ད་སོ་མ་གནས་ཚུལ་གོ་ཐོས་བྱུང་བ་ལ་གཞིགས་ན་ ཟླ་བ་ གསུམ་པའི་ཚེས་ ༡༤ ཞོགས་ཀའི་ཆུ་ཚོད་དགུ་བ་ཙམ་ལ། ཁྲིན་ཏུའུ་ཁུལ་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་གྲྭ་བ་བརྒྱ་སྐོར་ཞིག་རྒྱའི་དམག་མིས་འཇུ་བཟུང་བྱས་ནས་འཁྲིད་འགྲོ་གི་འདུག་ཟེར། དམག་མིས་སློབ་མ་ཚོ་གང་དུ་འཁྲིད་པ་དང་རྒྱུ་མཚན་ཅིའི་ཕྱིར་འཁྲིད་པ་སོགས་ད་ཆ་གསལ་པོ་མི་འདུག་ཟེར། གནས་ཚུལ་ཞིབ་གསལ་གོ་ན་འདིར་གསུངས་རོགས།
ཞིབ་གསལ་མ་གོ ཡིན་ནའང་ངས་ཚོད་དཔག་ཅིག་བྱས་ན་བོད་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་འཁོར་༥༠ལོན་པ་ཟེར་བར་སློབ་མ་ཚོར་བཙན་ཤེད་ཀྱིས་དགའ་བསུ་ཞུ་རུ་བཅུགས་ནས་ཁྱབ་སྒྲོག་བྱེད་པ་ཡིན་སྲིད་དམ། ཡང་ན་ཁོ་ཚོར་རྒྱལ་གཅེས་ཀྱི་སློབ་གསོ་སྤྲོད་པ་ཡིན་ནམ། ད་དུང་དེ་དང་དེ་འདྲ་བའི་དོགས་པ་མང་པོ་ཞིག་་་་་
བོད་ནང་ལ་ཁ་དཔར་བཏང་བ་ཡིན། གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་དཀའ་ངལ་འདུག བོད་མི་ཚོ་རྒྱུན་ལྡན་ནང་བཞིན་རེད་མི་འདུག སྐད་ཆ་ཡང་བསྐོར་ནས་མ་གཏོགས་བཤད་ཕོད་གིན་མི་འདུག རང་ང་བསྡད་ན་ཡང་འདུག་གི་མི་འཇུག་གི་ཟེར་ནས་མི་མང་བོ་གུང་ཁྲན་ལ་འཁང་སེམས་ཇེ་ཆེ་རེད། གོ་ཐོས་ལ་གྲོང་རི་དགོན་གཉིས་ཀ་དམ་དྲག་འོག་ན་འདུག་ཟེར། ངོ་རྒོལ་བྱས་མྱོང་ས་ཁག་ལ་དམག་མི་དང་གྲོང་གསེབ་ས་ཁུལ་ཁག་ཏུ་ལས་བྱེད་དེ་འདྲ་བཀྲམས་འདུག་ཟེར། ད་དངོས་གནས་འདུག་གི་འཇུག་ས་མ་རེད།
དངོས་ནས་ད་འདུག་གི་འཇུག་རྒྱུ་མ་རེད། རྒྱ་མིས་བཙན་གནོན་ཇེ་ཆེ་དང་ཇེ་ཆེ། ད་བོད་མིའི་སྙིང་སྟོབས་ཡང་ཇེ་ཆེ་རེད།
