན་པས་འདི་ནི་ང་ཚོའི་མཁས་པའི་གསལ་བཤད་དང་འདྲ་གི་མ་རེད། དེའི་ཕྱིར་འདི་ལ་དོན་སྙིང་གི་ཆ་ནས་ལྟ་བ་ལས་རིང་ཐུང་གི་ཆ་ནས་ལྟ་བ་རྒྱུ་མེད། གང་ལྟར་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པའི་ལས་དོན་ལམ་འགྲོ་ཡོང་བར་སྨོན།
ཞང་ཞུང་སྐད་དུ། ཐ་ཚན་མུ་ཙུག་སྨོར་རོ། སྤུ་རྒྱལ་བོད་ཀྱི་སྐད་དུ། ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས། དེ་རིང་གནམ་ལ་བལྟས་པས་གནམ་དཀར་གསལ་གྱི་ཟླ་བ་ལ་སྤྲིན་དཀར་གྱི་གུར་ཕུབ་པའི་རྟེན་འབྲེལ། དེ་རིང་ས་ལ་བལྟས་པས་ས་གཞི་པད་མ་འདབ་བརྒྱད་ལ་མེ་ཏོག་གི་ཆར་བབས་པའི་རྟེན་འབྲེལ། དེ་རིང་རྡ་སའི་ཁོར་ཡུག་ལ་བལྟས་པས་བླ་སྤུལ་སྐྱ་སེར་ཕོ་མོ་ཁྱད་མེད་འཛུམ་འཛུམ་མུལ་མུལ་ངང་བཀའ་ཁྲི་མཆོག་ལ་གཅེར་ལྟ་བྱེད་བཞིན་པའི་རྟེན་འབྲེལ། དེ་རིང་བོད་ནང་ལ་བལྟས་པས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་ཡིད་ཆེས་ཀྱི་ལམ་བུ་གསར་པ་ཞིག་རྙེད་པའི་རྟེན་འབྲེལ། དེ་རིང་བོད་མིའི་ཁྱིམ་ཚང་ནང་ལ་བལྟས་པས་བཀའ་ཁྲི་བཀའ་ཁྲི་ཟེར་ནས་མིག་ཟུང་ཧྲིག་ཧྲིག་བྱས་ནས་གཟུགས་མཐོང་བརྙན་འཕྲིན་ནང་འཛུལ་གྲབ་འཛུལ་གྲབ་བྱེད་བཞིན་པའི་རྟེན་འབྲེལ། དེ་རིང་བོད་མི་ཚོའི་ཚོང་ཁང་ནང་ལ་བལྟས་པས་ཇ་དང་མངར་མོས་མདུན་ནས་བསུས་ཏེ་ངོ་ཤེས་མིན་ལ་མ་ལྟོས་པར་ཡོངས་རྫོགས་ལ་མཆོད་མཆོད་ཟེར་ནས་བསོད་ནམས་ཀྱི་ཚོགས་ཆེན་ངང་གིས་རྫོགས་བཞིན་པའི་རྟེན་འབྲེལ། རྟེན་འབྲེལ་མང་གི་ཡ། མང་དྲག་ནས་བརྗོད་ཚོད་མེད་ཀའི་ཡ། ངོ་མ་ད་རིང་སྐྱིད་ཀི་ཡ། རྡ་སའི་ཁོར་ཡུག་གི་ཐང་ཁྲོམ་པ་ཚོའི་དཀའ་ངལ་ད་ཡིན་ན་མྱུར་དུ་སེལ་ཏེ་ཞེ་སྣང་དང་དངངས་ཚབ་ངང་གནས་མི་དགོས་པའི་ཡིད་ཆེས་ཡང་སྲ་རུ་སྲ་རུ་འགྲོ་དགོས་ཀྱི་ཡ། བོད་རྒྱལ་ལོ།
བོད་རྒྱལ་ཁབ་ཆེན་པོའི་སྲིད་སྐྱོང་གསར་ཕེབས་ཀྱི་མཛད་སྒོ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ཁོང་གི་གསུང་པའི་དམ་འབུལ་གསུང་བཤད་ཧ་ཅང་ལེགས་པོ་འདུག ལམ་ལྷོང་ལེགས་གྲུབ་ཀྱིས་༧གོང་ས་༧མཆོག་གངས་ལྗོངས་སུ་གདན་འདྲེན་ཞུ་ཐུབ་པ་དང་། གཞིས་བྱེས་མཉམ་འཛོམ་མྱུར་དུ་ཡོང་བའི་སྨོན་ལམ་ཞུ།
