ཏྲེ་ཐུབ་བསྟན་གྱིས།
ཟླ་འདིའི་ཚེས་༠༥ཉིན་གྱི་དགོང་མོར་སུང་ཇ་བོད་ཁྱིམ་སློབ་གྲྭའི་ཁང་ཚན་རྒན་བདག་གཉིས་ཀྱིས་སློབ་མ་ཞིག་བརྡུང་ཏེ་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར་སློབ་གྲྭ་དེ་གར་ཆེད་བཅར་གྱིས་གནས་ཚུལ་རྒྱུས་ལོན་བྱས་པའི་གོ་སྐབས་བྱུང་བས།གཤམ་ནས་དེའི་སྐོར་གྱི་གནས་ཚུལ་རགས་ཙམ་ངོ་སྤྲོད་ཞུས་ན།དེའང་གནས་ཚུལ་དེ་ལྷག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སློབ་གྲྭའི་སྒྲིག་སྲོལ་དང་འགལ་བའི་ཐ་མག་འཐེན་པའི་ཉེས་པ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་།སྤྱིར་སློབ་གྲྭའི་སྒྲིག་སྲོལ་ལྟར་ན་ཐ་མག་འཐེན་མཁན་གྱི་སློབ་ཕྲུག་དེས་རྗེས་སུ་མི་འཐེན་པའི་དམ་བཅའི་ཡི་གེ་བྲིས་ཏེ་སྤྱི་ཁྱབ་རྒན་བདག་དང་ཁང་ཚན་རྒན་བདག དེ་བཞིན་ཉལ་ཁང་རྒན་བདག་སོགས་རེ་རེའི་མདུན་ནས་ས་རྟགས་བཟེད་དགོས་འདུག སློབ་ཕྲུག་འདས་པོ་དེས་ཐེངས་དང་པོར་ཐ་མག་འཐེན་པ་རྒན་བདག་གིས་ཤེས་ཏེ་དམ་བཅའི་ཡི་གེ་དང་ས་རྟགས་སོགས་རྒྱག་ཡོད་ཀྱང་། ཐེངས་གཉིས་པར་ཡང་ཉལ་ཁང་གཅིག་པའི་ཁང་ཚན་རྒན་བདག་གིས་དྲི་མ་ལ་བརྟེན་ནས་ཤེས་པར་བརྟེན་ཁོས་ཀྱང་ཁས་ལེན་བྱས་ཡོད་པ་དང་། རྗེས་སུ་མི་འཐེན་པའི་དམ་བཅའི་ཡི་གེའང་བྲིས་ཏེ་ཡི་གེའི་ནང་དུ་ཁོ་པས་ཕ་ཡུལ་ལ་ཡོད་དུས་ནས་ཐ་མག་འཐེན་ཏེ་དུས་ཚོད་ཡུན་རིང་སོང་བས་ད་ལྟ་གློ་བུར་དུ་སྤངས་དགོས་ན་ཧ་ཅང་དཀའ་ངལ་འདུག་སོགས་བྲིས་འདུག
འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཡི་གེ་དེ་ཁྱེར་ནས་ས་རྟགས་ལེན་པར་མ་སོང་བར་ཞག་ཁ་ཤས་འགོར་འདུག་པས།ཁང་ཚན་རྒན་བདག་དེས་ས་རྟགས་བཟེད་མ་སོང་བའི་རྒྱུ་མཚན་སོགས་དྲིས་ཏེ་ཁོ་གཉིས་བར་ཁ་རྩོད་ཕྲན་ཙམ་ཤོར་ཡོད་པ་དང་།རྒན་བདག་གིས་འགྲམ་ལྕག་ཞུས་འདུག དེ་མ་ཐག་འདས་པོས་ཀྱང་སློབ་མའི་བར་ལག་པ་བཀྱགས་པར་བཟོད་བསྲན་མ་ཐུབ་པར་བྲང་ལ་འཇུས་ཏེ་ཕྱིར་ལན་བསློག་གྲབས་བྱས་སྐབས།རྒན་ བདག་དེ་དང་ཁོའི་རོགས་པ་ཡང་རྒན་བདག་གཞན་གཉིས་ཀྱིས་གཅིག་གིས་རྒྱབ་ནས་འཇུས་པ་ དང་ཁང་ཚན་རྒན་བདག་དེས་ལག་གཡས་པས་ཕོ་བའམ་མཆིན་འོག་ཏུ་ཕར་ཁུར་ཚུར་གྱིས་ཤུགས་ ཆེན་པོས་གསུམ་བཞི་ཙམ་བཞུས་མ་ཐག སློབ་མ་འདས་པོ་དེས་དབུགས་འཐེན་ཙམ་འཐེན་ཙམ་བྱས་ཏེ་སར་འགྱེལ་འདུག
དེ་ མ་ཐག་ཉལ་ཁང་ནང་གི་སློབ་གྲོགས་ཚོས་དབུགས་ཕྱིར་ལེན་ཐུབ་པའི་ཐབས་ཤེས་འདྲ་མིན་ བྱས་ཀྱང་མ་ཐུབ་པའི་མཐར་སློབ་གྲྭའི་སྨན་ཁང་ནང་དུ་བསྐྱེལ་འདུག ཡིན་ནའང་སྐབས་དེ་དུས་ནི་མཚན་མོའི་ཆུ་ཚོད་བཅུ་མ་ཟིན་ཙམ་ཡིན་པ་དང་སློབ་གྲྭའི་ སྨན་ཁང་གི་ཛ་དྲག་མྱུར་སྐྱོབ་ཀྱི་མཚན་རེས་པ་དེའང་ཉལ་ནས་ཡོད་སྟབས་དུས་ཚོད་ སྐར་མ་ཁ་ཤས་འགོར་འདུག
སློབ་གྲྭའི་སྨན་ཁང་དུ་སྨན་སྤྲད་པ་དང་ཁབ་རྒྱག་པ་ཙམ་ ལས་ཛ་དྲག་མྱུར་སྐྱོབ་ཀྱི་སྨན་ཁང་གི་ཆ་རྐྱེན་གཅིག་ཀྱང་མེད་པས་ཁབ་ཅིག་རྒྱབ་ ཀྱང་མ་སོང་བར་བརྟེན།ད་གཟོད་རྒྱ་གར་སྨན་ཁང་དུ་མ་བསྐྱལ་ན་ཐབས་ཤེས་མི་འདུག་ཟེར།
ཕྱིའི་སྨན་ཁང་དུ་བསྐྱལ་རྒྱུའི་འགན་དེ་ཡང་སྨན་པ་གཞན་ཞིག་ལ་ཡོད་པས་དེ་སྐད་བཏང་བར་མ་མཐའ་སྐར་མ་ལྔ་ཙམ་འགོར་འདུག
དེ་ནས་སློབ་གྲྭ་དང་ཆེས་ཐག་ཉེ་ཤོས་ཀྱི་རྒྱ་གར་སྨན་ཁང་ཞིག་གི་ལམ་དུ་ནམ་རྒྱུན་སྐར་མ་ཉི་ཤུ་ཙམ་འགོར་བའི་ཐག་ཡོད་པའི་སར་བསྐྱལ།
རྒྱ་གར་སྨན་ཁང་དུ་འབྱོར་མ་ཐག་སྨན་པས་བརྟགས་དཔྱད་བྱས་པར་བརྒྱུད་ནད་པ་ཆུ་ཚོད་ ཕྱེད་ཀའི་སྔོན་ཙམ་ནས་ཤི་ཚར་འདུག་ཅེས་ཚིག་ཐག་ཆོད་པོའི་བཤད་འདུག
རྒན་བདག་སློབ་མ་དེས་བརྡུང་པ་ནས་བརྩིས་པའི་རྒྱ་གར་སྨན་ཁང་དུ་མ་སླེབས་བར་གྱི་ དུས་ཚོད་དེ་རགས་བརྩིས་ཙམ་རྒྱག་ན་ནད་པ་ཕལ་ཆེར་སློབ་གྲྭའི་སྨན་ཁང་དུ་ཤི་ཡོད་ འདུག
སྤྱིར་དོན་རྐྱེན་འདི་སྟབས་མ་ལེགས་པར་བྱུང་བ་ཞིག་ཡིན་པར་བཤད་ཆོག་ཀྱང་ཞིབ་ཏུ་བསམ་ན་འདིའི་འགན་འཁྲི་ནི་བསད་མཁན་གྱི་མི་དེ་ཙམ་མ་ཚད་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་གྱི་དགེ་རྒན་དང་སློབ་སྤྱི།
སློབ་གྲྭའི་དབུ་འཛིན་སོགས་ཚང་མ་ལ་ཡོད་པ་ཞིག་རེད།
སུང་ཇ་སློབ་གྲྭར་ལྟ་བུར་མཚོན་ན་ད་ཐེངས་ཙམ་མིན་པར་དེ་སྔོན་ཀྱང་གནས་ཚུལ་འདིའི་རིགས་ཐེངས་མང་པོ་བྱུང་མྱོང་ཡོད་འདུག
༢༠༠༥ལོར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གིས་སློབ་ཕྲུག་ཅིག་ལ་ཉེས་བརྡུང་ཚབས་ཆེན་བཏང་པར་བརྟེན།སློབ་ ཕྲུག་དེས་ན་ཟུག་དེ་སེམས་ལ་བཅངས་ཏེ་མཚན་མོ་ཞིག་ལ་རྒན་བདག་ཉལ་ཡོད་པའི་སྐབས་ དང་བསྟུན་ནས་རྒན་བདག་གི་གཟུགས་པོ་གང་སར་གྲིས་བཙུགསཏེ་མ་ཤི་ཙམ་བྱུང་ཡོད་འདུག
དེ་ བཞིན་དེ་ལྟ་བུའི་གནས་ཚུལ་ཆུང་ཚགས་རིགས་ཐེངས་དུ་མར་བྱུང་ཡོད་ཀྱང་དེ་ལ་འཕྲལ་ སེལ་ཙམ་ལས་སྣག་ཐོག་བཙགས་ཁེལ་གྱིས་ཉེན་འགོག་གི་ཁྲིམས་དང་སྒྲིག་སྲོལ་མེད་པར་ ངན་པ་རྒྱ་ཡན་དུ་བཏང་པའི་གནད་དོན་ལ་བརྟེན་ནས་བྱུང་བ་ཡིན་པ་ནི་གདོན་མི་ཟ་བ་ ཞིག་རེད།
ཕ་མ་དང་དགེ་རྒན་གྱིས་ཀྱང་ཕྲུ་གུར་ལག་པ་འཆང་མི་ཆོག་པའི་དུས་འདིར་སློབ་མས་སློབ་མར་བརྡུང་ཏེ་བསད་པའི་དོན་རྐྱེན་འདི་ཆུང་ཆུང་ཞིག་ག་ལ་ཡིན།
སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་གཉིས་ལའང་དེའི་སྐོར་ཉེན་འགོག་གི་སྒྲིག་སྲོལ་ཁ་གསལ་གཏིང་གསལ་ཞིག་ཡོད་རབས་གཏན་ནས་གསུང་རྒྱུ་མི་འདུག
ད་དུང་སློབ་གྲྭའི་སྨན་ཁང་གི་ལས་བྱེད་མི་སྣར་ལ་ཡང་འགན་འཁྲི་ཡོད་དེ།དུས་ཐོག་ཏུ་ཛ་དྲག་མྱུར་སྐྱོབ་བྱས་ཐུབ་མེད་པ་དང་དུས་ཚོད་འགོར་འགྱངས་བཏང་བ་སོགས་ནི་ཧ་ཅང་གི་བློ་ཕམ་སྐྱེ་གཞིའི་གནད་དོན་ཡིན་ཏེ།མི་ཞིག་གི་དབུགས་བཏང་ལེན་མ་ཐུབ་པའི་ཛ་དྲག་གི་སྐབས་སུ་སྨན་དང་ཁབ་ཙམ་གྱིས་ཇི་ལྟར་ཕན།སློབ་མ་ཞིག་གིས་བཤད་པ་ལྟར་ན་དེ་སྔོན་ཡང་སློབ་གྲྭའི་སྨན་པས་སློབ་མ་ནད་པ་ཞིག་ ལ་ཟླ་ཤས་རིང་སྨན་ལོག་ཟ་བཅུག་པར་བརྟེན་ཀླད་པར་སྐྱོན་ཤོར་ཏེ་སེམས་པ་མ་ཐང་བའི་ ཚད་ལ་སླེབས་སྐབས།ནད་པའི་སྤུན་མཆེད་ཀྱིས་སློབ་གྲྭ་ནས་འཁྲིད་དེ་རྒྱ་གར་སྨན་ཁང་ཞིག་ཏུ་བརྟག་དཔྱད་བྱས་སྐབས་སྨན་ལོག་བཏང་བ་ཡིན་པ་ར་འཕྲོད་འདུག
སུང་ཇ་ནི་བོད་ཁྱིམ་སློབ་གྲྭ་གཞན་དག་ལས་ཀྱང་ཁ་ལག་དང་མཐུན་རྐྱེན་སོགས་ཞན་ པས་(ཏྲི་བི)་གློ་བའི་ནད་པ་ནི་རྒྱུན་མི་ཆད་པ་དང་སློབ་མ་ཚོའི་ངོ་གདོང་ལ་བལྟས་ པས་ཀྱང་ཤེས་ཐུབ།བོད་ནས་ཕ་མ་དང་སྤུན་མཆེད་ཚོས་བཙན་བྱོལ་གཞུང་ལ་རེ་བ་དེ་ཙམ་ཆེན་པོ་རྒྱག་ནས་རང་གི་བུ་ཕྲུག་རྒྱ་གར་ཏུ་བཏང་ཡང་།འདི་ ནས་སྣང་མེད་དང་འཐུས་ཤོར་ཐ་ན་སློབ་གྲྭའི་ཁོར་ཡུག་ཏུ་བརྡུང་དེ་བསད་པ་དང་སྨན་ལོག་བཏང་ཏེ་སྨྱོ་བཅུག་པའི་གནད་དོན་འདི་དག་ངོ་མ་རྒྱ་ཕར་ཕྱོགས་ཀྱིས་བལྟས་ན་ དགོད་བྲོ་བ་དང་།
རང་རིགས་ཚུར་ཕྱོགས་ནས་བསམ་ན་བློ་ཕམ་དགོས་ས་ཞིག་ཅི་ལ་མིན།
ཐེངས་འདིའི་མི་གསོད་དོན་རྐྱེན་འདི་ཅིས་ཀྱང་བྱུང་ཚར་བས་མི་སྲོག་བསྐྱར་གསོས་ཀྱི་ཐབས་ཤེས་མེད་ཀྱང་དོན་རྐྱེན་འདི་ལ་བརྟེན་ནས་ྗེས་མ་འོངས་པར་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་ལྷག་པར་དུ་སུང་ཇ་བོད་ཁྱིམ་སློབ་གྲྭར་གནས་ཚུལ་དེའི་ རིགས་མི་ལྷག་པའི་ཆེད་དུ།གནད་དོན་དུ་ཐག་བཅད་ནན་པོ་དང་ཁ་གསལ་གཏིང་གསལ་རྗེས་སུའང་དཔེ་སྟོན་ྱི་ནུས་པ་ལྡན་པའི་ཐག་བཅད་ཅིག་ནི་ཅིས་ཀྱང་བྱ་དགོས་ངེས་ཡིན་ཞིང་།ད་ ཐེངས་ཀྱང་སྣང་མེད་ངང་ཡ་ཡོལ་ཙམ་གྱིས་འགེབ་ཐབས་བྱས་ནི་རང་གཞན་ཉིས་ཀར་ཁེ་ཕན་ མེད་པ་མ་ཟད་མ་འོངས་པའང་དེའི་རིགས་མ་འབྱུང་བའི་ངེས་པ་མེད་དོ།
དོན་རྐྱེན་དེ་ནི་ཤིན་ཏུ་ཡ་ང་བ་དང་བློ་ཕམ་པ་ཞིག་རེད་ཡ། དང་པོ་འདས་པོ་ཁོ་རང་ལ་ཉེས་པ་
ཡོད་ན་ཡང་རྒན་བདག་དེས་ཡིད་གཏིང་ནས་སྐྱོ་བས་ཚོད་མེད་ཀྱི་ལས་ངན་དེ་ཙམ་བྱས་པ་ནི་
ཤ་ཞེན་དང་གུས་ལུགས་ལ་རྒྱ་གང་ཡང་མི་ཤེས་པའི་རང་ཆེ་རང་མཐོ་རང་རེད། ད་དུང་དེ་འདྲའི་
འཁྲུག་རྩོད་འོག་རྐྱེན་འདས་ཤོར་བ་སྔོན་ནས་ཡོད་ཚུལ་བཤད་པ་བདེན་ན་ང་ཚོ་སྤུན་ཟླ་ནང་དམེ་བྱེད་
པ་ནི་བློ་ཧ་ཀྱང་འཕངས་པའི་གནས་སུ་གྱུར་བ་མ་ཡིན་ནམ། དེང་འཛམ་གླིང་རྒྱལ་ཁབ་ཕན་ཚུན་
དབར་མཐུན་སྒྲིལ་ཡར་རྒྱས་དང་དྲག་གཅོད་ལ་སྡང་གཟུགས་བྱེད་པའི་དུས་ཤིག་སོང་ཕྱིར་
་ང་ཚོ་གསར་འབྱོར་ཚོས་ཀྱང་བོད་སྤྱི་དམངས་ཀྱི་
ཆེད་དུ་ལྷག་བསམ་དང་ལ་རྒྱ་བཟུང་སྟེ་མནོ་བསམ་གང་ཐུབ་ཐུབ་བྱ་རྒྱུ་ནི་གལ་ཆེན་རེད། སྤྱིར་ཏང་
བོད་དོན་ལ་ལྷག་བསམ་དང་ལ་རྒྱ་གང་ལ་གསར་འབྱོར་དང་རྙིང་འབྱོར་གྱིས་ཁྱད་པར་མེད་ཀྱང་
སོ་སོའི་ལུང་པའི་གོམས་གཤིས་མི་འདྲ་བ་ཡོད་ཙང་ང་ཚོའི་ལུང་པར་གཞན་གྱིས་བཤེན་ཞུགས་པ་
ཡིན་ན་འདྲ་རང་གི་ཡུལ་སྲོལ་ཡིན་ན་ཐང་འཕྲིན་ལས་བཞི་པ་དྲག་པོའི་ལས་ཅེས་པ་དེ་དར་སོ་ཡོད་
བསྡད་པ་རེད། ད་དུང་སྨན་པས་སྨན་ལོག་སྤྲད་དེ་ནད་པ་གསོན་དུ་མི་འཇུག་པ་དེ་ནི། ལུང་ལས་
རྩ་ཆུ་མི་ཤེས་སྨན་པ་དེ། བྱ་བས་བྱ་སྟངས་མི་ཤེས་འདྲ། ཚ་གྲང་ནད་ཀྱིས་སྐད་མི་གཏེར། ཞེས་
པ་ལྟར་ཡིན་པས་ཐོག་མར་ནད་རྟགས་ངོ་ཤེས་པས་སློབ་དཔོན་ཞིག་བསྟེན་དགོས། དེའི་མ་ཚད་དེང་
སྤྱི་ཚོགས་གང་སར་ཡར་རྒྱས་དང་འཕེལ་རིམ་ཕུན་སུམ་ཚོགས་པའི་དུས་འདིར་སུ་ཇ་སློབ་གྲྭ་གཅིག་