དགེ་འདུན་རབ་གསལ་གྱིས་《ད་སོ་མ་གནས་ཚུལ་གོ་ཐོས་བྱུང་བ་ལ་གཞིགས་ན་ ཟླ་བ་ གསུམ་པའི་ཚེས་ ༡༤ ཞོགས་ཀའི་ཆུ་ཚོད་དགུ་བ་ཙམ་ལ། ཁྲིན་ཏུའུ་ཁུལ་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་གྲྭ་བ་བརྒྱ་སྐོར་ཞིག་རྒྱའི་དམག་མིས་འཇུ་བཟུང་བྱས་ནས་འཁྲིད་འགྲོ་གི་འདུག་ཟེར། 》ཞེས་གནས་ཚུལ་གང་ནས་གོ་བ་ཅུང་ཙམ་ཡང་བཤད་ཀྱིན་མི་འདུག གསར་འགྱུར་འདི་ངོ་མ་ཡ་མཚན་པ་ཞིག་རེད། གསར་འགྱུར་འདི་ཡོང་སའི་ཕྱོགས་ཙམ་གླེང་རྒྱུ་མ་བརྗེད་ཅེས་དགེ་འདུན་རབ་གསལ་ལ་རེ་སྐུལ་ཞུ།
ངེད་ཀྱིས་གནས་ཚུལ་འདི་མ་བྱུང་སྔོན་རང་ལ་རང་གི་སློབ་གྲོགས་རྙིང་པ་དེར་ཁ་པར་བཏང་བ་ཡིན།
ཁོ་མོ་ཡང་དེའི་ཁྲོད་ཀྱི་གཅིག་རེད། འོན་ཀྱང་། ཁོང་ཚོ་དམག་མིས་འཇུ་བཟུང་བྱས་སོང་ཟེར་བའི་སྐད་ཆ་མི་འདུག
ང་ཚོ་དེ་རིང་དགོན་པར་མཇལ་དུ་འགྲོ་གི་ཡིན་ལབ་སོང་། ཅིའི་ཕྱིར་དྲིས་པར། སློབ་གྲྭའི་གཞུང་གིས་བཀོད་སྒྲིག་བྱས་བ་རེད་ཟེར་ལ་དེ་ལྟར་བྱེད་དོན་ཡང་བོད་རིགས་སློབ་མ་ཚོ་སློབ་
གྲའི་ནང་དུ་བཞག་ན། ན་ནིང་ནང་བཞིན་ཡར་ལངས་ཀྱི་དོན་རྐྱེན་དེ་འདྲ་འབྱུང་གི་རེད་སྙམ་པའི་དོགས་པ་བྱེད་ཀྱི་འདུག་ཟེར། ཨོ་ད་རླངས་འཁོར་སླེབས་སོང་། ངེད་གཉིས་ཀྱིས་རྗེས་ནས་སྐད་ཆ་བཤད་ཟེར། ངས་ཀྱང་ཡ་ཡ་ལབ་བཞིན་ཁ་པར་མཚམས་བཞག་པ་ཡིན། དོ་དགོང་ཡང་རང་གི་སློབ་གྲོགས་དེར་ཡང་བསྐྱར་ཁ་པར་ཞིག་གཏོང་བསམ་ནས་ཡོད། གནས་ཚུལ་ཞིབ་དུ་འདྲི་གི་ཡིན། དེ་ཙམ་རེད།
ཡིན་གཅིག་མིན་གཅིག་ལ་ཁ་པར་གཏོང་རོགས་ཞུ། བོད་ནང་དུ་ཁ་པར་འགྲོ་བཞིན་ཡོད་པ་ཡིན་ན་ངས་ཀྱང་ཁ་པར་ཞིག་གཏོང་འདོད་ཡོད།
དགེ་མཐོང་ལགས།
ངའི་གྲོགས་པོ་ཞིག་གིས་ཁ་པར་བཏང་ནས་གོང་གི་གནས་ཚུལ་དེ་བླངས་འདུག དེ་བས་གྲོགས་པོའི་མིང་ངོ་མ་འགོད་ཐུབ་མ་སོང་། དེ་ཙམ་ཡིན།
བོད་བཅིངས་བྱེད་ཀྱི་ཐག་པ་དམར་ན་གཉིས་ངོ་སྤྲོད་པ། དེང་སྐབས་རྒྱ་ནག་གིས་བོད་འདི་བོད་སྐུ་དྲག་གཞུང་གི་གདུག་རྩུབ་དང་མནར་གཅོད་ཆེན་པོའི་འོག་ནས་བཅིངས་གྲོལ་བཏང་ཟེར་བ་བདེན་པ་རེད། བོད་རིགས་མི་དམངས་འདིས་བོད་གཞུང་རྙིང་བའི་འོག་ནས་སྡུག་བསྔལ་ཁོ་ན་ལས་བདེ་སྐྱིད་ཀྱི་ཉི་ཟེར་མིག་གིས་མཐོང་མེད་པ་བདེན་པ་རེད། གུང་བྲན་ཏང་དུས་ཚོད་ཏག་ཏག་ཅིག་ལ་བོད་དུ་འབྱོར་ཡོད་པ་རེད། གལ་སྲིད་གུང་བྲན་བཏང་འབྱོར་མེད་ན་སྐུ་དྲག་གི་གཞུང་དེ་མུ་མཐུད་བོད་མི་རིགས་ཀྱི་གཉའ་ལ་ཞོན་ནས་བསྡད་ཡོད་པ་བཤད་མ་དགོས་པ་རེད། མིའི་རྣ་བཅད་མིག་དྲུས། སྒར་བར་སྤོས་ནས་རྟ་ཞོན་གྱི་ཡོད་པ་བཤད་མ་དགོས་པ་རེད། དེ་ཚོ་ཁས་མི་ལེན་པ་ནི་དངོས་ཡོད་ལ་བསྐུར་འདེབས་བྱས་པའི་སྡུག་ཉེས་ཆེན་པོ་འབྱུང་གི་རེད། བོད་གཞུང་གིས་བོད་ལ་སྡུག་པོ་བཏང་བ་དེ་རྒྱ་ནག་གིས་ཁྱབ་སྒྲག་བྱེད་བཞིན་པ་དེ་ལས་ཐུ་མེད་ན་དེ་ལ་ཡག་མེད་པ་གསལ་བོ་རེད།
འོན་ཀྱང་རྒྱ་ནག་གི་བོད་འདི་བཅིངས་གྲོལ་བཏང་ནས་བདེ་སྐྱིད་ལ་བཀོད་ཟེར་བ་དེ་ཧམ་བཤད་དང་བཙན་གཏམ་རང་རེད། རྒྱ་ནག་གིས་བོད་འདི་བོད་གཞུང་གི་ཀོ་ཐག་ནག་པོའི་བཅིངས་པ་ལས་གྲོལ་ནས། སླར་ཡང་བོད་འདི་རྒྱ་ནག་གི་ལྕགས་ཐག་དམར་པོ་དེས་སྔར་བཞིན་དམ་དུ་བཅིངས་ནས་མནར་གཅོད་གཏོང་གི་ཡོད་པ་རེད། གང་ལྟར་བོད་འདི་ལ་ནམ་ཡང་བཅིངས་གྲོལ་ཡང་དག་པ་ཞིག་ཐོབ་མྱོང་ཡོད་པ་མ་རེད། བཅིངས་བྱེད་ཀྱི་ཐག་པ་ནག་པོ་དེ་རྒྱ་ནག་གིས་བཅད་ནས་ཐག་པ་དམར་པོ་ཞིག་གིས་སླར་ཡང་བཅིངས་བཞག་པ་རེད། བོད་གཞུང་རྙིང་བ་དེ་དང་རྒྱ་ནག་གཉིས་ཀ་བོད་མི་རིགས་དགྲ་བོ་ཡིན་པ་ཁྱད་པར་མེད།
ད་ལྟའི་བཙན་བྱོལ་བོད་གཞུང་ལ་གནས་དུས་ཀྱི་དབང་གིས་དེ་ཙམ་གྱི་རང་དབང་དང་ནུས་པ་མེད་པ་ལས་མི་ལ་སྡུག་པོ་གཏོང་རྒྱུར་འདི་ཚོ་ཡང་སེམས་ནང་ན་འབུ་འགུལ་གྱི་ཡོད་པ་རེད། གཞན་ལ་སྐྱབས་བཅོལ་ནས་གཞན་གྱི་ས་ཐོག་ན་ཡོད་ཙང་བོད་རིགས་མི་དམངས་ཀྱི་ཐོག་ལ་ལག་པ་བཀྱགས་མ་ཐུབ་པ་རེད་མ་གཏོགས་མ་བཀྱགས་པ་མ་རེད། ལྷག་པར་དུ་༧གོང་ས་མཆོག་གིས་གོང་ན་གཟིགས་ཡོད་པའི་དབང་གིས་སྐུ་ངོ་འདི་ཚོར་མིའི་མིག་འདྲུ་རྒྱུའི་གོ་སྐབས་མ་བྱུང་བ་རེད་འདོད། གལ་ཁོང་གིས་གཟིགས་མེད་ན་སྐུ་ངོ་དང་སྐུ་དྲག་མིང་ཙམ་གྱི་ཁྱད་པར་ལས་མི་མཐོང་།