ཨོ་རྒྱན་རིགས་འཛིན་ཟེར་བ་རྙིང་མའི་མིང་བརྫུན་འོག་ནས་མཁས་དང་གྲུབ་པའི་བདག་ཉིད་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་སྐྱོན་བརྗོད་དང་ངན་སྨྲས་སྣ་ཚོགས་བརྗོད་འདུག་པ་ནི་བཀྲ་ཤིས་པའི་གླུ་ལེན་ས་ལ། ལྟས་ངན་པ་འུག་པའི་ཧ་ཧ་ཟེར་བ་དང་དོན་མཚུངས་པ་ལས་སུ་ཞིག་གིས་ཡིད་རྟོན་བྱ་བ་མ་ཡིན་ན། ཁྱོད་རང་རྙིང་མ་དང་དགེ་ལུགས་བར་དཀྲུག་ཤིང་ཁོ་ན་འབད་མཁན་ཞིག་ཡིན་པ་ཟུར་ལྟས་ལེབ་མཐོང་རེད་འདུག་པས་ཚང་མས་གཟབ་གཟབ་གནང་གནང་ནས་མུ་མཐུད་ཆོས་ལུགས་དང་། མཁས་གྲུབ་བླ་ཆེན་རྣམས་ལ་ངན་སྨྲས་ངན་སོང་གི་རྒྱུ་མི་བསྒྲུབ་པའི་འབོད་བསྐུལ་ཞུ་རྒྱུ་ཡིན་ནོ། །
ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཏང་བའི་ཨ་མདོ་རྔ་པའི་གནས་ཚུལ་ཁག་ཅིག
ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ནས་རྔ་པ་ཀིརྟི་དགོན་པའི་ནང་འགྲོ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་ཉིན་བཅུའི་རིང་མཚམས་འཇོག་བྱས་ཏེ་དགེ་འདུན་པ་རྣམས་ལ་གུང་སེང་སྤྲད་འདུག་ཅིང་དེ་རྗེས་མུ་མཐུད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་དགོས་ལུགས་བརྗོད་ཡོད་འདུག དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཕྱི་ནང་གི་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་དང་། དེ་བཞིན་དགོན་པའི་ནང་དུ་བསྡད་ཡོད་པའི་རྒྱ་གཞུང་གི་ལས་བྱེད་པ་རྣམས་ཡོངས་རྫོགས་ཕྱིར་འཐེན་མ་བྱས་པར་དགེ་འདུན་པ་རྣམས་ལ་གུང་སེང་ཞིག་རྩ་བ་ནས་མི་ཡོང་བར་མ་ཟད། རྣམ་པ་དེ་གནས་ཚུལ་རྫུན་མ་བཟོ་བའི་རྒྱབ་ལྗོངས་ལ་བེད་སྤྱོད་ལོག་པར་གཏོང་ངེས་པར་བརྟེན། དགེ་འདུན་པ་ཕལ་མོ་ཆེས་གུང་སེང་ལ་འགྲོ་གི་མིན་ཟེར་ནས་སོང་མེད་པ་དང། ཁག་ཅིག་སོང་ཡོད་ཀྱང་། ཕྱི་ཟླ་ ༨ ཚེས་ ༦ ཉིན་ནས་དགོན་པའི་ནང་ཚང་མ་འཛོམས་དགོས་ལུགས་བརྗོད་པ་ལྟར་འཛོམས་ཡོད་ཅིང་། རྒྱུན་ལྡན་སློབ་གསོ་ཟེར་བའི་ལས་འགུལ་གྱི་ཚོགས་འདུ་གཟའ་ཉི་མའི་ཉིན་མེད་ཀྱང་ཕྱི་ཚེས་ ༧ གཟའ་ཉི་མའི་ཉིན་དགེ་འདུན་པ་རྣམས་སྔར་བཞིན་ཚོགས་ཆུང་ཁག་བགོས་བྱས་ཡོད་པ་ལྟར་འཚོགས་བཅུག་ཡོད་པ་དང། དེའི་གོང་གུང་སེང་སྐབས་ཕྱི་ལ་འགྲོ་དུས་འདོགས་དགོས་ཟེར་བའི་སྐེ་འདོགས་རེ་སྤྲད་ཡོད་པ་རྣམས་ཀྱང་ཕར་བསྡུས་ནས་མུ་མཐུད་སྔར་བཞིན་དགོན་པའི་ནང་ནས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་དགོས་པས་ཕྱི་ལ་འགྲོ་མི་ཆོག་ཚུལ་བརྗོད་དེ་དགོན་པའི་ལྕགས་རིའི་ནང་བཀག་སྡོམ་བྱས་ཡོད་འདུག དགོན་པའི་ཕྱི་ནང་ལ་ཉེན་རྟོག་པ་དང་དམག་མི། དམིགས་བསལ་ཉེན་རྟོག་པ་བཅས་ཀྱིས་དམ་དྲག་བསྡོམ་ཡོད་མུས་ཐོག་ཕྱི་ཚེས་ ༥ དགོང་མོ་ནས་རྔ་པའི་ཁྲོམ་གཞུང་དང་། རྫོང་མཁར་དང་ཐག་ཉེ་བའི་གྲོང་སྡེ་ཁག་གི་འགྲོ་ལམ་སོགས་ཚང་མར་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་བཀྲམས་ཡོད་པ་དང། བོད་ཟླ་བདུན་པའི་ཚེས་ ༣༠ ཉིན་འཚོགས་རྒྱུའི་རྔ་པ་ཀིརྟི་དགོན་པའི་རིགས་གྲྭའི་ཞོ་སྟོན་འཚོགས་མ་ཐུབ་པར་བརྟེན་ཕྱི་ཚེས་ ༨ ཉིན་སྤྱི་ཐབ་ནས་གྲྭ་པ་རེ་རེ་བཞིན་ཞོ་སྤྲད་ཡོད་པ་དང་། གླིང་བར་གྱི་ས་སྟོང་རྣམས་སུ་འཛིན་གྲྭ་འཛིན་གྲྭ་བྱས་ཏེ་མཉམ་འཛོམས་ཀྱིས་བཀའ་བློན་ཁྲི་འདོན་གྱི་ཉིན་མོར་བསམ་ནས་རྟེན་འབྲེལ་གྱི་རྣམ་པས་རྩེད་འཇོ་སྣ་ཚོགས་ལ་རོལ་ཡོད་པ་དང། དགོང་མོ་འཛིན་གྲྭ་ཁག་སོ་སོས་མཉམ་དུ་དགའ་སྟོན་བྱེད་རྒྱུའི་གྲ་སྒྲིག་ཡོད་ཚུལ་བརྗོད་ཀྱིན་འདུག འོན་ཀྱང་རྒྱ་ནང་གཞུང་གིས་རྒྱུན་དུ་ཨ་རིའི་བརྙན་འཕྲིན་ལ་ལྟ་བ་དང་། དེ་མིན་ཤོག་སྦག་བཀད་པ་སོགས་བྱས་ན་ཉེས་ཁྲིམས་ལྕི་མོ་གཅོད་རྒྱུ་ཡིན་ཚུལ་ཉི་མ་མང་པོའི་གོང་ནས་ཡང་དང་བསྐྱར་དུ་བཤད་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ལ།
བོད་མིའི་སྒྲིག་འཛུགས་གཞུང་གི་སྲིད་སྐྱོང་བ་མཆོག་གིས་མཛད་འགན་གཙང་བཞེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། བོད་མི་རིགས་ཀྱི་དོན་དུ་ཁ་ཞེ་གཉིས་མེད་ཀྱིས་ཁྱེད་ལ་རྒྱབ་སྐྱོར་ཡང་གཙང་མ་ཞུ་རྒྱུ་ཡིན་ཞེས་རང་ཉིད་ནས་ཀྱང་དམ་འབུལ་ཞུ་བཞིན་ཡོད།
