ཀླུ་སྨྱོན་ཧེ་རུ་ཀ
གནམ་གྱི་རྒྱལ་མོའི་མུ་ཏིག་དཀར་པོའི་རྒྱན་ཆ་ཐོར་བ་ལྟ་བུའི་རབ་དཀར་ཁ་བའི་འདབ་མ་འབུམ་ཕྲག་ནི། །
མཛེས་སྡུག་ས་གཞིའི་དཀྱིལ་འཁོར་ཁྱོན་དུ་རང་བྱུང་ཁམས་ཀྱི་འགྱུར་བས་རྟེན་འབྱུང་འགྲོ་བའི་བསོད་ནམས་བགོ་སྐལ་དུ། །
ཡང་ནས་ཡང་དུ་བབས་པའི་རྗེས་སུ་གངས་རིའི་འཕྲེང་བ་མང་པོ་ཕྱི་བརྩེགས་ནང་བརྩེགས་བརྗིད་པར་འགྱིང་བ་ཡི། །
ཡུལ་དེར་ལྷ་སྲིན་ཞི་དྲག་བར་མའི་ཟང་ཟིང་འཁྲིགས་པའི་ཡོ་ལང་སྐབས་རེར་ཡ་མཚན་ལྟད་མོ་འབྱམས་སུ་ཀླས། །
དེ་ནས་དཔག་ཚད་དུ་མས་ཆོད་པའི་རྟག་གཟིགས་འོལ་མོ་ལུང་རིང་ཞེས་གྲགས་དག་པའི་ཞིང་ཁམས་རྨད་བྱུང་བར། །
ལྷ་རིགས་དྲང་སྲོང་གཤེན་གྱི་མཚན་ཅན་གྲུབ་པའི་སྐྱེས་བུ་ཆེན་པོས་རང་གི་གདུལ་ཞིང་གར་ཡོད་ལེགས་གཟིགས་ནས། །
རྟ་རྒོད་ཁྲོས་པའི་ཞབས་རྗེས་འཚོལ་བཞིན་འཇའ་ཚོན་འོད་ཀྱི་ལམ་བུ་ངོ་མཚར་ཐེམ་སྐས་དུ་མ་བརྒྱུད་བྱས་ཏེ། །
ཁ་བའི་ཀློང་དུ་བརྗིད་པའི་གངས་རི་དུམ་བུ་དུམ་བུར་མཛེས་པ་སྤྱན་གྱི་ངོས་སུ་བྲིས་པའི་རི་མོ་བཞིན། །
དམུ་རྒོད་འགྲོ་བའི་ཕྲག་དོག་མུན་པ་རྫུ་འཕྲུལ་འོད་ཀྱིས་བཅོམ་ཞིང་རང་གི་དག་པའི་འཁོར་མང་གར་ཡོད་ཅེས། །
བོན་སྒྲ་སྙན་མོས་རི་ཀླུང་ཁྱབ་བརྡལ་གནམ་ས་བར་སྣང་གང་བའི་ལྷ་མི་དྲི་ཟ་གནོད་སྦྱིན་ལ་སོགས་པའི། །
གདུལ་བྱ་དུ་མའི་སྣང་ངོ་ལ་ནི་སྤྱོད་པ་རྨད་བྱུང་ཡ་མཚན་གྲུབ་རིགས་ཁྱུ་མཆོག་ཉིད་དུ་ལེགས་བཞེངས་ཏེ། །
ཐུགས་ཀྱི་གསང་མཛོད་ཆེན་པོ་ལེགས་ཕྱེས་རང་རང་སྐལ་བར་འཚམས་པའི་ལེགས་བཤད་ནོར་བུ་སྣ་ཚོགས་ཐང་མར་བརྡལ། །
ཉིད་ཀྱི་ཞབས་སྐྱེས་གསེར་གྱི་མེ་ཏོག་གུས་པའི་སྤྱི་གཙུག་རྒྱན་དུ་ལེན་པའི་འགྲོ་བ་གྲངས་མེད་ཐུགས་རྗེ་ཡི། །
འོད་ཞགས་རྣོན་པོས་རིང་ནས་བཅིངས་ཏེ་སྙིང་གི་མུན་པ་ནག་པོ་བྱིན་རླབས་སྐྱ་རེངས་སྣང་བས་རྒྱང་དུ་བསྐྲད། །
ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་མན་ངག་ཟབ་མོ་དུ་མ་ཐུགས་གསང་བོན་གྱི་མཛོད་ལས་བརྡལ་བྱས་ཏེ། །
འཇའ་ལུས་འོད་སྐུར་གྲོལ་བའི་སྐལ་ལྡན་ནམ་མཁའི་སྐར་མ་བཞིན་དུ་འཁོར་བའི་ཕྱི་མཐའ་བར་དུ་རྒྱ་ཡིས་བཏབ། །
ཉིད་ཀྱི་སྲས་དང་དེ་ཡི་སྲས་སོགས་བོན་རྒྱུད་བླ་མའི་ཐུགས་རྗེའི་ཉི་ཟླ་བཞུས་པའི་འོད་ཞགས་ངོ་མཚར་བ། །
གངས་རིའི་ལྗོངས་ཀྱི་ནམ་མཁར་དཔྱངས་ཏེ་༼བོན་སྒོ་༽འབྱེད་པའི་ལྡེ་མིག་དུས་རབས་གསར་པའི་དུས་དེབ་གཟུགས་སུ་བྱོན། །
མཁས་བཙུན་གྲུབ་པའི་སྐྱེས་བུ་དུ་མས་ཐོས་བསམ་སྒོམ་གྱི་འཁོར་ལོས་ཉིན་མཚན་བགྲོད་པ་ཡོངས་སུ་བཅིངས་བྱས་པའི། །
མདོ་སྔགས་བོན་གྱི་རིག་མཛོད་ཆེན་མོ་སྨན་རིའི་བཤད་གྲྭར་དེབ་འདིའི་ངོ་མཚར་ལང་ཚོ་ཤེས་ལྡན་གྲོགས་སུ་མཛེས། །
དབྱིངས་ན་བཞུགས་པའི་གཤེན་གྱི་ལྷ་དང་གྲུབ་པའི་སྐྱེས་བུ་དག་གིས་༼བོན་སྒོ་༽ཞེས་པའི་དེབ་འདི་གཟིགས་ལ་བྲེལ། །
ཞི་དྲག་བར་མའི་ལས་ལ་དགྱེས་པའི་བོན་སྲུང་རྣམས་ཀྱིས་ཕྱག་མཚན་གྲི་ཐོད་བོར་ནས་༼བོན་སྒོ་༽ཀློག་ལ་རྔམ། །
ཤེས་རིག་ལྡིང་ཁང་མཛེས་པའི་རྒྱན་གཅིག་བླ་མ་གྲྭ་པ་དག་གིས་གསོལ་ཇ་བཞེས་བཞིན་༼བོན་སྒོའི་༽ཞལ་ཡང་ཕྱེས། །
