རྟ་ནག་སྐལ་བཟང་ལུང་རིགས།
༼མ་ཡུམ་ས་རཱ་མཐོ་སློབ་དབུ་བརྙེས་ནས་བགྲང་བྱ་ཧྲིལ་བོ་བཅུ་གསུམ་འཁོར་བར་ཕུལ།༽
འདི་ལོ་ནི་མ་ཡུམ་མཐོ་སློབ་ལོ་ན་བཅུ་གསུམ་ལ་བསླེབས་པས། སློབ་གྲོགས་རེ་འགས་ངོ་དེབ་དང་མྱུར་འཕྲིན་བརྒྱུད་ནས་མ་ཡུམ་མཐོ་སློབ་ཀྱི་འཁྲུངས་སྐར་བསུ་རུ་ཤོག་ཟེར་བའི་འཕྲིན་ཐུང་རེ་བྲིས་སོང་ལ། རེ་འགའི་ངག་ཐོག་གི་སྐད་སྐུར་རེ་ཡང་འབྱོར་སོང་མོད། དུས་ཚོད་དང་ལམ་གྲོན་ཡོད་ཚད་ཀྱང་གཞན་དབང་ཅན་དུ་སོང་གཤིས་ཤོག་ཟེར་ན་ཡོང་ཆོག་ཆོག་ཅིག་མིན་ལ། ཉིན་ཞག་འཁོར་འགྲོས་ཀྱིས་གཅད་དགོས་པའི་ལམ་ཐག་དེས་ཀྱང་བདག་ལ་དགོངས་པ་སྤྲོད་མི་ནུས་པ་ཀུན་གྱིས་ཤེས་ཚོད། ཅི་སྟེ་དངོས་སུ་མ་འབྱོར་ནའང་ཡུམ་ཆེན་མ་ལོ་ན་བཅུ་གསུམ་ལ་བསླེབས་པར་དགའ་བ་གསེར་གྱིས་མི་ཁུགས་པའི་ཚོད་དུ་ཡོད་ལ། སྤྲོ་བ་གནམ་ལ་འཕུར་བའི་ཟོལ་དུ་ཡོད། དཀའ་ངལ་དང་ཉེ་ཞོ་མར་མར་བབ་པའི་མ་ཡུམ་མཐོ་སློབ་ཀྱི་བགྲང་བྱ་བཅུ་གསུམ་རིང་གང་ཞིག་མ་འཇོན་པ་དང་། ཅི་ཞིག་མ་འགྲུབ་པའི་བྱ་གཞག་གང་ཞིག་ཡོད་དུ་གདའ་ཡང་། ཉམ་ཅིས་ཀྱང་དམའ་བའི་བཙན་བྱོལ་སྐད་ཡིག་གི་ལྟེ་ཕུར་དང་། འཇུ་ཐག་སྲ་མཁྲེགས་ཅན་དེ་ཁྱེད་རང་ལས་མ་ཡོད་པ་ཀུན་པོའི་སེམས་ན་ཁྲིགས་སེ་ཡིན་ལ། རིང་མིན་ཐུང་མིན་པའི་བགྲང་བྱ་བཅུ་གསུམ་གྱི་རྗེས་ཤུལ་ན་ཁྱེད་ཀྱི་མགོ་བོ་དགུང་ལ་བཀྱག་ཆོག་པའི་ང་རྒྱལ་ལྗིད་ཏིག་གེ་བ་ཞིག་ཡོད་པའང་དངོས་གནས་ཡིན། འབྱུང་འགྱུར་ཡང་ཁྱེད་རང་གནམ་གྱི་ཀ་བ་དང་། ས་ཡི་ལྟེ་ཕུར་དུ་འགྱུར་ཐུབ་པའི་སྨོན་འདུན་གཤའ་མ་དང་བཅས།
ཁྱེད་ཀྱི་པང་དུ་སྐྱེས་ཤིང་ཁྱེད་ཀྱི་པང་ནས་གྱེས་པའི་སློབ་བུ་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ནས།
ཁ་མིན་སེམས་དོན་གྱི་སྨོན་འདུན་ཞིག་གི་ཚུལ་དུ། ༢༠༡༡།༨། ༡༢། ཉིན་བྲིས།
མ་ཡུམ་སློབ་གྲྭའི་དབུ་འཕང་དགུང་ལས་མཐོ།
མ་ཡུམ་སློབ་གྲྭའི་མཚན་སྙན་སྲིད་ན་གྲགས།
མ་ཡུམ་སློབ་གྲྭའི་སློབ་རྒྱུད་ས་སྟེང་ཁྱབ།
མ་ཡུམ་སློབ་གྲྭ་དབྱར་གྱི་མཚོ་བཞིན་རྒྱས།
སཱ་ར་བོད་ཁྱིམ་མཐོ་སློབ་དབུ་བརྙེས་ནས་གྲངས་བྱ་ ༡༣ ཧྲིལ་པོ་འཁོར་བའི་དགའ་སྟོན་རྟེན་འབྲེལ་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་མཆཽག་སྤྲུལ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས་རྒྱུ་ཡིན།
ས་རཱ་མཐོ་སློབ་དབུ་བརྙེས་པའི་ཉིན་མོར་ཡོང་དགོས་པའི་མགྲོན་ཤོག་འབྱོར་ཡང། གཞུང་འབྲེལ་ལས་འབྲེལ་ཆེ་བའི་འགྲོ་ཐུབ་མིན་ཧ་མི་གོ་ཡང། དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྗེད་དྲན་དང་། ད་ཡོད་སློབ་མ་དང་སློབ་ཟུར་ཡོངས་ལ་བཅོས་མིན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སླད་ཕྱིན་རང་རེའི་ས་རཱ་མཐོ་སློབ་དེ་ཉིད་སླར་རྒྱུན་སྡོད་རྒྱུ་མིན་པར་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་མཐོ་སློབ་ཀྱི་རྣམ་པར་འགྱུར་ཆེད་འཆར་གཞི་གདིང་དགོས། དེ་ཡང་བེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་བམ། IGNOU གང་རུང་གི་ཁུངས་སུ་འཛུལ་ཐབས་བྱེད་དགོས་གལ་ཆེ་བ་དང་། མཐོ་སློབ་ཀྱི་ཕྱིའི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་། སློབ་ཚན་ཡང་བོད་ཡིག་གཅིག་པུ་མ་ཡིན་པར་ཕྱི་ནང་གཉིས་ཀའི་སྐད་ཡིག་ཐོག་སློབ་ཚན་འདྲ་མིན་སྦྱོང་རྒྱུའི་གཞི་རྩ་བརྟིང་དགོས་པར་སྙམ་མོ།།
སཱ་ར་བོད་ཁྱིམ་མཐོ་སློབ་དབུ་བརྙེས་ནས་གྲངས་བྱ་ ༡༣ ཧྲིལ་པོ་འཁོར་བའི་དགའ་སྟོན་རྟེན་འབྲེལ་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་མཆཽག་སྤྲུལ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས་རྒྱུ་ཡིན།
ས་རཱ་མཐོ་སློབ་དབུ་བརྙེས་པའི་ཉིན་མོར་ཡོང་དགོས་པའི་མགྲོན་ཤོག་འབྱོར་ཡང། གཞུང་འབྲེལ་ལས་འབྲེལ་ཆེ་བའི་འགྲོ་ཐུབ་མིན་ཧ་མི་གོ་ཡང། དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྗེད་དