༼བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་བ་ཞིག་གིས་བཀའ་ཁྲིའི་འོས་འདེམས་ཆེན་མོ་མགོ་ནས་མཇུག་བར་བརྒྱུད་པའི་ཚོར་སྣང་རག་བསྡུས་ཤིག༽
བོན་རྒྱ་བསྟན་འཛིན་རབ་རྒྱས།
ང་ཚོ་བོད་པ་ལ་མཚོན་ན། གནའ་སྔ་མོར་འབྲོང་གི་གཤིས་ཀ་དང་ཐག་ཉེ་ལ། སྤོབས་པ་དང་། ལ་རྒྱ། ཚེ་སྲོག་གསུམ་དོ་མཉམ་དུ་འཛིན་པའི་ལྟ་བ་ཤུགས་ཆེ་ཞིང་། སྟག་ཤར་གྱི་སྣང་བས་ནམ་མཁའི་སྤྲིན་པ་ལའང་དོ་འགྲན་པ་དང་། སྟག་ཤར་ར་ཞིག་གི་མ་མཐའི་ཆ་རྐྱེན་གཡུལ་ཐོག་ནས་ཤི་ཐུབ་དགོས་པ་དེ་ཡིན་པས། གདོང་དམར་སྲིན་པོའི་བུ་རྒྱུད་འདིས་ས་གཤགས་ནས་གནམ་ལ་གཡུགས་མྱོང་ལ། གནམ་བཀོག་ནས་ས་ལའང་སྦྱར་མྱོང་། ཡིན་ནའང་། དུས་ཚོད་དང་ཁོར་ཡུག་གི་འཕེལ་རིམ་ཞིག་གིས་སྲིན་པོའི་མི་རིགས་དེའང་”ལྷ་བཤོས་ཁྱི་ཡིས་ཟོས་ན་འཛུམ་དམུལ་དམུལ། །མར་མེ་རླུང་གིས་བསེད་ན་འཛུམ་ཤིག་ཤིག །”ཟེར་བའི་ཚད་གཞི་རུ་ཁད་ཀྱིས་གྱུར་ཏེ། རྒྱ་ཁྱིའི་ཆོམ་རྐུན་ལའང་རྒོལ་ལན་སྤྲོད་མི་ཐུབ་པའི་ཚད་དུ་གྱུར་མོད། སྟོང་ལོ་གསར་བ་ནས་བཟུང་གློ་བུར་དུ་གོ་རྟོགས་རྒྱས་པ་དང་བག་ཆགས་སད་པ་ལྟ་བུ་ཞིག་གིས་ས་བྱི་ཞི་རྒོལ་ཆེན་མོ་དང་། སྐྱེ་རྒུའི་ས་ཡོམ་ཆེན་མོ་བཅས་ཀྱི་སྐབས་སུ་དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེ་མི་མང་གིས་སྔ་ན་མེད་པའི་དཔའ་རྟགས་བཞག་པ་མ་ཟད། སློབ་ཕྲུག་གཡུང་ལྷུན་འགྲུབ་དང་། གྲྭ་ཕྲུག་ཕུན་ཚོགས། གྲྭ་གཞོན་བཀྲ་བྷེ་སོགས་ཚེ་སྲོག་མར་ལོ་འདྲ་བོ་དང་མི་རིགས་ཀྱི་ལ་རྒྱ་དོ་མཉམ་དུ་འཛིན་པའི་དཔའ་བོའི་དཔུང་སྡེ་ཞིག་དང། སྒྲོལ་མ་སྐྱབས་དང་། འོད་ཟེར། འཇམ་དབྱངས་སྐྱིད། ཐེའུ་རང་། གཉན། ཞོགས་དུང་སོགས་གསེར་སྨྱུག་འབྲོང་གི་རུ་ཐར་འདྲ་བོ་དགྲ་ལ་གཏད་པའི་རྩོམ་པ་པོའི་དཔུང་སྡེ་ཞིག གླུ་བ་ཤེར་བསྟན་དང་། བཀྲ་ཤིས་དོན་འགྲུབ་སོགས་རྒྱུད་སྐད་ཕྲ་མོའི་འདེགས་འཇོག་ནས་མཐུན་སྒྲིལ་དང་དཔའ་བོའི་ངར་སྒྲ་གྱེར་བའི་གླུ་བའི་དཔུང་སྡེ་ཞིག ད་དུང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་། རོང་རྒྱས་ཨ་གྲགས། བླ་བྲང་ཨ་ཁུ་འཇིགས་མེད་། སྒྱིས་ཚང་སྟག་སྨྲིག་སོགས་མི་རིགས་ཀྱི་སྐྱིད་སྡུག་སྐད་གསེང་གིས་གླེང་ཞིང་སྨྲ་ལྕེ་ལ་མེ་སྟག་འཚུབ་པའི་དཔུང་སྡེ་ཞིག་བཅས་རང་རང་གི་གནས་སུ་སྟག་ངར་ངར་གྱིས་ཡར་ལངས་ཏེ། མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཁུར་ནས་མངོན་བྱུང་བས། བོད་བཙན་པོའི་དཔའ་ངར་གྱི་རྟོགས་པ་དང་ཆིག་སྒྲིལ་གྱི་གཉུག་གཤིས་སད་འགོ་ཚུགས་སོང་བར་སྨྲས་ནའང་བདེན་ཆ་ཆེ་བའི་ཚོད་དུ་གྱུར། གཏུམ་དྲག་སྲིན་པོའི་མཆེ་བར་ནས་འཁྱུག་པའི་དཔའ་བོའི་ངར་སྐད་དེ་དག་གིས། ཡང་ན་གངས་ལྗོངས་གཡང་གི་ར་བ་ནས་མཆེད་པའི་དཔའ་བོའི་གླུ་སྐད་དེ་དག་གིས་ཤི་མ་གསོན་གྱི་བཙན་བྱོལ་ལའང་རང་བཞིན་གྱིས་ངར་ཆུང་ཞིག་བསླངས།
དེ་ལྟར་བོད་མི་རིགས་ནི་འབར་ཆོག་ཆོག་གི་མེ་རྟ་ཞིག་དང་འདྲ་བར་མེ་སྟག་གཅིག་གིས་ནགས་རྫོང་བསྲེག་པའི་ནུས་པ་ལྡན་པ་བཞིན་ལས་འགུལ་གཅིག་གིས་བོད་ཁམས་སྒུལ་བའི་གོ་རྟོགས་ཤིག་སད་དེ། བོད་མི་རིགས་འདི་སྔར་བཞིན་སྙིང་སྟོབས་ལ་དགའ་ཞིང་ལ་རྒྱ་ལ་དུངས་མཁན་གྱི་མི་རིགས་ཤིག་ལ་འགྱུར་འགོ་ཚུགས་ཡོད། མཁས་དབང་བློ་བཟང་སེང་གེ་ལགས་ད་ལོར་རྒྱལ་སོང་བ་དེ་ཡང་འདི་འདྲའི་སད་རྟོགས་ཤིག་གི་ཤུགས་རྐྱེན་དང་རྒྱུ་མཚན་ལ་བགྲང་འོས་པ་མ་ཟད། ད་ལོའི་བཀའ་ཁྲིའི་འོས་འགྲན་ཆེན་མོ་བརྒྱུད་བློ་སེང་ལགས་བོད་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་དང་སྤོབས་པའི་ཚད་གཞི་རུ་གྱུར་བ་དང་། ལྷག་པར་བཙན་བྱོལ་བའི་མི་རབས་གསར་བ་ཚང་གི་སྤོབས་པ་དང་དར་ཆ་ལྟ་བུ་རུ་གྱུར་བ་དེ་ཡང་གཞིས་བཞུགས་དཔའ་རྒོད་དག་གི་དཔའ་བོའི་གད་རྒྱངས་ཀྱིས་སྒུལ་ཤུགས་དང་། བློ་བཟང་སེང་མཆོག་གི་སྙིང་སྟོབས་ཀྱི་ངར་ཤུགས་དང་ཡིད་ཆེས་ཀྱི་གདེང་ཚོད་བཅས་ཀྱིས་མི