བོད་མིའི་སྒྲིག་འཛུགས་གཞུང་གི་སྲིད་སྐྱོང་བ་མཆོག་གིས་མཛད་འགན་གཙང་བཞེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། དེ་རིང་གི་ཉིན་འདི་ནས་བོད་མི་རིགས་ཀྱི་དོན་དུ་ཁ་ཞེ་གཉིས་མེད་ཀྱིས་ཁྱེད་ལ་རྒྱབ་སྐྱོར་ཡང་གཙང་མ་ཞུ་རྒྱུ་ཡིན་ཞེས་རང་ཉིད་ནས་ཀྱང་ཁྱེད་ལ་དམ་འབུལ་ཞུ་བཞིན་ཡོད།
ཨོ་རེད། ལུང་རྟོགས་ལགས། བཀྲ་ཤིས་བདེ་ལེགས། བཀྲེ་ཤེས་བདེ་ལེགས་དེ་དེ་རིང་དགའ་དྲག་ནས་མགྱོགས་བྲིས་བྱས་པས་ཡིག་ནོར་ཤོར་བ་རེད། ཨ་རོ་སྟག་ར་ཤེས་འདོགས་མ་སྟོན་ལོ། ཞང་ཞུང་སྐད་དུ། ཐ་ཚན་མུ་ཙུག་སྨོར་རོ། སྤུ་རྒྱལ་བོད་ཀྱི་སྐད་དུ། ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས། ཞེས་བརྗོད་ན་བོན་ཆོས་འདི་བོད་ཆོས་དང་བོད་སྐད་མ་ཡིན་པར་ཆགས་ཚར་ནི་རེད། དེས་ན་བོན་གཞུང་དངོས་དང་འགལ་བ་རེད། བན་གྱིས་རྒྱ་གར་སྐད་དུ་་་་བོན་གྱིས་ཞང་ཞུང་སྐད་དུུུུུ། བརྗོད་ན་མི་ལེགས་སོ། ་་་དེ་རིང་འདི་ན་ཀླུ་སྨྱོན་དང་དགྱེས་རྡོར་དྲ་བརྫེད་ཡོད་ན་ཡིག་འབྲུ་འགའ་རེ་འབྲི་དགོས་བསམ་ནས་ཡོང་ནི་ཡིན། དེ་མི་འདུག དེ་མིན་ལ་སྟོད་བུ་ཨོ་རྒྱན་རིག་འཛིན་ཏུ་རྫུས་ནས་ཐོན་བཞག དེ་མིན་ཅི་མི་འདུག བོད་དག་མའི་སྐད་དུ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག ། བོད་དོན་བདེན་པ་འགྲུབ་པར་ཤོག ། གཤིས་ཀྱི་བོན་དང་དོན་གྱི་བན་དེའི་བསྟན་པ་རྒྱས་པར་ཤོག །བོད་རྒྱལ་ལོ། །བློ་བཟང་སེངྒེ་རྒྱལ་ལོ། །བདེན་པ་ཉིད་རྒྱལ་བར་གྱུར་ཅིག །
གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཁྲི་བློ་བཟང་སེངྒེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡང་དག་པའི་སྲིད་བྱུས་ལམ་སྟོན་པོའི་ནང་ནང་ཤར་བསྐྱོད་གནང་རྒྱུའི་དམ་བཅའ་བཟང་པོ་དེ་ནམ་ཡང་མི་འདོར་རྒྱུ་དང་། བོད་དོན་ལ་བཅངས་པའི་ཐུགས་འདུན་བཟང་པོ་དེ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཤུགས་གྲགས་དང་བཅས་ཕུལ།
http://www.facebook.com/video/video.php?v=2169431988190&comments
བཀའ་ཁྲི་གསར་པས་ལས་དོན་ཚགས་ཚུད་ཡོང་བས་སྨོན་ལམ།
བཀའ་ཁྲི་གསར་པས་བོད་མིའི་བདེན་མཐའ་སེལ་བས་སྨོན་ལམ།
བཀའ་ཁྲི་གསར་པས་བོད་དོན་ཆིག་སྒྲིལ་ཡོང་བས་སྨོན་ལམ།