མཐའ་དོན་བོད་འདི་མཐར་ཐུག་གི་བཅིངས་པ་ལས་གྲོལ་དགོས་ན་ད་ལྟའི་ན་གཞོན་ཚོ་སྟོབས་ཆེན་པོ་ལངས་ནས་བོད་གཞུང་ལ་གཙང་གཤེར་ཕུ་གཙང་ཞིག་བྱས་ཏེ། བོད་གཞུང་གསར་བ་ཞིག་འཛུགས་དགོས་པ་རེད། ཁ་ཡོད་ལག་ཡོད་ཀྱི་རྒྱ་དམར་གྱི་ཁ་གཏད་དུ་མཉམ་ལངས་བྱས་ཏེ་བོད་རང་བཙན་རྩོད་དགོས་པ་རེད། དེ་མིན་ད་ལྟའི་བོད་གཞུང་ལ་བོད་མི་རིགས་ཀྱི་ཡིད་ཆེས་བརླག་ཚར་ཡོད་པ་རེད། སྐུ་ངོ་འདྲ་བོ་ཚོས་བོད་མི་རིགས་ནང་ཁུལ་ལ་ཆབ་སྲིད་འདྲ་མི་འདྲ་འཁྲབ་ནས་ཞེན་པ་ལོག་བཅུག་ཚར་རེད། དེའི་ཕྱིར་ཉིན་ཞིག་༧གོང་ས་མཆོག་དགོངས་ལོ་བགྲེས་པོ་ཆགས་ནས་ཕྱག་ལས་གནང་རྒྱུར་སྐུ་ངལ་འཕྲད་པའི་ཉི་མ་ཞིག་བྱུང་བ་ཡིན་ན། ཉི་མ་དེ་ནས་བཟུང་དེ་སྐུ་ངོའི་གཞུང་འདི་ལ་བོད་མི་ཚོས་མཆུ་ལུད་འདེབས་བཞིན་ཕྱོགས་སོ་སོ་ལ་འཐོར་འགྲོ་གི་རེད། དེ་ཕྱིར་ང་ཚོས་༧གོང་ས་མཆོག་བཞུགས་ཐོག་ལ་བོད་མི་རིགས་ཀྱིས་ཡིད་ཆེས་བློ་གཏད་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པའི་བོད་གཞུང་གསར་བ་ཞིག་འཛུགས་རྒྱུ་གལ་ཆེན་པོ་རེད། དེ་མ་བྱུང་ན་བོད་ཀྱི་གནད་དོན་འདི་གོང་ས་མཆོག་བཞུགས་སྐབས་ཀྱི་རྒྱལ་སྤྱི་གནས་ཚུལ་ཁྱབ་ཆེན་པོ་ཞིག་ལས་ཕུགས་ཡོད་པ་ཞིག་མཐོང་གི་མི་འདུག དེ་ནི་སྐུ་ངོ་ཚོས་གསལ་བོ་ཤེས་ཡོད་པ་རེད། ཁོང་ཚོས་གོང་ས་མཆོག་ཡོད་ཡོད་བར་དུ་ག་རེ་བྱས་ན་བོད་མི་ཚོས་སྡུག་རུས་བརྒྱབ་ནས་སྒུར་འདུག་རྒྱུ་ཡིན་ཚོད་ཐིག་ཡོད་པ་རེད། དེ་ནས་ཁོ་ཚོའི་དཔོན་སྐལ་རྫོགས་འགྲོ་ཤེས་ཡོད་པ་རེད། དངངས་སྐྲག་ཀྱང་ཡོད་པ་རེད། ཁོ་ཚོས་ཡག་པོ་ཞིག་ལས་ཀྱི་མེད་གསལ་བོ་རེད། དེའི་ཕྱིར་༧གོང་ས་མཆོག་གིས་ཐེངས་མ་མང་པོས་སྐུ་ངོ་འདི་ཚོར་བཀའ་བཀྱོན་ཆེན་པོ་གནང་མྱོང་བ་མ་ཟད། སྐབས་རེ་སྤྱན་ཆབ་སིལ་བཞིན་ཞུམ་ནས་ཞུ་བའང་འཐེན་མྱོང་ཡོད་པ་ང་ཚོས་ཤེས་གསལ་རེད།

བོད་འདི་ཐག་པ་དམར་ནག་གཉིས་ཀ་ལས་བཅིངས་གྲོལ་ཐོབ་དགོས་པ་རེད། རྒྱ་གཞུང་གིས་བོད་གཞུང་རྙིང་པ་དེ་ཡག་པོ་མེད་རབས་བཤད་པ་བདེན་པ་རེད་འདོད། འོན་ཀྱང་སྐུ་དྲག་ཚོ་ཡག་པོ་མེད་པའི་དབང་གིས་རྒྱ་ནག་ལ་བོད་མི་དམངས་ཀྱི་ཐོག་ལ་སྡུག་པོ་གཏོང་རྒྱུ་ཐོབ་ཐང་ཡོད་ཟེར་ན་དེ་ནི་གནས་ལུགས་མེད་པ་རང་རེད། རྒྱ་ནག་གིས་བོད་མི་དམངས་ལ་རོགས་པ་བྱས་ནས་སྐུ་དྲག་གཞུང་མེད་པ་བཟོས་ཚར་བ་དང་ཕྱིར་རྒྱ་ནག་ལ་ལོག་དགོས་པ་ལས། སྐུ་དྲག་ཚོ་བྲོས་པའི་ཤུལ་དུ་རྒྱ་མི་ཁོ་ཚོ་བསྡད་དེ་བོད་མི་རིགས་ལ་གཉའ་གནོན་བྱེད་བཞིན་པ་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་རེད། འདི་ལྟར་བསམ་ཡོང་དུས་འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུ་ཚོར་དམིགས་ཡུལ་ཆེན་པོ་ཞིག་བྱུང་འདུག་སྙམ། འོན་ཀྱང་ཁོང་གིས་སྐུ་དྲག་གི་ཐག་ནག་དེ་གཅོད་ཕྱིར། རྒྱ་ནག་ལ་སོང་ནས་སླར་ཡང་ཐག་པ་དམར་པོ་ཞིག་དྲུད་ཡོང་བ་འདྲ་བོ་མཐོང་གི་འདུག
ཨེ་མོ་རིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཞིག་གིས་བཤད་ན། རྒྱ་གཞུང་གིས་ཕྱིར་སྐྱོད་རྒྱ་རིགས་ཚོར་ཕྱི་རྒྱལ་ལ་མ་ཐོན་གོང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་ཡོད་པ་དང་། དེར་བོད་རིགས་ཚོས་རང་གི་ཆོས་ལུགས་ཀྱི་དོན་དུ་མི་བསད་ཐུབ་ན་དགེ་བ་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད་རབ་བཤད་ཀྱིན་ཡོད་རེད་ཟེར། འོན་ཀྱང་། མོ་ལ་དངོས་སུ་དེ་འདྲ་བཤད་མཁན་མ་བྱུང་ཟེར།
ཁྲིན་འདུ་ནས་ཁ་སང་བཙན་ཁྲིད་ཀྱིས་་་་ལྟ་སྐོར་་་་ལ་སོང་བའི་བོད་པའི་སློབ་མ་དག་ཕྱིར་འབྱོར་མེད་ཧ་གོ་ན་འདི་ནས་ཅིག་གསུངས་རོགས། གུང་བྲན་ཏང་གིས་བོད་མིར་ཤ་ཚ་རྒྱུ་མང་དྲགས་ནས་ལྟ་སྐོར་ལ་ཡང་བཙན་ཁྲིད་བྱེད་ཀྱིན་ཡོད་པ་རེད།