་སེམས་སྒུལ་ཞིང་མི་སེམས་དྲོས་པ་རེད། དཔེར་ན། བློ་བཟང་སེང་གེ་ལགས་དང་པོར་གཞིས་ཆགས་མོན་གྷོ་ལ་སླེབས་དུས་”ང་བློ་བཟང་སེང་གེ་ད་ལྟའི་བར་དུ་འོས་འགྲན་རྐྱང་བའི་བརྒྱུད་རིམ་ནས་ནར་སོན་པ་མ་ཟད། མི་ཚེ་འདིའི་ནང་ཐེངས་གཅིག་ལའང་ཕམ་མ་མྱོང་། ད་ཐེངས་ཡང་ང་ཕམ་རྒྱུ་མ་རེད་བསམས་ཀྱིན་ཡོད་”ཅེས་དང་། “ང་མ་ཤི་བར་དུ་བོད་རྩ་དོན་གྱི་ཆེད་དུ་ལས་ཀ་ལས་རྒྱུ་ཡིན་”ཞེས་བཤད་པ་དང་། ཆེས་ཐོག་མའི་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་སྦེལ་ཀོབ་ནས་འཚོགས་དུས་ཀྱང་”ཨོ་བྷ་མ་ངེད་གཉིས་སློབ་གྲྭ་གཅིག་པ་རེད། ང་བློ་བཟང་སེང་གེ་ཨོ་བྷ་མ་བྱེད་པ་ལས་གཞན་ཞིག་བྱེད་མི་སྲིད་”ཅེས་གདེང་ཚོད་ཀྱི་ལན་འདེབས་གནང་བ་མ་ཟད། “ངས་རྒྱ་གུང་ཁྲན་གྱི་རྩིས་དེ་རྩིས་ལོག་ལ་གཏོང་གི་ཡིན་”ཞེས་ཡོངས་བསྒྲགས་བྱས་སོང་ཞིང་། དེ་ལྟའི་ཁོང་གི་སྙིང་སྟོབས་ཆེན་པོ་དང་གསོན་ཤུགས་ལྡན་པའི་སྐད་ཆ་རེ་རེས་མི་མང་གི་སེམས་ཡོངས་སུ་གཡོས་ཤིང་འཕྲོག་པ་དང་། དེ་ཡང་མི་མང་གི་སྤྲོ་བའི་འུར་སྒྲ་དང་དགའ་བའི་ཀི་འབོད་ཀྱིས་མི་ཚོགས་ཀྱིས་སྟེམས་པའི་ཚོགས་ཁང་ཆེན་མོ་ཡོམ་ཡོམ་སྒུལ་བ་མ་ཟད། སུད་སི་གཉིས་པ་རུ་གྲགས་པའི་སྦེལ་ཀོབ་གཞིས་ཆགས་ཆེན་པོ་དེའང་རལ་བར་བྱས་པའི་སྣང་བ་ཤར།
འདི་ལྟར་བློ་བཟང་སེང་གེ་ལགས་ཀྱིས་གདེང་ཚོད་ལྡན་པའི་གཏམ་བཤད་དང་བཅས་བཙན་བྱོལ་ནང་སྐོར་བ་ཞིག་བརྒྱབ་རྗེས་དྲང་བདེན་དང་ལ་རྒྱ། མི་རིགས་བཅས་ལ་དགའ་ཞིང་བརྩེ་བའི་མི་རབས་གསར་བ་སྣང་བ་མཐོན་པོ་ཅན་རྣམས་ཀྱི་བློར་བབ་ཅིང་། ཡིད་ཆེས་དང་གདེང་ཚོད་མཐོན་པོས་རྒྱབ་སྐྱོར་བྱེད་འགོ་ཚུགས་པ་རེད།
ང་རང་ཉིད་ལ་མཚོན་ནས་བཤད་ནའང་། དང་པོར་བཀྲས་མཐོང་ལ་འོས་ཆ་ཆེ་བའི་ལྟ་ཚུལ་འཛིན་མཁན་ཞིག་ཡིན་མོད། སྙིང་སྟོབས་ཀྱིས་ཁེངས་པའི་བློ་སེང་ལགས་གསལ་བོ་ཞིག་མཐོང་རྗེས་ངས་རང་གི་ལྟ་ཚུལ་ལ་འགྱུར་བ་བཏང་བ་ཡིན། ཡིན་ནའང་། ངས་རང་གི་ལྟ་ཚུལ་ལ་མཁྲེགས་བཟུང་མ་བྱས་པར་འགྱུར་བ་བཏང་བའི་སྐབས་དེར། བློ་སེང་ལགས་སུ་ཐོབ་པའི་རེ་བ་ཅན་ཕར་ཞོག འཐོབ་མི་སྲིད་པ་མ་ཟད་ཐ་ན་འོས་གཞིའི་ནང་དུའང་སླེབས་མི་ཐུབ་པའི་ཁོག་རྩིས་རྒྱག་མཁན་ནི་ཁོང་གི་རྒྱབ་སྐྱོར་བ་ནང་མ་དག་གི་ནང་དུའང་འདུག་མོད། ངས་ནི་རྣམ་ཀུན་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ཁྱི་སྐྱག་ལྟ་བུ་དེའི་དབང་དུ་གྱུར་ནས་བདེན་པ་སྣོག་སྣོག་ལ་ཡོད་མཁན་དག་ནི། ཆབ་སྲིད་པའི་ཁོར་ཡུག་གི་ཚོགས་པ་སྐྱིད་སྡུག་ནང་གི་མི་དེ་དག་དང་། གཞན་གྱི་བཀའ་མངགས་འོག་བསྡུས་པའི་ཡིག་ཐོགས་པ་རྫུན་མ་ཚོ་ཡིན་པ་ལས། བོད་མི་སྤྱི་བྱིངས་ནས་བདེན་པར་གོ་བརྡ་འཕྲོད་བཞིན་དུ་ནག་བསུབ་མི་བྱེད་པའི་ཡིད་ཆེས་ཤིག་བཅངས་ཤིང་། ཡིད་ཆེས་དེའི་ང་རྒྱལ་གྱི་ངང་ནས། བདག་གིས་མང་འཚོགས་ལ་གོ་བརྡ་སྤྲོད་པར་འབད་པ་བྱས་པ་ཡིན་ལ། དེ་ཡང་རླུང་འཕྲིན་དང་དྲ་རྒྱ། ཚགས་པར་དང་། བགྲོ་གླེང་འདུ་འཛོམས་བཅས་སུ་བློ་སེང་ལགས་ཀྱི་མཚན་དངོས་སུ་བསྙད་ནས་འོས་བབ་ཆེ་བའི་སྐོར་ཤུགས་ཆེན་པོས་བཤད་དེ་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན། ཡིན་ནའང་། སྐབས་དེར་མི་དག་གིས་གད་མོ་དང་བཅས་”བློ་བཟང་སེང་གེ་ལ་ཇི་ལྟར་ཐོབ་དགོས་པ་རེད། གླེན་པ་ཁྱོད། རྒྱབ་རྩ་བྱེད་ན་ཐོབ་པར་རེ་བ་ཅན་ཞིག་ལ་རྒྱབ་རྩ་བྱེད་དགོས་པ་ལས་མི་ཐོབ་པ་གཏན་འཁེལ་བཞིན་དུ་ད་དུང་དེ་ཡག་རབས་རྒྱན་རབས་བཤད་ནས་ཅི་བྱེད་”ཅེས། སེམས་ཐག་ཉེ་རིང་ཅི་རིགས་ཀྱིས་དོན་དངོས་ཡིན་མིན་སྣ་ཚོགས་ཀྱི་སྐད་ཆ་སྙིང་ལ་གཟན་པ་ཤ་སྟག་རྣ་ལམ་དུ་འུར་གྱིན་འདུག་མོད། བདག་ནི་བླུན་པོ་འུར་རྗེས་འབྲངས་པ་ཙམ་མིན་པར་དང་པོར་ཁོང་གི་ལོ་རྒྱུས་བཙལ། བར་དུ་ཁོང་གི་རྩོམ་ཡིག་བཀླགས། ཐ་མར་ཁོང་གི་བགྲོ་གླེང་གཏམ་བཤད་ཁག་ལ་ཉན་ཏེ། ཁོང་བཀའ་ཁྲིའི་འོས་མིར་ལངས་པ་ཀུན་ལས་ཆེས་འོས་ཤོས་དེ་ཡིན་པའི་ལྟ་ཚུལ་བྱུང་ཡོད