པུ་འཚོ་བའི་ཆ་རྐྱེན་མ་འཛོམས་པས་རྐྱེན་གྱིས་ཏྲི་པིའི་ནད་ཀྱི་རྒྱུན་མི་ཆད་པ་སོགས་ཐབས་སྡུག་
པའི་གནད་དོན་དེ་དག་ནི་ཞུ་མི་འོས་ཀྱང་གཙོ་བོར་སློབ་གྲྭའི་འགན་འཛིན་ཚོའི་མ་འཇོན་པ་དང་
སྣང་མེད་སོང་བའི་རྒྱུ་རྐྱེན་ཞིག་ལས་མ་འདས་མོད། ཏྲེ་ཐུབ་ཀྱིས་བཤད་པ་བཞིན་སྔོན་མ་ཡིན་ན་
ཏྲི་པིའི་ནད་པ་ད་ག་རང་ཡོང་གི་ཡོད་ལ་འཚོ་བ་སོགས་ཀྱང་འཁོ་འདོན་པས་བཤད་པ་བྷལྟར་ལགས་
མོད། འོན་ཀྱང་སྔོན་མ་ལས་ད་ལྟར་གང་ས་ནས་ཆ་རྐྱེན་ཕྲན་བུ་གང་འཕེལ་འགྲོ་དགོས་པ་ལྟ་བུར་
ཡིནའང་དེ་རིང་གི་རྩོམ་པ་པོ་ཁོང་གི་བཤད་ཚུལ་ལྟར་ན་སྔོན་དང་ཁྱད་པར་གང་ཡང་མེད་བསྡད་པ་
ལྟ་བུར་རེད། སྤྱིར་ཏང་སྔོན་མ་ཡིན་ན་སུ་ཇ་སློབ་གྲྭར་ཐ་མག་
འཐེན་པ་ཐེངས་གཅིག་མཐོང་ན་སང་ཉིན་རྒྱལ་གླུ་ཁར་གསལ་བསྒྲགས་བྱེད་ཏེ་སློབ་གྲྭ་ནས་འགྲོ་
དགོས་པ་ལས་ཡང་ནས་ཡང་དུ་ས་རྟགས་རྒྱབ་ས་ཡོད་པ་མ་རེད་ལ་སྒྲིག་གཞི་ནང་དུ་ཡང་དེ་ལས་
ཐབས་གཞན་མེད་པ་རེད་
འཁོ་སྤྲོད་པ་ཏྲེ་ཐུབ་ལགས་ཀྱིས་རྫུན་མ་བཤད་མེད་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་བྱས་ཡོད།
གནས་ཚུལ་དེ་ཐོས་ཧང་སང་སོང་ལ། རྒན་བདག་གིས་སློབ་གང་བྱུང་རྡུང་ཆོག་པའི་ལམ་ལུགས་ནི་ཞིང་བྲན་ལུགས་པའི་ལྟ་གྲུབ་རེད། ལྟ་གྲུབ་ད་དུང་ཡང་སློབ་གྲྭ་དེ་ལག་ལེན་ལྟར་བཞིན་ཡོད་པ་ངུ་ངག་གི་གནས་རེད། འདས་བོ་ཁོང་དང་ཁོང་གི་ནང་མི། དགའ་ཉེ་སྤུན་གྲོགས་བཅས་བློ་ཕམ་གྱིས་མྱ་ངན་ཡོད། གཞན་གྱི་བོད་མི་དུད་འགྲོ་རྩིས་ནས་མཐོང་ཆུང་བྱས་ཀྱང་རང་གིས་རང་མི་དེ་ལྟར་རང་མིར་སྟངས་སྟབས་ངོམ་པ་ནི་བློ་ཕམ་གྱི་གཞི་མ་རེད། ལག་དམར་ཁོང་གུ་ཡང་གཏན་ནས་བཏང་མི་ཉན་པ་འདོད།
གནས་ཚུལ་བདེན་པ་ཡིན་ན་དེ་ལྟར་ཡིན།
ཕྱི་ལ་བོད་ཆོས་ལྡན་རྒྱལ་ཁབ་ཟེར། ནང་ལ་ཐ་མག་འཐེན་ན་བརྡུང་ནས་བསད། ཕོ་མོའི་འབྲེལ་བ་བྱུང་ན། རྣ་བཅད་ནས་དམར་ཧྲེང་བར་ཁྲོམ་ལ་ཁྲིད། དེ་ཀླ་ཀློའི་བྱེད་སྟངས་མིན་ན་གང་རེད།
ངེས་པར་དུ་རྒན་བདག་དེ་གཉིས་བཟུང་ནས་རྒྱ་གར་ཁྲིམས་རྭར་བསྐྱལ་དགོས། ཁྲིམས་ཀྱི་ཐོག་ནས་ཐག་གཅོད་ལེགས་པར་བྱེད་དགོས། བོད་གཞུང་ནས་གནས་ཚུལ་དེ་རིགས་ལ་ཁ་ཞེ་གཉིས་མེད་ཀྱིས་ཁྲིམས་ཐག་ཡོང་བར་འབད་རྩོན་བྱས་ན། བོད་གཞུང་དེ་ལ་ཕྱི་ནང་ཚང་མའི་བློ་གཏོད་ཡུལ་དུ་འགྱུར་ནས། གཞུང་དེ་ནུས་པ་ལྡན་པ་ཞིག་ཡོང་ཐུབ།
མ་གཞི་ནས་རྒན་བདག་དེ་གཉིས་རྩད་གཅོད་ཡག་པོ་ཞིག་གཏོང་གི་ཡིན། བོད་གཞུང་གི་ཁྲིམས་ལ་སྦྱར་མ་སོང་ན། ཐབས་ཤེས་བྱས་ནས། ང་ཚོ་སྒེར་གྱིས་ཁོང་གཉིས་ཁྲིམས་ལ་གཏུགས་ཀྱི་ཡིན། ཤི་མཁན་མིང་དང་ཕ་ཡུལ་སོགས་གང་ཡང་ཤེས་ཀྱི་མེད། ཉམས་ཆུང་ལ་ཐུབ་ཚོད་ཕོག་པའི་སྙིང་རྗེས་བདེན་པའི་རྗེས་ལ་འགྲོ་གི་ཡོད།
སྔོན་མ་ལྡི་སི་བསམ་ཡས་གླིང་གཞིས་ཆགས་ལ། སྙིང་མའི་བླ་མ་ཞིག་གི་སྤུན་མཆེད་ཡིན་པའི་ཀེམ་བཞི་པའི་ཕོ་གསར་གཅིག་དང་ཁོའི་རོགས་པ་ཁ་ཤས་འདུག ཁོང་ཚོ་གཙོ་བོ་ལྡི་ལི་ནས་ཚོང་བསྒྲུབས་རྗེས་བོད་མིའི་གཞིས་ཆགས་ཁག་ལ་བཙོངས་ནས་འཚོ་བ་སྐྱེལ། ཡིན་ནའང་། ལྡི་ལི་བོད་མིའི་གཞིས་ཆགས་ནང་ལ་བཙན་པོ་དབང་ཡོད་ཁོ་ནའི་འཚོ་བར་རོལ་ཅིང་། གཞན་སྙོམས་ཆུང་ལ་སྡིག་ར་དང་། གཏོར་བཅོམས། བཙན་གཡེམ། རྐུ་འཕྲོག་རྐྱང་བྱེད།
བོད་མི་གཞན་ཚོས་ཁོང་ཚོར་ཁ་ཡ་བྱེད་མ་ཕོད་པ་མ་གཏོགས་འཁོན་འཛིན་མེད་མཁན་ཤིན་དུ་ཉུང་། བོད་གཞུང་དང་དོན་གཅོད་ནས་དེའི་སྐོར་ལ་ཁ་ཡ་བྱེད་ཀྱི་མིན་འདུག
རྗེས་མ་འུ་ཐུག་ནས། ཉམས་ཐག་པ་རྣམས་ཀྱིས་དངུལ་བསྡུས་ནས། རྒྱ་གར་དྲག་སྤྱོད་པ་འགའ་ཤས་ལ་འབྲེལ་བ་བྱས་ནས། བོད་མི་ཁྲིམས་འགལ་བ་ཚོའི་འོག་ལ་སྲོག་ཤོར་སོང་བའི་གཤིན་པོའི་ཨ་མ་ཞིག་གིས། གསེར་གྱི་རྒྱན་ཆ་དང་ནང་ཆས་རྩ་ཆེ་བ་རྣམས་བཙོངས་ནས། དངུལ་སྨར་འབུམ་གསུམ་ཙམ་ཞལ་འདེབས་བརྒྱབ་པར་བརྟེན་ནས། རྒྱ་གར་བའི་དྲག་སྤྲོད་པའི་ཚོགས་པ་ཞིག་ལ་འབྲེལ་བ་བྱས། ཕོ་གསར་གསུམ་པོ་དེ་དགོངས་མོ་ཉལ་བའི་སྐབས་ལ། ཁྱིམ་ལ་བཅར་ནས། ཐག་པས་བསྡམས། བརྡུང་རྡེག་ཡིད་འཚིམས་པ་བྱས། ཁོང་གསུམ་གཞིས་ཆགས་ནས་སྤྲད། སླར་གཞིས་ཆགས་ཡོང་ན། ཀེམ་བཞི་པར་ཕྱིན་ནས་ཁོང་ཚོའི་ནང་མི་རྣམས་ཡང་བརྡུང་རྒྱུ་བྱས། དེ་ལ་བརྟེན་ནས་ད་བར་ཚོང་པ་དེ་ཚོ་ལྡི་ལིའི་གཞིས་ཆགས་ལ་འཁོར་མ་སོང་ཟེར།
ང་རང་སྤྱིར་ཁྲིམས་འོག་ཏུ་འགྲོ་མཁན་གྱི་མི་ཞིག་ཡིན་ཡང་། སྐབས་དེ་དུས་ཡིད་འཚིམས་པོ་བྱུང་།
བསྟན་དགྲ་རྒྱ་མིའི་ལག་ཏུ་ཤི་མ་ནུས་ནས་བསམ་རྒྱུ་དྲན་རྒྱུ་༧ གོང་ས་མཆོག་དང་བོད་གཞུང་ལས་མེད་པར་བསམ་ནས་སྲོག་ལུས་འབེན་ལ་གཙུགས་ནས་ཡོངས་བའི་གསར་འབྱོར་བའི་སྐྱབས་བཅོལ་བ་དེ་ཚོ། སྐྱབས་བཅོལ་ཞིང་བློ་གཏད་ས་རང་ནས་ཤ་འཐེན་ལྤགས་སྦྱངས་བྱས་ནས་བསད་པ་དེ་ལ་ཧ་ཅང་བློ་ཕམ་ཡོད། རྩད་གཅོད་ནན་པོ་ཞིག་བྱས་ནས་གནས་ལུགས་གང་ཡིན་ས་རིས་ཐང་གསལ་ལྟར་དུ་མ་བྱས་ན་ལས་གང་ལ་ཐུག་ཀྱང་མི་བཞག་སེམས་ཐག་ཡིན།
བོད་ནང་ན་ཡོད་མཁན་གྱི་ཕ་མ་ཚོ་དང་། རྒྱ་གར་ནས་ཀྱང་གྲྭ་བ་མང་པོས་རང་རང་གི་གཉེན་ཉེ་བུ་ཕྲུག་མང་པོ་རྒྱ་གར་ལ་ཁྲིད་ཡོང་ནས་སློབ་གྲྭ་དེ་ཚོར་བཅུག དེ་ནས་སྤྱིར་རྒྱ་གར་ཁྲིམས་མེད་ལུགས་མེད་ཀྱི་ལུང་པ་རེད། དེའི་སྟེང་ལ་བཙལ་བྱོལ་བོད་མིའི་སྤྱི་ཚོགས་ནི་ཡར་མར་གང་ལ་ཡང་མ་ཐེ་བའི་ར་མ་ལུག་ཡིན་སྟབས་ཆེ་ས་སྒྲིག་འཛུགས་ནས་ཆུང་ས་མི་སྒེར་ཡན་ཆོད་སྐྱབས་མེད་མགོན་མེད་ཀྱི་སྤྱི་ཚོགས་རེད། ཕྲུ་གུ་ཉམ་ཆུང་ཚོར་དཀའ་ངལ་མང་པོ་འཕྲད་ཀྱིན་འདུག ད་ནི་ང་ཚོས་ཁྱབ་བསྒྲགས་འདི་རིགས་ཁྱབ་ཆེ་ཙམ་བྱས་ནས་བོད་ནང་གི་བུ་ཕྲུག་རྒྱ་གར་ལ་སྐྱེལ་སྲོལ་འདི་འགོག་དགོས་ཀྱིན་འདུག
ངས་འདས་པོ་དེའི་ཚབ་བྱས་ནས་མཁྱེན་ལྡན་དྲ་ལྟ་ཚོར་ཞུ་རྒྱུ་ཚིག་འགའ་ཡོད།
༡ ཕྲན་རྒྱ་ནག་གི་བཙུར་ཤུགས་འོག་སྡོད་ཐབས་མེད་པར་རང་གི་སེམས་ནང་གི་ཉི་མ། དགའ་ཞིང་གུས་པའི་དབུ་ཁྲིད་༧སྤྱི་ནོར༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་གསེར་གྱི་ཐུ་འོག །རང་གཞུང་དགའ་ལྡན་ཕོ་བྲང་ཆེན་པོའི་རང་དབང་ཁོར་ཡུག་ནང་རང་དབང་གི་འཚོ་བ་གསར་པ་རོལ་ཐུབ་པར་བསམ་ནས་འོང་བ་ལགས།
༢ ཕྲན་རང་གི་འདོད་སྨོན་བཞིན་༧གོང་ས་མཆོག་དང་རང་གཞུང་ནས། ཕྲན་སུང་ཇ་བོད་ཁྱིམ་སློབ་གྲྭའི་ནང་བཅུག་ནས་སློབ་སྦྱོངས་ཀྱི་གོ་སྐབས་གནང་བ་ནི་ཕྲན་གྱི་རེ་འདུན་ནང་གི་རྨི་ལམ། མི་ཚེའི་ནང་གི་ཆེས་རླབས་ཆེན་གྱི་གཟི་བརྗིད་ཆེན་པོ་ཡིན།
༣ ཕྲན་རིང་ནས་ངན་གོམས་ཀྱི་ཐ་མ་གཅོད་བསམ་ཡོད། འོན་ཀྱང་སློབ་གྲྭའི་ནང་ཐ་མ་འཐེན་མི་ཆོག་པ་ཤེས་ཀྱང་ངན་གོམས་འདི་དུས་ཐུང་ནང་གཅོད་ཐབས་མི་འདུག མ་འོངས་པར་ཐ་མ་གཅོད་པའི་རྦད་སེམས་ཡོད། རྒན་བདག་གིས་བཙན་དབང་གི་ས་ཡིག་རྒྱག་པ། ད་དུང་དབང་ཡོད། བཙན་གཏམ། གཅར་རྡུང་མནར་གཅོད་ནག་སེམས་ཆེན་པོས་སྲོག་ལ་ཉེ་སར་སྣུན་པས་ང་མི་ཚེའི་མཐའ་མཇུག་སྐྱེལ་སོང་། སུང་ཇ་སློབ་གྲྭའི་སློབ་སྤྱི་ལགས་ང་སྐྱོབས་རོགས་གནང་། ངའི་སེམས་ནང་གི་ཉི་མ་ལྟ་བའི་༧གོང་ས་ཆེན་པོ། ངའི་སྲོག་སྐྱོབས་རོགས། གཞུང་ས་དགའ་ལྡན་ཕོ་བྲང་། ངའི་སྲོག་སྐྱོབས་རོགས།
༤ ངེད་ཅག་བོད་ནང་གི་སློབ་གྲྭ་ཚོ་རང་དབང་གི་ཁོར་ཡུག་ནང་རང་དབང་གི་འཚོ་བ་ཞིག་ལ་རེ་བ་ལས་རྒན་བདག་གི་གཅར་རྡུང་དང་དབང་ཡོད་འོག་སྡུག་སྤྱོད་མྱོང་བར་ཡོང་བ་མིན། ང་ཚོའི་ཚེ་སྲོག་ལ་རིན་ཐང་ཡོད། བཞུགས་སྒར་རྡ་རམ་ས་ལའི་ཁོར་ཡུག་འདི་དེ་འདྲའི་མུན་ནག་ཞིག་ཡིན་པ་སུ་ཡི་ཤེས། ༧གོང་ས་ཆེན་པོ་མཆོག་ང་ཚོ་ཕ་ཡུལ་རྒྱང་རིང་གི་སློབ་གྲྭ་ཚོ་ཐུགས་རྗེ་གཟིགས་རོགས་གནང་།
སུང་ཇ་ལ་སུ་ཇྰ་ཟེར་དགོས།
ཨ་ཤི་རེ་ཁོ། ངོ་མ་སེམས་སྡུག་གི བུ་མཁྱེན་བར་སྙིང་རེ་རྗེ། དེའི་ཕ་མ་ཚོར་ག་འདྲ་ཞུ་དགོས་རེད། ཁོར་ཡུག་འདི་ནག་པོ་ནག་ཁུང་ཡིན་པ་ཤེས་མ་སོང་།
སུང་ཇ་མི་ཟེར་ནས་ ཆུ་ངོགས་གཏམ་བརྒྱུད་གི་དཔའ་བོ་ སུང་ཅང་ཟེར་ན་ཡག་ས་རེད་ དེའི་འོག་ན་ལུ་ཁེ་ནག་པོ་གི་རེད
སྤྱན་རས་གཟིགས་གིས་ཉེ་འཁོར་ན་འཁོར་ཡུག་ནག་པོ་ནག་རྐྱང་རེད་ད་ སྤྱན་རས་གཟིགས་ལ་ཕྱག་དང་སྤྱན་ཉིས་སྟོང་ཡོད་ན་མ་ཏོག་ཡོང་ས་མ་རེད་
དོན་རྐྱེན་འདི་མི་གསོད་ཀྱི་དོན་རྐྱེན་རེད་དེར་བརྟེན་ངེས་པར་དུ་ཁྲིམས་ཐོག་ཏུ་སྐྱེལ་དགོས་ནི་རེད།
དེ་ལྟར་མ་བྱས་ན་སློབ་གྲྭ་དེའི་ཡུལ་མི་ཁྲིམས་སྲོལ་མ་རྩིས་པ་ཞིག་ཏུ་གྱུར་ནས་རེད།
ཁྲིམས་ཀྱིས་ཉེས་པ་ཆེ་ཆུང་གང་འདྲ་ཞིག་བསགས་ཡོད་མེད་སོགས་ཁ་གྲག་ཡོང་གི་རེད།
དེ་ལྟར་མ་བྱས་ན་མཐའ་ཆོད་པ་ཞིག་ཡོང་གི་མ་རེད།
གང་ལྟར་མི་གསོད་ཚར་དུས་ཁྲིམས་ཐོག་ཏུ་འགྲོ་དགོས་ནི་རེད། གསོད་མཁན་ལ་གསོད་སེམས་ཡོད་མེད་དང་གནས་བབས་སོགས་ཀྱིས་ཆ་ནས་ཁྲིམས་ཐོག་ཏུ་འགྲོ་མི་དགོས་པ་ཞིག་ཡོང་གི་མ་རེད། རླངས་འཁོར་གྱིས་བརྒྱབས་ནས་མི་བསད་ཀྱང་ཁྲིམས་ཐོག་ཏུ་འགྲོ་དགོས་ནི་རེད། མི་གསོད་ལ་ཉེས་པ་ལྕི་ཡང་གི་ཁྱད་པར་ཡོད་པས་དེ་ཁྲིམས་ཀྱིས་ཐག་གཅོད་རྒྱུ་རེད།