གུང་ཁྲན་ཏང་གིས་བོད་མི་ཚོར་མི་ཡུལ་ལ་མ་གྲགས་པའི་སྡུག་གྱོང་ག་ཚོད་བཏང་ཡོད་མེད་ང་ཚོའི་སེམས་ན་ཁྲིགས་ཁྲིགས་ཡིན་པ་མ་ཟད། དེང་སང་རྒྱ་རྒན་ནང་ནས་བསམ་ཤེས་ཁ་ཁུར་ཀྱིས་ཀྱང་ངོས་ཟིན་གསལ་བོ་ཐོབ་ཡོད་ཀི། ཡིན་ནའང་སྟག་སྨྱོན་དང་ཀླུ་སྨྱོན་གྲངས་འདིས་གུང་ཁྲན་ནང་བཞིན་བོད་རྙིང་བ་ཆེས་མུན་ནག་ནང་ལ་གཡུགས་པ་མ་ཟད་གུང་ཇག་ཐོན་རབ་ཅིག་ལ་ཐོན་པ་ཡག་བྱུང་ཟེར། དེས་ན་ཁོ་གཉིས་ཡག་ས་ནས་མ་བསྡད་པར་འདིར་ག་རེ་འགམ་གི་ཡོང་བ་ཡིན་ནམ། ཡང་གཅིག་བཤད་ན་ཀླུ་སྨྱོན་བཀའ་ཁྲི་དང་སྟག་སྨྱོན་བདེ་སྲུང་བཀའ་བློན་ལ་འདེམས་ཚེ་ང་ཚོའི་གནས་སྟངས་འདི་ག་འདྲ་ཞིག་ལ་བསྐྱལ་འཇོག་རྒྱུ་ཡིན་ནམ་ཡང་འདོད་ཀི། གཅིག་བྱས་ན་བདུན་ཕྲག་གཅིག་ཀྱང་མ་སོང་གོང་ལས་ཁུངས་སྒོ་ཕྱེ་ཡ་མེད་པ་བཟོས་འཇོག་ནའང་ཐང་། མི་འདིའི་གྲངས་ལ་བློ་གཏོད་རྒྱུ་མེད་ནོ་རེད། དང་བོ་སེམས་ཤུགས་ཆེ་མདོག་ཁ་བོ། བཤད་བཤད་ཀི་གཞུག་ལ་བོད་གཞུང་གིས་ཁོ་ལ་བདག་པོ་བྱས་མ་སོང་ཟེར། དེ་ཡང་སྒེར་ནད་དེ་འདྲ་དྲུད་ཡོང་ནས་གཞུང་གི་སྒང་ལ་གཡོག་གི་འདུག ད་ངོ་མ་མི་འདིའི་གྲངས་རིག་ན་བོད་ནང་གི་མི་མང་ཁོ་ཐག་ཆད་ཡ་ཉེན་ཁ་ཆེན་པོ་འདུག་དྲན་གི།
ཟླ་བ་ལགས་ཁྱེད་ཀྱིས་སྐྱག་པའི་ཐོག་ལ་ས་བཀབ་ཀྱང་དོན་མེད་རེད། ངས་ནམ་ཡང་རྒྱ་ནག་གིས་སྡུག་པོ་བཏང་མི་འདུག་དང་ཡང་ན་སྡུག་པོ་གཏོང་གི་མི་འདུག་བཤད་མེད་པ་ཞར་མེད་ན་ལྟ་ཡག་ཤོས། བོད་འདི་རྒྱ་ནག་གི་འོག་ཏུ་ཞོར་ནས་སྡུག་པོ་དེ་ཙམ་མྱོང་བཞིན་པ་ཡང་གཙོ་བོད་གཞུང་གི་བྱས་ཉེས་ཀྱིས་བསུས་པ་རེད་ཟེར་གྱི་ཡོད། དེ་སྔོན་གྱི་སྐུ་དྲག་ཚོར་མིའི་སེམས་ཡོད་མཁན་དང་བོད་མི་རིགས་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ཕྱིན། ཕ་ས་གངས་ཅན་རྒྱ་ནག་ག་ལག་ཏུ་ཤོར་དོན་ཡོད་པ་མ་རེད། ཁྱེད་ཀྱིས་གསལ་བཤད་ཅིག་བྱོས་དང་། ཅི་ཕྱིར་འཁོར་ཡུག་གཅིག་པོའི་ཐོག་ནས་ཀྱང་བོད་འདི་དབང་བསྒྱུར་བྱེད་རྒྱུ་ལས་སློ་ཡོད་པ་མ་རེད། འོན་ཀྱང་འདི་དག་ཐམས་ཅད་བེད་མེད་དུ་གྱུར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