་པས། དེ་དག་གིས་བདག་གི་ལྟ་ཚུལ་གཏན་ནས་སྒུལ་མ་ཐུབ་པ་མ་ཟད། སུ་གང་གིས་བརྒྱུད་ལམ་ཁག་ལ་བློ་སེང་ལགས་ཀྱི་མིང་འདོན་བྱེད་ཐུབ་ཀྱི་མེད་པའི་སྐབས་སུ་བདག་གིས་ཐེངས་དང་པོར་དུས་བབ་དྲ་ཚིགས་སུ་ཁོང་གི་མིང་འདོད་བྱས་པ་ཡིན་ལ། དགུ་བཅུ་གསུམ་ཚོགས་པས་བཀོད་སྒྲིག་བྱས་པའི་མི་རབས་གསར་བའི་བགྲོ་གླེང་གི་སྐུ་མགྲོན་ལ་འབོད་སྐབས་སུའང་འོད་སྡེར་བརྒྱུད་ཁོང་གི་མཚན་འདོན་བྱས་པ་དང་། དེ་རྗེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྟག་ལྷ་རྒྱལ་གྱིས་བཅར་འདྲི་བྱེད་སྐབས་དང་། དབུ་མའི་ལམ་གྱི་གསར་འཕྲིན་བརྒྱུད་ལམ། བོད་གཞུང་ཟློས་གར་ཁང་དུ་མཐོ་རིམ་སློབ་མས་བཀོད་སྒྲིག་བྱས་པའི་བཀའ་ཁྲིའི་བགྲོ་གླེང་སོགས་ཀྱི་སྐབས་སུ་ཁོང་ལ་རྒྱབ་སྐྱོར་བའི་ཆ་ཤས་བླངས་པ་མ་ཟད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཀྱི་གཙོ་སྐྱོང་འོག་བོད་ཀྱི་དཔེ་མཛོད་ཁང་དུ་བཀའ་ཁྲིའི་འོས་མི་གསུམ་གྱི་རྒྱབ་སྐྱོར་བ་གསུམ་དང་ལྷན་ཕྱོགས་གང་སར་དྲ་རྒྱ་དང་རླུང་འཕྲིན་བརྒྱུད་ཐད་གཏོང་གི་བཀའ་ཁྲི་སྐབས་གསུམ་པ་འོས་འདེམས་ཀྱི་བགྲོ་གླེང་ཐ་མ་བྱེད་སྐབས་བཅས་སུ་འགྲོན་འབོད་བྱས་པ་བཞིན་སྤོབས་པ་དང་གདེང་ཚོད་ཆེན་པོས་ཁོང་ལ་རྒྱབ་སྐྱོར་བྱས་པ་ཡིན།
དེའི་ཕྱིར་ད་ཐེངས་ཁོང་ལ་ཚད་མཐོ་བའི་འོས་ཀྱི་རྒྱལ་ཁ་ཐོབ་པ་དེ་ང་དང་ང་ལྟ་བུའི་དྲང་བདེན་ལ་དགའ་ཞིང་གནས་ལུགས་ལ་སྨོན་པ་དག་གི་ཚད་མཐོ་བའི་རེ་བ་ཞིག་རེད་སྙམ་པའི་དམིགས་བསལ་གྱི་ཚོར་སྣང་ཞིག་བྱུང་བ་མ་ཟད། གཞུང་དྲང་རྒྱུད་ཡག་གི་བོད་མི་རིགས་ལ་ཚད་མཐོ་བའི་ཡིད་ཆེས་ཐོལ་བ་ཞིག་སྐྱེས་ཤིང་། སེམས་ངོས་ལ་ཕྱོགས་ཞེན་གྱི་ནད་ཡམས་མ་ཞུགས་པའི་མི་རབས་གསར་བའི་དཔུང་ཁག་ལ་འདང་བརྩེ་ཇེ་ཆེ་རུ་གྱུར།
ཡིན་ནའང་། དཀྲོག་གཏམ་པ་མང་པོ་ཞིག་ལ་དུས་ཐོག་ལན་འདེབས་བྱེད་མ་ཐུབ་པ་ནི་ངས་ཁོང་ལ་ནུས་པ་ཡོད་ཚད་ཀྱིས་རྒྱབ་སྐྱོར་བྱེད་མ་ཐུབ་པའི་ངོས་དག་ཡིན། དཔེར་ན། བློ་སེང་གིས་ལི་ཐང་བརྟན་བཞུགས་སྐབས་གནང་བའི་གཏམ་བཤད་ནང་ནས་ཚིག་དུམ་ཞིག་བཅད་ནས་གང་སར་དཀྲོག་གཏམ་སྤེལ་བ་དང་། པེ་ཅིན་ལ་བསྐྱོད་པ་དེའང་ཁ་ཤས་ཀྱིས་སྣ་བཅད་ནས་རྣ་ལ་སྦྱར། རྣ་བཀོགས་ནས་ཁ་ལ་ལྷན་པ་སོགས་འུར་ཆེན་པོས་དཀྲོག་གཏམ་རིམ་པ་བཞིན་དུ་སྤེལ་སྐབས། བདག་གིས་སྒེར་དེབ་《ཤལ་མ་ལིའི་ཁྲག་སྡོང་། 》མ་འགྲུབ་པར་དེར་འབད་དེ། ལན་འདེབས་ཀྱི་ཁོམ་ལོང་མ་བྱུང་བ་ཡིན། དེ་མིན་བདག་གིས་དེ་དག་མ་ཚོར་བ་མིན་ལ་དེ་དག་གི་ཕྱི་ནང་མ་ཤེས་པའང་མིན་ཏེ། དཔེར་ན། ལི་ཐང་གི་བརྟན་བཞུགས་དེ་ག་རང་ལ། ཁྲོམ་ཐོག་རིན་པོ་ཆེ་དང་། མཁན་ཟུར་བློ་བཟང་ཚེ་འཕེལ་རིན་པོ་ཆེ་སོགས་ལི་ཐང་གི་ཆེ་ཆེ་དྲག་དྲག་དག་གདན་བཞུགས་པའི་དབུས་སུ་བློ་བཟང་སེང་གེ་ལགས་ཀྱིས་”ལི་ཐང་ཟེར་བ་འདི་ལ་དགའ་དགོས་པ་དང་། སྐྱོ་དགོས་པ་དང་། སེམས་ཤུགས་འཕར་ཞིང་སྤོབས་པ་སྐྱེ་དགོས་པ་བཅས་ཀྱི་ལོ་རྒྱུས་ཡོད། ཅེས་ལི་ཐང་གི་ཡུལ་གྱི་བཀོད་པ་སོགས་བཤད་དེ་ལི་ཐང་ནི་དགའ་དགོས་པའི་ཡུལ་ཞིག་ཡིན་རབས་དང་། ལི་ཐང་ཟེར་བ་འདིས་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་དང་རིམ་པར་འཐབ་སྟེ་མི་ཁྲི་ཕྲག་ཁྲི་ཕྲག་མཚོན་ཁ་ནས་འགྱེལ་ཞིང་མནར་གནོད་ཀྱིས་གྲོངས་ཡོད། དེ་དག་ནི་བསམ་ན་མིག་ཆུ་རྫོགས་འགྲོ་བའི་སེམས་སྐྱོ་བའི་ལོ་རྒྱུས་ཡིན། དེ་མིན་ཨ་འབྲུག་མགོན་པོ་སོགས་དཔའ་བོ་བརྒྱ་ཕྲག་མང་པོ་བྱོན་ནས་བོད་བསྟན་སྲིད་ལ་ལག་རྗེས་བཞག་ཡོད། དེ་ནི་ནམ་ཡང་སྤོབས་པ་སྐྱེ་དགོས་པའི་ལོ་རྒྱུས་ཡིན། དཔའ་བོ་དཔའ་མོ་དེ་དག་གིས་སྐུ་མདུན་རིམ་བྱོན་ལ་དད་པ་དག་སྣང་བྱས། བོད་གཞུང་གི་བཀའ་སྒྲུབ་ཞིང་། ཆོལ་ཁ་གསུམ་ཆོས་བརྒྱུད་ལྔ་དང་བཅས་པ་ཆིག་སྒྲིལ་བྱས་ཡོད་པ་རེད། དེ་ནི་ང་ཚོ་སྤོབས་པ་སྐྱེ་དགོས་པ་དེ་ཡིན། ད་ལྟའི་གནས་སྐབས་སུའང་ལི་ཐང་ན་བོད་བསྟན་སྲིད་ལ་ཞབས་འདེགས་རླབས་ཆེན་ཞུ་མཁན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། རོང་རྒྱས་ཨ་གྲགས་སོགས་མང་པོ་ཡོད་ལ། མ་འོངས་པར་ངེད་ཚོས་ཀྱང་དེ་ལྟར་བོད་བསྟན་སྲིད་ལ་ཞབས་འདེགས་ཞུ་ཐུབ་གི་རེད། ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་”ཅེས་ཆིག་སྒྲིལ་དང་ལྷག་བསམ་གཞི་རྩར་བཞག་སྟེ་དོན་ལྡན་གྱི་བརྗོད་བྱ་སྲོག་ཏུ་བཟུང་བའི་གཏམ་བཤད་སྤེལ་བཞིན་པ་ནི་མཐོང་བ་ཙམ་གྱིས་ཉམས་དགའ་བ་ཞིག་རེད་དེ། ངས་དེ་དག་དུས་ཐོག་ཏུ་གཞུང་དྲང་གི་མི་མང་ལ་གསལ་བཤད་སྤེལ་ཁོམ་མ་བྱུང་བ་ནི། ང་ལ་མཚོན་ན་རང་གི་ནུས་པ་ཡོད་རྒུས་ཁོང་ལ་རྒྱབ་སྐྱོར་བྱེད་མ་ཐུབ་པའི་ངོས་ཡིན། ཡིན་ནའང་། དཀྲོག་གཏམ་དེ་དག་གིས་མི་མང་གི་སེམས་བསྒྱུར་མ་ཐུབ་པར་ད་ལྟ་དངོས་སུ་ཁོང་བཀའ་ཁྲིར་འདེམས་ཐུབ་པ་ནི་བཙན་བྱོལ་བོད་པའི་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་འོས་པའི་རྒྱལ་ཁ་ཞིག་ཡིན་ཞིང་། དེ་ནི་ང་ཚོས་ནམ་ཡང་སྤོབས་པ་བྱེད་འོས་པ་ཡིན།
ཡང་གཅིག་བཤད་ན་ཐེངས་འདིའི་རྒྱལ་ཁ་འདི་ནི་བློ་སེང་ལགས་དང་ང་ཚོ་རྒྱབ་སྐྱོར་བ་ཉིས་ཁྲི་ལྷག་ཙམ་གྱི་རྒྱལ་ཁ་མིན་པར། བྱེས་འཁོད་བོད་མི་རིགས་ཀྱིས་གཞིས་བཞུགས་སྤུན་ཟླ་ཁྲི་སྟོང་གི་རེ་བ་འབུར་གཟུགས་ཀྱིས་བཞེངས་པའི་རྣམ་པ་དང་། རྒྱ་གུང་ཁྲན་གྱི་ཁོག་རྩིས་ཁྱི་སྐྱག་ལྟ་བུ་དག་རྩིས་ལོག་ལ་བཏང་བ་དང་། བཙན་བྱོལ་བའི་བོད་ཟེར་བ་འདིའང་གཞིས་བཞུགས་སྤུན་ཟླ་དག་དང་འདྲ་བར་གནད་འགག་གི་སྐབས་སུ་དྲང་བདེན་གྱི་ཕྱོགས་སུ་ལངས་མཁན་དང་ཆིག་སྒྲིལ་གྱི་ནུས་པ་སྤུངས་མཁན་ཞིག་ཡིན་པ་དེ་འཛམ་བུ་གླིང་ལ་གསལ་བོ་བྱས་པ་རེད། རྒྱ་རྒན་ཚོས་ཀྱང་གནས་ཚུལ་འདི་མིག་གིས་མ་བཟོད་པར་བློ་བཟང་སེང་གེ་དྲག་སྤྱོད་པའི་འགོ་བ་ཞིག་ཡིན་རབས་དང་། ད་ལྟ་བཙན་བྱོལ་གཞུང་དྲག་སྤྱོད་པའི་ལག་ཏུ་ཤོར་རྒྱུ་ཡིན་རབས་ཀྱི་དཀྲོག་གཏམ་སྣ་ཚོགས་ཐ་མའི་འོས་འབྲས་མ་ཐོན་པའི་སྔོན་ནས་བཀྲམ་པ་ལྟ་བུ་རེད། འདི་ནི་རྒྱ་རྒན་ཚོས་ཀྱང་བློ་བཟང་སེང་གེ་ཡི་སྙིང་སྟོབས་ལ་ཤོར་བའི་ན་ཟུག་གི་འཁུན་སྒྲ་ཙོར་རོ་ཞིག་རེད།
དེ་ལས་ཀྱང་དོན་ངོ་མར་བཤད་ན། ཐེངས་འདིར་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་རང་ཚུགས་བཟུང་སོང་ལ། སྒལ་ཚིགས་ངོམ་སོང་བ་དེ་རེད། དེ་མ་གཏོགས་བཙན་བྱོལ་ནང་གི་ཆབ་སྲིད་པ་ཁ་ཤས་ཀྱིས་ས་འོག་ནས་དར་ཐག་འཐེན། ས་ཐོག་ནས་དཀྲོག་གཏམ་སྤེལ། དྲ་ཐོག་ལ་དྲ་འབུ་བཏང་སྟེ་དོན་ཆེན་འདི་ལམ་ལྷུང་འབྱུང་བར་འགོག་རྒོལ་ཆེན་པོ་བྱས་སོང་། དེ་ཡང་དངོས་གཞིའི་འོས་བསྡུ་ཐོན་ལ་ཉེ་དུས་”རྡ་ས་ནས་མི་གཅིག་གིས་ཀྱང་་བློ་སེང་ལ་འོས་རྡུགས་ཀི་མི་འདུག”ཅེས་པའི་དཀྲོག་གཏམ་ཞིག་ལྷོ་ཕྱོགས་སུ་རླུང་གིས་ཡར་འཁུར་མར་འཁུར་བྱས་ནས་འགྲོ་གིན་པ་མ་ཟད་། དཀྲོག་གཏམ་དེས་རྒྱལ་མཚམས་བརྒལ་ཏེ་ཡོ་རོབ་ལ་བསྐྱོད་ཅིང་ཡོ་རོབ་ནས་བདག་གི་གྲོགས་པོ་ཞིག་གིས་”རྡ་ས་རུ་མི་གཅིག་གིས་ཀྱང་བློ་སེང་ལ་འོས་རྡུག་གི་མི་འདུག་ཟེར་བ་བདེན་པ་ཨེ་རེད་”ཅེས་ཁ་པར་སླེབས་སོང་བས། བདག་ལ་རང་བཞིན་གྱིས་ཤ་འདར་ཞིག་བརྒྱབ་པ་མ་ཟད། ས་སྟོང་ལ་”ཆབ་སྲིད་པ་ཨཱ་ཆབ་སྲིད་པ་”ཞེས་དབང་མེད་ཀྱི་ཆིག་ལབ་ཞིག་ཀྱང་ཤོར། སྐབས་དེར་བདག་གིས་རྒྱ་གར་ལྷོ་ཕྱོགས་ནས་རྡ་ས་བར་དུ་སྐོར་བ་ཞིག་བརྒྱབ་པ་ཡིན་ལ། སྐབས་དེར་དཀྲོག་གཏམ་པ་དག་གི་གཏམ་འཆལ་སྣ་ཚོགས་སྤུར་གྱིན་པ་མ་ཟད། འོས་མི་གཞན་པའི་རྒྱབ་སྐྱོར་བ་དག་གི་ཟང་ཟིང་གི་རྣམ་པ་དེ་ནི་ཆེས་ཚད་མཐོ་བ་དང་འཆར་གཞི་ལྡན་པ་ཞིག་རེད། གྲྭ་ཤག་ནས་ཉལ་བསྡད་ན་སྒོ་བར་ལ་ཚགས་པར་དང་འོད་སྡེར་བརྫངས་ནས་ཡོང་གི་འདུག་ལ། སྲང་ལམ་ཀུན་དང་ཁང་པའི་གྲུ་ཟུར། ཐ་ན་ལམ་འགྲམ་གྱི་བྲག་རྡོ་ཚུན་ཆད་ལ་འོས་མི་གཞཉ་གྱི་སྐུ་པར་གྱིས་བཀང་ཞིང་། ཐ་ན་ངལ་གསོ་ས་དང་། ཇ་འཐུང་ས། རླངས་འཁོར་ལ་སྒུག་ས་བཅས་སུའང་འོས་མི་གཞན་གྱི་ཁྱབ་བསྒྲགས་སྤུངས་ནས་བཞག་འདུག་པ་དང་། དེ་ཡང་ལྷོ་ཕྱོགས་ནས་ལྡི་ལི། ལྡི་ལི་ནས་རྡ་ས་བཅས་སུ་འོས་མི་གཞན་གྱི་ཁྱབ་བསྒྲགས་ཁངས་སྐྱ་འབབ་འབབ་དང་། སྡོང་ལོ་འཐོར་འཐོར་རེད་དེ། བློ་སེང་གི་ཁྱབ་བསྒྲགས་ནི་དེ་ལས་རྒྱ་ཆུང་བ་འདུག ད་དུང་དྲ་ཐོག་ཀུན་ལའང་བློ་སེང་གི་སྐད་ཆ་དུམ་བཅད་ཀྱིས་སྐྱོན་འདོགས་བྱེད་པ་དང་། ཉེས་འཛུགས་བྱེད་པ། ཐ་ན་དཔྱོད་ཤེས་པར་བརྩི་བའི་དྲ་རྩོམ་པ་ཞིག་གིས་ཀྱང་”ཨ་རི་དང་བོད་པའི་ཡུལ་མིའི་གཞི་མཐུན་ཡོད་ཆོག་ནའང་། རྒྱ་ནག་དང་བོད་པའི་ཡུལ་མིའི་གཞི་མཐུན་ཡོད་ཆོག་གི་མ་རེད་”ཅེས་སྐད་ཆ་དགོད་ཤོར་བ་དྲ་ཐོག་ལ་བཀྲམ་ནས་སྤྱི་ཚོགས་ལ་དཀྲོག་གཏམ་སྤེལ་བ་རེད། དེ་ནི་རྒྱ་ནག་གི་རྩོམ་པ་པོ་ཡན་ཧོང་ཕེན་གྱིས་”ཧོ་ཧོ་དེས་ཀྱང་རྒྱ་ནག་ལ་ཆ་རྒྱུས་ལོན་མི་འདུག”ཅེས་བཙན་བྱོལ་སྐུ་ངོ་ཞིག་གི་སྐད་ཆར་ཧབ་དགོད་བྱས་ཡོད་པ་དང་འདྲ་བར། ངས་ཀྱང་”ཧོ་ཧོ་དེས་ཀྱང་བོད་མི་རིགས་ལ་ཆ་རྒྱུས་ལོན་མི་འདུག་”ཅེས་ཧབ་དགོད་ཅིག་བྱ་འདོད་བྱུང་སོང་། སྤྱིར་ན་བོད་མི་རིགས་ནི་གོ་རྟོགས་མེད་པ་དང་ཕྱོགས་ཞེན་ཚ་བའི་ཉམས་སྣང་ཞིག་སྟེར་ནའང་དོན་དངོས་སུ་ཁྲམ་པ་རེ་ཟུང་གིས་གང་ལ་ཁྲིད་ཆོག་ཆོག་ཅིག་མིན་པ་དེ། ས་བྱི་ཞི་རྒོལ་ཆེན་མོ་དང་། ཡུལ་ཤུལ་ས་ཡོམ་ཆེན་མོ། ཐེངས་འདིའི་འོས་བསྡུ་ཆེན་མོ་བཅས་སུ་རིམ་པར་བསམ་བློ་བཏང་ན་གསལ་བོར་ཤེས་རྟོགས་ནུས་ཏེ། གནད་འགག་གི་སྐབས་སུ་བོད་མི་རིགས་ཀྱིས་རྒྱུ་འབྲས་སྲུང་སྟངས་དང་། དྲང་བདེན་དང་ཆིག་སྒྲིལ་ལ་བརྩི་བཀུར་བྱེད་སྟངས་ནི་བརྗོད་ཡུལ་ལས་འདས་པ་ཞིག་ཡིན།
སྤྱིར་ན་ཐེངས་འདིར་དྲ་ཐོག་ནས་ཁོང་གི་སྐྱེས་དམན་གྱི་སྐྱེ་ཁུངས་ཚུན་ཆད་བལ་སེལ་སེལ་གྱི་ཞིབ་འཇུག་བྱས་པ་དེ་ནི། མང་གཙོའི་ཚད་གཞི་མཐོན་པོར་གྱུར་བའི་མངོན་རྟགས་སུ་མ་ཟད། དགའ་འོས་པའི་དོན་དག་ཅིག་ཡིན་ཏེ། ལམ་ལུགས་དེས་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ལ་ལྐོག་ལྐོག་ཁུ་སིམ་གྱིས་འཛུལ་ས་མེད་པ་ཞིག་ལ་བསྒྱུར་སྤྱིར་ན་ཆབ་སྲིད་ལ་ལྷག་བསམ་དང་དག་སྣང་སྦྱངས་པ་ནི་ལྐུགས་གཤིས་ཤིག་ཡིན་པས། ཞིབ་འཇུག་དང་དཔྱད་ཞིབ་ཀྱིས་ཕྱི་གསལ་ནང་གསལ་ཇི་ཙམ་ཆགས་པ་དེ་ཙམ་གྱིས་ཆབ་སྲིད་ནི་སྤུས་ཀ་ཅན་དང་དྲང་བདེན་གྱི་ལམ་དུ་འགྲོ་བ་ཡིན།
བློ་བཟང་སེང་གེའི་རྒྱབ་སྐྱོར་བ་མང་ཆེ་བ་ནི། གཞོན་སྐྱེས་དང་སློབ་གྲྭ་ཆེ་འབྲིང་། དགོན་སྡེ་ཁག་བཅས་ནས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པར་ཐོན་ཡོད་པས། ཐེངས་འདིར་བཙན་བྱོལ་ནང་གི་ཡིག་ཐོགས་པ་ཚོས་ཀྱང་དཔྱོད་ཤེས་ཀྱི་རང་ཚུགས་ཅུང་མངོན་སོང་ངོ་། །ཡིན་ནའང་། བློ་སེང་གི་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་འོས་མི་གཞན་ནག་པོ་བཟོ་འདོད་ཀྱི་ཀུན་སློང་གིས་འོས་མི་གཞན་ལ་དྲི་བ་འདྲི་སྐབས་གདན་སའི་རྟགས་གསལ་གྱི་ཁྱབ་འགོ་འཛུགས་འཛུགས་བྱས་ནས་ཁེད་ཀྱི་རྣམ་པ་ཅན་གྱི་དྲི་བ་འདྲི་བ་དང་། ཧབ་དགོད་བྱེད་པ། ཚིག་ངན་ཁ་ནས་གང་ཐོན་བེད་སྤྱོད་བྱས་པ་དང་། དེ་བཞིན་འོས་མི་གཞན་ལའང་ཐལ་ཆེ་བའི་སྐྱོན་བརྗོད་བྱས་པ་དག་ལ་བདག་ནི་འཐད་པ་མ་བྱུང་བ་མ་ཟད། ང་རང་ངོས་ནས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱེད་སྐབས་འོས་མི་གཞན་སུལའང་གཞི་རྩ་མེད་པའི་སྐྱོན་འཛུགས་དང་དགག་རྒྱག་གི་ཚིག་ངན་ཐལ་མེད་ལ། བློ་སེང་ལགས་ཀྱིས་ཀྱང་དེའི་ཐད་ལ་བགྲོ་གླེང་མང་པོའི་སྐབས་སུ་འབོད་སྐུལ་ནན་མོ་ཞུས་པ་མ་ཟད། སྔོན་འགྲོའི་འོས་བསྡུ་གྲུབ་མ་ཐག་ཡིག་ཐོག་ནས་བརྒྱུད་ལམ་ཁག་ལ་”ང་ལ་རྒྱབ་སྐྱོར་བྱེད་མཁན་དག་གིས་བག་དང་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་རོགས་”ཞེས་ཡོངས་བསྒྲགས་རང་བཞིན་གྱི་འབོད་སྐུལ་བྱས་པ་དེ་ནི་དངོས་གནས་དཔྱོད་ཤེས་མཁས་དབང་ཞིག་གི་སྒམ་ཚུགས་འབུར་གྱིས་མངོན་པའི་སྣང་བ་ཤར།