གུས་པ་ས་གནས་ས་ཐོག་རང་དུ་སོང་ཏེ་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན་པས་སྒྲོ་བཏགས་དང་ཕྱོགས་ཞེན་གྱི་རིགས་གཏན་ནས་མེད། རྡུང་མཁན་གྱི་རྒན་བདག་གཉིས་དང་སློབ་སྤྱི། དབུ་འཛིན་དེ་བཞིན་སྐབས་དེར་མིག་མཐོང་མཁན་གྱི་སློབ་མ་སོགས་ཀྱིས་གནས་ཚུལ་ཇི་ལྟར་ངོ་སྤྲོད་བྱས་པ་བཞིན་འདིར་བཀོད་པ་ཡིན་པའི་གསལ་བཤད་ཙམ་ཞུ་རྒྱུ་ཡིན།
མིས་བརྡུངས་ནས་བསད་པའི་སློབ་ཕྲུག་དེའི་ནང་མི་སྤུན་མཆེད་ཡོངས་ལ་དགོངས་དག་ཞུ་རྒྱུ་ཡིན། ཕ་མ་གཉིས་ནས་སོ་སོའི་བུ་དེ་རྒྱ་དམར་ཀླ་ཀློའི་འོག་ལས་ཕྱི་ཕྱོགས་སུ་བཏང་ན་སློབ་སྦྱོང་ཡག་པ་ཡོང་རེས་བློས་གཏོང་མང་པོ་བྱས་ནས་རི་བོ་ཧི་མ་ཡའི་འཁྱམ་རོམ་འགལ་ནས་འགྱང་རིང་གི་ཡུལ་དུ་བཏང་ཡང་བུ་དེ་རང་དབང་གི་ལུང་པའི་ནང་དུ་མིས་ཉེས་བརྡུངས་བཏང་ནས་བསད་པ་རེད། དེ་ཡང་མིན་གཞན་མིན་པར་བོད་པས་བརྡུངས་ནས་བསད་པ་རེད། གསོད་མཁན་དེ་དག་ལ་ཡུལ་ཁྲིམས་ཀྱི་ཐོག་ནས་སྲོག་ལན་སྲོག་འཇལ་གྱི་སྙིང་དམར་པོ་དེ་བྱ་རྒོད་ཀྱི་བཟའ་ཐུབ་པའི་རེ་བ་ཡོད། དེ་བཞིན་ཨ་རུ་ན་ཅལ་དུ་བུད་མེད་ལ་སྡུག་སྦྱོང་གཏོང་མཁན་བོད་པ་ཀླ་ཀློ་མ་རབས་༧གོང་ས་མཆོག་གི་ཞབས་ནས་འཐེན་མཁན་དེ་དག་ལ་ཡང་ཉེས་པ་གཅིག་པ་ཕོག་པའི་རེ་བ་ཡོད། ཕྱི་དགྲ་བོས་སྡང་་ན་སྡང་བ་རེད། དགྲ་ནང་ལ་ཡོད་ན་ཡག་ལེ་མིན།
གནས་ཚུལ་འདི་ཐོས་སྐབས་དངོས་གནས་སེམས་སྐྱོ་ཞིང་ཡིད་མུག་པ་ཞིག་བྱུང་། ཕ་མ་སྤུན་མཆེད་དང་ཉེ་བའི་གཉེན་མཚན། གྲོང་པ་ཁྱིམ་མཚེས། དགའ་ཉེ་གྲོགས་མཆེད་ཐམས་ཅད་རྒྱབ་དུ་སྐྱུར་དེ་གོང་ས་ཡིད་བཞིན་ནོར་བུ་མཆོག་དང་བཙན་བྱོལ་གཞུང་ལ་རེ་བའི་སྐྱབས་འཆའ་ཏེ་འདིར་སླེབས་སྐབས། ཕ་ཡི་ཕ་ཚབ་དང་མའི་མ་ཚབ་སློབ་གྲྭའི་ནང་དུ་ཐབས་སྐྱོ་བོ་འདི་འདྲའི་རིགས་བྱུང་བ་འགྲེལ་བཤད་ཇི་ལྟར་རྒྱག
གནས་ཚུལ་འདི་གོང་རིམ་ནས་ཐག་བཅད་ནན་མོ་ཡོང་བའི་རེ་བ་ཡོད།
ཧ་ཅང་གི་བློ་ཕམ་སོང་ལ་ཡིད་མུག་སོང་། མིའི་མི་རྡུང་ནས་བསད་པ་ནི་དུད་འགྲོའི་བྱ་སྤྱོད་རེད། དེང་སང་ཕ་མས་བུ་ཕྲུག་ཡང་རྡུང་མི་ཆོག་པའི་སྐབས་འདིར་སློབ་མས་སློབ་མ་རྡུང་ཆོག་པ་ནི་བློ་ཡུལ་ལས་འདས་སོང་། བྱ་སྤྱོད་འདི་ནི་མི་རིགས་འདིས་ཀླད་པའི་ནང་ནས་གཙང་ཁྲུ་མ་ཐུབ་པའི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཀླ་ཀློའི་བྱ་སྤྱོད་ཅིག་རེད། མ་གཞི་ང་ཚོའི་སློབ་གྲྭ་ཁག་གི་སྒྲིག་ཁྲིམས་དམ་དྲགས་པའི་སྐྱོན་ཆེན་པོ་རེད་ལ། སྒྲིག་ཁྲིམས་དམ་དྲགས་ན་སློབ་ཕྲུག་གི་ལུས་སེམས་ཀྱི་འཚར་ལོངས་ལ་གནོད་སྐྱོན་ཐེབ་བཞིན་ཡོད་པ་མ་ཟད། སློག་གྲྭ་ཐོན་ནས་ཀྱང་བག་འཁུམས་ཅན་དང་རང་གིས་རང་ལ་གདེང་ཚོད་མེད་པ་ཆག་བཞིན་ཡོད། དེས་ན་རྗེས་ཕྱོགས་ནས་སྒྲིག་ཁྲིམས་ལྷུག་རུ་བཏང་རྒྱུ་དང་། སློབ་ཕྲུག་རྡུང་མི་ཆོག་པ་བཟོ་དགོས།
ངོ་མ་དྲ་གྲོགས་རྣམས་པས་གསུངས་པ་བཞིན་མི་གསོད་ལག་དམར་བ་ཞིག་ཡན་པོར་ཤོར་ན་
ཐབས་སྡུག་པོ་རེད་ལ་རྩོད་གླིང་ཆེན་པོ་ཡོད་པའི་དབར་མི་གསོད་མཁན་ཚོ་དང་རྒྱུ་མཚན་རྩ་བ་ནས་
མི་འདྲ་དེ་ནི་མིའི་སྲོག་ལ་ལག་རྩེད་རྩེས་པ་འདྲ་པོ་རེད། བོད་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱི་
ཐུགས་ལ་རྒྱ་གར་འཕགས་པའི་ཡུལ་ལ་རང་གི་ཕྲུ་གུ་ཞིག་སྐྱལ་ཐུབ་ན་ཕལ་ཆེར་སྡུག་བསྔལ་ཀུན་
ལས་བྲལ་ཞིང་ཡོན་ཏན་ཡོངས་གྱིས་དཀྲིས་པ་ཞིག་འགྱུར་ཁོ་ཐག་བཅད་བསྡད་པ་ལྟ་བུ་རེད།
ང་ཚོ་འདིར་དེ་ལས་ལྡོག་སྟེ་སྲོག་ལ་སྣང་མེད་ཤོར་སོང་ན་ཅི་འདྲའི་ཡ་ང་བ་ཞིག་མིན། སྤྱིར་ན་
གང་ཟག་སུ་ཞིག་སློབ་སྦྱང་དང་ཤེས་ཡོན་བསླབ་དགོས་ན་དེ་དང་མཐུན་པའི་གང་ལ་གང་འཚམས་
ཀྱི་སྒྲིག་འཇུགས་ཡོད་དགོས་པ་ལས་མཁྲེགས་འཛིན་ཁོ་ནས་སྒྲིག་ཁྲིམས་དང་ལྟ་བས་གཞན་ལ་
ཕན་མི་ཐོགས་པའི་མ་ཚད་དེ་ལྟའི་ལྟ་བ་དེ་དམར་པོ་རིང་ལུགས་ཀྱི་ལྟ་བ་གསོན་པོར་ཡིན་པ་ལས་
དེ་ལས་གཞན་པའི་ཁྱད་ཆོས་གང་ཡང་མེད་དོ།
དྲ་གྲོགས་རྣམ་པ། ལྷག་པར་དུ་མཆན་བུ་འདེབས་མཁན་ཡོངས་ཀྱི་སྙན་ལམ་ཞུ་རྒྱུར།
གནས་ཚུལ་གང་ཡིན་ཡང་ཕྱོགས་གཉིས་ནས་བལྟ་དགོས་པ་དེ་གལ་ཆེན་པོ་རེད་བསམ། ཁྱེད་དང་ང་ཚོ་ཚང་མའི་མི་ཚེའི་བརྒྱུད་རིམ་ནང་བར་ཆད་ཟེར་བ་འཕྲད་རྒྱུ་ཡོད་ལ། གནས་ཚུལ་ག་རེ་མ་བསམ་བཞིན་དུ་བྱུང་བཞིན་ཡོད་པ་མ་རེད་དམ། ཁྱེད་རྣམས་ཀྱི་མི་ཚེའི་ནང་ད་ལྟ་བར་དུ་གནས་ཚུལ་ཚང་མ་བསམ་ཐོག་ཏུ་སྒྲུབ་སོང་ངམ། བར་ཆད་ཟེར་བ་འཕྲད་མ་མྱོང་ངམ། བློ་འགྱོད་བྱུང་མ་མྱོང་ངམ། བྱ་བ་ཐམས་ཅད་བཟང་བ་ལས་ངན་པ་དང་འཕྲད་མ་སོང་ངམ།
སུ་ཇཱ་བོད་ཁྱིམ་ཀྱི་འདས་པའི་བྱུང་རབས་ལ་གཟིགས་ཚེ་བྱ་བ་ངན་པ་མང་པོ་བྱུང་ཡོད་ལ། དེ་དང་ལྷན་དུ་ད་བར་བོད་མི་རིགས་དང། མི་སྒེར་གྱི་མི་ཚེའི་ལམ་བུ་འོད་སྟོང་ལྡན་པ་མང་བསྐྲུན་ཡོད། དེ་བས་སུ་ཇཱ་བོད་ཁྱིམ་གྱི་དགེ་རྒན་ཟུར་པ་ད་ལྟ་སློབ་གྲྭ་གཞན་གྱི་ནང་ལ་སློབ་འཁྲིད་གནང་བཞིན་པ་ཁག་ལ་བཀའ་འདྲི་གནང་ཚེ་གསལ་པོ་མཁྱེན་ངེས་རེད། གུས་རང་ཉིད་ལ་ཆ་མཚོན་ན། སུ་ཇཱ་བོད་ཁྱིམ་ཚུད་པའི་བོད་ཁྱིམ་སློབ་གྲྭ་ཁག་གསུམ་ནང་རིམ་པས་འགྲིམ་མྱོང་ལ། མཐོ་སློབ་སྐབས་སློབ་གྲྭ་འདྲ་མིན་ནས་སླེབས་པའི་སློབ་མ་དང་མཉམ་དུ་གྲོགས་པོ་དང་འབྲེལ་བ་བཟོ་མྱོང། དེ་བས་སུ་ཇཱ་བོད་ཁྱིམ་ཀྱི་གནས་སྟངས་སློབ་གྲྭ་གཞན་ལས་ལེགས་པ་མེད་ཀྱང་སྐྱོ་ཤོས་ཀྱི་གྲས་སུ་ཚུད་ཀྱི་མི་འདུག
འདི་ལོ་སུ་ཇཱ་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྐབས་སློབ་ཟུར་རྣམས་གདན་ཞུ་གནང་སྐབས་ཤེས་རྟོགས་བྱུང་བར་གཞིགས་ཚེ། སློབ་ཟུར་ཕལ་ཆེ་བ་རང་མགོ་རང་ཐོན་ཆགས་འདུག་ལ། ད་ལྟ་གངས་སྐྱིད་ཀྱི་དཀྱིལ་འཁོར་ནང་གལ་གནད་ཅན་གྱི་ལས་འགན་བསྒྲུབ་མཁན་ཡང་མི་ཉུང་བ་ཞིག་འདུག
མདོར་ན། དྲ་གྲོགས་ཚང་མས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་ནས་མཆན་བུ་འདེབས་དགོས་པ་ལས། བསམ་ཚད་དྲན་ཚད་དང།་ཐོས་ཚད་ཚང་མ་དྲ་ཐོག་ལ་སྤེལ་ཚེ་ཁ་བརྡ་དྲ་རྒྱ་དེ་ཉིད་གད་སྙིགས་བླུག་སྣོད་ལ་མི་འགྱུར་བའི་ངེས་པ་མེད།
མཐའ་དོན་ཞུ་རྒྱུར། ཁ་བརྡ་དྲ་རྒྱའི་འགན་འཁུར་བ། ད་ལྟ་ཕྱི་རྒྱལ་དུ་སློབ་སྦྱོང་གནང་བཞིན་པའི་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱང་སུ་ཇཱ་བོད་ཁྱིམ་ཀྱི་སློབ་ཟུར་ཞིག་ཡིན་པས། ཁོང་ལ་བཀའ་འདྲི་ཞིག་གནང་དང་སུ་ཇཱའི་ལོ་རྒྱུས་ཚང་མ་ནག་པོ་མ་ཡིན་པར་དཀར་པོ་ཡང་ཡོད་པ་མཁྱེན་ངེས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་འགྲེལ་བརྗོད་མདོར་ཙམ་གནང་རོགས།།
སུ་ཇ་སློབ་གྲའི་སློབ་ཟུར་ཚོས་བཤད་པ་ལྟར་ན་དེའི་ནང་གི་རྒན་བདག་ཕལ་ཆེ་བ་ནི་བསམ་བློ་རྒྱ་ཆེ་སར་གཏོང་མི་ཤེས་པའི་ཞིང་གྲོང་ནས་ཡོང་པ་རྐྱང་སོང། དེ་ཚོའི་གནོན་ཤུགས་མ་ཐེག་ནས་གསར་འབྱོར་སློབ་ཕྲུག་མང་པོས་དགོངས་པ་ཞུས་ནས་སློབ་གྲ་གཡུག་གི་ཡོད་པའི་གནས་ཚུལ་འདུག།
སུ་ཇ་སློབ་གྲ་ནི་བོད་རིགས་སྟོང་ཕྲག་འགའ་གསོ་སྐྱོང་བྱེད་ས་ཡིན་པས་གནས་ཚུལ་དེ་འདྲ་ལྷགས་པ་ནི་ཧ་ཅང་ཐབས་སྐྱོའི་གནས་ཚུལ་རེད། འབྲེལ་ཡོད་དབུ་འཛིན་སོགས་ངེས་པར་དུ་ཕྱིར་འབུད་བྱེད་དགོས།
སློབ་གྲའི་ཁ་ལག་སྐྱོ་དྲགས་ཏེ་སློབ་བུ་མང་པོར་ན་ཚས་བཟུང་ཡོད་པའང་དངོས་བདེན་ཡིན་ཚོད།
དཀར་པོ་ཡོད་པ་ནི་དངོས་གནས་ཡག་པོ་རེད་ལ་རྗེས་སུ་ཡིད་རངས་ལོས་ཞུ། འོན་ཏང་ད་སྐབས་ཀྱི་དོན་རྐྱེན་འདི་མི་སོ་སོའི་མི་ཚེའི་ནང་གི་བར་
ཆད་ཙམ་དང་བསམ་ཐོགས་མ་འབྱོར་བའི་རྣམ་པ་ཙམ་ཞིག་གཏན་ནས་མ་མཐོང། ཡང་ན་མི་གསོད་
དོན་རྐྱེན་དེ་ལྟ་བུ་དོན་དངོས་ཕན་གནོད་གང་ཡང་མེད་པའི་ནམ་རྒྱུན་གྱི་ལམ་འགྲོ་རྒྱུགས་མ་རྒྱུགས་
ཙམ་རྩིས་ན་འགྲིག་གམ། ཁོ་བོས་ལྟས་ན་དེ་རིང་གི་དོན་དག་འདི་ངེས་པར་དུ་ཐག་གཅོད་ནན་པོ་
བྱ་འོས་པ་ཞིག་ལས་མ་འདས་
སློབ་གྲྭ་འདིའི་སློབ་སྤྱི་དང་འགན་འཁུར་མི་སྣ་མང་པོ་བརྗེ་མོ་རྒྱག་དགོས། སློབ་གྲྭ་འདིའི་ཁ་ལག་ཡར་རྒྱས་ཤུགས་ཆེན་པོ་གཏོང་དགོས།
སུ་ཇཱ་སློབ་གྲྭ་བཙུགས་ནས་ད་ཕན་བར་སློབ་ཕྲུག་སྟོང་ཕྲག་མང་པོ་གསོ་སྐྱོང་བྱས་ཏེ་ཤེས་རིག་གི་འོད་སྣང་གི་ཕྱོགས་སུ་འཁྲིད་ཡོད་པ་ནི་སྨོས་མེད་རེད། འོན་ཀྱང་ང་ཚོས་བཤད་པ་ནི་སློབ་གྲྭའི་ཁོར་ཡུག་ཏུ་བྱུང་བའི་སློབ་མའི་ཚེ་སྲོག་ལ་རྒོལ་བའི་ཚབས་ཆེའི་ནོར་འཁྲུལ་གྱི་བྱུང་ཉེས་དང་དེ་ཡང་ཡར་གཏུགས་ན་སློབ་གྲྭ༷འི་སྔར་ཡོད་ཀྱི་སྒྲིག་སྲོལ་ལས་བྱུང་བ་ཡིན་པས་དེ་ལ་དོ་སྣང་དང་མཐོང་ཆེན། སྔོན་འགོག་མ་བྱས་པར་བསྟུད་མར་གནས་དོན་དེའི་རིགས་བྱུང་ཏེ་མཐར་ཚེ་སྲོག་ཀྱང་སྲུང་སྐྱོབ་མ་ཐུབ་པའི་ཚད་ལ་བསྐྱལ་ཡོད་པ་དེ་ནོར་འཁྲུལ་ཆེན་པོ་རེད་བཤད་ཀྱིན་ཡོད། མ་གཏོགས་སློབ་ཕྲུག་གི་ཚེ་སྲོག་འཕྲོག་བཞིན་ཡོད་ཀྱང་ད་དུང་སློབ་གྲྭ་ཡག་པོ་ཡོད་རབས་བཤད་དེ་མུ་མཐུད་དུ་འདི་ལྟར་བསྐྱོད་ན། སློབ་གྲྭའི་ཁོར་ཡུག་འདིའི་ནང་ད་ལྟ་སློབ་སྦྱོང་བྱེད་བཞིན་པ་དང་མ་འོངས་པ་ཡོང་འགྱུར་གྱི་སློབ་ཕྲུག་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་འགན་ལེན་མི་ཐུབ་པ་དང་།ཡང་ན་ད་ཡོད་རྣམས་ཀྱང་ཞེད་ནས་སློབ་གྲྭ་ལས་བཏོན་ཉེན་དང་ཕྱིས་ཀྱང་ཡོང་མཁན་ཉུང་དུ་འགྲོ་ཉེན་ཡོད་པས་བཙན་བྱོལ་སྒྲིག་འཛུགས་སྤྱི་དང་ལྷག་པར་དུ་བོད་པའི་སྤྱི་ཚོགས། ལྷག་པར་དུ་སུ་ཇཱ་སློབ་གྲྭའི་མ་འོངས་པར་སྔར་ལས་ལྷག་པའི་སློབ་ཕྲུག་རྣམས་ཀྱི་བདེ་སྡུག་ལ་བསམས་ཏེ་བཤད་པ་ཡིན་གྱི་གཞན་གང་ཡང་མིན།