བཀའ་ཁྲི་གསར་པས་བོད་མིའི་སེམས་ཁ་སོས་པའི་སྨོན་ལམ།
དེ་རིང་དགའ་སྐྱོ་ཟུང་གིས་གདམས་པའི་སེམས་ཁམས་འདིར་འགྲེལ་བཤད་ཇི་ལྟར་རྒྱག མཛད་སྒོ་གྲོལ་བ་དང་རྟེན་འབྲེལ་མཚོན་བྱེད་དུ་གྲོགས་པོ་ཁ་ཤས་དང་མཉམ་དུ་སྟོན་མོ་ཆུང་ཆུང་ཞིག་བཤམས་རྗེས། ང་ཚོ་དྷ་སའི་རྒྱབ་རིར་འཛེགས་ཏེ་༧གོང་ས་མཆོག་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་པ་དང་། སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱི་ལས་དོན་ལམ་ལྷོང་ཡོང་བའི་ལྷ་གསོལ་དང་རླུང་རྟ་འཕེན། ད་ངོ་མ་ཅི་ཞིག་བཤད་དགོས་མིན་ཡང་མི་ཤེས་པར་གྱུར་སོང་། བོད་རྒྱལ་ལོ།
དེ་རིང་རྡ་སར་བོད་མི་དམངས་སྐུག་པས་ལྷ་མཐོང་འདུག།
བཀྲིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་གྱུར་ཅིག
བྷོ་ཊའི་ཡུལ་དུ་ཐོགས་མར་ཕེབས་པའི་མང་པོས་བཀུར་བའི་རྒྱལ་པོ་སྟེ། །
མི་འཇིགས་གདོང་ལྔའི་རུས་སུ་སྐྱེས་པའི་གངས་ཅན་བོད་ཀྱི་རྒྱལ་པོ་སྟེ། །
བློ་སེང་གངས་སེང་དཀར་མོའི་ངར་སྒྲས་ཝ་སྐྱེས་ཙི་ནའི་ཡུལ་ཁམས་དཀྲུགས། །
གངས་སེང་རྒྱལ་དར་སྟོབས་དང་དཔུང་པོས་མཐོ་སྒང་རལ་བའི་རྩེ་ལ་བསྒྲེང་། །
རྡ་སའི་རི་ངོགས་བྱང་ཆུབ་སེམས་མཆོག་སྐྱོར་སྦྱོང་བྱེད་ནས་མ་བསྡད་པར། །
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་མདུན་དུ་བདེན་པའི་ཁྲིམས་ཀྱིས་བརྡར་ཤ་ཆོད། །
རྒྱ་བོད་གཉིས་ལ་བྱང་མཆོག་སེམས་མཆོག་གལ་སྲིད་སྐྱེ་བའི་ཉིན་མོ་དེར། །
བོད་མིའི་ས་དང་རང་དབང་དོན་དུ་ཐོབ་རྩོད་བྱེད་མཁན་སུ་ཞིག་སྲིད། །
བརྒྱད་བརྒྱད་དགུ་དགུ་དགུ་གསུམ་དཔུང་པ་ཁ་ཆེ་ལི་གྲི་ལས་ཀྱང་རྣོ། །
དམར་ནག་གཉིས་ཀྱིས་ལམ་སྣེ་འདྲེན་སྟེ་དམག་དང་གཏོར་མ་དགྲ་ལ་རྒྱོབས། །
གཤིན་རྗེ་གཤེགས་ཀྱིས་རྒྱབ་གནན་གནང་སྟེ་རྒྱ་ཡི་མི་ཡུལ་ཆེན་པོ་དེ། །
སླར་ཡང་བསྐྲུན་ནས་ཧན་གྱི་རིགས་འདི་རྩ་སྐྱ་མེ་ཡིས་སྲེག་འདྲ་ཞིག །
ཕྱོགས་རུས་མེད་ཀྱང་བདུད་དཔུང་བཅོམ་པ་དྲང་སྲོང་ཆེན་པོའི་མཛད་སྤྱོད་དང་། །
འཆིང་བ་སྤངས་ཀྱང་ཐུགས་རྗེས་བསྡོམས་པ་ཐུགས་རྗེ་ཆེན་པོའི་ཡོན་ཏན་སྟེ། །