དེ་ལྟར་འོས་བསྡུའི་ཁུགས་སོ་རིམ་པར་བརྒྱུད་ནས་ད་ལྟ་དངོས་སུ་བཀའ་བློན་ཁྲི་པར་བཞེངས་ཤིང་། ༸གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱི་དམ་འབུལ་མཛད་སྒོའི་སྟེང་དུ། རང་གི་སྙིང་སྟོབས་དང་དཔའ་ཚུགས་མ་འཆོལ་བར་འཛམ་གླིང་གི་མཐོང་ས་དང་རྒྱ་ནག་གི་རིག་ས་ནས་དཔའ་ཁས་ལེན་གྱི་དམ་བཅའ་རིམ་པར་བྱས་པ་དེས་གསོན་ཤུགས་གསར་བ་ཞིག་གི་སྐྱེ་སྟོབས་མཐོང་ཞིང་། སྟག་ཤར་རྒོད་པོ་ཞིག་སྣང་བའང་བསྟན་སོང་། ལྷག་པར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཡིད་ཡོངས་སུ་ཚིམ་པའི་ཉམས་སྣང་གི་བཀའ་སློབ་རིན་པོ་ཆེ་དེས་ཁ་སང་གི་མཛད་སྒོ་དེ་ནི་རེ་བ་སྟོང་ཕྲག་གི་ཉི་གཞོན་ཅིག་ཅར་འཆར་བའི་བཀྲ་ཤིས་པའི་ཉིན་མོར་བསུས་ཤིང་། དེ་རིང་གི་བཀའ་བློན་ཁྲི་པའམ་ཁ་བ་གངས་ཅན་པའི་སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་ནི། བདེ་སྐྱིད་ཀྱི་གངས་ལྗོངས་བསུ་བའི་སེང་གེ་མཐུར་མེད་ཅིག་ལ་གསུང་གི་གནང་བ་ཐོབ་པའི་སྐལ་བ་ཅན་དུའང་བྱས་སོ། །
སྤྱི་ལོ ༢༠༡༡ ལོའི་ཟླ་ ༨ ཚེས་ ༨ ཉིན་མགོ་བརྩམས་ཤིང་སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༨ ཚེས་ ༡༡ ཉིན་རྫོགས་པར་བྱས།
བོན་རྒྱ་ལགས། ཁྱེད་ཀྱིས་མཁས་དབང་བློ་སེང་གི་གསུང་རྩོམ་རྣམས་ང་ལ་ངོ་སྤྲོད་ཞིག་གནང་ན་འགྲིག་གམ། ང་ལ་བལྟ་འདོད་ཆེན་པོ་ཡོད་མོད། ད་ལྟ་བར་དུ་མཇལ་མྱོང་མེད།
གྲོགས་པོ་བོན་རྒྱ་བས་སྔ་གཞུག་ཀུན་ཏུ་སྲིད་སྐྱོང་བློ་བཟང་སེང་གེར་རྒྱབ་སྐྱོར་བྱ་སྟངས་ཀྱི་རྣམ་པ་འདིའི་སྟེང་ནས། ཁོང་ལ་རང་ཚུགས་བརྟན་པ་དང་ཡ་ཡོ་མེད་པ་མཚོན་ཡོད། འོས་བསྡུའི་མགོ་མ་བཟུང་གོང་ནས་ཁོང་གིས་མཐའ་གཅིག་ཏུ་བློ་སེང་རྒྱབ་སྐྱོར་བྱས་མྱོང་བ་དང་། བགྲོ་གླེང་ཚོགས་འདུ་ཁ་ཤས་སྟེང་ཁོང་གིས་བློ་སེང་གི་སྐོར་ནས་མི་མང་ལ་གཏམ་བཤད་སྤེལ་ཡོད། ཁོང་གི་རྟག་བརྟན་ཐེར་ཟུག་གི་དྲང་གཤིས་འདིར་ཡིད་སྨོན་ཡོད་པ་དང་། མཐར་ཁོང་གི་རེ་བ་དང་ཕུགས་བསམ་བཞིན་བློ་སེང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེ་བོད་མི་རིགས་དང་ལྷག་པར་དུ་ཁོང་ལའང་ཐོབ་པ་ཡིན་སྟབས། ངས་གྲོགས་པོ་བོན་རྒྱ་བའི་དུས་གསུམ་གྱི་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ།
རི་ལ་བཞགས་ནས་ཆོས་མ་འགྱིད། ཀླུང་ལ་བཞགས་ན་ལས་མི་འགྱིད་པའི་སྤྱི་ཚོགས་དཀྲུགས་མཁན་གྱི་གྲྭ་ལོག་བོན་རྒྱས་རྩོམ་ཡིག་རྫུན་མ་ཞིག་བྲིས་འདུག དེ་ཡང་ཁོ་རང་གི་བལྟ་བཟོ་ཞིག་མ་རེད་དམ། རྩོམ་ཡིག་འདིའི་ནང་གྲྭ་ལོག་བོན་རྒྱས་བཀའ་ཁྲིའི་འོས་བསྡུའི་སྐབས་ལ་སྤོབས་པ་ཆེན་པོས་བློ་སེང་ལ་རྒྱབ་སྐྱོར་བྱས་སྐོར་བརྗོད་འདུག་ ཡིན་ནའི་ཨི་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྐལ་ལྡན་བློ་གྲོས་ལགས་ཀྱི་གཙོ་སྐྱོངས་འོག་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་བཀའ་ཁྲིའི་འོས་མིའི་རྒྱབ་བསྐྱོར་གྱི་བགྲོ་གླེང་སྐབས་ཁོང་གི་དྲི་བ་ཁག་ལ་ཁྱོད་ཀྱི་ལན་སྤོབས་པ་ཆེན་པོས་རྒྱབ་མ་ཐུབ་དེ་གང་རེད། བོད་ཀྱི་སྲིད་སྐྱོངས་ཞིག་གི་རང་མི་རིགས་ཀྱི་སྐད་ཡིག་ཡག་པོ་ཞིག་ཀློག་མ་ཐུབ་པ་དེ་ཡང་བློ་སེང་གི་ཁྱད་ཆོས་ཡིན་ན་གང་ཤེས། བཙན་འབྱོལ་དུ་སླེབས་ནས་མི་ལོ་ལྔ་བཅུ་ཞེས་པའི་སྐབས་སུ་ བཙན་འབྱོལ་དུ་སླེབས་ནས་མི་ ལོ ལྔ་བཅུ་ཞེས་པའི་ཀློག་སྟངས་དེ་དང་འདྲ་བ་གྲངས་ཀ་རྒྱབ་ན་རྒྱབ་མི་ཚར་བ་རེད།
དུས་ཡུན་རིང་པོའི་རྗེས་སུ་བོན་རྒྱ་བའི་རྩོམ་ཡག་པོ་ཞིག་མཇལ་བྱུང་། རྒྱབ་སྐྱོར་བ་རྣལ་མ་ཟེར་ན་ཁྱེད་ལྟ་བུ་ལ་ཟེར་ཞིང་། རང་ཚུགས་ཅན་དང་ཤེས་ནས་རྒྱབ་སྐྱོར་བྱེད་པ་ཟེར་བའང་ཁྱེད་ལྟ་བུ་ལ་ཟེར། དེ་མིན་འགའ་ཞིག་གིས་བློ་སེང་གི་རྒྱབ་སྐྱོར་བ་སྐོར་ཞིག་གི་བྱེད་སྟངས་ཡག་པོ་མི་འདུག་ཟེར་བཞིན་བློ་སེང་ལ་སྡིགས་བཞིན་པ་ནི་”འཚིག་པ་གཡག་ལ་ཟོས་ནས་རྡོག་ལྕག་བོང་བུར་བཞུས་པ”རང་རེད།