ནགས་ཤོད་སད་མི་དང་། གངས་ལྷ་མེ་ཏོག་ལགས།
ཁྱེད་གཉིས་ཚུད་པའི་གོང་གི་དྲ་གྲོགས་མང་པོ་ཞིག་གིས་མཆན་བུ་འདེབས་གནང་སོང། མཆན་བུའི་ནང་དོན་ཕལ་ཆེ་བ་གཅིག་མཚཱུངས་ཡིན་པ་དེ་ནི་ད་ལན་གྱི་དོན་རྐྱེན་འདིས་རྐྱེན་པས་སུ་ཇཱ་བོད་ཁྱིམ་གྱི་དགེ་ལས་འགན་འཁུར་བ་རྣམས་པར་བཅོས་བསྒྱུར་དགོས་པ་དང་། ཚེ་འདས་ཁོང་ལ་སྙིང་རྗེ་ཆེ་ཚུལ། རྒན་བདག་གཉིས་པོ་ཁྲིམས་ལ་གཏུགས་དགོས་ཚུལ་བཅས་རེད། ཁྱེད་རྣམས་ཀྱིས་གསུངས་པ་དེ་དག་བསྒྲུབ་ཚེ་གནས་ཚུལ་ཐག་གཅོད་ཐུབ་བམ། དེ་དག་ཆ་ཚང་བསྒྲུབ་ཚེ་ཕྱིས་འབྱུང་གནས་ཚུལ་མི་ཡོང་བའི་ཐག་གཅོད་བྱེད་ཐུབ་བམ། ངས་བལྟས་ན་ཁག་པོ་རེད། རྒན་བདག་གཉིས་པོ་ཁྲིམས་ལ་སྦྱར་ནས་ཁོང་གཉིས་ཀྱི་མི་ཚེའི་མདུན་ལམ་མེད་པ་བཟོས་ཚེ། ཚེ་འདས་ཁོང་དང་ཁོང་གི་ནང་མིར་ཕན་ཐོགས་ཐུབ་བམ། ཁག་པོ་རེད། དེ་བས་འགྲོ་བ་མིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡོད་པ་དེ་ནི་རྣམ་དཔྱོད་ནུས་པ་དེ་ཡིན་པས་དེ་ཉིད་བེད་སྤྱོད་ལེགས་པར་གནང་དགོས་ཆེ་བར་མཐོང་ངོ།།
ནགས་ཤོད་སད་མི་དང་། གངས་ལྷ་མེ་ཏོག་ལགས།
ཁྱེད་གཉིས་ཚུད་པའི་གོང་གི་དྲ་གྲོགས་མང་པོ་ཞིག་གིས་མཆན་བུ་འདེབས་གནང་སོང། མཆན་བུའི་ནང་དོན་ཕལ་ཆེ་བ་གཅིག་མཚཱུངས་ཡིན་པ་དེ་ནི་ད་ལན་གྱི་དོན་རྐྱེན་འདིས་རྐྱེན་པས་སུ་ཇཱ་བོད་ཁྱིམ་གྱི་དགེ་ལས་འགན་འཁུར་བ་རྣམས་པར་བཅོས་བསྒྱུར་དགོས་པ་དང་། ཚེ་འདས་ཁོང་ལ་སྙིང་རྗེ་ཆེ་ཚུལ། རྒན་བདག་གཉིས་པོ་ཁྲིམས་ལ་གཏུགས་དགོས་ཚུལ་བཅས་རེད། ཁྱེད་རྣམས་ཀྱིས་གསུངས་པ་དེ་དག་བསྒྲུབ་ཚེ་གནས་ཚུལ་ཐག་གཅོད་ཐུབ་བམ། དེ་དག་ཆ་ཚང་བསྒྲུབ་ཚེ་ཕྱིས་འབྱུང་གནས་ཚུལ་མི་ཡོང་བའི་ཐག་གཅོད་བྱེད་ཐུབ་བམ། ངས་བལྟས་ན་ཁག་པོ་རེད། རྒན་བདག་གཉིས་པོ་ཁྲིམས་ལ་སྦྱར་ནས་ཁོང་གཉིས་ཀྱི་མི་ཚེའི་མདུན་ལམ་མེད་པ་བཟོས་ཚེ། ཚེ་འདས་ཁོང་དང་ཁོང་གི་ནང་མིར་ཕན་ཐོགས་ཐུབ་བམ། ཁག་པོ་རེད། དེ་བས་འགྲོ་བ་མིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡོད་པ་དེ་ནི་རྣམ་དཔྱོད་ནུས་པ་དེ་ཡིན་པས་དེ་ཉིད་བེད་སྤྱོད་ལེགས་པར་གནང་དགོས་ཆེ་བར་མཐོང་ངོ།།
བཀྲ་ཤིས་མིང་ཅན་ལགས། ཁྱོད་ཀྱིས་དགོངས་ཚུལ་ལྟར་ན་ད་ཐེངས་ཀྱི་དོན་རྐྱེན་དེ་སྟོང་སྙོམས་སུ་བཞག་དགོས་པ་ལས་འདིའི་སྐོར་ལ་སྐད་ཆ་བཤད་མི་འོས་ཞེས་པ་དེ་རེད་དམ། ཡིན་ན་ཁྱོད་ཀྱིས་སློབ་ཕྲུག་དེའི་ཚེ་སྲོག་དེ་ཚེ་སྲོག་ཅིག་གི་ཚད་ནས་མ་བརྩིས་པར་སྐད་ཆ་འདི་ལྟར་རང་སྣང་གང་ཤར་བཤད་པ་ཅི་ཡིན་ནམ།ཁྲིམས་དང་སྒྲིག་འཛུགས་ཞེས་པ་ནི་མ་འོངས་སྔོན་འགོག་གི་ཆེད་དུ་ཡིན་པ་ལས་མི་ལ་བསམ་བཞིན་སྡུག་གྱོང་བཏང་བ་ཞིག་ག་ལ་ཡིན། འོ་ན། ཁྲིམས་མེད་ལུགས་མེད་བྱས་ན་ད་གཟོད་འགན་ལེན་ཐུབ་བམ། ཁྱོད་ནི་བཤད་ཤེས་པ་ལས་བསམ་མི་ཤེས་པའི་མི་ཐ་ཤལ་ཞིག་ཡིན་ངེས་ཏེ། གཞན་སྐད་ཆ་འདི་ལྟར་ཁ་ནས་ཅི་ལྟར་ཐོན། གནས་དོན་ཞིག་ལ་བསམ་གཞིགས་བྱས་སྐབས་ཕྱོགས་ཡོངས་དང་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་ཤིན་ཏུ་གལ་ཆེ་པོ་རེད། གྲོགས་པོ་ལགས།
སུ་ཇ་ལ་ཉེས་པ་ཡོད་པ་མ་རེད།
སུ་ཇའི་སློབ་མ་དེས་ཐ་མག་འཐེན་པ་ནོར་བ་རེད།
རྒན་བདག་གིས་སློབ་གྲྭ་སྒྲིག་འཛུགས་སྲུང་སྐྱོབ་བྱས་པ་དང་།
རྒན་བདག་གིས་གཞན་གི་འཁུར་པ་རེད།
སློབ་ཕྲུག་དེ་ཤི་ཆོག་ཆོག་ག་རེ་རེད།
བཀྲ་ཤིསམིང་ཅན་ཡུད་ཙམ་ཉོན་དང་། ངས་འདི་ལྟར་ཟེར་བ་ནི། ད་རེས་ལོ་གཞོན་འདི་བསད་པ་ཁོ་ནས་མིན་ཏེ། སྤྱིར་སུ་ཇཱ་ཟེར་བ་འདིར་སློབ་མ་ཚོར་ཧ་ལས་པའི་དམ་བསྒྲགས་ཆེན་པོ་རེད། གློག་ཆས་རིགས་ཉར་ཆོག་གི་མ་རེད་ལ། དེ་མིན་མི་ཆོག་པ་བརྒྱ་ཁ་ལོན་ཡོད་ངེས། ཅི་སྟེ་སློབ་གྲྭ་འདིའི་འབྲེལ་ཡོད་ལྐུགས་པ་འགས་སློབ་མ་སུས་ཁ་པར་སོགས་གློག་ཆས་རིགས་ཡོད་པ་ཤེས་རྟོགས་བྱུང་ཚེ། འཕྲོགས་བཅོམ་ཁོ་ན་ལས་ཕྱིར་སློབ་མར་སྤྲོད་པའི་སྲོལ་ཀ་ཕལ་ཆེར་མེད་ལ། སྤེན་པ་གཉིས་པ་ཕུད་དེ་མིན་རེས་གཟའ་ཉི་མ་མཐའ་དག་རྒྱལ་སྒོ་ནས་ཕྱིར་ཐོན་ཐུབ་ཀྱི་མ་རེད། དེས་མ་ཚད། འགའ་རེས་ཟེར་ན། སློབ་གྲའི་སྒོ་རའི་ནང་རོལ་ལ་ཡང་གོམ་པ་སྤོ་ཆོག་པ་དང་མ་ཆོག་པའི་ས་མཚམས་ཁ་ཤས་འདུག འདི་འདྲ་ཅི་རེད། བཙོན་པ་ནི་མརེད། དོག་ཡོད་ཉེས་ཅན་པ་ནི་མ་རེད། ཚང་མ་ལོ་གཞོན་གྱི་སློབ་མ་རྐྱང་རྐྱང་རེད་པས། གཟུགས་པོ་དང་བློ་རིག་ཏག་ཏག་འཚར་ལོངས་དང་ཡར་འཕེལ་འགྲོ་བཞིན་པའི་གནས་སྐབས་འདི་འདྲ་ལ། སློབ་མ་རེར་ཀྲིང་མོག་རེ་རེ་སྤྲད་ནས། ཧ་ལས་པའི་གུ་དོག་པོ་བྱས་བཏང་ན། སུ་ཞིག་གིས་ཨར་གཏན་གྱི་རེད། དེས་སློབ་སྦྱོང་ཡར་སྐྱེད་འགྲོ་རྒྱུར་ཕར་ཞོག ཕྱི་ཕྱིར་དུ་སློབ་མ་ཚོའི་ལུས་ངག་ཡིད་གསུམ་འཁུམས་ནས་འགྲོ་རྒྱ་ལས་མེད་པས། ངས་འདིར་བསམས་ཏེ། འབྲེལ་ཡོད་ལྐུགས་པ་ཁ་ཤས་ཡུག་བརྗེ་བྱ་དགོས་པ་དང་སྦྲགས། སློབ་གྲྭ་སྤྱིའི་སྒྲོམ་གཞིར་གསར་བརྗེའི་ལས་འགུལ་སྤེལ་ནས། སློབ་མའི་ཟས་སྡོད་ཐད་དོན་དམ་གྱི་ཡར་རྒྱས་གཏོང་དགོས།
བཀྲ་ཤིས་ལགས་ཀྱིས་བཤད་པར་གནས་ལུགས་ཡོད་པ་མ་ཟད་བོད་ནས་གསར་དུ་འབྱོར་བར་བོད་ཕྲུག་ཁྱིམ་སྡེ་འདི་ལས་བཀའ་དྲིན་ཆེ་བ་གཞན་ཞིག་མེད། ཡིན་ན་ཡང་དེང་སང་འཛམ་གླིང་སྒང་དུ་ཕ་མས་བུ་ཕྲུག་བརྡུངས་མི་ཆོག་པའི་དུས་འདིར། སློབ་ཕྲུག་གི་སྐྱིད་སྡུག་ལ་བལྟ་རྟོགས་བྱེད་མཁན་གྱི་རྒན་བདག་རྣམས་རུབ་བརྒྱབ་ནས་སློབ་ཕྲུག་བསད་པ་ནི་བློ་ཡུལ་དུ་ཤོངས་དཀའ་བ་ཅིས་མ་ལགས། དེར་བརྟེན་འབྱུང་འགྱུར་མིང་ཆད་དང་ཐབས་རྡུགས་དེ་ལྟར་མི་ཡོང་ཆེད་གསོད་མཁན་དང་། འབྲེལ་ཡོད་ཚང་མར་རྒྱ་གར་གཞུང་གི་ཁྲིམས་ལུགས་ལྟར་ལག་ལེན་བྱེད་དུ་འཇུག་ལ་དགོས་ལ། སློབ་གྲྭ་དེའི་མ་འོངས་པ་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་ཐབས་ལ་ཀུན་གྱིས་འབད་དགོས།
སྤྱིར་སློབ་གྲའི་ནང་གྲག་སྡུང་གི་གནས་ཚུལ་ལྷག་སྲིད་ འོན་ཀྱང་ད་རེད་ཀྱི་གནས་ཚུལ་འདི་ཧ་ཅང་གི་བློ་ཕམ་གི་རང་ཞེན་ཞིག་ཏེ་ བོད་དབུས་གཞུང་ནས་ཐད་དཀར་སློབས་གྲའི་འགན་འཛིན་གནས་གཡུག་གཏོང་དགོས་པ་གལ་ཆེར་ཐོང་རྒྱུ་ཚན་ནི་ དབུས་གཞུང་ངན་པ་ལག་འབྲེལ་མན་པ་ཚོན་ཆེད་དང་འདས་པོའི་ནང་མིར་དགོང་གསལ་གཞུ་ཆེད་ མང་ཚོགས་ཀྱི་དགོང་པ་དངས་ཆེད་ ལྷག་པར་དུ་
རྒྱ་ནག་་གུང་ཁྲན་ནས་ང་ཚོར་བརྗོད་པའི་ ཕྱེད་མུན་ནག་དང་ ཕྱེད་ཀླ་ལོ་ ཕྱེད་
སྡུག་རྩུབ་ཞེས་བརྗོད་པའི་ངན་མིང་ལས་གྲོལ་ཐུབ་པ་གནང་རྒྱུ་ནི་ འཕྱི་ལ་གནས་བོད་མི་རྣམས་ཀྱི་འོད་འགན་ཞིག་རེད་བསམས་ འོན་ཀྱང་འདས་པའི་དབུ་འཁྲིད་རྣམས་ནས་རང་ཉིད་གང་འགྱོག་ལས་གནས་ཁྱོལ་རྒྱུར་ངག་སྒུག་གནང་བ་ནི་བློག་ཕམ་གནས་ཚུལ་ཞིག་ཏེ་
དཔྱད་ལྡན་རྣམས་ཀྱིས་གནད་འདིའི་སྐོར་དགོངས་ཚུལ་ལྷུག་པོ་གསུངས་བར་དགའ་གུས་དང་བཅས་རྗེས་སུ་ཡི་རང་ཞུ་ལ། ང་ཚོས་འདི་ལྟར་གླེང་བ་ནི་ད་ལྟ་དང་མ་འོངས་པར་བཅས་ཕ་མ་དང་སྤུན་མཆེད་ཉེ་འཁྲིས་སུ་མེད་པའི་ཕྲུག་གུ་སྟོང་ཕྲག་འགའི་བདེ་འཇགས་དང་ཚེ་སྲོག དེ་བཞིན་སློབ་གྲྭའི་འབྱུང་འགྱུར་བཅས་ཕྱོགས་གང་ཅི་ཐད་ནས་འཐུས་ཤོར་མི་ཡོང་བར་སྔར་ལས་ལྷག་པའི་གྲ་སྒྲིག་འཐུས་ཚང་དང་ཡར་རྒྱས་མདུན་བསྐྱོད་ཡོང་བར་རེ་བའི་དོན་དུའོ་ཞེས་ཀྱང་ཞུའོ།
ཕ་མ་དང་སྤུན་མཆེད་རྒྱབ་དུ་གཡུགས་ཏེ་མི་ཡུལ་ས་མཐར་ནས་འདི་འགྲོ་དགོས་བྱུང་བ་འདི་ད་ཅི་དྲག ཨོ་མ་ནི་པདྨེ་ཧུ།
གོང་གི་བསོད་ནམས་སོགས་ཀྱིས་སློབ་གྲ་རྒྱ་གར་གྱི་ཁྲིམས་ལ་གཏུགས་རྗེས་ཡར་རྒྱས་གཏོང་ཐབས་སུ་འབད་དགོས་ཟེར་པ་ནི་མགོ་མ་ཚོས་པའི་སྐད་ཆ་རང་རེད། འབྲེལ་ཡོད་ཚོ་ལ་ཐག་གཅོག་ནན་པོ་བྱེད་ལོས་དགོས་ཀྱང། སློབ་གྲ་རྒྱ་གར་ཁྲིམས་ལ་ཐུག་ན་སློབ་གྲ་དེ་ཚར་པ་རེད།
དུས་བབས་ནང་གསལ་རྟར་ན་ རྡུང་ཉན་རྒན་འདག་གཉིས་ཡང་བོད་ནས་ཡོང་བ་རེས་འདུགས་ བྱས་རྩང་ཁོ་གཉིས་ནས་ཀ་དཀོར་མེད་པར་སློབ་གྲར་བཞུས་ན་སློབ་མ་དེ་ཕྱིར་འབུས་རེད་འདུགས་ ངའི་སམས་པར་ཁོ་གཉིས་ལ་གསོད་སེམས་རང་ད་ཡོད་ཟོ་མིན་འདུགས་ ཚང་མས་འདས་པོ་དེའི་ཆེས་དུ་མཎི་གྲང་རོགས་གནང་སྨོན་ལམ་སུང་རོགས་གནང་
སློབ་ཕྲུག་དེ་ཤི་ཆོག་ཆོག་དེ་འདྲ་ག་རེ་རེད། དེ་ངོ་མ་དོག་པ་ཟ་དགོས་པ་ཞིག་རེད། ཁུ་ཚུར་ཁ་ཤས་ཀྱིས་མི་གསོད་ཐུབ་བམ། དེ་ཡང་ངོ་མ་དོག་པ་ཟ་དགོས་པ་ཞིག་རེད། སློབ་གྲྭའི་སྒྲིག་ཁྲིམས་དང་འགལ་ན་ཉེས་ཆད་གཅོད་དགོས་ཀྱང་། སློབ་ཕྲུག་དེས་ཐ་མག་འཐེན་པ་དེ་ལ་སྲོག་གི་ཉེས་ཆད་གཅོད་འོས་སམ། དེ་ཡང་བསམ་བློ་གཏོང་དགོས་པ་ཞྀག་རེད།
ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད་ དཔེ་སྲིད་ལེ་མ་རེད་ སློབ་གྲ་དེར་བརྡུང་རྟེགས་དེ་འདྲ་གཏོང་སྲོལ་དེའི་འགན་སློབ་གྲའི་སློབ་སྤྱི་དང་ འགན་འཛིན་ རྒན་བདག་བཅས་ཚང་མར་ཁྲི་དགོས་ལེ་རེད་ སློབ་སྤྱི་དང་འགན་འཛིན་དེ་ཚོས་རང་གི་ལས་འགན་མ་འཁྱེར་སྟབས་དོན་རྐྱེད་དེ་རིགས་བྱུང་ལེ་རེད་།