སེམས་ཅན་དོན་དུ་སངས་རྒྱས་འོ་རྒྱལ་གནས་དང་གནས་པའི་རྒྱུ་ལགས་ན། །
དམག་དང་ཟོར་གྱི་ལས་ལ་དགྱེས་པའི་དམག་ཟོར་རྒྱལ་མོ་དུས་ལ་བབ། །
གྱོད་དང་ཁ་མཆུ་ཁྲིམས་དང་རྩོད་པ་གངས་ཅན་བོད་ལས་ཆེ་བ་ཞིག །
ཁུར་ཚུར་སྐྱ་མོ་གནམ་ལ་བསྒྲེངས་ནས་བདེན་པའི་ངར་སྐད་མ་སྒྲོགས་པར། །
ཤེས་ཡོན་ཅན་གྱི་སྡེ་ཚན་བཙུགས་ནས་་དམག་འཐབ་བྱེད་པའི་དུས་ལ་བབ། །
ཆོས་རྒྱལ་ཆེན་མོའི་ལྷ་དམག་བྱེ་བ་ད་ནི་ཕབས་པའི་དུས་ལ་བབ། །
སྐད་ཡིག་འདི་དང་རིག་གཞུང་འདི་ཡིས་འཛམ་གླིང་ཞི་བདེ་བསྐྲུན་དགོས་ན། །
མི་རིགས་འདི་ཡི་སྲོག་གི་དབང་པོ་རིགས་མཐུན་གནས་མིན་ཉིད་ལ་རག །
རྒྱུ་དང་འབྱོར་བ་ནམ་མཁའི་བྱ་སྤུ་ཐོག་བཞིན་འགར་འབབ་མ་ངེས་ཀྱང་། །
བླ་སྲོག་མེད་པའི་ཕུང་བོ་ཞིག་ལ་རེ་བའི་མིག་འབུར་གཏད་སྙིང་བྲལ། །
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དཀྲུག་ཤིང་ཁོ་ན་འབད་མཁན་ཞིག་ཡིན་པ་ཟུར་ལྟས་ལེབ་མཐོང་རེད་འདུག
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་མཛད་འཕྲིན་ཕྱོགས་བཅུར་རྒྱས་ཏེ། བོད་ནང་གི་རིས་སུ་མ་ཆད་པའི་དགོན་སྡེ་དང་མང་ཚོགས་ཁྲི་སྟོང་མང་པོས་གུས་བཀུར་བྱེད་ཡོང་དུས། བཙན་བྱོལ་ཁྲོད་ཀྱི་ཆོས་ལུགས་ཕྱོགས་ཞེན་གྱི་དུག་གིས་བཟི་བའི་མི་ཁག་ཅིག་ན་ཟུག་མ་བཟོད་པར། ཚིག་ངན་སྐུར་འདེབས་བྱས་པ་ནི་ངོ་མ་སྙིང་རྗེའི་ཡུལ་རེད། ད་དུང་མིང་ལ་ཡང་༼ ཨོ་རྒྱན་རིག་འཛིན་༽ཞེས་སོ་སོའི་སྐད་ཆ་ལ་མི་གཞན་ཡིད་ཆེས་ཡོང་རྒྱུའི་ཆད་དུ་རང་ཉིད་རྙིང་མ་པ་ཞིག་ཡིན་མདོག་གིས་མི་གཞན་ལ་མགོ་སྐོར་བཏང་བ་ནི་ནམ་མཁར་མི་ཤོང་བའི་སྡིག་ཉེས་བསག་པ་རེད། མི་འདི་ལྟ་བུ་དག་ལ་ང་ཚོས་ངེས་པར་དུ་ཡིད་གཟབ་མ་བྱས་ན། ༸གོང་ས་མཆོག་གི་ཐུགས་འདུན་དང་བོད་མི་མང་གི་རེ་བ་རླུང་ལ་བསྐུར་ངེས་རེད།
སྲིད་སྐྱོང་བློ་བཟང་སེང་གེའི་གངས་ལྗོངས་ཡོངས་ཀྱི་དབུ་ཁྲིད་ལ་ཕེབས་པར་བཀྲིས་བདེ་ལེགས་ཞུ། གངས་ཅན་མགོན་པོ་གང་གི་ཐུགས་བཞེད་མཐའ་དག་དང་མངོན་འདོད་རྣམས་སྙིང་དབུས་ལ་བཅངས་ནས་བོད་ཀྱི་སྐྱིད་པའི་ཉི་མ་འདྲེན་པའི་ཕོ་ཉ་ཞིག་ལ་འགྱུར་བར་ཤོག་