་བོད་གཞུང་རྙིང་བ་དེའི་བྱས་ཉེས་ཁོ་ན་རེད་མི་འདུག་གམ། ག་རེའི་ཆེད་དུ་སྐྱག་པའི་ཐོག་ལ་ས་འགེབ་ཨེ་ཐུབ་ལྟ་གི་ཡོད་དམ། དེ་སྔའི་བོད་གཞུང་སྐུ་དྲག་ཚོའི་བསམ་བློ་གཏོང་སྟངས་དེ་ཆེས་མུ་ནག་དང་ཆེས་གདུག་རྩུབ་ཅན་ཡིན་པ་ཁས་མི་ལེན་རང་ལེན་རེད། དེ་ནི་ལོ་རྒྱུས་རེད་ལོ་རྒྱུས་ནི་སུས་ཀྱང་ཁས་མི་ལེན་ཐབས་མེད་རེད། དེ་ཚོས་བྱས་ཉེས་མིན་ན་བོད་འདི་རྒྱ་འོག་ལ་ཤོར་མི་སྲིད་པ་རེད། འོ་ན་ཁྱེད་ཀྱིས་བོད་སྐུ་དྲག་གཞུང་དེ་ཡང་དག་པ་དང་དྲང་བདེན་དང་དྲན་ཆེན་ཞིག་རེད་ཟེར་གྱི་ཡོད་དམ། དེ་འདྲ་ཡིན་ན་བོད་འདི་རྒྱ་ནག་གི་དུ་ཤོར་ནས་མནར་གཅོད་མྱོང་དུ་འཇུག་མཁན་སུ་རེད་དམ། ད་ལྟ་བོད་ཀྱི་སྡུག་བསྔལ་འདི་དེ་སྔ་བོད་སྐུ་དྲག་གཞུང་གི་བསགས་པའི་རྣམ་སྨིན་རེད། ངས་བཤད་བཞིན་པ་སྐུ་དྲག་ཚོ་ཅི་ཙམ་གྱི་གདུག་རྩུབ་ཅན་རེད་ཟེར་ནས་རྒྱ་ནག་གིས་སླར་ཡང་བོད་ལ་གོ་མཚན་སྤྱད་ནས་དྲག་གནོན་བྱེད་བཞིན་པ་དྲང་བདེན་མ་རེད་ཟེར་གྱི་ཡོད། བོད་འདི་སྡུག་བསྔལ་གྱི་ནང་དུ་འཕེན་མཁན་བོད་སྐུ་དྲག་གཞུང་དང་རྒྱ་གུང་ཁྲན་ཏང་མཉམ་དུ་རེད།
ངས་འདི་ལྟར་བཤད་པ་ལེ་བརྡ་དང་མཁོན་འཛིན་ཙམ་གྱི་ཆེད་དུ་མ་ཡིན་པར། ད་ལྟའི་བོད་སྐུ་ངོ་གཞུང་ལ་དེ་སྔའི་བོད་ཀྱི་ལོ་རྒྱུས་སྐྱུར་མོ་མོ་དཔེར་དྲངས་ནས་སྐུ་ངོ་ཚོར་བོད་མི་རིགས་ལ་མིག་སྐྲངས་པའི་ཐོག་ལ་མུར་རྫོགས་མ་བྱེད་ཟེར་བའི་ཉེན་བརྡ་ཡིན།
“འོན་ཀྱང་རྒྱ་ནག་གི་བོད་འདི་བཅིངས་གྲོལ་བཏང་ནས་བདེ་སྐྱིད་ལ་བཀོད་ཟེར་བ་དེ་ཧམ་བཤད་དང་བཙན་གཏམ་རང་རེད། རྒྱ་ནག་གིས་བོད་འདི་བོད་གཞུང་གི་ཀོ་ཐག་ནག་པོའི་བཅིངས་པ་ལས་གྲོལ་ནས། སླར་ཡང་བོད་འདི་རྒྱ་ནག་གི་ལྕགས་ཐག་དམར་པོ་དེས་སྔར་བཞིན་དམ་དུ་བཅིངས་ནས་མནར་གཅོད་གཏོང་གི་ཡོད་པ་རེད། གང་ལྟར་བོད་འདི་ལ་ནམ་ཡང་བཅིངས་གྲོལ་ཡང་དག་པ་ཞིག་ཐོབ་མྱོང་ཡོད་པ་མ་རེད། བཅིངས་བྱེད་ཀྱི་ཐག་པ་ནག་པོ་དེ་རྒྱ་ནག་གིས་བཅད་ནས་ཐག་པ་དམར་པོ་ཞིག་གིས་སླར་ཡང་བཅིངས་བཞག་པ་རེད། བོད་གཞུང་རྙིང་བ་དེ་དང་རྒྱ་ནག་གཉིས་ཀ་བོད་མི་རིགས་དགྲ་བོ་ཡིན་པ་ཁྱད་པར་མེད།”