ངས་རེ་བསྐུལ་ཞུ་རྒྱུ་ཞིག་ལ། སློབ་གྲྭ་འདིའི་སྒྲིག་གཞི་བསྐྱར་བཅོས་དང། མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པའི་ཐད་ལ་ཚང་མས་ནུས་པ་འདོན་རོགས
ཀུན་སློང་ཡག་པོ་ཐབས་ཀྱིས་མ་འཛོམས་ན །
ཀུན་སློང་ཡག་ཀྱང་མིག་གིས་རིག་ནོ་འདི་རེེད།
གསལ་བཤད་ཐུང་ངུ་ཞིག་ཞུ་རྒྱུ། རྐྱེན་འདས་སུ་སོང་བའི་སློབ་མ་དེའི་སྤུན་མཆེད་དང་ཞང་པོ་སོགས་ལྷོ་ཕྱོགས་ནས་མྱུར་ཕེབས་ཀྱིས་ད་ཆ་གནས་དོན་ཐག་གཅོད་བྱས་ཚར་ཡོད་པ་དང་། རྒྱུས་ལོན་བྱས་པ་ལྟར་ན། སྤྱིར་སློབ་གྲྭའི་འབྲེལ་ཡོད་རྣམས་ནས་འགན་བདག་དེ་གཉིས་སློབ་གྲྭ་ནས་ཕྱིར་འབུད་ཀྱི་ཐག་བཅད་བྱས་ཡོད་ཀྱང་། འདས་པོ་དེའི་སྤུན་མཆེད་དང་འབྲེལ་ཡོད་ཚོས་དགོངས་པ་ཆེར་བཞེས་ཀྱིས་སློབ་ཕྲུག་དེ་གཉིས་ཕྱིར་ཕུད་མི་དགོས་པའི་ཐག་བཅད་བྱས་ཡོད་འདུག གང་ལགས་ཤེ་ན། གནད་དོན་འདི་སྤྱིར་མ་བསམ་ས་ན་ལྷག་པའི་རྐྱེན་ངན་གྱི་གོད་ཆག་ཅིག་ཡིན་པས་འདི་ལྟར་བྱ་ན་རང་གཞན་ཀུན་ལ་དགེ་ཕན་མེད་པའི་དགོངས་ཚུལ་བཞེས་པ་ཡིན་འདུག ལྷ་ཁང་ནང་གི་དར་འཐེན་ཞེས་པའི་དཔེ་ལྟར་དེ་ཐེངས་ཀྱི་མི་བསད་དོན་རྐྱེན་འདི་ཁོང་གི་སྤུན་མཆེད་ཚོས་གུ་ཡངས་ངང་བོད་རིགས་སྤྱི་དང་ལྷག་པར་སློབ་གྲྭ་སོགས་ལ་དགོངས་པ་ཆེར་བཞེས་ཀྱིས་ནང་ཁུལ་ནས་ཐག་བཅད་བྱས་པ་འདི་ནི་ཕྱོགས་གཅིག་ནས་བསམ་ན་ཧ་ཅང་རྣམ་དཔྱོད་ལྡན་པའི་བསམ་བློ་ཞིག་རེད་ལ། ཡང་ཕྱོགས་གཞན་ཞིག་ནས་བསམ་ན་འགན་བདག་དེ་གཉིས་གུ་ཡངས་བཏང་དྲག་པ་ཞིག་ཀྱང་རེད། ཁྲིམས་ཐོག་ནས་སྐད་ཆ་བཤད་ན་ལུང་པ་གང་ཞིག་ཡིན་ཀྱང་མི་བསད་ཉེས་པ་ལ་རྒྱུ་མཚན་ཞིག་འཆད་ས་མེད་པར་ངེས་པར་དུ་ཁྲིམས་ཆད་མྱོང་དགོས་མོད། བོད་རིགས་ཤིག་གི་ཁྱད་ཆོས་ལྡན་པའི་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་སོགས་ལ་བསམ་བློ་བཏང་ཏེ་གནད་དོན་ཐག་བཅད་བྱས་པ་འདི་གུས་བཀུར་འོས་པ་ཞིག་ཀྱང་ཡིན་ངེས། ཁོང་གི་ནང་མི་དང་སྤུན་མཆེད་ཕྱོགས་ནས་གནད་དོན་འདིར་ཐག་བཅད་བྱས་ཟིན་ཀྱང་། ད་དུང་གནད་དོན་ལྷག་ཡོད་པ་ནི་སློབ་གྲྭའི་ནང་ཁུལ་གྱི་མ་འོངས་པའི་སྒྲིག་སྲོལ་ཐད་འགྱུར་བཅོས་བཏང་མིན་གྱི་གནད་དོན་དེ་རེད། སློབ་གྲྭའི་འབྲེལ་ཡོད་ལས་བྱེད་ཙམ་མ་ཟད་བོད་ཁྱིམ་སྤྱིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས་ནས་འདིའི་ཕྱོགས་ལ་ཐུགས་དགོངས་ཆེར་བཞེས་ཀྱིས་སྒྲིག་སྲོལ་ཁ་གསལ་དང་ཐག་བཅད་ནན་མོ་དགོས་རྒྱུ་ནི་མིག་སྔར་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གཅིག་པོ་དེ་ཡིན་པས་དེ་དོན་བཞིན་ཡོང་རྒྱུ་རེ་བ་ཅི་ནས་ཀྱང་ཆེ་ལ། སུ་ཇྭ་སློབ་གྲྭའི་ད་ལྟ་དང་མ་འོངས་པའི་སློབ་ཕྲུག་ཚོའི་སློབ་སྦྱོང་དང་འཕྲོད་བསྟེན། ཀུན་སྤྱོད་དང་སྒྲིག་འཛུགས། དེ་བཞིན་མཐུན་རྐྱེན་སོགས་སྔོན་ལས་འཐུས་སྒོ་ཇེ་ཚང་དང་གྲྭ་རྒྱས་ཕུན་ཚོགས་སུ་ཡོང་རྒྱུ་གནད་དོན་ཀུན་གྱི་དམ་པ་སྟེ་འདིའི་ཕྱོགས་སུ་འབྲེལ་ཡོད་ཀུན་གྱིས་ཧུར་ཐག་དང་འབད་འབུངས་ཡོང་བའི་རེ་བའི་སྨོན་འདུན་དང་བཅས།
སྤྱིར་བཏང་བཙན་བྱོལ་བུ་ཁྱིམ་སློབ་གྲྭ་དག་ལ་སློབ་གསོའི་དཀའ་ངལ་དང་སྤྱོད་ལམ་ཐད་ནས་ཉམས་རྒུད་དུ་འགྲོ་བ་ཙམ་དུ་མ་ཟད། བོད་ནས་གསར་དུ་འབྱོར་བའི་རིགས་ལ་འབྲེལ་ཡོད་ལས་བྱེད་ཚོའི་ངོས་ནས་སྤྱི་སྙོམས་ཤིག་ཡོང་གི་མེད་པའི་སྐད་ཆ་གོ་ཐོས་འདུག་ལ། དྲང་བཞག་མེད་པ་དང་བྱམས་བརྩེ་མེད་པའི་དགེ་རྒན་དང་ལས་བྱེད་དེ་ཚོས་རང་གི་ཕོགས་ཐོབ་ཙམ་ཞིག་ལས་སློབ་ཕྲུག་གི་མདུན་ལམ་དང་ཡ་རབས་གོམས་གཤིས་ཀྱི་བྱ་སྤྱོད་ལ་དེ་ཙམ་བདག་པོ་རྒྱག་གི་མེད་པའི་བཟོ་འདྲ་ཞིག་འདུག ། སློབ་ཕྲུག་འདས་པོ་དེའི་གཉེན་ཉེ་དག་གིས་བོད་མི་རིགས་སྤྱིའི་ལ་རྒྱ་དང་བྱམས་སེམས་བསྒོམས་པ་བཅས་ནི་ཕུགས་རྒྱང་རིང་པོའི་བསམ་བློ་དང་རྣམ་དཔྱོད་ལྡན་པའི་བྱེད་སྟངས་ཤིག་ཡིན་སྟབས་དེ་ལ་བསྔགས་བརྗོད་ཞུ་འོས། འདས་པོའི་ཆེད་དུ་སྨོན་ལམ་དང་མ་ནི་སོགས་འདོན་ངེས་ཡིན།
ངོ་མ་ཡིད་སྤང་བའི་གནས་ཚྭུལ་རེད ། ཐ་མག་རྐང་གཅིག་གིས་མིའི་ཚེ་སྲོག་འཕྲོག་སོང་བ་རེད། སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་དེ་དག་ངེས་བ་དོན་གྱི་དགོངས་པ་ཞུ་དགོས་བ་ཞིག་ཡིན་པ་མ་ཟད་ད་དུང་སྒྲིག་སྲོལ་དེ་ལ་ད་དུང་འགྱུར་བ་མ་བཏང་བ་ཡིན་ན་རྗེས་མ་བོད་ནང་གི་ཕ་མ་ཚོ་རེ་བ་བཅོལ་ས་དེ་མི་གསོད་ཀྱི་དུར་ཁྲོད་དུ་འགྱུར་སྲིད། ད་དུང་ཁོང་གི་མཆེད་དེ་དག་གི་དགོངས་པ་ལ་ཡིད་རུངས་བྱེད་དགོས་བ་ཞིག་རེད། བོད་ཆོས་ལྡན་རྒྱལ་ཁབ་ནས་རིག་རྒྱུ་མང་གི་ཡ
འདས་པོའི་སྤུན་མཆེད་ནས་དགོང་པ་ཆེ་བཞེས་གནང་བ་དེ་ཡང་ངོ་མ་དགའ་འོས་པ་ཞིག་རེད། རྒན་བདག་གཉིས་ལ་ཡང་བསོད་བསམ་པའི་བསམ་པ་ཞིག་ཡོད་རྒྱུ་མ་རེད་ལ། ཁོ་རང་གཉིས་ཀྱང་བོད་ཀྱི་སོན་རྩ་ཡིན་པས་མི་འགའ་རེས་ཁོང་གཉིས་ངེས་པར་ཁྲིམས་ལ་གཏུག་དགོས་པར་བཤད་པ་ནི་ཅུང་ཐལ་དྲག་འདུག་སྙམས།
དང་པོ་གཤིན་པོ་དེའི་ཆེད་སྙིང་ཐག་པ་ནས་སྨོན་ལམ་ཞིག་ཅི་ནས་ཀྱང་འདེབས་པར་འདོད། གོང་གི་ཚེ་འདས་འདི་དག་གི་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག དེ་དག་གི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག རྣམ་གྲོལ་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག རྣམ་པར་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཁམས་གསུམ་འཁོར་བའི་ས་དགུ་ལ་ཉོན་མོངས་པའི་སྒྲིབ་པ་བྱང་བར་གྱུར་ཅིག གཡུང་དྲུང་ཐེག་པའི་ས་བཅུ་ལ་ཤེས་བྱའི་སྒྲིབ་པ་བྱང་བར་གྱུར་ཅིག བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ནི་རང་དོན་དུ་བོན་གྱི་སྐུ་བདེ་བ་ཆེན་པོ་ཐོབ་པར་གྱུར་ཅིག གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་སུ་སྤྲུལ་ནས་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་སྟོན་པ་ཆེན་པོ་རེ་རེ་ནས་བྱོན་ནུས་པར་གྱུར་ཅིག དགེ་བ་བསོད་ནམས་འདི་མཐུ་དཔལ་དང། སངས་རྒྱས་སེམས་དཔའ་རྣམས་ཀྱི་བྱིན་བརླབས་དང། འཕྲུལ་ངག་བདེན་པ་བཀའ་ཡི་ནུས་མཐུ་ཡིས། བདག་གིས་བསྔོས་ཤིང་སྨོན་ལམ་བཏབ་པ་བཞིན། བོན་ཐམས་ཅད་དོན་དམ་པ་དེ་ཁོ་ན་ཇི་བཞིན་དུ་གྲུབ་པར་གྱུར་ཅིག འཚམས་སུ་ཞུ་དོན། གོང་དུ་ལུང་རྟོགས་ལགས་ཀྱི་གསུངས་པ་དེ་བདེན་པར་མཐོང། རྒན་བདག་རྣམ་པ་གཉིས་ཀྱིས་ཆེད་དུ་གསོད་བསམ་པའི་བསམ་སྦྱོར་ངན་པས་ཀུན་ནས་སློང་བ་ཞིག་མ་ཡིན་པར། ལག་ཐལ་སོང་བ་ཞིག་ཡིན་ན་ཅུང་ཙམ་བསམ་པར་བྱ་བའི་གནས་ཤིག་ཀྱང་རེད། སྔོན་ཐལ་གྱི་ལོ་རྒྱུས་མང་པོ་གླེང་མ་གླེང་དེ་ཙམ་ཞིག་རེད། འབྱུང་འགྱུར་དེ་རིགས་མི་འོངས་པའི་མངོན་འགོག་ད་ཆ་ནས་གནང་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག འདས་པོའི་སྤུན་མཆེད་ནས་དགོངས་པ་ཆེ་བཞེས་གནང་བ་དེ་ཡང་ངོ་མ་དགའ་འོས་པ་ཞིག་ལོས་ཡིན། དགོངས་པ་བརླབས་ཆེན་རེད། སྤྱིར་བོད་མི་རིགས་དང། ཡང་སྒོས་གཉིས་ཕན་གྱི་ལྟ་བ་ཡོད་མཁན་གྱི་བོད་མིའི་བསམ་ཤེས་ཅན་ཟེར་བ་དེ་འདྲ་རང་རེད། ཐུགས་རྗེ་ཆེ་ཞུ་དང་སྦྲག་བསྔགས་བརྗོད་ཀྱང་ཚད་མེད་ཡོད། རང་ཅག་བན་བོན་གྱི་གཞུང་ནས་བཤད་པའི་བདག་གཞན་མཉམ་པའི་སེམས་བསྐྱེད་ཟེར་བ་དེ་དེ་འདྲ་ཞིག་ལ་གོ་དགོས་པ་ལས་གཞན་པའི་གོ་རྒྱུ་ལྷག་པོ་ཅི་ཞིག་ཡོད། སྤྱིར་བོད་ནས་ཡོང་མཁན་གྱི་གསར་འབྱོར་བོད་རིགས་རྣམས་ལ་དུས་ནས་དུས་སུ་བཟང་སྤྱོད་ཀྱི་བསླབ་བྱ་གནད་ལ་འཁེལ་བ་ཞིག་སྤྲོད་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེ་བར་མཐོང། ཐ་མ་དང་ཆང་ཨ་རག་སོགས་ཀྱིས་མཚོན་པའི་དུག་རྫས་ཀྱི་རིགས་འདི་དག་གི་རྐྱེན་པས་རང་སྲོག་ཤོར་བ་འཛམ་གླིང་རྣམས་ཡོངས་གྲགས་ཡིན་པར་མ་ཟད། དུག་རྫས་དེ་རིགས་ཀྱི་རྐྱེན་པས་རྒྱ་གར་ནང་ལོ་རེར་མི་འབུམ་དགུ་ཙམ་རང་སྲོག་འཆོར་བཞིན་པའི་གནས་ཚུལ་འཐོན་འདུག ངས་མཐའ་དོན་དེ་གའི་སློབ་ཕྲུག་ཕོ་མོ་ཚོར་འབོད་བསྐུལ་ཞུ་སྙིང་གཙོ་བོ་ནི། དུག་རྫས་ཀྱི་རིགས་ལ་རྣམ་པ་ཀུན་ཏུ་འཛེམས་སོན་གནང་རོགས་ཞུ་རྒྱུ་གཅིག་དང། ལྷག་དོན་བོད་ནས་ཕེབས་པའི་གསར་འབྱོར་བ་རྣམས་རང་གཤིས་གྱོང་པོ་ཁ་ཤད་དཔུང་ཤད་ཀྱི་ལྟ་བ་དེ་དོར་ནས། ཚུལ་མཐུན་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས། མི་ལ་བསྟུན་ཤེས་པ་གནང་རྒྱུ་དང། ཁྱིམ་མཚེས་ལ་བསྟུན་ཤེས་པ་གནང་རྒྱུ། རྒྱ་གར་ཡུལ་མི་ལ་བསྟུན་ཤེས་པ་གནང་རྒྱུ། དེ་བཞིན་ས་མཐའི་སྐྱབས་བཅོལ་བ་ཞིག་ཡིན་པའི་རྣམ་པ་རྟག་ཏུ་བཟུང་ནས་རང་དགོས་ཀྱི་སློབ་སྦྱོང་དང། སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བཀའ་ཁྲིད་གནང་བའི་ནང་ཆོས་ངོ་སྤྲོད་ཀྱི་སློབ་གསོ་ཁག་ལ་རྒྱུན་ལྡན་ཉམས་ལེན་གྱི་སྙིང་པོ་གནང་རོགས་ཞེས་ཡང་ནས་ཡང་དུ་བསྐུལ་ལོ། དགེ་རྒན་རྣམ་པ་ཚོའི་ངོས་ནས་ཀྱང། ས་མཐའི་ཡུལ་དུ་གྱར་བའི་གསར་འབྱོར་བ་ཚོ་ལ་ཁ་ཡག་ངོ་ཡག་གི་རྣམ་པ་སྟོན་ཏེ། སྙིང་ཐག་པ་ནས་དེ་དག་ལ་སློབ་སྟོན་གང་ཟབ་གནང་བའི་རེ་བ་ཆེན་པོ་ཞུ་བཞིན་ཡོད། ད་ལྟའི་རྙོག་རྩོད་དེ་ཡང་ཤིན་ཏུ་རྫབ་ཆེན་ཡིན་པ་ལས་དོན་རྐྱེན་ཕྲན་བུ་ཞིག་གཏན་ནས་མིན་། དེའི་ཐད་ཐོག་མར་རང་རེའི་བོད་མིའི་སྒྲིགས་འཛུགས་ཀྱི་ལམ་ནས་རྙོག་སེལ་གནང་ཐུབ་པ་ཞིག་བྱུང་ཐུབ་ན་ཡག་པོ་ཞེ་དྲག་འདུག སླད་ཕྱིན་མི་ཤི་དོན་རྐྱེན་གྱི་གནས་ཚུལ་འདི་རིགས་བྱུང་འཕྲལ། སློབ་གྲྭ་ནས་ཕུད་པ་ཙམ་གྱིས་མི་ཆོག་པ། རྒྱ་གར་གྱི་ཉེན་རྟོག་པར་རྩི་སྤྲོད་གནང་རྒྱུའི་སྒྲིག་གཞི་སྲ་བརྟན་ཞིག་ད་ལྟ་ནས་བཟོ་ཐུབ་ན་དེ་བས་ཀྱང་དགེ་མཚན་ཆེ་བར་མཐོང། རེ་བ་བཟང་ས་ནས་རྒྱབ། གྲ་སྒྲིག་སྡུག་ས་ན་བྱེད། ཅེས་པ་འདི་དངོས་སུ་ལག་བསྟར་ཐུབ་ན་ག་འདྲ་འདུག