གཞན་ག་རེ་ཡིན་ནའི་ཡིན་མིན་ནའི་མིན། དེ་རིང་བཀྲ་ཤིས་པའི་ཉིན་མོ་ལ། བཀའ་ཁྲི་གསར་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོད་རྒྱལ་ལོ།
བོད་རྒྱལ་ལོ། བོད་རྒྱལ་ལོ།
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
མི་རིགས་ཤིག་གི་བདེན་དོན་ཆེད་དུ། རང་ཡུལ་མེད་པའི་སྐྱབས་བཅོལ་ཞིག་ནས། མི་རིགས་ཤིག་གི་ཤི་གསོན་ཆེད་དུ། སྤོབས་པ་དང་བཅས་དེ་བོད་ཀྱི་བཀའ་བློན་དུ་ཕེབས་མཁན་བློ་བཟང་སེང་གེ་ལགས། ཐོག་མར་རྟེན་འབྲེལ་ཞུ། དེ་ནས་ཉིད་ཀྱིས་རང་གི་ཚེ་སྲོག་ཚུན་ཚད་བོད་ཁ་བ་གངས་ཅན་པ་ཚང་གི་བདེ་སྡུག་ཆེད་དུ། ཉིན་མཚན་ལྟོས་མེད་དུ། ཕྱོགས་རུས་དབྱེ་བྲལ་གྱི་ལམ་བུ་ཞིག་ནས། ལས་ལ་བརྩོན་ཞིང་དབའ་ངར་ལྡན་པའི་བཙན་པོ་དག་གི་ཤུལ་རྗེས་ཟིན་པར་ཕྱོགས་པར་སེམས་གཏིང་ནས་སྐུལ་མ་ཡོད་ལགས།
སྐྱབས་གནས་སླུ་མེད་དཀོན་མཆོག་རྩ་བ་གསུམ། ཁྱད་པར་གང་ཅན་མགོན་པོ་སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། སྙིག་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། ཕྱི་ནང་འབྱུང་བ་འཕྲུག་པའི་རྒྱུ་རྐྱེན་གྱིས། སྔར་མ་གྲགས་པའི་མི་ཕྱུག་དལ་ཡམ་སོགས། གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོ་སོགས། རྩ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་སོགས། ཆར་ཆུ་མི་སྙོམས་གངས་ཅན་དྲ་བྱའི་ཐན། ས་ཡོམ་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་། ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། གངས་ཅན་ལྗོངས་སུ་གནོད་ཚེའི་རིགས་དག། མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། མི་དང་མི་མིན་འགྲོ་བ་ཐ་དག་གི། རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ངང་གིས་སྐྱེ་ནས་གནོད་ཚེའི་བསམ་སྦྱོར་བྲལ། ཕན་ཚུན་བྱམ་པའི་སེམས་དང་ལྡན་ནས་ཀྱང་། བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་དང་འབྱོར། སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་འཐུས། འཁོར་འདས་དགེ་བའི་རྩ་བ་གང་བགྱིས་པ། བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག ཅེས་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་བོད་ཡུལ་བདེ་བའི་སྨོན་ལམ་གསུངས་པ་དེ་དེ་བཞིན་དུ་དུས་བཟང་ཁྱད་པར་ཅན་འདིར་གསོལ་བ་བཏབ་པའོ།