རྩོམ་ཡིག་འདི་བརྗོད་བྱ་ལྷུག་བརྗོད་བྱེད་སྟངས་དང་རྗོད་བྱེད་ཚགས་སུ་བསྒྲིགས་སྟངས་སོགས་གང་གི་ཆ་ནས་བཀའ་བློན་ཁྲི་བའི་སྐོར་གྱི་རྩོམ་ཡིག་ཁག་གི་ཨང་དང་པོའི་གོ་ས་དབང་། འཇམ་དབྱངས་གྲགས་པས།
དགའ་ལྡན་ལགས། ཁྱེད་ཀྱི་སྐད་ཆ་དེ་ཚོ་ང་ཚོ་སུ་ལའང་དགོས་མཁོ་མི་འདུག་པས་ཁྱེད་རང་ཉིད་ཀྱིས་བདག་པོ་རྒྱག་རོགས། རྗེས་སུ་ཉིད་ཀྱི་དགའ་ས་ཉེ་ས་ཞིག་ལ་སྐད་ཆ་དེ་ཚོ་ཚ་སོབ་སོབ་སྤྲོད་རོགས།
ཁྱོད་ཚོས་གྲྭ་གོས་གྱོན་པའི་ཆ་ནས་བདེན་པ་བཤད་ན་བཟང་། སྲིད་འཛིན་ལ་རྒྱལ་ཁ་ཐོབ་ནས་འུར་རྒྱུག་གིས་བྲིས་པ་ཞིག་ལས་དངོས་སུ་ཡིན་མིན་ལ་ཡིད་ཆེས་མ་སོང་། ཐོག་མཐའ་བར་གསུམ་དུ་གྲྭ་ལྭ་གྱོན་པའི་རྒྱབ་སྐྱོར་བྱེད་མཁན་ཞིག་ལ་རྫ་ཚེ་རིང་བཀྲ་ཤིས་ཟེར་བ་དེས་གལ་ཏེ་བློ་སེང་བཀའ་བློན་མ་ཐོབ་ཚེ་བོད་བཙན་བྱོལ་ལ་ངོ་ལོག་རྒྱབ་ཀྱིན་ཡིན་བཤད་མྱོང་བ་ཁ་བརྡ་དྲ་ཐོག་ནས་དངོས་སུ་མཐོང་སོང་། སྐུ་སྒེར་དངོས་ཀྱི་གསུངས་བསྒྱུར་པ་དགེ་བཤེས་ལོག་ཐོ་སྦྱིན་པས་ག་རེ་བཤད་ཡོད་ང་ཚོ་ཧ་གོ་ཡོད། ད་མི་བཤད། གཙོ་བོ་བོད་དོན་ལ་བསམ་མཁན་ང་ཚོས་སྲིད་སྐྱོང་པ་བློ་བཟང་སེངྒེ་ལ་ངོ་ལྐོག་མཚུངས་པའི་རོགས་དན་བྱེད་རྒྱུ་དེ་རེད། །མདུན་ལམ་གཅིག་པ་རེད།
དགའ་ལྡན་ཨམ་དེའི་མི་གཤིས་ལ་བལྟོས་དང་། དྲ་བདག་ལགས། མི་ལ་སྐྱག་པ་ལྟེར་བའི་ཚིག་ངན་འདི་ཚོ་བཀག་ན་བཟང་།
དྲ་གྲོགས་མཁྱེན་ལྡན་རྣམ་པ། ང་ཚོས་བཀའ་ཁྲི་གསར་པ་ཕེབས་ནས་བདུན་གཅིག་ཀྱང་འགོར་མེད་པས་རྒྱབ་སྐྱོར་གནང་བ་ལས་སྐྱོན་བརྗོད་མ་གནང་རོགས་
འོ་གྲོགས་པོ་རང་གིས་དཀའ་ལས་ཞེ་དྲག་བྱས་འདུག་དེའི་ཕྱིར་རང་ལ་ད་ཐང་གོ་སྐབས་རེ་ཐོབ་པའི་རེ་བ་ཡོད་ན་ཐེང་ཤུགས་རྒྱོབ་ད་དུང་ཤོད།སྤྱིར་ཁྱེད་ཚོའི་ལས་ལ་གྲྭ་ཆས་གཡོག་ནས་ལས་རྒྱུ་མ་མང་ན་བཟང་ནི་རེད་
རྒྱུ་མཚན་ཁ་སང་༸གོང་ས་མཆོག་གིས་ཆོས་བའི་ཆབ་སྲིད་བྱེད་པར་འོས་མཚམས་མིན་པའི་བཀའ་གསལ་བོར་གནང་བ་ཡིད་ལ་བཅིང་དགོས་སྙམ།
མི་ང་ལ་མཚོན་ན་གྲྭ་བཙུན་ཚོའི་སོ་སོའི་མི་སེར་གྱི་ཐོབ་ཐང་ལེན་པ་ཙམ་ལས།།ཧ་ཅིང་ཆབ་སྲིད་ཀྱི་ཁྲབ་སྟོན་བྱེད་མཁན་ཚོར་དགའ་པོ་གཏན་ནས་མེད།།
གྲྭ་པའི་སྤྱི་ཚོགས་ནས་སློབ་མཐར་ཕྱིན་པའི་དྲ་གྲོགས་བོན་རྒྱ་བ་ལགས། བློ་སེང་གི་མི་གཤིས་ཚོད་འཛིན་ཐུབ་སྟེ་རྒྱབ་སྐྱོར་བྱས་པའི་ཕྱག་ལས་ལ་གྲུབ་འབྲས་བྱུང་བར་བཀྲ་ཤིས་བདེ་ལེགས་ཡོད། ད་དུང་ཞུ་དགོས་པ་ཞིག་ལ། རྩོམ་དུམ་འདིའི་བརྗོད་བབས་ལ་བལྟས་ན། ཁྱེད་ལ་བཀའ་བློན་ཞིག་གི་རེ་བ་དང་འབྲས་བུ་གཉི་ག་ཡོད་མདོག་ཁ་བོ་འདུག །རེད་པས།
Posted Today, 06:40 AM
Sins of Norbu Tsering NA CHITHUE
To get Tibetan Torontonian’s support for NA chitue seat, norbu tsering spent five years as a president of CTAO. During these five years, he bought a warehouse for 3.2 million dollars to turn into a Tibetan community centre without first properly securing or ensuring the availability of funds/money from the Canadian government, which generally matches dollar for dollar amount through grants to various community culture centres in Canada. The same warehouse was up for sale by previous owners for the asking price of 2.4 million dollars in the previous year. There are numerous gossips going around the town that there were some kickbacks to the tune of about 200,000 Canadian dollars during this controversial purchase. Mandatory property inspection prior to finalizing the purchase was not done and as a direct result, lead was discovered in the walls of the property during renovation. The discovery of lead resulted in work stoppage and tonnes of money ($500,000) being spent to get rid of the lead.