སུ་ཇ་སློབ་གྲའི་ནང་གི་འཕྲོད་བསྟེན་ཡར་རྒྱས་དང་སྒྲིག་འཛུགས་ཅུང་ཙམ་གུ་ཡངས་བཏང་རྒྱུ་ཡོད་ན་ངོ་མ་ཡག་པོ་འདུག མ་གཏོགས་གནས་ཚུལ་འདྲ་མིན་རིགས་གང་མང་བྱུང་བཞིན་ཡོད་འདུག སློབ་མ་གང་ཞིག་ལ་གཟུགས་པོ་གང་སར་རྨ་ཐོན་དང་རྣག་རྒྱག་པ་སོགས་ཀྱི་མཚོན་པའི་ན་ཚ་གང་མང་བྱུང་དང་བྱུང་བཞིན་ཡོད་འདུག་ལ། ལྷག་པར་དུ་ན་ནིང་ལོར་སློབ་ཕྲུག་ཅིག་གི་རྐང་པར་རྨ་རྒྱག་ཏེ་སྐྲང་པ་སོགས་བྱུང་སྐབས། སློབ་གྲའི་སྨན་ཁང་ནས་སྨན་ཐབས་ཆགས་རེ་སྤྲད་ནས་འཐུས་པར་བྱས་འདུག སློབ་ཕྲུག་དེས་ལྷམ་འགོ་གོན་མི་ཐུབ་པར་རྐང་རྗེན་མར་འགྲོ་དུས་སུ་ཁྱིམ་ཚང་ཨ་མ་དང་དགེ་རྒན་སོགས་ཀྱིས་ཨུ་ཚུགས་ཀྱི་ལྷམ་གོན་བཅུག་པ་དང་སོགས་བྱས་ཏེ་ཁོས་ཀྱང་ཁོ་ཚོས་མིག་མཐོང་སར་ལྷམ་གོན་པ་དང་རྐང་མི་འཐེང་ཚུལ་བྱས་ཏེ་ཡུན་རིང་ིའགོར་མཚམས། རྐང་པའི་ན་ཚ་ཇེ་སྡུག་ཏུ་སོང་ཏེ་མཐར་རྟག་དཔྱད་བྱེད་སྐབས་རྐང་མཐིལ་ཙམ་མ་ཚད་ཉྭ་པའི་རྒྱབ་མུདན་གང་སུར་སྔོ་པོ་དང་སྐྲང་འབུར་ཆགས་ཏེ་ཅྭ་འདིའི་སྒར་རྒྱ་གར་སྨན་ཁང་དུ་འཁྲིད་འདུག སྨན་པས་རྐང་པར་བཤགས་བཅོས་བྱེད་སྐབས་རྐང་གང་སྐྲང་སར་ནས་འབུ་བརྒྱ་ཕྲག་མང་པོ་ཐོན་ཏེ་འབུ་གསོན་པོ་སར་ཕར་ཚུར་རྒྱུགས་པ་སོགས་བྱུང་ཡོད་པ་ནི་དངོས་ཡོད་ཡིན་འདུག ནམ་རྒྱུན་འཚོ་བའི་ཁ་ཟས་བཅུད་ཀྱིས་མ་མདང་བ་སོགས་ཀྱིས་ན་ཚ་འདི་རིགས་ཁྲིད་ཡོང་གི་ཡོད་ལ། དེ་ལ་བསྟུན་པའི་སྨན་དང་འཕྲོད་བསྟེན་སོགས་ཡག་པོ་མེད་པའི་རྐྱེན་གྱིས་ཡིན་འདུག་པས་སློབ་གྲྭར་འདིར་དངོས་གནས་སྙིང་རྗེ་མེད་པའི་གཤེན་མཁན་ལྟ་བའི་ལས་བྱེད་དང་འགོ་ཁྲིད་རྐྱང་རྐྱང་འོག་འཁྱམ་པོའི་སློབ་ཕྲུག་ཚོས་སྡུག་མྱོང་གི་ཡོད་ས་རེད། ངོ་མ་སྙིང་རྗེ། ཚང་མ་དེའི་སྐོར་ལ་དོ་སྣང་བྱ་དགོས་རྒྱུ་དེ་གལ་ཆེ་པོ་རེད་འདུག
མཆན་ཨང་བཞི་བཅུ་ཞེ་གཅིག་པ་འགོད་མཁན་དེས། སྤྱིར་བསམ་ཚུལ་ཡག་པོ་འདོན་འདུག འོན་ཀྱང་རྩོམ་གྱི་འཇུག་བྱང་ལ་བལྟས་པ་ཡིན་ན། ཁ་ནས་མ་ནི་འདོན་པའི་ཨ་ཁུ་ནེ་ཙོས་རྙིང་རྗེ་རྙིང་རྗེ་ཟེར་ནས་འབུ་རིགས་རྣམས་ཁ་ལ་བསྟབ་པའི་ལས་ངན་ཡང་སོག་བཞིན་འདུག ང་ཚོ་ཚང་མ་འདིར་གདུང་སེམས་མཉམ་བསྐྱེད་ཀྱི་ལམ་ནས། དེ་གའི་དཀའ་རྙོག་སེལ་ཐབས་གནང་དགོས་པ་ལས། ང་ཚོ་འདིར་རྩོད་གླེང་བྱེད་དུ་འོང་བ་ག་ལ་ཡིན། དེ་ལུགས་སྔོན་ཚུད་ནས་དགོངས་འཇག་གནང་བར་འཚལ། ཆོས་ལུགས་ཀྱི་རུ་ཏྲ་རྒྱབ་ཏུ་ཁུར། སྨྱོས་པའི་དུག་ཆུ་ཁ་ལ་འཐུང་ནས་ཆོས་ལུགས་ཀྱི་འགྲན་རྩོད་མ་གནང་ན་ལེགས་སོ།
྇ཏྲེ་ཐུབ་བསྟན་ལགས་ཀྱིས་ཁ་གསལ་གོ་བདེ་བའི་གནས་ཚུལ་བཀོད་པར་ཐུགས་རྗེ་ཆེ། དུས་བབ་སོགས་དྲ་རྒྱ་འགའ་ཞིག་ཏུ་གནས་ཚུལ་དེ་མཐོང་ཡང་ཁུངས་ལུང་དང་། རྒྱུ་མཚན་ཁ་གལས་མིན་འདུག གང་ལྟར་སྐུ་ཉིད་ཀྱིས་གསལ་པོ་ཞེ་དྲག་བཀོད་གནང་བར་བཀའ་དྲིན་ཆེ། དེ་མིན་གསལ་ལ་མ་གསལ་གྱི་གསར་འགྱུར་འགས་ཕན་ལས་གནོད་གཞི་ཆེ་བ་ནང་དག་ཞིག་ཡོང་གི་འདུག་པས་དེ་རིགས་ནི་ནམ་ཡང་དྲ་རྒྱ་ན་མེད་པར་སྨོན།
྇ཏྲེ་ཐུབ་བསྟན་ལགས་ཀྱིས་ཁ་གསལ་གོ་བདེ་བའི་གནས་ཚུལ་བཀོད་པར་ཐུགས་རྗེ་ཆེ། དུས་བབ་སོགས་དྲ་རྒྱ་འགའ་ཞིག་ཏུ་གནས་ཚུལ་དེ་མཐོང་ཡང་ཁུངས་ལུང་དང་། རྒྱུ་མཚན་ཁ་གལས་མིན་འདུག གང་ལྟར་སྐུ་ཉིད་ཀྱིས་གསལ་པོ་ཞེ་དྲག་བཀོད་གནང་བར་བཀའ་དྲིན་ཆེ། དེ་མིན་གསལ་ལ་མ་གསལ་གྱི་གསར་འགྱུར་འགས་ཕན་ལས་གནོད་གཞི་ཆེ་བ་ཞིག་ཡོང་གི་འདུག་པས་དེ་རིགས་ནི་ནམ་ཡང་དྲ་རྒྱ་ན་མེད་པར་སྨོན།
མཆན་ཨང་ཞེ་གཅིག་པར་མངོན་པར་བསྟོད་དོ། སློབ་གྲྭའི་རྒན་བདག་གཉིས་ཀྱིས་སློབ་གྲྭའི་སྒྲིག་འཛུགས་ལ་ཐགས་བསམ་ཆེ་བཞེས་ཀྱིས་ངན་པའི་མཚང་འབྲུ་བར་མངོན་པར་བསྟོད་དོ། ངན་པ་རྒྱ་ཡན་དུ་བཏང་ན་སྤྱི་ཚོགས་ན་བདེ་བ་མི་ཡོང་བར་ཁས་ལེན་ནོ། དེ་བས་རྒན་བདག་གཉིས་ཀྱིས་སློབ་མ་དེར་བསམ་ངན་གྱིས་བསད་པ་མ་ཡིན་པར་ཁས་ལེན་ནོ། རྒྱག་ཉེས་ཕོག་ཉེས་ཟེར་བའི་ལེགས་བཤད་གཅིག་ཡོད་པ་ཐུགས་ནས་བསམ་རོགས།
ཐ་མག་ཞིག་འཐེན་པས་སྲོག་ཤོར་བ་དེ་་་་་་་་་་་་ཨ་ཧ་་་་དེ་ནི་ཤིན་ཏུ་ནས་མི་འོས་སོོ།། རྒྱུ་མཚན་གང་ཞིག་ལ་བསམ་ཀྱང་དེ་ནི་མོ་འོས་སོ།།
འཚེ་མེད་ཞི་བའི་ཐབས་ལམ་བཟང་པོ་དེ་རྦད་དེ་བརྗེད་པ་རེད། སློབ་གྲྭ་ལས་བཙོན་ཁང་ནི་མ་རེད། སློབ་མ་ཡིན་པ་ལས་བཙོན་མ་ནི་མ་རེད།
དྲ་གྲོགས་རྣམས་ནས་བསམས་འཚུལ་དང་མང་གཙོའི་བསམས་འཆར་མང་པོ་གནང་བར་ཐུག་རྗེ་ཆེ་ འོན་ཀྱང་་གཞུ་འདོད་པ་ནི་རྒ་བདག་གཉིས་ནི་ཤིང་གཅོད་ཆེད་སྟ་རེ་ཙམས་ལས་ ཡང་འགའ་ཞིགས་སློབ་སྤྱི་དགོང་པ་གཞུ་དགོས
རྗོད་པ་དང་སྤྱིར་དགོང་འཕྲོལ་ཐོགས་ནས་ལས་གནས་ནས་བབས་པ་ནི་རྒྱུན་གཏན་ཙམས་རེད་ གནས་འཚུལ་འདི་ནི་རྒྱུན་གཏན་དང་མི་འདྲ་བའི་ཐད་དཀར་དུ་སློབ་སྤྱི་དང་དབུས་གཞུང་གྱི་འགན་འཛིན་གནས་གཡུག་གཏོང་དགོས་པ་ནི་སྨ་མི་དགོས་པ་ཞིག་རེད་དེ་ནི་ཆབ་སྲིད་དང་འབྲེ་བ་ཡོད་པའི་གནས་་དོན་ཞིག་རེད་ འོན་ཀྱང་གཞུང་ནི་མི་སེམས་ལ་བབ་པའི་དངས་གཙང་ལྷད་མེད་ཀྱི་མི་མང་གི་བསེ་གཞུ་བ་་ཞིག་དང་མང་ཚོགས་ཀྱི་ཞབ་འདེག་སྒྲུབ་མཁན་ཞིག་ཡིནཔས་ཚང་མས་ངེས་པར་དུ་རྩེ་འཇོགས་གནང་དགོས་པ་གལ་ཆེར་ཐོང་སློབ་གྲའི་བསྒྲིག་འཛུགས་དང་ཤེས་ཡོན་སློབ་གསོ་གཉིས་ནི་འདབ་ཆགས་བྱ་ཡིས་ཤོག་པ་དང་ཚུང་པའི་དགོས་ངེས་ཞིག་རེད་ འོན་ཀྱང་གྲགས་སྡུང་གི་ལམ་ནས་བསྒྲིག་འཛུག་གྱི་ལམ་གསོལ་དེ་མི་སེམས་ལ་མ་བབ་པ་དང་ཡུལ་དུས་ལ་མི་འཚུང་པའི་སློབ་གྲ་ཁག་ནས་ད་རེས་ཀྱི་སླབ་བྱ་དེ་མ་འོང་གྱི་ང་ཚོའི་ལམ་བུའི་ནང་འཁྱེར་དགོས་པ་གལ་འགང་ཤིན་དུ་ཆེ
གླེན་པ་ལུག་ལགས་ནི་གླེན་པ་རང་རེད། ཁྱོད་ཀྱིས་སུ་ཇ་དེ་བཞིན་སློབ་གྲྭ་ལས་བཙོན་ཁང་ལྟ་བུའི་འདུ་ཤེས་བཟུང་བ་ནི་ཧ་ཅང་གླེན་རྟགས་མངོན་པ་རེད། བཙོན་ཁང་ཡིན་ཀྱང་བལྟ་རྟོགས་པས་གང་བྱུང་བསད་ཆོག་པའི་ཁྲིམས་ཤིག་གང་ན་ཡོད། འཇིག་རྟེན་ན་ནག་ཉེས་ཚབས་ཆེ་ཤོས་དེ་མི་བསད་དོན་རྐྱེན་ཡིན་པས་གཤིན་པོ་ལ་ཡིད་ཚིམས་དེ་ལྟར་བྱེད་མི་རུང་བ་ཡིན།
༡ སློབ་གྲྭ་ལ་སྒྲིག་ཁྲིམས་ཡོད་ནའང་ལོ་བཅོ་བརྒྱད་ཡན་གྱི་སློབ་མས་ཐ་མ་འཐེན་མི་རུང་བ་གང་ཡིན། འགྲོ་བ་མིའི་ཐོབ་ཐང་འཕྲོག་པ་མ་ཡིན་ནམ། ཆད་པ་བཅད་ནའང་སྲོག་ཆད་གཅོད་དགོས་དོན་གང་ཡིན་ནམ། དེ་སློབ་གྲྭ་ཡིན་པ་ལས་བཙོན་ཁང་ནི་མ་རེད།
༢ གལ་སྲིད་བོད་བཙན་བྱོལ་གཞུང་ལ་ཁྲིམས་ལུགས་ཤིག་ཡོད་པ་ཡིན་ན། མི་གསོད་མཁན་ལག་དམར་གཉིས་དང་སློབ་སྤྱི་སོགས་ཁྲིམས་ལུགས་ཀྱི་རྒྱ་མར་འཇལ་དགོས།
ཀིརྟི་སྐྱབས་ལགས། ཁྱོད་ཀྱིས་ངའི་མཆན་བུའི་གོ་བ་ལོག་པ་བླངས་འདུག ངས་བཤད་པ་ནི་ཁྱེད་རང་ལྟར་སློབ་གྲྭའི་འབྱུང་འགྱུར་གྱི་ཆེད་གསོད་མཁན་དང་། འབྲེལ་ཡོད་རྣམས་ཁྲིམས་ལ་སྦྱར་དགོས་ཞུས་པ་དེས་སློབ་གྲྭ་ལ་གང་ཡང་མི་གནོད། རྒྱུ་མཚན་ནི་ཀླད་རྙིང་མཁྲེགས་བཟུང་སྙིང་རྗེ་དང་བརྩེ་བ་སྤུ་ཙམ་མེད་པ་དེ་ཚོ་གཙང་མ་བཟོ་ཐུབ་ཚེ་ད་གཟོད་སློབ་གྲྭ་དེ་བཞིན་ཡར་རྒྱས་ཀྱི་ཕྱོགས་ལ་བསྐྱོད་ངེས།
མིའི་སྤྱི་ཚོགས་ཁྲིམས་ཀྱིས་སྐྱངས་པ་ནི་དེང་རབས་ཀྱི་ལུགས་བཟང་ཡིན།
སློབ་གྲྭའི་ནང་ཉེས་རྡུང་དབང་ཡོད་བཏང་ན་ཀླ་ཀློའི་སྤྱོད་ངན་རེད། སུ་ཇ་བ་ཚོ།
མཆན་དང་ལོ་རྒྱུས་ཁག་ལ་བལྟས་ན་སློབ་གྲ་དེས་འཛིན་སྐྱོང་ཡག་པོ་མེད་པ་གསལ་པོ་མཐོང་སོང་། སྤྱིར་ང་ཚོའི་སྤྱི་ཚོགས་ནང་དགོན་པ་གྲ་ཚང་ནང་ན་ལ་མི་ངན་དབང་འཛིན་རྒྱུ་ཤེད་དཔུང་ངོམ་ཁྲིམས་མེད་ལུངས་མེད་དཔེར་ན་ཕ་སྤྲུལ་སྐུ་བུ་སྤུལ་སྐུ་བཞིན་ཚ་བོ་ཡང་སྤྲུལ་ཟོ་ནས་མགོ་སྐོར་དབང་སྒྱུར་བྱེད་མཁན་མི་ཉུང་བ་ཡོད། དེ་བཞིན་འགོ་ཁྲིད་མི་ངན་དེ་རིགས་ལྟབུ་སུ་ཇའ་སློབ་གྲྭའི་དབུ་དགེ་ལས་བྱེད་དེ་ཚོ་རྗེ་བོ་དང་ངོ་རྒོལ་ཐེར་མདོན་མ་བྱས་ན་སློབ་ཕྲུག་མ་གསད་མཁན་ལ་དཀའ་ངལ་ཡོད་ཡོད་རེད། རྡུང་རྡེག་མཚམ་ཆད་གི་མ་རེད་ཕ་མ་མེད་པའི་ས་མཐའི་ཕྲུག་གུ་དེ་ཚོ་ལ་སྲོག་སྐྱོབ་ཞུ་གི་ཡིན་གལ་ཆེ།
མི་ངན་དབུ་ལ་ཡོད། དཔང་སྒྱུར་རིང་ལུགས་ལ་ཐེར་འདོན་དང་ངོ་རྒོལ་དགོས།
སྟག་ར་ལགས་ཀྱི་སྐད་ཆ་དེའི་གོ་བ་ལོན་མ་སོང་། ངའི་སྐད་ཆ དང་འབྲེལ་བ་མེད་པའི་སྐད་ཆ་ཞིག་བཤད་འདུག ངས་སློབ་གྲྭའི་སྐོར་བཤད་པ་ལས་ཆོས་ལུག་གི་སྐོར་ལ་གང་ཡང་བཤད་མེད། དེས་ན་ཁྱེད་རང་གི་སྐད་ཆ་དེ་ལ་གསལ་བཤད་རེ་བྱེད་རོགས།
འདས་པོའི་སྤུན་ཉེས་ཐུགས་བསམ་དེ་ལྟར་བཞེས་གནང་བ་ནི་ངོ་མ་ཧ་ལས་པའི་བློ་རྒྱ་དང་ལྷག་
བསམ་ལ་རྒྱ་བྱང་ཆུབ་སེམས་རྒྱུད་ལ་དངོས་སུ་སྐྱེས་བསྡད་པའི་རྣམ་པ་ལྟ་བུ་ལ་མོས་གུས་ཞུ་བ་
དང་ཆབས་ཅིག་དོ་བདག་ཡིད་ཚིམས་པ་བཞིན་ཁྲིམས་ལུགས་ཡང་དེས་འཚིམ་བསྡད་པ་ལྟ་བུ་གསུངས་