གྲུབ་མཐའི་ཐ་སྙད་ཅུང་ཟད་མི་འདྲའི་ས་དགེ་བཀའ་རྙིང་དགོན་སྡེར་༼བོན་སྒོའི་༽གཟི་འོད་ཤེས་རབ་ངོས་སུ་འཚེར། །
གངས་ལྗོངས་མཐའ་དབུས་བོན་གྱིས་བཀང་བའི་རྨད་བྱུང་སྐྱེས་བུ་དམ་པས་ལེགས་བཤད་ཐང་མར་བརྡལ་བའི་ཉིང་ཁུ་སྟེ། །
དུས་དེབ་འདི་ཉིད་ལྗིད་ཁོག་ཚ་སྟེ་མཉམ་མེད་སྟོན་པ་གཤེན་རབ་ཁོང་ཡང་འདེགས་ལ་སྐུ་གཟུགས་རྔུལ་ཆུས་མཛེས། །
རིགས་པ་དོན་གཉེར་བློ་གསལ་དུ་མས་རང་རང་ཤེས་རབ་སྤུངས་པའི་༼བོན་སྒོ་༽དུས་དེབ་ཡང་མོ་རླུང་དང་འདྲ། །
ཧི་མ་ལ་ཡའི་ཕར་ཚུར་ལྡང་ཞིང་འཛམ་གླིང་ཤར་ནུབ་ཀུན་ཏུ་བོན་གྱི་དྲི་བསུང་མངར་མོས་ཁྱབ་པར་བྱས། །
ཞེས་པ་འདི་ཡང་ས་མཐའི་ལྡོམ་པོ་ཀླུ་སྨྱོན་ཧེ་རུ་ཀར་འབོད་པའི་བླུན་པོ་དེས་གངས་ ལྗོངས་ཤེས་རིག་གི་མ་ཕྱི་ཆེན་མོ་གཡུང་དྲུང་བོན་ལ་མི་ཕྱེད་པའི་ལྷག་བསམ་ཆེན་པོ་དང་བཅས་བྱང་ཨ་རིའི་གྲོང་ཁྱེར་གསེར་ཡུལ་རོལ་ཞེས་པ་དུས་བཞིར་མེ་ཏོག་བཞད་པའི་ཞིང་ཁམས་ ནས་བྲིས་པ་ལགས་སོ།། །།
xxxxxxxxxxxxxxxxxx
ཨ་ཁུ་ཀླུ་སྨྱོན་སྔོན་མ་དགེ་ལུགས་དེང་སང་རྙིང་མ། རྗེས་མ???????????ངོ་མ་མདོག་འགྱུར་བའི་སྒྲུང་རིང་ཞིག་འབྲི་རྒྱུ་ན་གེ་སར་གྱི་སྒྲུང་ཀྱང་མང་ས་རེད
ཚེ་སྐྱེད་ཁྱེད་ཡབ་ཡུམ་གྱིས་བོན་ལ་ཐུགས་ཁུར་གནང་བ་བཀྲ་ཤེས་བདེ་ལེགས། ཁ་ཙམ་མིན་པར་མི་ཕྱེད་དད་པས་མུ་འཐུད་དུ་བོན་ལ་ཉམས་ལེན་ཡང་གནང་རོགས་ཞུ།
སྙན་ངག་པ་ཀླུ་སྨྱོན་ཧེ་རུ་ཀས་བོན་དེ་ཕྱི་མོའི་ཆོས་དང་དགྱེས་རྡོར་གྱིས་འདྲེ་ཆོས་སམ་གཤིན་གཤེད་གདོན་གྱིས་ཆོས་སངས་རྒྱས་བསྟན་པའི་ཆོམ་རྐུན་དུ་ངོས་བཟུང་བཞག དགེ་ལུགས་ས་སྐྱ་བཀའ་བརྒྱུད་རྙིང་མ་པ་ཡང་དེ་བཞིན་ཡིན་པ་འདྲ། ངས་བཤད་འདོད་པ་ནི་ཁྱེད་ཚོས་སྒེར་མི་རེ་གཉིས་ཀྱིས་ཕྱོགས་འཐེན་མ་བྱས་ན་ཤིན་ཏུ་བཟང་སྙམ་ཡོད། བན་བོན་འདི་དག་མི་མགོ་སྐོར་བྱེད་དང་ཆུ་སྣ་ག་ཁྲིད་ལྟ་བུ་གཅིག་གཏན་ནས་མ་རེད་བསམ་ཡོད། ལྷག་པར་ཁྱབ་སྲིད་དཔལ་འབྱོར་མི་མང་སྟོབས་ཤུགས་ཀྱིས་དབང་བསྒྱུར་བྱ་བ་ཞིག་ལ་ངོས་འཛིན་ཐུབ་ཀི་མི་འདུག ནམ་རྒྱུན་དུ་ལོ་ཡི་ཁྱུད་མོ་གང་ཞིག་རྒྱུན་གྱི་ཚུལ་དུ་བར་མ་ཆད་པར་གཅིག་ནས་གཅིག་ལ་བཏགས་ཤིང་། གདོད་མ་ནས་བྲན་གཡོག་གི་སྤྱི་ཚོགས་དང་། བཀོས་རྒྱུད་འཛིན་ནས་ཞིང་བྲན་ལམ་ལུགས་སོགས་སྣ་སྒོར་མོ་ཞིག་ཏུ་འཕེལ་བའི་རིམ་པ་དེ་ཀོ་བྲིས་པའི་ལྡེབས་གྲངས་འགའ་ཞིག་ལ་ལོ་རྒྱུས་སུ་འབོད་ཀྱང་། ང་ཚོས་ལོ་རྒྱུས་མང་པོ་ཞིག་ནི་ལྷ་ཡུལ་ནས་ལྷ་མི་རུ་བརྫུས་ཚུལ་དང་མི་ཡུལ་གྱི་ཁམས་ནས་བདུད་དང་འདྲེ་འགོང་བོ་སོགས་ཀྱི་གཡུལ་འགྱེད་སྟངས་མང་ཙམ་བྲིས་འདུག་པ་ནི། དོན་དུ་གདོད་མའི་མིའི་འཚོ་བ་དང་བསམ་བློའི་གོ་རྟོག་ཅིག་ལ་རེག་ལས་པས་སྐྱོན་དུ་བལྟ་བར་མི་རུང་ཡང་།