Now a lot of people looking from outside of Canada would think that surely there are lots of Tibetans in Toronto, who would have been on the board of executives of CTAO, and they could have raised their voices or it could have been a collective failure. Well, not when these people on the board of executives are all hand-picked by norbu tsering himself to be yes-man. In a community meeting last week, Norbu Tsering himself boasted that he hand-picked the candidates for the new term. Throughout his five year reign at the CTAO, norbu tsering surrounded himself with yes-men/supporters who were weak, indecisive and easily influenced. He had tremendous success in alienating experienced and educated Tibetan community members in Toronto.
Plus, there’s the issue of money from 2004 Toronto kalachakra which His Holiness had specifically asked to be saved for building a Tibetan culture centre here in Toronto. Norbu Tsering was the President of CTAO then and he is supposed to have donated hundreds of thousands of dollars from that very money that his holiness had asked to be saved to organizations in India and Nepal.
Norbu tsering misled His Holiness the Dalai Lama through the promise of a grand community centre in Toronto. When his holiness praised his efforts during the inauguration of an incomplete culture centre in October 2010, he used a portion of that speech for his election campaign. When Tibetans throughout the world gathered in bylakuppe for the first Tibetan National General Body Meeting and tenshuk long life offering ceremony to His Holiness in august 2010, instead of representing Toronto Tibetan community in Tibetan National General Meeting, he chose to go to new York for election campaigning. He used ctao cultural troupe performance to lure Tibetans in New York to gather and did a PowerPoint presentation on his own achievements like GANGJONG CHOEDENLING project as success story.
Strangely, Norbu Tsering never speaks in front of Chinese Consulate. He rarely attends the March 10th functions.
During a community meeting last week here in Toronto, norbu tsering announced that over 2 million dollars have already been spent on the renovation of culture centre but if you happen to pass by the Tibetan culture centre now, there’s no evidence whatsoever of renovation having been carried out, let alone a 2 million dollars renovation. The culture centre stands today derelict, desolate and devoid of any human presence as a notice on the door prohibits people from entering the premise which is still under construction. In the same meeting, when some members of the community asked questions about the spending, he grew agitated and in his closing remarks, norbu tsering cursed that his detractors (members of community who dared raise voices and question his motives) go bankrupt and homeless in less than a month’s time.
As a member of the Tibetan community, we have great expectations from our elected representatives to be accountable and honest and transparent in all the decisions they have made while sitting on a public platform and dealing with millions of dollar of public money. Time and again, the Tibetan people in Toronto have come to the rescue of our community centre by donating hard earned money and volunteering our time. The least we deserve is accountability, honesty and transparency. Norbu tsering’s outburst is a slap to the face of democracy and a huge embarrassment of a testament to his own person. As a member of North American Tibetan community who voted for him, I am ashamed to be represented by him. And I feel that his hardcore supporters like Gyalthong Amala and kasur Lobsang Nyima should know where they stand now.
attention: katri lobsang sangye la and penpa tsering chithue tsoktso
0
* Back to top of the page up there ^
#2 User is offline moose
*
* Advanced Member
རྡ་རམ་ས་ལར་བློ་བཟང་སེང་གེར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་མཁན་མི་གསུམ་ཡོད།
བློ་བཟང་དབང་རྒྱལ་དང་། སྐུ་ཤོག་བག་གྲོ། བོན་རྒྱ་ཟེར་པ་འདི་གསུམ་རེད།
དེ་མིན་བསམ་བློ་ཐོངས་པའི་རྒན་རབས་པ་དང་ཤེས་ཡོན་ཅན་བརྒྱ་ཆ་དགུ་བཅུ་ལྷག་གིས་བློ་སེང་ལ་རྒྱབ་སྐྱོར་བྱས་མེད་པ་ནི་འོས་བསྡུའི་སྔ་རྗེས་ཀྱི་གནས་ཚུལ་ལས་ཤེས་ཐུབ།
ལི་ཐང་བསྟན་བཞུགས་སྐབས་ཀྱི་བཅར་འདྲིའི་ལན་དང་། གོང་དུ་བཀོད་པའི་ལུང་ཚིག་དེ་གཉིས་ཡུལ་དུས་མ་འདྲ་བའི་སྐད་ཆ་གཉིས་ཡིན། དེ་གཉིས་བསྲེས་ནས་བཤད་པ་ནི་གཟུ་བོར་གནས་པ་ཞིག་མ་རེད།
འོས་བསྡུའི་སྐབས་ཁྱབ་བསྒྲགས་བྱས་པ་སྐྱོན་ཅང་མ་རེད། འོན་ཀྱང་སྐབས་དེར་རྡ་ས་དང་ལྡི་ལི་ལྷག་པར་དུ་ལྷོ་ཕྱོགས་སུ་ཁྱབསཾ་བསྒྲགས་ཆེས་མང་ཤོས་ནི་བློ་སེང་དང་གངས་ལྷ་མོ་ཟེར་པའི་བུད་མེད་དེ་ཡིན་པ་ཚང་མས་ཤེས་གསལ་རེད།་འོན་ཀྱང་ཡིན་མིན་གོ་ལྡོག་གིས་རྩོམ་བྲིས་བྱས་པ་འདིས་རྩོམ་བྲིས་པ་བོན་རྒྱའི་ནང་ཁྲོལ་བསྟན་པ་ལས་མ་འདས།
བློ་སེང་ལ་བཀའ་ཁྲི་ཐོབ་ཟིན་པས་ད་བོན་རྒྱ་ལགས་ཉིད་ཀྱིས་རང་ཉིད་ཁྱབ་བསྒྲགས་བྱེད་པ་འདི་ལ་སྙིང་པོ་མི་འདུག། གཅིག་བྱས་ན་གོ་སྐབས་ཆུང་ཆུང་རེ་རག་སྲིད།
གང་ལྟར་རྩོམ་བྲིས་ན་དྲང་དགོས། ཚིག་ཕོག་སོང་ན་དགོངས་དག