འདུག་པས་དེ་ནི་ཤིན་ཏུ་ཡ་མཚན་ཆེ། གང་ཞེ་ན་ཀུན་སླང་གི་ཚོར་སྣང་ཁོ་ནར་གཞི་བཅོལ་དགོས་ན་
གློག་འཁོར་ཁ་ལོ་བ་དེ་ཚོ་ཡང་རང་ཉིད་ཕུང་མི་འདོད་པ་དང་གཞན་གྱི་སྲོག་ལ་ཉེན་ཁ་མི་འདོད་པ་
གཅིག་མཚུངས་ཡིན་གྱི་རེད་། སློབ་གྲྭའི་སྒྲིག་འགལ་ཙམ་ལ་རྡུང་སྡིགས་དང་ཕྱིར་ཕུད་ཡོད་བསྡད་
པ་དང་སློབ་ཕྲུག་གསོད་མཁན་ལ་ཀུན་སློང་གཙོ་བ་རེད་ཅེས་བཤད་མི་ཤེས་པ་ལྟ་བུར་རེད་ལ་ཤིན་ཏུ་
ཡ་མཚར་བ་ཞིག་ཀྱང་རེད། ཨ་ལ་ད་བཤད་ཁ་ཐལ་དྲགས་པ་ཡིན་གྱི་རེད་དེ་མི་གསོད་མཁན་ཞིག་
སྐྱོན་མེད་གྲལ་འཇོག་དགོས་ན་མིའི་སྤྱི་ཚོགས་ནང་ཁྲིམས་ཞེས་པ་དེ་བཤད་བདེ་པོ་མེད་པས་མ་ཚད་
ཁ་ནས་ཁྲ་དང་ཁྲིམས་ཞེས་བརྗོད་པ་ལས་དོན་དུ་ངོ་མཚར་ཞིང་མཆོག་སྒྲིབ་ཟད་རྣལ་འབྱོར་བའི་
མཛད་པ་ཁོ་ནར་གྱུར་ཞིང། ཕྱིའི་སུ་སྒྲིག་ཁྲིམས་དང་མཐུན་རྐྱེན་སོགས་ཡར་རྒྱས་ཀྱི་རྣམ་པར་
འབད་རྒྱུ་ཡང་གོང་གི་རྣམ་འབྱོར་བ་དེའི་མཛད་པར་འགྱུར་རྒྱུ་རང་ཡིན་གྱི་རེད་སྙམ།
ལུང་རྟོག་ལགས། འདི་བན་བོན་གྱི་ཆོས་ལུགས་མ་ཤེས་ནས་རྐྱེན་ངན་འདི་བྱུང་བ་རེད། ཕ་ཡུལ་གངས་ཅན་དུ་མ་བསྡད་པར་རྒྱ་གར་དང་ཕྱི་ལོག་ཅིག་ནས་སློབ་སྦྱོང་བྱ་དགོས་བསམ་ནས་ཐག་རིང་ནས་ཡོང་བ་རེད། དགྲ་ནག་གི་ཁ་ལས་ཐར་ཀྱང་། སྤུན་ཟླས་བསད་པ་རེད། ད་དུང་མང་ནི་རེད།
གནམ་ས་གཉིས་མཁྱེན་ནོ། ཉི་ཟླ་སྐར་གསུམ་་མཁྱེན་ནོ། འབྱུང་བ་ལྔ་མཁྱེན་ནོ། ད་ཁོ་ཚོས་ཡང་་་་བོད་མི་ཞིག་་་་དམར་གསོད་་་་བཏང་ཚར་འདུག་བ། ཚེ་སྔར་ནས་བཟུང་དེ་་་དུས་དེ་རིང་གི་བར་དུ་་་དམར་གསོད་་་གཏོང་རྒྱུ་དེ་མཚམས་འཇོག་རྩ་བ་ནས་བྱེད་ས་མ་རེད། ཞང་ཞུང་རྒྱལ་པོ་དམར་གསོད་བཏང་བ་རེད། བོད་ཀྱི་རྒྱལ་པོ་དམར་གསོད་བཏང་བ་རེད། རྒྱལ་རོང་རྒྱལ་པོ་དམར་གསོད་བཏང་བ་རེད། བེ་རུ་རྒྱལ་པོ་དམར་གསོད་བཏང་བ་རེད། ཧོར་སྤྱི་ཁྱབ་རྒྱལ་པོ་དམར་གསོད་བཏང་བ་རེད། གཞན་བླ་མ་དང་སྤྲུལ་སྐུ་་་་མི་ཆེན་དཔོན་ཆེན་་་དེ་ཚོ་གྲངས་ཀ་བརྒྱབ་ཚོད་ཡོད་མ་རེད་བ། དོ་ངོ་མ་ཤ་ཚ། སྙིང་རྗེ།
ཨ་ཨ་་་་འདས་པོ་ཁོང་ནི་སྙིང་མ་རྗེ་་་་་ལག་དམར་ཁོང་ཚོ་ཡང་སྙིང་མ་རྗེ་་་་ད་ཆི་ཟིག་ཡེད་ཨེ་རེད་་་་དཀོན་མཆོག་གསུམ་པོ་མཁྱེན་ནོ།
སྲས་བཅས་རྒྱལ་བར་སྙིང་ནས་གསོལ་བཏབ་མཐུས། །
གཤིན་པོའི་ལམ་སྣ་འདྲོང་བ་བྱིན་གྱིས་རློབས། །
ཕྱི་ལུས་ལག་དམར་དག་ལ་ཐུགས་རྗེས་གཟིགས། །
གནས་ཚུལ་འདི་འདྲ་སླར་ཡང་མེད་པ་མཛོད། །
མཆན་མཁན་ཚང་མས་ཉན་རོགས། དོན་རྐྱེན་འདི་འཁོད་པ་པོས་དངོས་ཡོད་དང་བདེན་ཚོད་ཐོག་ནས་བཀོད་པ་ཐུགས་རྗེ་ཆེ་གནང་ཞུ་འདོད་བྱུང་། དེ་མིན་དྲ་མཆན་པ་མང་ཆེ་བས་དཀྲུག་ཤིང་དང་དབྱེན་སྦྱོར་ཁོ་ན་སྤེལ་འདུག་པ་ལས་བསམ་བློའི་རྒྱ་ཧ་ཅང་ཆུང་ས་ནས་བཀོད་འདུག ཁྱེད་ཅག་གིས་མཆན་བུ་བཀོད་པ་དེའི་དམིགས་་ཡུལ་བཟང་ཕྱོགས་སུ་མི་འཛིན་པར་ད་དུང་དོན་རྐྱེན་དེའི་མེ་སྒང་ལ་སྣུམ་གྱི་དཔེ་བཞིན་འདུག ངོ་མའི་བོད་མི་ཞིག་ཡིན་ན་སྤྱི་ཚོགས་འདི་ལ་བསམ་རྒྱ་འཁྱེར་ན་རྐྱེན་དེ་བཟང་ཕྱོགས་ནས་འཇགས་ཐབས་དང་ཚང་མ་ཕན་པའི་ལས་ཤིག་གི་སྟེང་ལ་འགྲོ་ཐབས་བརྩོན་དགོས་པ་འདུག གུས་མོ་ཡང་སློབ་གྲྭ་དེའི་བཀའ་དྲིན་དང་ཐུགས་རྗེ་ལམ་ནས་སྤྱི་ཚོགས་སྟེང་གོམ་པ་སྤོ་ཐུབ་པ་བྱུང་བ་ཡིན་ལ། གང་ཡང་མེད་པའི་གསར་འབྱོར་བ་ཚོས་ལག་པ་མཆན་སྟོང་དུ་བཅུག་ནས་སློབ་གྲྭ་འདི་ལ་རེ་བཅོལ་བྱས་པ་ལྟར་ཟས་རིན་མི་དགོས། གྱོན་རིན་མི། དཔེ་རིན་མི་དགོས་གང་དགོས་ལྷུན་གྱིས་གནང་བ་འདི་མི་ཚང་ཞིང་ལ་བསམ་ཞིབ་བྱས་ན་ཡང་ཅུང་དཀའ་བའི་གནས་ཤིག་ཡིན། དེ་བས་ཚང་མོའི་ད་དུང་སློབ་གྲྭའི་མ་འོངས་པའི་ཆེད་སློབ་ཕྲུག་སྟོང་མང་པོ་འཚོ་སྐྱོང་བྱེད་སའི་གནས་འདི་ལ་བསམ་བློ་གཏོང་དགོས་པ་ལས་དོན་མེད་དཀྲུག་ཤིག་ཉོག་བཤད་དག་མི་དགོས་པའི་ཚོད་རེད།
དྲ་གྲོགས་བཀྲ་ཤིས་ལགས་ནས་དོན་འཁེལ་བའི་བསླབ་བྱ་གནང་པ་འདི་ལ་ང་ཚོ་ཚང་མས་མིག་དཔེ་དང་བློ་བསྐྱེད་ཡོང་བ་བྱེད་དགོས།
བཀྲ་ཤིས་དེང་དུས་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་གལ་ཆེ།།
མ་འོངས་བར་སློབ་གྲྭ་ཆེ་ཆུང་ག་འདྲ་ཞིག་ཡིན་ཀྱང་། ལས་ཀྱི་སྣེ་མོ་བ་དགེ་སློབ་མཐོ་དམན་དྲག་ཞན་ཚང་མའི་དྲག་སྤྱོད་ཀྱི་ལས་མི་སྤེལ་བར་ཡ་རབ་བཟང་སྤྱོད་ཀྱི་སྒོ་ནས་སློབ་གསོ་དང་སླབས་བྱ་གནང་སྟེ། འཛམ་གླིང་སྤྱིའི་འགྲོ་སྟངས་དང་མཐུན་པའི་སློབ་མའི་སེམས་པ་འདུལ་ཐབས་ཡོང་བའི་རེ་འབོད་ཞུ་བཞིན་ཡོད། མཆན་༡༦༽ དེའི་བསམ་ཚུལ་ཤིན་ཏུ་ལེགས་ཐུགས་རྗེ་ཆེ།
ཐུབ་བསྟན་ལགས་་་་་ཁྱེད་ཀྱི་ཁ་དཔར་ཨང་གྲངས་ཟིན་བྲིས་ནང་དུ་བཞག་རོགས་བྱོས་དང་་་་ཁྱེད་ལ་སྐད་ཆ་ཞིག་འདྲི་དགོས་ཀྱི་འདུག་པས་ཡིན།
སློབ་ཕྲུག་དེའི་སྐོར་ཡིན།
ཁྱེད་ཀྱིས་དཀའ་ལས་བརྒྱབས་པར་རྗེས་སུ་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུར་ཡིན།
ཅོག་རོ་ཉི་མ་ལགས། ཅོ་རི་ཞེས་བྲིས་ན་མིང་འགོ་རྔ་གཉིས་ཀ་ནོར་བ་ཡིན་པར་འདོད་པས་ཅོག་རོ་ཉི་མ་ཞེས་འབོད་པ་ཡིན། ཧཧཧ་རྩེད་མོ་ཡིན། ངའི་ཁ་པར་ཨང་གྲངས་ནི་རྒྱ་གར་རྒྱལ་སྤྱིའི་ཨང་རྟགས་མནན་རྗེས་༩༨༨༢༨༠༨༧༠༤ཞེས་མནན་ཐད་ཀར་ང་ལ་འཕྲོད་ངེས།
སྤྱིར་ཞིབ་འཇུག་ཅིག་བྱས་ན་དགའ་ནི་རེད། བོད་ནས་འབྱོར་བའི་བུ་ཕྲུག་ཚོར་ཤེས་ཡོན་ཁུངས་འཁྱོལ་བ་ཞིག་འབྱོར་ཐུབ་ཀྱི་མེད་ཁར། ཐ་ན་གྲོད་ཁོག་ཀྱང་རྒྱག་གི་ཡོད་པ་མ་རེད། གནད་དོན་འདི་ནས་དྲངས་པའི་བོད་ཁྱིམ་གྱི་ཤེས་ཡོན་ཉམས་ཆག་སོགས་ཕྱོགས་གར་སར། སྐུའི་གཅུང་མོ་རྗེ་བཙུན་པད་མ་ནས་འགོ་བཙུགས་ཏེ་ཞིབ་འཇུག་ཅིག་བྱས་ན་ཡག་ཤོས་རེད། དེ་ལྟར་བྱས་ན། ག་རེ་བྱས་ནས་བོད་དབྱིན་གཉིས་ལ་ཁུངས་འཁྱོལ་མཁན་མ་བྱུང་བ་དང་། གྲོད་ཁོག་མི་རྒྱག་པ་དང་ཟས་ངན་ངོན་ཡིན་པའི་དཔལ་འབྱོར་གྱི་གནས་བབ་ཀྱང་གསལ་ཁ་ཡོང་གི་རེད། ད་ང་ཚོས་བཅིངས་འགྲོལ་བཏང་ན་འདི་ལྟར་བཏང་། དེ་མིན་སྐུ་མདུན་གཅིག་པུས་ཕྱི་གསལ་ནང་གསལ་དང་ལྷག་བསམ་རྣམ་དག་བྱས་པ་ལ་དྲིན་ལན་ལོག་འཇལ་རང་རེད། དེ་ཀུན་གྱིས་དགོངས་པར་འཇགས་རོགས།
ལུང་རྟོགས་ལགས་སུ་ཆེད་ཞུ། དགོངས་འགལ་མེད་པར་མཁྱེན། ངས་འདིར་འབྲི་ནོར་བྱུང་བཞག མཆན་ཨང་ཞེ་གཅིག་དང་ཞེ་གསུམ་པ་གཉིས་ནོར་འདུག འདི་ནི་ཕྲན་རང་བྲེལ་མྱུར་གྱིས་བྲིས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ངོ་མ་བཟོད་གསོལ་ཁོ་ན་ཞུའོ། དགོངས་པ་ཅི་ནས་ཀྱང་དྭངས་པའི་རེ་བ་ཞུ། ངའི་ཕྱོགས་སྔ་ནི་དོན་ལ་མཆན་འགོད་ཞེ་གསུམ་པ་གངས་ལྷ་ཟེར་བའི་མི་ངན་དེ་ཁོ་ནའོ།
གྲོགས་ཐུབ་བསྟན་ལགས་ཀྱིས་གནས་ཚུལ་ཆ་ཚང་ཞིག་བཀོད་པར་ཐུགས་རྗེ་ཆེ་ཞུ་ སློབ་གྲྭའི་དགེ་ལས་དང་ གསར་ལམ་ཁག་ཁ་ཤས་ཀྱིས་གནས་ཚུལ་འདི་བསང་ཐབས་བྱེད་བཞིན་ཡོད་ དེ་ནི་སློབ་གྲྭའི་མ་འོང་པའི་ཆེ་མཐོའི་ཆེད་ཡིན་ཟེར་ དེ་ནི་སྐྲ་བྲེགས་ནས་ཚེས་གྲངས་ལྟ་བ་བཞིན་དུ་སོང་མི་འདུག་གམ་ སློབ་གྲྭ་ནི་སློབ་མའི་ལུས་སེམས་གསོ་སྐྱོང་བྱེད་ས་ཡིན་པས་མ་འོང་སློབ་མའི་ལུས་སེམས་ལ་མི་གནོད་པའི་སྒྲིག་གཞི་ཞིག་ངེས་པར་གཏན་འཁེལ་བྱེད་དགོས་སྙམ
སྤྱིར་བཟང་ཕྱོགས་ཀྱི་རྣམ་པ་ནི་འགྲོ་བ་ཕལ་ཆེར་མེད་དུ་མི་རུང་བའི་དངོས་རྫས་ཤིག་སོང་ཙང་
དེ་མང་དྲགས་པས་སྐྱོན་མེད་དགོས་པ་ལྟ་བུར་ཡིན་ནའང་ཧ་ཀྱང་གིས་ཚོད་འཛིན་མེད་པར་བེད་སྤྱད་
དྲགས་ན་རྩི་བཅུད་དུག་འགྱུར་བ་ལྟར་རང་གཞན་གཉིས་ཕུང་གི་རྒྱུ་རུ་མི་འགྱུར་བའི་ངེས་པ་མེད་དོ།
རྒྱལ་སྲས་ལག་ལེན་གྱིས་གྱོ་ཁ་རང་གི་ལེན་པ་དང་། རྒྱལ་ཁ་གཞན་ལ་སྟོད་པའོ་ཞེས་གསུང་པ་བཞིན་རྒན་བདག་གཉིས་ཁྲིམས་ལ་སྦྱར་ན་ཤི་བོ་ལང་ཡག་ནི་ཡོད་མ་རེད་དེ་ལས་རྨོ་ལམ་ཡག་པོ་བརྒྱག་མའོང་པར་གང་བྱེད་དགོས་པའི་སློབ་གྲྭའི་སྒྲིག་གཞི་ལ་བསྐྱར་ཞིབ་ཡག་པོ་ཞིག་བྱེད།། རྒན་བདག་གི་ཕ་རོལ་བ་ལ་བསམ་བློ་མ་བཏང་བ་བརྡུང་པ་དེ་ཡག་པོ་མ་རེད་ མ་བརྡུང་ན་བོད་པ་དང་བལ་པོ་འབྲུག་པ་ཚོ་སྐད་ཆ་བཤད་ནས་ཉམ་ཤེས་མ་རེད་མ་ཟད་གདན་ས་ཁག་ལ་དངོས་གནས་ཉེས་རྡུང་ཧ་ཅང་སྡུག་པོ་བཏང་ཀྱི་ཡོད་རེད་། དབང་པོ་མ་ཚང་བ་དང་ནད་པ་བཟོས་པ་གྲང་མེད་རེད་དེས་ཡིན་ན་བསོད་ཉོན་ཡོད་མ་རེད། གཙོ་བོ་ཆེ་ས་ལ་བསམ་བློ་བཏང་དགོས་རེད་་།
གྲོགས་སྟག་ར་ལགས། གུས་པས་དངོས་ཡོད་གནས་ཚུལ་ཙམ་བཤད་དེ་ཀུན་ལ་འབོད་སྐུལ་ཙམ་ཞུས་པ་ཡིན་གྱི་ཉིད་ཀྱིས་གསུངས་པ་ལྟར་ཆོས་ལུགས་རྩོད་གླེང་གི་སྐོར་གང་ཡང་བྲིས་མེད། ད་དུང་དེ་དང་འབྲེལ་ཡོད་ཀྱི་ལས་བྱེད་ཚོར་ཅུང་སྨོད་པར་ཐལ་བས་སྐུ་ཉིད་དེ་གའི་ལས་བྱེད་ཡིན་ན་དགོངས་པར་ཅིས་ཀྱང་དག་གནང་ཡོང་བར་མཁྱེན། བདག་གིས་ལྷག་བསམ་རྣམ་པར་དག་པའི་སྒོས་ཕྱིས་འབྱུང་རིགས་འདི་རྣམས་དུས་དང་རྣམ་པ་ཀུན་དུ་མི་འབྱུང་བའི་རེ་སྐུལ་སེམས་གཏིང་ནས་ཐལ་བས་རྩོད་པ་ནི་མིན་པར་སེམས། འོན་ཀྱང་།
ཉིད་ཀྱིས་དེ་ལྟ་དེ་ལྟར་མིན་པར་འདོད་ན་རྒྱུ་མཚན་འགོད་གནང་ཡོང་བའི་རེ་འདུན་ཞུའོ།