རྒྱལ་བོ་གླང་དར་མ་ཨུ་དུམ་བཙན་དང་གྲི་གུམ་བཙན་པོ་གཉིས་ཆོས་བློན་རིགས་མི་འདྲ་བ་གཉིས་ཀྱིས་བཀྲོངས་ཚུལ་དེ་དང་། བཙན་པོ་སློན་བཙན་ནམ་གནམ་རི་སྲོང་བཙན་དང་མངའ་བདག་ཁྲི་རལ་བ་ཅན། མུ་ནེ་བཙན་པོ་དང་འཇང་ཚ་ལྷ་དབོན་སོགས་ཀྱི་འདས་རྐྱེན་དེ་སྲིད་ཀྱི་འདས་རྐྱེན་ཁོ་ན་ཞིག་ཏུ་བྲིས་ཡོད་པའི་བློ་མིག་བག་ལ་ཉལ་དགོས་པ་གང་ཞིག་ཡིན་ནམ། ད་དུང་སྲོང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་སྤེལ་དགོས་པའི་རྒྱུ་རྐྱེན་ནི་ཁོང་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཡིན་པས་ཁས་ལེན་དང་། སྐབས་ཀྱི་སྲིད་དབང་དང་སྒྲ་རིག་པའི་གཞུང་ལུགས་བརྩམས་པ་དང་བསྒྱུར་བ་སོགས་ཀྱང་བསྟན་པ་སྤེལ་ཐབས་ཁོ་ནས་རྗེས་སུ་བྲིས་ཏེ་ཡོད་པ་ནི་བདེན་ནམ། ད་ལྟ་དགོན་སྡེ་སོགས་ཀྱི་གསུང་ལུགས་ལ་བོད་ཀྱི་སྒྲ་རིག་པ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་བརྩམས་པ་ཡིན་པས། སུ་ཞིག་གི་མདུན་ནས་བསླབ་ན་དེ་ལ་ཆོས་འབྲེལ་ཡོད་པར་གསུངས་པ་དང་། རྩོམ་པ་པོ་ཡང་འཇམ་པའི་དབྱངས་སུ་བཏགས་པའི་བཤད་ཚུལ་འདི། སྐབས་དེའི་དམངས་ཀྱི་བསམ་བློ་དང་བསྟུན་པའི་རྒྱལ་བོའི་ཆབ་སྲིད་ཀྱི་བྱེད་ཐབས་ཤིག་ཡིན་ནམ།
ཁྲི་སྲོང་ལྡེ་བཙན་གྱིས་སད་མི་མི་བདུན་རབ་ཏུ་བྱུང་བ་སྐོར་ཞིག་གསོ་སྐྱོང་གནངས་པའི་ཚུལ་དང་། སློབ་དཔོན་སོགས་རྒྱ་གར་བ་འགའ་ཞིག་ལ་རང་གི་བཙན་མོ་ཚུན་འཕུལ་བའི་ཆོས་ཀྱི་སྲི་ཞུ་གནང་སྟངས། བསམ་ཡས་གཙུག་ལགས་ཁང་སོགས་བཞེངས་པའི་ཕན་འབྲས་རྐྱང་བ་ལས། དེའི་ལྡོག་ཕྱོགས་ལོ་རྒྱུས་སུ་བྲིས་མི་འདུག་པ་དང་། ཁྲི་རལ་བ་ཅན་གྱི་རལ་བ་སིལ་བུར་བྱས་ཏེ་གདན་དུ་བཏང་བ། གྲྭ་བཙུན་སོགས་ལ་མིག་ངན་ཁ་ངན་གྱི་བྱ་བ་བྱེད་མཁན་དག་གི་ཁ་མིག་མཆུ་སོགས་བྲེགས་པ་དེས་གླང་དར་མ་གླང་དར་མར་འགྱུར་དགོས་པའི་ཚུལ་ཞིག་ཏིལ་ཙམ་ཡང་བྲིས་མེད་ལ། ཁྲི་སྲོང་ལྡེ་བཙན་གྱིམ་ཤིང་གི་བུ་ཡིན་པ་དང་རལ་བ་ཅན་ཚ་བུ་ཡིན་པ་སོགས་སྒྲུབ་བྱེད་གཡོ་སྐྱོམ་ཆེ་བ་དག་བྲིས་ན་འོས་འཚམ་ཡིན་མིན་དང་། དོན་དངོས་ཡིན་མིན་དག་བྲིས་པ་ནི་ཇི་འདྲ་ཞིག་ཡིན་ནམ།
འུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཇོ་སུ་ཡིན་རུང་བོད་ལ་བསླེབས་པ་ནས་དེ་འདྲའི་དབང་ཤུགས་ཅན་དག་ཡིན་ནམ། ད་དུང་རྗེ་བཙུན་སྒྲོལ་མའི་སྤྲུལ་བ། ས་འདུལ་ལ་མཁས་པ། བཟོ་དང་རྩིས་ལ་ཐར་ཕྱིན་པ་ཞིག་ཡིན་ནམ། བོད་བཙན་པོ་སྲོང་བཙན་གྱི་བཙུན་མོ་ཡིན་པས་འདི་ལྟར་བོད་མི་བྱབ་ཆུང་བ་རེ་འགས་བླ་བཏགས་པ་ཡིན་ནམ། ཡང་ན་རྒྱལ་བོས་སྲིད་དབང་གི་དགོས་མཁོར་དེ་ལྟར་སྨྲ་བ་ཡིན་ནམ། རྒྱལ་རབས་གསལ་བའི་མེ་ལོང་ཟེར་བའི་ལོ་རྒྱུས་དེ་ནི་ངོ་མ་དག་སྣང་ཅན་ཞིག་མིན་དུས་དགོད་ཤོར་འགྲོ་བ་དང་། ཨུ་ཚུགས་ཅན་ཞིག་མིན་དུས་ངུ་ཤོར་འགྲོ་བ་ཞིག་རེད། དེ་རུ་བྲིས་པ་རེ་འགའ་ནི་ང་ཚོའི་དཀྱུས་མའི་རིགས་པ་ཞིག་གིས་ཀྱང་འཇིག་འགྲོ་བ་དེ་ཙམ་རང་རེད། སྔོན་མའི་ལོ་རྒྱུས་མཁན་མང་པོ་ཞིག་གིས་བྲིས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ཆོས་འབྱུང་མིང་ཅན་དང་། དེབ་ཐེར་གསར་མ་སོགས་དེབ་ཐེར་གྱི་མིང་མང་པོ་ཞིག་ལ་དག་སྣང་གིས་སྒྲུབ་བྱེད་གཏོང་དགོས་པས་ང་དང་ང་འདྲ་བའི་ཤེས་རྨོངས་དག་ལ་ཁ་དག་རིང་ཞིང་། ལོ་རྒྱུས་གཡུ་ཡི་ཕྲེང་བ་དང་སྲིད་དོན་རྒྱལ་རབས། དེབ་ཐེར་ཀུན་གསལ་མེ་ལོང་སོགས་ནི་ཆབ་སྲིད་ཀྱི་ཚ་ཡིས་སྣོན་པ་བརྒྱབས་དྲགས་པས་ལྕེ་ཤེས་ལ་ན་ཟུག་གི་ཚོར་བ་ཤུགས་ཆེན་བསྟེར་བས། ད་ལྟ་ང་ཚོས་དེབ་ཐེར་དཀར་པོ་ཞེས་པའི་སྲིད་ལུགས་གཙོ་བོར་སྟོན་པའི་དེབ་ཐེར་འཕྲོ་ཅན་མ་དེར་བློ་རྩེ་གཏད་ནས་འདུག་དགོས་སམ། ཁྱོད་ཚོ་སྲོལ་རྒྱུན་ལོ་རྒྱུས་ལ་ཡིད་ཆེས་ཀྱི་ཆོས་ལུགས་ལྟ་བུ་དེ་རྗེས་སུ་རྒྱལ་བ་ཤཀྱ་ཐུབ་པའི་བསྟན་པ་དར་བའི་སྐབས་སུ་ཉམས་ཆག་ཆེན་པོ་བྱུང་ཡོད།