ངས་བརྗོད་སྙིང་འདི་ཡིན་ལ་འདི་དང་མཉམ་དུ་ཁྲེལ་མེད་ལུགས་མེད་ཀྱི་ད་ལྟའི་སྐུ་ངོ་ཚོ་ལ་གཟབ་དགོས་པའི་ཉེན་བརྡ་བཏང་བ་ཡིན་ཡང་ནུས་ཐོན་མི་སྲིད་པར་མཐོང་། ངས་རྒྱ་མི་བོད་ཀྱི་དགྲ་བོ་ཡིན་པ་མ་ཟད་དགྲ་བོ་འདི་རྒྱལ་ཁ་ཐོབ་ནས་བོད་ཤོར་དུ་འཇུག་མཁན་བོད་སྐུ་དྲག་གཞུང་གི་བྱས་ཉེས་རེད་ཟེར་གྱི་ཡོད།
ཟླ་བ་ཡིན་དེ་ལ་དྲིབ་འདི་ཡོད། ཁྱེད་ཀྱིས་བོད་སྐུ་དྲག་གཞུང་དེ་ཡང་དག་པ་དང་དྲང་བདེན་དང་བོད་མི་རིགས་ལ་དྲིན་ཆེན་ཕ་མ་འདྲ་བོ་ཞིག་རེད་ཟེར་གྱི་ཡོད་དམ།
གནས་ཚུལ་འདི་ངོ་མ་བདེན་པ་རེད། ཡིན་ནཡང་ཁོང་ཚོ་དམག་མིས་འཁྲིད་མི་འདུག རྒྱ་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བོད་དགེ་འགའ་ཤས་ཀྱིས་འཁྲིད་ཡོད་ས་རེད། གང་ཅིའི་ཁོང་ཚོ་ས་ཆ་ཁུག་ཀྱོག་ཞིག་ནས་མཚན་གཅིག་ལ་བསྡད་འདུག ས་ཆ་དེར་དགོན་པ་ཆུང་ཆུང་ཞིག་འདུག་ཟེར། དགོན་ཆུང་ནང་གྲྭ་བ་དང་ཡང་ན་བདག་པོ་རྒྱག་མཁན་མི་འདུག་ཟེར། ད་རུང་རྒྱ་མི་རྒན་རྒོན་ཁ་ཤས་མ་ཅང་རྩེད་བཞིན་འདུག་ཟེར།
སྤྲིན་དཀར་པོས་གསུངས་བ་ནང་བཞིན་རེད། དེ་རིང་བསྐྱར་དུ་ཁ་པར་བཏང་ནས་སྐད་ཆ་དྲིས་དུས། ཁོང་ཚོ་དམག་གིས་བཙན་འཁྲིད་དམ་འཇུ་བཟུང་བྱས་ནས་འཁྲིད་པ་དེ་འདྲ་རེད་མི་འདུག
འཁྲིད་དགོས་བའི་རྒྱུ་རྐྱེན་ངེད་ཀྱི་མཆན་བུ་སྔོན་མ་དེར་ལབ་པ་དེ་རང་རེད་འདུག ཁོང་ཚོ་ཕྱི་ནས་མཚན་གཅིག་ལ་མ་གཏོགས་བསྡད་མི་འདུག། ཞག་སྡོད་བྱེད་ས་དེ་ཡང་དགོན་ཆུང་གསར་ཏུ་རྒྱག་བཞིན་པ་ཞིག་གི་ནང་ལ་རེད་འདུག ཉིན་དེར་བོད་རིགས་སློབ་མ་བརྒྱ་མི་འདུག བརྒྱད་ཅུ་ཡས་མས་ཤིག་འདུག་ཟེར། སློབ་ཆེན་དེའི་དབུ་འཛིན་བོད་རིགས་བན་ཁོ་ཟེར་བ་དེ་རེད་འདུག དེ་ཙམ་ཡིན།