http://beripezed.blogspot.com/2011/02/blog-post.html
དེ་རིང་སྡེ་བཀའ་བློན་ཁྲི་བའི་་་་་་་་་་ འོ་མ་རེད་མ་རེད། ཁ་ཤོར་སོང་ནི་རེད། བཀའ་བློན་ཁྲི་བ་མ་རེད་ཀོ སྲིད་་་ག་རེད་ཡིན་ཀོ སྲིད་བློན་་་་་་ དེ་མ་རེད། སྲིད་འཛིན་འོ་དེ་ལ་མ་རེད། སྲིད་སྐྱོང་་་་འོ་རེད། སྲིད་སྐྱོང་བློ་བཟང་སེངྒེའི་རྟེན་འབྲེལ་མཛད་སྒོ་རེད། ང་ཚོ་ཁ་བརྡ་ཚང་གི་སྐྱ་མིན་སེར་མིན་ཚང་མ་འོག་གི་དྲ་ལམ་བརྒྱུད་ནས་ཆང་འཐུང་གི་ཤོག་འ།
http://www.tudou.com/programs/view/ynK4WMVe8W8/
བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གི་གསུང་བཤད་དཔེ་ཡག་པོ་དང་།དོན་སྙིང་ལྡན་པར་མཐོང་སོང་།ཁ་ལས་རླུང་རྟ་རྒྱས་པར་སྨོན།མི་རབས་གསར་བའི་ལེའུ་གསར་བ་ཞིག་གི་སྒོ་གླེགས་ཕྱེས་བ་རེད།
ད་ག་རང་རེད། འོན་ཀྱང་རྙིང་པའི་རྩ་བ་མེད་ན་གསར་པའི་གསོན་ཤུགས་རྒྱས་མི་སྲིད་པས་རྒྱུ་འབྲས་ཀྱི་རྣམ་
གཞག་ཤེས་དགོས་པ་ཟད་། ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་རུ་ཞིམ་རུ་འགྲོ་ངེས་རེད། ཤ་བཙོས་བཙོས་པའི་སྒང་ལ། གྲི་བརྡར་བརྡར་བ་ཡོད་དུས་ཉམས་སུས་ཀྱང་སྟོན་ཤེས་ཀྱི་རེད།
ཁྲི་བ་ལགས། ཁྱོད་ཀྱིས་རྐུབ་བཀྱགས་ཤིག་གི་ཆེད་དུ། བོད་མིའི་རྩ་དོན་བཞི་ཡིས་རྩེད་མོ་རྩེ་བྲེད་ཀྱིས་སོང་། འོན་ཀྱང་ཁྱོད་ཀྱི་ཕྲག་ལ་བོད་མི་མང་གི་མཐའ་མའི་རེ་བ་གཅིག་ལྷག་ཡོད་པ་དེ།་་་་་ རྡོག་རྩ་ཆིག་སྒྲིལ་་་་་འདི་ཡིན། འདི་ཁྱོད་ཀྱིས་ཀྱང་རང་གི་ཁེ་ཕན་ཆེད་ཕྱི་བསྒྲགས་ནང་སྒྲོགས་དུ་མ་བྱས་པའི་ནང་སྙིང་རེད། ཁྱོད་ཀྱིས་བཤད་པ་ཆིག་སྒྲིལ་ཡིན། ཁྱོད་ཀྱི་ལས་དོན་གྱི་ཆིག་སྒྲིལ་མ་གཏོར་རོགས་ཞུ་བ་ལས་གཞན་ཁྱོད་ལ་ནུས་པ་སྤུ་ཙམ་ཡང་མེད།
ཨ་ཁུ་བློ་བཟང་ཤེས་སོང་ཁོ་དེ་འདྲ་མོ་རེད་དེ། དགའ་ཤར་ཚུལ་ཁྲིམས་འོད་ཟེར་ཟེར་བ་དེ་སུ་རེད།
ག་རེ་ཅེས་སོང་།
གྲོགས་པོ་ཚོ་ཁམས་བཟང་།