གལ་སྲིད་ལག་དམར་ཁྲིམས་ལ་སྦྱར་ནས་འདས་པོར་མཆོད་འབུལ་མ་བྱས་པ་ཡིན་ན། བོད་ནས་སློབ་མ་རྒྱ་གར་ནང་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་མ་ཟད། གཅིག་བྱས་ན་རྦད་དེ་ཡོང་མཁན་མེད་པ་ཆགས་མི་སྲིད་པའང་མིན་པས། ཧ་ཅང་གི་ཛ་དྲག་རེད་ལ། མི་བསད་དོན་རྐྱེན་འདིར་བརྟེན་ནས་མང་པོ་ཞིག་གིས་བོད་ནང་རྒྱ་གར་ནང་སློབ་འཇུག་མ་གནང་རོགས་ཞེས་འབོད་བསྐུལ་གཏོང་བཞིན་པའང་གང་སར་འདུག་སྐད།
དྲ་གྲོགས་ཚོའི་གནད་དོན་གཅིག་གི་ཐོག་ལ་ཡིད་ཟབས་བྱུང་མི་འདུག་ །། སུ་ཇ་སློབ་གྲ་ནས་ལོ་རེའི་སློབ་གྲའི་སློབ་མ་ཕྱིར་འཕུད་བཏང་བའི་གྲངས་ཚད་ནི་བཙན་བྱོལ་གྱི་སློབ་གྲ་ཁག་ནས་་་་་་སློབ་མ་ཕྱིར་འཕུད་བཏང་བའི་གྲངས་ཚད་མང་ཤོས་དང་སློབ་མའི་གྲངས་འབོར་ལ་ཞིག་པའི་འཛམ་གླིང་ནང་ནས་སློབ་མ་ཕྱིར་འཕུད་བཏང་བའི་གྲངས་ཚད་མཐོ་ཤོས་དེ་ཆགས་ཡོད་།། སུ་ཇ་སློབ་གྲ་ནི་བོད་ནས་གསར་དུ་འབྱོར་བའི་སློབ་མ་ཤ་སྟག་ཡིན་ཞིང་་་་དེའི་སྔོན་བོད་ནས་ཤེས་ཡོན་གོ་སྐབས་ཁྱོན་ནས་ཐོབ་མྱོང་མེད་པའི་སློབ་མ་ཞིག་ཡིན་ཚེ ་་་སློབ་མའི་གྲངས་འབོར་བརྒྱ་ཆ་བདུན་བཅུ་ནས་བརྒྱད་བཅུ་བར་་ཕྱིར་འཕུད་སམ་ཡང་ན་མུ་འཐུད་ནས་སློབ་སྦྱོངས་གི་གོ་སྐབས་ཐུབ་གི་མེད་་།།
མ་གཞི་ད་ལྟ་འཛམ་གླིང་ཡོངས་གློག་ཆས་ཀྱི་དུས་རབས་འདིར་ཁ་ཕྱོགས་ཏེ་ཡོད་ནའང་། སུ་ཇཱ་ཟེར་བ་འདིའི་ནང་དུ་འགྲོ་བ་མིར་མཁོ་བ་དང་། སློབ་སྦྱོང་དང་འབྲེལ་བ་ཧ་ཅང་ཟབ་པའི་གློག་ཆས་རིགས་ག་འདྲ་ཞིག་ཡིན་ནའང་སློབ་མས་སྤྱོད་ཆོག་པའི་བསམ་བློ་གཏོང་གི་མེད། དཔེར་ན། གློག་ཀླད་དང་། ཁ་པར། གློག་འཕྲིན། བརྙན་འཕྲིན། ཨིན་ཕིས་གསུམ་པ་སོགས་རེད། གཞན་ཡང་། ཟླ་བ་གཅིག་ནང་ཐེངས་གཅིག་ལས་སྒོ་ཕྱིར་འབུད་ཐུབ་ཀྱི་མེད། བྱེད་སྟངས་འདི་ཚོ་བོད་ནས་གསར་དུ་འབྱོར་མ་ཐག་པའི་སློབ་མ་ཚོས་ཧ་ལས་པའི་དཀའ་ལས་འདུག་ཅེས་ཤོད་ཀྱི་འདུག ཏག་ཏག་རྒྱ་མཚན་འདི་དག་ལ་བརྟེན་ནས། སློབ་གྲ་འདི་ནས་རྩ་དགོངས་ཞུ་མཁན་ཧ་ཅང་མང་པོ་རེད། མང་པོ་མང་པོ་ཞིག་ཟླ་བ་ཁ་ཁེར་ལས་འདུག་ཐུབ་ཀྱི་མི་འདུག ལྷག་པར་དུ། སློབ་མའི་ཟ་མ་འདིར་ཅིག་ལྟོས་དང་། སྔོན་མ་འདིར་སློབ་ཕྲུག་སྟོང་ཚོ་གཉིས་ལྷག་ཡོད་དུས། ཀྲིང་མོག་རེ་རེ་ཅན་རེད་ལ། ད་ལྟ་འདིར་སློབ་ཕྲུག་ཆིག་སྟོང་ཟིན་ཙམ་ལས་མེད་ནའང་། ད་དངུ་ཡང་ཀྲིང་མོག་མོག་རེ་རེ་ལས་སྤྲོད་ཐུབ་ཀྱི་མེད། འདི་ཚོ་དངོས་གནས་འགྱུར་བ་བཏང་ནས། བོད་ནས་ཚུར་གཏོང་མཁན་དང་ཡོང་མཁན་ཚོའི་ཐུགས་སེམས་མ་ཕམ་པ་བྱེད་ངེས་པར་དགོས།
མཆན་བུ་འགའ་ཤས་ལ་ཀློག་དུས་དངོས་གནས་འཇིག་ཡེར་བ་འདུག སློབ་གྲྭ་དང་སྲང་ལམ་ནི་རྦད་དེ་ལོག་གར་རེད། སློབ་གྲྭའི་ནང་ཁྲིམས་དང་སྒྲིག་གཞི་ལོས་ཡོད། གློག་ཆས་ཉར་མི་ཆོག་པ་དང་སློབ་གྲྭའི་རྒྱལ་སྒོ་ཐོན་མི་ཆོག་པའི་མཆན་བུ་མང་པོ་འདུག་པར་བསམ་ཚེ་མཆན་བུ་བ་དེ་ཚོའི་བསམ་བློ་གོར་ཐིག་རེད།
འོན་ཀྱང་སློབ་གྲྭའི་དབུ་འཛིན་དང་ཁྱིམ་ཚང་འགན་འཛིན། དེ་བཞིན་ནད་གཡོག་སོགས་ལས་བྱེད་ཁ་ཤས་ཁྱི་འདྲ་འདུག ཁྱིམ་ཚང་འགན་འཛིན་དེས་དབུ་འཛིན་དང་འགབ་མཐུན་བྱས་ནས་སློབ་མའི་སྦྱིན་བདག་གི་བསྐུར་བའི་ཅ་ལག་སློབ་མར་མི་སྤྲོད་པ་སོགས་ཀྱི་བྱ་སྤྱོད་ནི་རྒྱུན་གཏན་རེད།
གསོད་མཁན་དེ་མི་ངན་ཞིག་རེད།
ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ
སློབ་གྲྭ་དེ་ཚོགས་འདུ་ཚོགས་ནས་རྒན་བདག་གཉིས་ཕྱིར་འབུད་བྱ་རྒྱུ་བྱས་པ་ལས་འབྲེལ་ཡོད་འགན་འཛིན་སོགས་ལ་ཉེས་ཆད་མེད་པ་ཡ་རེ་མཚར། བྱེད་སྟངས་དེ་ཁོ་ནས་བོད་ཁྱིམ་གྱིས་ཁྲིམས་དྲང་པོ་ཞིག་ལག་ལེན་བསྟར་བཞིན་མེད་པ་གསལ་སྟོན་བྱས་ཡོད། ཁྲིམས་ཞེས་པ་དེ་འགོ་འགན་འཛིན་ནས་བཟུང་ཚང་མ་ལ་ཁྱབ་དགོས་པ་ཞིག་ལས་སློབ་ཕྲུག་ཁོ་ན་ཕྱིར་འབུད་བྱ་རྒྱུ་བྱས་པ་ནི་དྲང་པོ་མ་རེད། ཡིན་ན་ཡང་སྟབས་ཡག་ནས་འདས་པོའི་སྤུན་མཆེད་རྣམས་ཀྱིས་བསམ་ཤེས་བྱས་ནས་རྒན་བདག་གཉིས་ལ་གུ་ཡངས་བྱུང་བ་དགའ་འོས་པ་ཞིག་རེད། ཅིག་བྱས་ན་ལྷན་ཚོགས་ཐོག་ཐག་གཅོད་དྲང་པོ་མ་བྱས་པ་ཤེས་པ་ཡིན་རྒྱུ་རེད་སྙམ། ད་དུང་སློབ་གྲྭ་དེ་ཡག་པོ་བྱུང་དགོས་ན་སློབ་ཕྲུག་རྣམས་གྲོད་ཁོག་རྒྱགས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་མོད། བློ་ཕམ་པ་ཞིག་ལ་དེའི་ཐད་དགེ་བཤེས་ཁོང་ཚོས་གང་ཡང་བཤད་ཡོད་ཚོད་མི་འདུག
འདས་པོའི་དོན་དུ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲི། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲིཿ
བཙན་བྱོལ་གྱི་སློབ་གྲྭ་ཁག་ལ་མི་བསད་པའི་དོན་རྐྱེན་དང་སློབ་མ་ཕྱིར་ཕུད་ཀྱི་གནས་ཚུལ་བྱུང་བ་འདི་དག་ནི་བསམ་བློའི་སློབ་གསོ་མེད་པའི་དཀའ་ངལ་གྱི་འོག་ནས་བྱུང་བ་ཞིག་ཡིན་རྒྱུ་རེད།
སྲོག་ལན་སྲོག་གིས་འཇལ།། ཉེས་ཅན་ཁྲིམས་ཀྱིས་བཅུན།། གྲོགས་སྐད་ཆ་མ་མང་།། ཁ་རོག་པོར་མ་འདུག། མི་གསོད་མཁན་ལ་མ་གཏོགས་སུ་ལའང་ཁག་མེད་།
ད་དུང་མི་སྲོག་ལག་དམར་དེ་ཚོ་ཐར་པ་བཏང་པ་ལ་ཁྱོད་ཚོ་སུས་ཀྱང་འགྲིག་མི་འདུག་ཟེར་མཁན་མེད་པ་དེ་ཡ་མཚན་རྒྱ་གར་ཡུལ་ཁྲིམས་གཞིར་བཟུང་གི་ཁྲིམས་ཆད་ཅི་ཡོད་བྱེད་དུ་མ་བཅུག་པ་དེ་སྐྱི་གཡའ་བ་འབའ་ཞིག་གོ།
གལ་ཏེ་སུ་ཇ་སློབ་གྲའི་རྒན་བདག་དེ་ཚོས་སློབ་མ་རྡུང་སྟངས་རྒྱ་མིས་བོད་དོན་ལས་འགུལ་བ་ཚོར་ཉེས་ཆད་གཏོང་སྟངས་དང་གཅིག་མཚུངས་ཡིན་ན་དེའི་ལན་ཁག་སྐུ་ངོ་དེ་ཚོར་ཡོད་ལུགས་བཤད་པ་དེ། ཁོང་ཁྲོ་ཁྱི་ལ་ལང་ནས་རྡོག་པོ་གཡག་ལ་རྣུན་པ་མ་ཡིན་ནམ། ཁོང་ཁྲོ་ལང་ས་དེར་ཁོང་ཁྲོ་མ་ལང་པར་འབྲེལ་མེད་དོན་གཞན་རྐྱང་རྐྱང་བཤད་ཡག་དེ་ག་སྐྱག་ལང་ལ་ཤོར་བའི་ལན་པ་ཡིན་སྲིད་པ་མ་ཡིན་ནམ་སྙམ་མོ།
དྲ་གྲོགས་ལྷན་རྒྱས་ནས་དགོངས་ཚུལ་ལྷུག་པོར་གསུངས་གནང་པར་སྙིང་ནས་འདུད་དོ།
འདི་ལྟར་རྡུང་ནས་གསོད་པ་ལས།
གསོག་སྒར་གྱི་སྒྲིག་ཁྲིམས་ལྟར་ཕྱིར་ཕུད་བཏང་ན་ཡག་པོ་མ་རེད་དམ།
ངོ་མ་བཤད་སྲོལ་མི་འདུག
ཚེ་འདས་དེ་ཉིད་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཚེ་འདས་དེ་ཉིད་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ། ཨོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ངས་བལྟས་ན་གཤིན་པོ་ཁོང་ལ་རྒན་བདག་དང་ཕྱགས་རོགས་གཉིས་ནས་རྡུང་སེམས་ཀྱིས་བརྡུངས་ཀྱང་གསོད་སེམས་དངོས་གནས་ཡོད་རྒྱུ་མ་རེད་སྙམ་འོན་ཀྱང་འཇིག་རྟེན་གྱི་ཁ་དཔེར། ལས་བསམ་བཞིན་མ་བྱས་གསོག་བཞིན་བྱས། རྡོ་གཡའ་མའི་སེར་ག་ཐད་ནས་གས་ཞེས་པ་དང་གཅིག་མཚུངས་ཡིན་སྲིད། གང་ལྟར་གཤིན་པོའི་ཉེ་མཛའ་རྣམས་དང་སུ་ཇཱ་སློབ་གྲྭ་རང་གི་འགན་གཙོ་རྣམས་ཀྱིས་དོན་རྐྱེན་དེའི་སྐོར་གཙང་སེལ་བྱས་ཟིན་པས་སླར་ཡང་རྐྱེན་ངན་དེའི་དབང་གིས་སློག་གྲྭ་དེ་དང་སྤྱི་ཚོགས་ནང་རྩོད་རྙོགས་མི་ཡོང་བའི་རེ་བ་རྒྱག་གིན་ཡོད།
རྐྱེན་འདས་སུ་སོང་་ནས་བདུན་ཚིགས་ལོངས་པའི་དུས་འདིར་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
སུ་ཇ་སློབ་གྲྭའི་སློབ་མ་རྣམས་བོད་ནས་ཕ་མ་ཁ་བྲལ་ནས་འདི་ག་མི་ཡུལ་ལུང་པར་༧གོང་ས་མཆོག་མཇལ་ཁ་དང་སློབ་གཉེར་གནང་ག་ཕེབས་པ་ལས་ཐུབ་ཚོད་དང་གནར་གཅོད་ལེན་ག་བསླེབས་མེད། སུ་ཇ་ཡི་འགན་བདག་དང་དགེ་ལས་རྣམས་ཡང་བཙན་བྱོལ་གཞུང་གིས་སློབ་མ་དེ་དག་ལ་ཞབས་ཞུ་བསྒྲུབ་མཁན་དུ་བཀོད་ཡོད་པ་ལས་དེ་དག་གསོད་མཁན་དུ་བཞག་མེད། སྒྲིགས་གཞི་ཡི་ངོ་བོ་ནི་མི་ཡག་པོ་བཟོ་ཡག་ལས་མཚོན་ཆ་མེད་པར་མི་གསོད་ཐབས་ཀྱི་ཐབས་ལམ་མ་རེད། གཅིག་བྱས་ན་སུ་ཇ་སློབ་གྲྭའི་སྒྲིགས་གཞི་དེ་བོད་མི་གསོད་བྱེད་ཀྱི་ཐབས་ལམ་ཡིན་འགྲོ་་་་་་་ སུ་ཇ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་མ་འོངས་པ་སློབ་མ་ཚོ་ལ་འགན་ཡག་པོ་ཞིག་མ་འཁྱེར་ན་ད་དུང་གནས་ཚུལ་ཐབས་སྡུག་མུ་མཐུད་ནས་འབྱུང་ངེས་ཡིན། དེ་རིང་སློབ་མ་དེ་བསད་པ་ཙམ་མ་ཡིན་པར་འདས་པའི་གནས་ཚུལ་ནང་སློབ་མ་མང་པོ་རྨས་སྐྱོན་བཏང་ཟིན་པ་གོ་ཐོས་བྱུང་། སློབ་མ་མཁྱེན་རབ་ཀྱི་སྐུ་སྲོག་གིས་སུ་ཇ་སློབ་གྲྭའི་འགན་ཡོད་རྣམས་ལ་བསླབ་བྱ་གནང་པ་དེ་ཐུགས་ལ་བཅངས་རོགས། ལག་དམར་འགན་བདག་གཉིས་ཀྱིས་སྤྱི་འགན་ཁ་ལ་འཁྱེར་ནས་ད་དུང་མི་གསད་རོགས། སྡིག་ཅན་ཁྱེད་གཉིས་ལ་ཆོས་སྲིད་གཉིས་ཀྱི་ལམ་ནས་དཔང་པོ་མེད། དེ་གར་བཞུགས་པའི་སློབ་མ་གཞན་ནང་བཞིན་འགྲོ་བའི་སྤོབས་པ་ནི་དེ་ལས་ཅང་མེད། འགྱོད་པ་དྲགས་པོ་ཐོག་ནས་ཁྱོད་གཉིས་ཀྱིས་བསད་པའི་མཁྱེན་རབ་ལ་སྨོན་ལམ་གསོག་རོགས་
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཚེ་འདས་མཁྱེན་རབ་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཞུ།།
དངོས་གནས་ཞེ་སྐྱོ་ཞིང་ཡིད་ཕམ་སོང་།
གམར་གསོད་མི་གཏོང་ན་ཡང་ཕྱིར་ཕུད་གཏོང་དགོས་རེད། ད་ཡིན་ན་གཞིས་ལ་ཇི་ལྟར་འབྲེལ་བཤད་རྒྱག་རྒྱུ་ཡིན། སྐྱག་རྫུན་རྐྱང་རྐྱང་ཤོད་བསྡད་རྒྱུ་ཡིན་ནམ་་་་་
དངོས་གནས་ཞེ་སྐྱོ་ཞིང་ཡིད་ཕམ་སོང་།
དམར་གསོད་མི་གཏོང་ན་ཡང་ཕྱིར་ཕུད་གཏོང་དགོས་རེད། ད་ཡིན་ན་གཞིས་ལ་ཇི་ལྟར་འབྲེལ་བཤད་རྒྱག་རྒྱུ་ཡིན། སྐྱག་རྫུན་རྐྱང་རྐྱང་ཤོད་བསྡད་རྒྱུ་ཡིན་ནམ་་་་་
ད་ང་ཚོའི་སློབས་མ་གསོད་་མཁན་འགན་བདག་དེ་ཐེར་འདོན་བྱ་རྒྱུ་