ཁྱད་པར་བོན་ཆོས་ཀྱི་ས་མཚམས་དངོས་དེ་ནི་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་འདི་སྔགས་མ་རྒྱུད་ཀྱི་སྒྲ་ཇི་བཞིན་དུ་བཟུང་ནས་གསང་དབང་ལ་བསྙད་ནས་བུད་མེད་ལ་དངོས་སུ་བགྲོད་པ་དང་།
མཁའ་འགྲོ་ལ་ཚོགས ་མཆོད་འབུལ་བ་དང་སྒྲོལ་བ་ལ་བསྙད་ནས་མིའི་དམར་མཆོད་སོགས་བྱེད་མཁན་ཞིག་བྱུང་ཡོད། བོན་གྱི་གསང་བ་ལ་དེ་ཡང་བོན་པོ་ཡིན་པ་བཤད་ཡོད། འབྲི་གུང་འཇིག་རྟེན་མགོན་པོས་མུ་སྟེགས་བོན་གྱི་བདེན་པ་མཐོང་སྐབས་མེད་ཅེས་དང་ཇོ་བོ་རྗེས་སོགས་ནང་པའི་མཁས་པ་ཚོས་ཀྱང་བོན་གྱི་ཕྱོགས་སུ་བགྲང་ཡོད།
དེས་ན་བོན་པོའི་ཐོག་མའི་སྲོལ་འབྱེད་དེ་འདི་ནས་དར་བ་རེད་ཅེས་སྨྲ་འདོད་བྱུང་། སྐད་གསར་བཅད་ལ་བསམ་ན་ཡང་བོན་དང་ཞང་ཞུང་སྐད་ལ་འགྱུར་བ་མེད་པ་ཞིག་གཏན་ནས་མ་རེད།
གལ་ཏེ་ཆབ་སྤེལ་གྱི་མཛུབ་མོར་ཨ་ཚ་མེད་ན་ཁོང་ལ་རེ་བ་ཆེ་ཡང་ཁོང་ནི་དགུང་ལོ་བགྲེས་ཤིང་། ད་སྔའི་བར་བསྒྲིགས་རྩོམ་གནངས་པའི་ལོ་རྒྱུས་གཞན་དབང་ཅན་དེ་ནི་ལྭ་དཀར་དཀར་ལྷན་པ་ནག་པོ་ཅན་ཞིག་ཡིན་པས་ཡིད་རྟོན་འཕེར་བ་ཞིག་མ་ལགས། དེ་ལས་གཞན་མཁས་དབང་ནམ་ནོར་ཡང་དགུང་ལོ་བགྲེས་ཤིང་ད་སྔའི་བར་བརྩམས་པ་དག་ནི་བརྡ་རྙིང་བསེད་བཀྲོལ་དང་སྔོན་བྱུང་རྐྱང་བའི་ལོ་རྒྱུུས་སུ་སོང་ཡོད་ཙང་།ང་དང་ང་འདྲ་བའི་ཤེས་ཚད་ཤིན་ཏུ་དམའ་བ་དག་ལ་ད་ལྟའི་ལོ་རྒྱུས་ཀྱི་མིག་དབང་གསལ་བའི་སྲིད་དོན་ངོས་གཙང་ཞིག་སུ་ཞིག་གིས་འཁྱེར་འོང་ངམ།
ཧི་མ་ལའི་ཕ་རོལ་ནས་ཆོས་དང་སྲིད་ཀྱི་དབྱེ་མཚམས་ལ་བཀའ་གཙིགས་ཀྱི་དམ་རྒྱ་བཞག་པའི་སྐབས་ནས་བཟུང་། ལོ་རྒྱུས་ངོས་གཙང་ཞིག་འབྲི་རྒྱུར་གྲ་བསྒྲིག་ཡོད་དམ། ང་དགའ་ཁྱོད་ཕྱོགས་ཀྱི་ནམ་ཟླ་ཟད་ན་དོན་མེད་མ་ཡིན་ནམ།
ནམ་རྒྱུན་དགའ་ལྡན་ཁྲི་རབས་བརྒྱ་ཕྲག་ཅིག་དང་བཙན་པོ་བཞི་བཅུ་ལྷག་གི་མིང་ཙམ་བགྲངས་ནས་འདུག་པའི་དུས་ལས་འདའ་མི་དགོས་སམ།
ལྷག་པའི་ཡེ་ཤེས་ནས
གནམ་འོག་གི་བཤད་སྲོལ་ཞིག་དུ་བོད་དུ་ཐོག་མར་ཆོས་ལུགས་གང་ཞིག་དར་ཡོད་ཅེས་དྲིས་ཚེ། དེ་ཡི་ལན་དུ་བོན་ཆོས་ཡིན་ཟེར་ནས་བཤད་དགོས་པ་ཡིན། ང་རང་ནི་བོན་པོའི་ཆོས་ལུགས་ལ་རྒྱུས་མངའ་མེད་ན་ཡང་། སེམས་གཏིང་ནས་གནའ་བོ་བོད་ཀྱི་ཆོས་ལུགས་ཤིག་ཡིན་པར་ཡིད་ཆེས་བྱེད་མཁན་གྱི་གྲངས་ཡིན། བཟང་ངན་དང་ཡག་བཙོག་ནི་སྐྱེ་བོ་སྣོད་ལྡན་ཡིན་མིན་གྱི་ཁྱད་པར་ཞིག་ནས་འཇོག་དགོས་པ་ཡིན་དུས། ཆོས་ལུགས་གང་ལ་ཡང་དག་སྣང་སྤྱངས་པ་ནི། སྐྱེ་བོ་དམ་པ་དག་གི་བཞེད་དགོངས་ཟབ་མོ་རེད་ཅེས་བཤད་སྤོབས་ཀྱི་འདུག
ལེགས་པར་བྲིས་སོ། རང་གི་ཆོས་དང་གྲུབ་མཐའ་དང་མཐུན་ན། བོན་བོད་མིས་བྱས་པའི་གྲུབ་མཐའ་གུས་པར་ལེན་པ་ལྟ་ཅི།
ལུས་ཅན་ཀུན་གྱིས་བྱ་དང་ནི།
ཤིང་དང་འོད་ཟེར་ཐམས་ཅད་དང་།
ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ།
རྒྱུན་མི་འཆད་པར་ཐོས་པར་ཐོས་པར་ཤོག།
ཅེས་པ་ལྟར་རང་རེས་སྨོན་ལམ་འདོན་པ་བཞིན་བྱེད་དགོས་པར་སེམས་སོ།།
དྲ་གྲོགས་རྙིང་བའི་མཐར་ཐུག་བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་རང་བཙན་བྱོལ་བོད་མིའི་སློབ་གྲྭ་ལ་འགྲིམས་མྱོང་མེད་པ་ཡིན་པ་འདྲ། དེང་སང་བཙལ་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཆེ་ཆུང་མཐོ་དམན་གང་ཞིག་ཡིན་ན་ཡང་བོན་གྱི་ལོ་རྒྱུས་ངེས་པར་དུ་བསླབ་དགོས་པ་ཞིག་བཟོས་ཡོད་རེད། གཞི་རིམ་སློབ་གྲྭའི་སྐབས་སུ་ཡང་སྟོན་པ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་དང་བོན་གྱི་རྒྱན་དྲུག་སོགས་སློབ་ཚན་ནང་དུ་བཞག་ཡོད་རེད། ལྷག་པར་ཡང་དགེ་རྒན་འོས་སྦྱོང་ལྟ་བུ་ཡིན་ན་བོན་གྱི་དགེ་བཤེས་མཁས་པ་དེ་འདྲ་གདན་དྲངས་ནས་དངོས་སུ་སློབ་ཁྲིད་བྱེད་དུ་འཇུག་གིན་ཡོད་རེད། དེ་ཡིན་དུས་བཙན་བྱོལ་ནང་གི་སློབ་གྲྭར་འགྲོ་མྱོང་མཁན་ཞིག་ཡིན་ཕྱིན་མང་ཉུང་ལ་མ་ལྟོས་པར་བོན་གྱི་སྐོར་ཏོག་ཙམ་རེ་བཤད་རྒྱུ་མེད་མཁན་ཡོད་མ་རེད་ལགས།
སྤྱིར་ན་བོན་ཟེར་བ་འདི་ང་ཚོ་བོད་ཀྱི་གདོད་མའི་ཆོས་ལུགས་ཡོད་ན་མེད་ན་དེ་ཡིན་ཙང་འདི་ངོས་འཛིན་གསལ་པོ་ཞིག་ཡོང་དགོས་པ་དེ་ང་རང་ཚོར་ཧ་ཅང་གལ་ཆེན་པོ་རེད་བཞག ངས་གལ་ཆེན་པོ་རེད་ཞུས་པ་དེ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་། བོད་ཀྱི་རིག་གཞུང་གི་ལས་ཀ་བྱེད་མཁན། ལྷག་པར་བོད་པའི་ཡ་ཐོག་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཚོར་གལ་ཆེན་པོ་ཞེད་དྲགས་རེད་འདུག ཡིན་ན་ཡང་དུས་རབས་བཅུ་པའི་གོང་གི་བོན་ཞེས་པ་དེ་དང་དེང་སང་གི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བོན་ཞེས་པའི་ཆོས་རྒྱུད་འདི་གཉིས་རྦད་དེ་ལོག་ཁ་ཞིག་ཡིན་པ་ནི་ངའི་འདོད་ཚུལ་ཡིན། ངས་དེ་བཤད་ནས་ང་ལ་ཁ་རྡུང་མང་པོ་རག་སོང་།
རྒན་ཀླུ་སྨྱོན་ལགས་ཀྱིས་ཆོས་ལས་གསུངས་པའི་དག་སྣང་དང་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་གཞི་བཞག་གིས་བོན་ལ་བསྟོད་གླུ་ལེན་བཞིན་འདུག རྗེས་སུ་ཡི་རང་ཡིན། དེ་ཡང་ངེས་པར་དུ་དགོས་པ་ཞིག་རེད། རྒྱ་ནག་གི་བཤད་སྒྲོས་ལ་ཡང་། མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་། ཟེར་བ་ཞིག་འདུག་པ་དེ་རེད།
ལྷག་པ་ཡེ་ཤེས་ལགས་ཁྱེད་ཀྱིས་འདོད་པའི་བོན་ཆོས་གྱི་ས་མཚམས་ཤམ་ཐབས་སྔོན་པོ་ཅན་དེ་
ཤམ་ཐབས་སྔོན་པོ་ལ་མི་ཟེར་ཤམ་ཐབས་ཀྱི་ཀ་བ་སྔོན་པོ་ཟེར་བ་དེ་ཡིན་གྱི་རེད།དེ་མིན་བོན་གྱི་གཞུང་
ལུགས་ཕུགས་ཐུབ་གང་ལས་དེ་ལྟར་གསུངས་པ་མ་མཐོང་གལ་སྟེ་བོན་མིང་ཐོགས་ཙམ་གྱི་གཞུང་ཞིག་
ཏུ་ཡོད་སྲིད་ན་དེ་ནི་ཕྱིས་འབྱུང་གི་མཁས་པ་རེ་འགས་ཕར་བསྲེ་ཚུར་གཡོགས་བྱས་པ་ཡིན་འདོད་རེད།
ཤམ་ཐབས་ཀྱི་ཀ་བ་སྔོན་པོ་ཅེས་པ་དེ་ཡང་བོན་གྱི་གྱོན་ཆས་ཤིག་ཡིན་པས་ངེས་པ་མེད་གང་ལ་ཞེས་ན།
དུས་ཕྱིའི་བོན་གྱི་འདུལ་འཛིན་པ་བླ་མུ་ཐུར་དགོངས་པ་རབ་གསལ་གྱིས་གཙང་གི་མི་བཞི་དང་དབུས་ཀྱི་
ྱྱྲྲ྄༷༵ྂགནུབ་མེས་མི་གསུམ་ལ་བསྟན་པ་གང་དར་ཡང་ལེགས་པ་ཡིན་གསུངས་ནས་བོན་ལུགས་ཀྱི་འདུལ་བ་
གནང་སྐབས་བན་དྷེའི་སློབ་མ་བདུན་པོར་ཁོང་གི་སྲོལ་ལུགས་བཞིན་མཁན་པོའི་རྟགས་བཞི་ཁས་
ལེན་གནང་བཅུག་པས་དེའི་ནང་གི་རྟགས་གཅིག་ཤམ་ཐབས་ཀྱི་ཀ་བ་སྔོན་པོ་ཞེས་པ་དེ་ཡིན། དུས་
དེར་ཕལ་ཆེར་བན་དྷེའི་འདུལ་བ་སྨད་ལུགས་དབུ་ཚུགས་པའི་དུས་བཟང་ཞིག་ཀྱང་ཡིན་ངེས། ད་དུང་
གསང་སྔགས་མ་རྒྱུད་གྱི་སྒྲ་ཇི་བཞིན་བཟུང་སྟེ་བུད་མེད་ཤེས་རབ་རང་བཞིན་ཡུམ་དངོས་སུ་བསྟེན་པ་
ནི་གསང་སྔགས་ཐེག་ཆེན་པའི་ལུགས་ལ་ཐར་པ་བསྒྲུབ་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་པ་ལས་
འགལ་བ་གང་ཡང་མེད་དོ། ཡང་རིགས་མ་བསྟེན་ནས་དེ་མཁའ་འགྲོ་ལ་མཆོད་པ་འབུལ་བ་ནི་དེ་
རིང་མ་གཏོགས་རྣ་བས་མ་ཐོས། ཡང་རིགས་མ་བསྟེན་པ་ལ་གསང་དབང་ཡིན་ལབ་མཁན་བན་
བོན་གང་གི་གཞུང་ལས་མི་གསལ། སྤྱིར་གསང་དབང་ངོ་མ་ཤེས་ན་གསང་དབང་གི་རྣམ་བཞག་
བྱེད་པ་ནི་ཤིན་ཏུ་ངལ་བའི་རྒྱུ་རུ་གྱུར་མོད། ཡང་སྒྲོལ་བ་ཞེས་མི་དམར་མཆོད་འབུལ་རྒྱུ་མིན་ཞིང་
རང་ཉིད་ཀྱི་རྟོགས་ཚད་ལ་ལྟོས་ཏེ་ལོག་རྟོག་གི་ལས་ཉོན་མ་རིག་པ་ལས་སོགས་ཤེས་རབ་ཀྱི་རལ་
གྲིས་དབང་མེད་དུ་བཏུབས་པ་ལ་སྒྲོལ་བ་ཞེས་བྱ། འབྲི་གུང་འཇིག་རྟེན་མགོན་པོ་དང་ཇོ་བོ་རྗེ་
རྒྱལ་པོ་གླང་དར་མ་སོགས་སྔ་རབས་ཀྱི་རྒྱལ་པོ་རྣམས་བཀྲོངས་ཚུལ་དང་འདས་རྐྱེན་ད་དུང་བོན་དང་
ཞང་ཞུང་གི་སྐད་གསར་བཅད་སོགས་ཀྱི་དྭོགས་གནད་ལ་དཔྱད་དགོས་ན།རང་རྒྱལ་གཞན་ཕམ་ཀྱི་
ངར་བ་འཁུར་དུ་ཞེས་ཤིང་དགའ་སྡུག་ཚོར་སྣང་རེ་དང་ཞེ་གཏིང་གི་དམོད་པ་རེ་ཐོད་གཏུགས་བྱས་
བསྡད་མཁན་གྱི་གང་ཟག་ག་གེ་མོས་ལོངས་སུ་སྤྱོད་པའི་དཔལ་ཡོན་ཁོ་ན་ཡིན་གྱི་རེད།
ཀཿཐོག་པ་སྤོབས་པ་མཐའ་ཡས་ཁྱོད་བཙན་བྱོལ་སློབ་གྲྭ་སོང་ཡང་བོན་གྱི་ས་མཚམས་ཤེས་མི་འདུག །བཙན་བྱོལ་རྣ་ཐོས་ལས་མིག་མཐོང་མ་མྱོང་བ་འདིས་ཀྱང་བོན་ལ་ལྟ་ཚུལ་འདི་འདྲ་འདུག
http://www.rangwang.net/index.php?essayId=829
མཁས་དབང་སྙན་ངག་པ་ཆེན་པོ་འཚུབ་དགའ་ལགས། ཁྱོད་ཀྱང་བན་བོན་གཉིས་ཀ་ལ་རྒྱུས་མེད་ཀྱང་དག་སྣང་པ་ཀླུ་སྨྱོན་འདྲ་འདྲ་རེད་བཞག ། ནང་ཆོས་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་དགོས་པའི་རྒྱུ་མཚན་དང་གདན་འདྲེན་ཞུ་དགོས་པའི་རྩ་བ་གང་ཡིན་ནམ། ཁྱོས་ཧ་གོ་མི་འདུག དེ་ནི་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་འདིས་བོན་ཆོས་སྤེལ་ནས་བྱུང་བ་དང་། བོན་ནས་མ་ཚད་དེང་སང་ཤམ་ཐབས་སྔོན་པོ་དག་ལ་ཉེས་ཆད་བྱུང་ནས་ད་དུང་སྟོད་འགག་སྔོན་པོ་བཟོས་ནས་ལོ་ངོ་བཅུ་ཕྲག་ལ་སངས་རྒྱས་བཅོམ་ལྡན་འདས་མན་ཆོད་ལ་སྒྲོ་བསྐུར་ཁོ་ན་བཏབས་བཏགས་ནས་ད་གཟོད་གཉིད་འདྲ་སད་ཡོད་པ་འདྲ། ད་ཕལ་ཆེར་ཤེས་ཡོད་པ་འདྲ། དེ་ཡང་རྫུན་རྐུབ་བུད་ནས། ནམ་ཞིག་ཞྭ་མོ་སྔོན་པོ་གྱོན་ནས་ལ་རྒྱ་ལ་རྩོད་པ་ཡོང་གི་རེད། དེ་དུས་ཇོ་ནང་པས་འདུལ་བསྐལ་ཡིན་མིན་འགྲོ།
ཐོག་མར་མཁས་དབང་མཆོག་ལ་དགོངས་པར་མ་འཕྲོད་པའི་ཐ་སྙད་འདྲ་བྱུང་ཡོད་ན་དགོངས་ཡངས་
གནང་བས་རེ་བསྐུལ་དང་སྦྲགས་ཁ་བྱང་དེའི་ནང་ཡང་སྔར་སྔོན་མའི་རྩོམ་སྙོག་དེའི་བརྗོད་བྱ་རི་བོང་
རྭ་ལྟ་བུ་ཡིན་མཁན་ཞིག་རེད་འདུག། ཁོ་བོ་ནི་མིག་རྣ་སོགས་དབང་པོ་སྒོ་ལྔ་གང་གིས་མྱོང་ན་མྱོང་བ་
ཡིན་བསམ་གི་ཡོད་དངོས་དོན་ལ་དེ་ལྟར་ཡིན་མིན་མི་ཤེས།
གྲོགས་པོ་ལགས་ཁོ་བོས་དངོས་དོན་ལ་ཟོལ་ཟོག་མེད་པར་སྨྲ་ཁུལ་ཡིན་པ་ལས་མ་མཁས་མཁས་
འདོད་བསྟན་པ་རྩ་བ་ནས་མིན་ལ་ཆགས་སྡང་གི་ལམ་ནས་ཚིག་ངན་སྨྲ་ཐབས་ཀྱང་དེ་བས་མིན་ནོ།
ཁྱེད་ཀྱིས་གསུངས་པ་བཞིན་ཇོ་བོ་ཨ་ཏི་ཤ་བོད་ལ་གདན་འདྲེན་མཁན་དང་འདྲེན་པའི་རྒྱུ་མཚན་ངས་
ཧ་མི་གོ་ནའང་སྔ་ནས་ད་བར་གྲུབ་མཐའ་སོ་སོའི་བྱེད་སྒོ་སྤེལ་ཚུལ་ལ་ལྟས་ན་ཕལ་ཆེར་བོད་པ་ངོ་གཉིས་
འགས་བསྲེ་སླད་མེད་པའི་བོད་རང་གི་རིག་གཞུང་དེ་ཉིད་ཕུགས་རྩ་རྒྱལ་ཁབ་གཞན་ཞིག་ཏུ་སྐྱལ་འདོད་
པ་དག་གིས་གདན་འདྲེན་ཞུས་པ་མིན་འགྲོ། དེ་མིན་སྔར་ནས་བོན་གྱི་འདུལ་བ་ཡོད་དེ་ཨ་ཏི་ཤ་ཕེབས་
སྐབས་སྔར་བོན་གྱི་འདུལ་བ་ཞུས་ཟིན་པའི་བན་བཙུན་འགས་ཁོང་ལ་རབ་བྱུང་གནང་རོགས་ཞུས་
ཀྱང་ཚུར་ལ་ཁྱོད་བོད་ཀྱི་ཆོས་བཙུན་རྣམས་དེ་སྔ་ཇི་ལྟར་ཞུས་ཚུལ་དྲིས་པས་ཁོ་ཚོས་གཞན་དོན་དུ་
འདུལ་ཁྲིམས་བླངས་ནས་བཅའ་གཞི་ཕོག་ཅེས་ཞུས་པས།དེ་ནི་བྱང་ཆུབ་སེམས་དཔའི་སྡོམ་པར་
འདུག་བདག་གི་འདི་ཐེག་དམན་ཉན་ཐོས་ཀྱི་ལུགས་ཡིན།ངས་མི་གནང་གསུངས་ནས་མ་གནང་
ཞེས་ལུགས་གཅིག་དང་ཡང་ཆོས་ལུགས་ཀྱི་ཆོས་འབྱུང་ལས་མི་གནང་བའི་རྒྱུ་མཚན་ནི་སྔར་འདུལ་
བ་ཡོད་པ་སོ་ཐར་གྱི་སྡེ་ཡིན་པ་དང་ཨ་ཏིའི་གནང་རྒྱུ་དགེ་འདུན་ཕལ་ཆེན་གྱི་སྡེ་ཡིན་པས་ཕྱིས་སུ་
ནང་འཁྲུགས་སྲིད་གསུངས་ནས་མ་གནང་བར་བཤད་པ་ལས་བོད་ལ་འདུལ་བ་མེད་དྲགས་ནས་རྒྱ་
གར་ལ་སློང་མོ་རྒྱབ་པ་ཞིག་མ་ཡིན་པ་དོན་གྱིས་གྲུབ་མོད། པཎ་ཌི་ཏ་ཤམ་ཐབས་ཀྱི་ཀ་བ་སྔོན་པོ་
ལུས་པ་དེ་ཡང་དྲིན་ཅན་ལ་དྲིན་ལོག་མཇལ་སའི་བླ་མུ་ཐུར་ལ་ཐུག་པར་རྟེན་དེས་བོན་ཆོས་འདྲེས་
མར་ལོས་སྤྱོད་དེ་ཁོའི་སྤྱི་གཙུག་གི་ནོར་བུ་བོན་གྱི་བླ་ཆེན་ཡིན་པའི་ཕྱིར།
ཁ་ཤས་ཤིག་གིས་སངས་རྒྱས་ཀྱི་ཆོས་ནི་བཙན་པོ་ཚང་གིས་བོད་ལ་སྤེལ་ཐབས་བྱས་པ་མ་གཏོགས་སྐབས་དེར་མི་མང་གིས་བོན་ལ་དད་མོས་ཆེ་ཚུལ་བཤད་པ་དེ་བདེན་པ་མིན་པ་འདྲ། བོད་ལ་ནང་ཆོས་མ་དར་གོང་དུ་བོན་ཟེར་བའི་རིག་གཞུང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་སངས་རྒྱས་ཆོས་ལུགས་ལ་འགྲན་ནུས་པ་ཞིག་ཡོད་པས་བོད་མི་མང་གིས་དགའ་པོ་བྱེད་ཀྱིན་ཡོད་ན་ལྷ་སྲས་དར་མ་བཀྲོངས་རྗེས་སུ་བཙན་པོའི་གཞུང་གིས་གནོན་ཤུགས་ནི་གཏན་ནས་མེད་པས་བོད་མི་མང་གིས་སངས་རྒྱས་ཆོས་ལུགས་ཕྱིར་འབུད་དང་བོན་ལུགས་བོན་ལུགས་བསྐྱར་གསོ་བྱེད་དགོས་པ་ལྟ་བུ་ཞིག་རེད། ཡིན་ན་ཡང་དེ་ལས་ལྡོག་སྟེ་བཙན་པོའི་ཁྱིམ་རྒྱུད་ཀྱི་དབང་ཆ་རྩ་མེད་དུ་ཕྱིན་རྗེས་བོད་མི་མང་གིས་སངས་རྒྱས་ཆོས་ལུགས་ལ་དགའ་བསུ་ཚད་ལས་འདས་པ་ཞུས་ནས་སངས་རྒྱས་ཆོས་ལུགས་དེ་བཙན་པོའི་གཞུང་གི་ཆོས་ཙམ་མ་ཡིན་པར་མང་ཚོགས་ཁྲོད་དུ་གཏིང་ཚུགས་པ་བྱུང་འདུག
སྤྱིར་ན་ལྷ་སྲས་དར་མའི་སྔོན་ལ་ཡང་བོད་ལ་ནང་ཆོས་དར་ཁྱབ་ཆེན་པོ་དེ་ཙམ་ཞིག་མིན་པ་འདྲ། བོད་ཀྱི་སངས་རྒྱས་ཆོས་ལུགས་པ་ཚོས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་གཞུང་ཟེར་དུས་ཕལ་ཆེར་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ལྟ་བུ་ཞིག་ཏུ་འདོད་པ་དེ་ནི་མི་བདེན་ཐག་ཆོད་རེད། ཁྲིི་རལ་པ་ཅན་སྐུ་མ་གཤེགས་པའི་ལོ་ཁ་ཤས་ཤིག་གི་གོང་དུ་བཙུགས་པའི་རྡོ་རིང་ལས་ཀྱང་སྐབས་དེར་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ཏུ་དམར་མཆོད་སོགས་བྱེད་གྱིན་ཡོད་པ་གསལ་པོར་འདུག
ཁྱེད་རྣམ་པས་འདིར་ཕན་ཚུན་མི་སྒེར་གྱི་མཚངས་འབྲུ་རེས་དང་ཆོས་རྒྱུད་ཀྱི་མིང་ནས་བཟུང་སྟེ་ངན་མཚངས་འབྲུ་རེས་མ་བྱེད་པར་ལོ་རྒྱུས་ལ་གང་ཡོད་པ་དཔང་རྟགས་དང་སྦྱར་ནས་བཤད་རོགས་གྱིས།
ཀླུ་སྨྱོན་གྱིས་བརྩམས་པའི་ཚིག་གཅིག་ངས་བཟོ་བཅོས་བྱེད་འདོད་བྱུང་། དེ་ནི། རྟ་རྒོད་ཁྲོས་པའི་ཞབས་རྗེས་འཚོལ་ཕྱིར་འཇའ་ཚོན་འོད་ཀྱི་ལམ་བུ་ངོ་མཚར་ཐེམས་སྐས་དུ་མ་བརྒྱུད་བྱས་ཏེ༎ཞེས་པ་དེའི་རྟ་རྒོད་ཁྲོས་པའི་མ་བརྗོད་པར་རྟ་རྒོད་བོར་བའི་ཞབས་རྗེས་འཚོལ་ཕྱིར་ཞེས་བརྗོད་ན་ཡག་ས་རེད། རྟ་རྒོད་ཁྲོས་པ་མ་རེད། རྟ་རྒོད་བོར་བ་རེད། རྟ་རྒན་ཚོ་ཇག་པས་དེད་སོང་བ་རེད།
ཆོས་ལུགས་ལྔ་ཡི་བླ་ཆེན་རྣམ་པས་དབུ་ཁྲིད་པའི་ཆོས་རྒྱུད་འཛིན་པ་རྣམས་ཀྱིས་བོད་སྤྱི་བའི་དོན་དུ་ཐུགས་བསམ་ཅུང་ཙམ་བཞེས་ནས་མཆན་འགོད་ན་དགེ་མཚན་ཆེ།
དེ་བཞིན་དུ་ཀླུ་སྨྱོན་གྱིས་དེང་སང་གི་མི་ཁ་ཤས་རེའི་འབྲི་ལུགས་བཞིན་རྟག་གཟིགས་འོལ་མོ་ལུང་རིང་ཞེས་བྲིས་འདུག དེ་ནི་སྟག་གཟིག་ཅེས་བྲིས་ན་དག་པ་འདྲ། བོན་གྱི་ཡིག་ཆར་འཛམ་བུ་གླིང་གི་ཡུལ་གྱི་ཆགས་ཚུལ་བཤད་སྐབས་ནུབ་ན་སྟག་སྡེ་དང་གཟིག་འཕེན་ཞེས་འབྱུང་བས་ཡུལ་དེའི་བསྡུས་མིང་ལ་སྟག་གཟིག་གྲུབ་པར་ཐེ་ཚོམ་མི་འདུག དེ་ནི་ཡིག་ཆའི་གོང་འོག་བསྒྲིགས་ནས་བལྟས་ཡོང་དུས་སྟག་གཟིག་མ་གཏོགས་རྟག་གཟིགས་ཞེས་པའི་ཡུལ་ཞིག་མེད་པ་ཤེས་པ་ལྟ་བུ་ཞིག་འདུག བཅོས་རྒྱུ་མང་དྲགས་སོང་ན་མཐའ་མཇུག་ལ་མགོ་རྙོགས་ཇེ་ཆེར་འགྲོ་བ་ལས་འོས་མེད་པས་ཐ་སྙད་རྙིང་པ་དེ་ཚོ་རང་འཇག་བཞག་ན་ཡག་པར་མཐོང་།
ཡང་བན་བོན་གཉིས་ཀས་ཐུག་པ་དཀྲུག་རྒྱུ་རེད། ད་ཐུག་པ་དཀྲུགས། ཡག་ཐག་ཆོད་དཀྲུགས།
འགོ་ལྷག་པ་ཡེ་ཤེས་ཀྱིས་བཙུགས་མཇུག་གཏུམ་ཆེན་སོགས་ཀྱིས་སྐྱོན་བཞིན་དུ་ད་དུང་ཡོ་ཁག་གཞན་
ཞིག་ལ་འགེལ་འདོད་ཀྱིས་ཁ་ནས་གང་ཐོན་ཐོན་གྱི་བྱུང་རྒྱལ་སྨྲ་བ་འདི་ཅི་འདྲའི་ཡ་མཚར་བ་ཞིག་
མིན། འོན་ཀྱང་རྐུན་མ་རང་གིས་རྒྱབ་རྐུ་ཞྭ་མི་ལ་གཡོགས་རྒྱུ་འདི་རྣམ་པ་ཚོས་རང་རང་གི་གྲུབ་
མཐའ་ལ་ཞབས་ཞུ་སྒྲུབ་པས་ཁུལ་ཡིན་ནམ་ཡང་ན་སྔར་ནས་ངན་གོམས་སོང་བ་ཞིག་རེད། དེ་ནི་
ནང་པ་སངས་རྒྱས་པའི་གྲུབ་མཐའི་ལྟ་སྤྱོད་ལ་ལྟོས་ཏེ་མཐའ་ཡི་མུན་པ་ཆེན་པོ་རུ་མཐར་བསྐྲོད་གཏོང་རྒྱུ་
ཞིག་ལས་ཞབས་ཏོག་མི་ཡོང། ཚིག་སྙོག་གད་སྙིགས་ཀྱི་གྲངས་ཀར་བགྲང་པ་ལས་གཤིན་རྗེའི་
སྡིག་ཁུང་ལྟ་བུའི་ཁ་ནས་དོན་གནས་ཀྱི་ཚིག་གཅིག་འཐོན་ཐབས་བྱས་ན་མི་བཟང་ངམ། དེ་ལྟར་ཉན་
མི་འདོད་ན།ངེས་ཚིག་བདེན་པར་སྨྲས་ཀྱང་མི་ཉན་སྐུར་བ་འདེབས་དེ་ལྟ་བུའི་སེམས་ཅན་དེའི་རིགས་
ལ་ཐར་པའི་ལམ་མ་འཆིས། གསུངས་པའི་དམ་པའི་ཞལ་གསུང་བདུད་རྩི་འདྲ་བ་དེ་ཉམས་ལེན་བྱས་
རྗེས་ཞི་ནས་བཤད་འགོ་ཚུགས་ཤིག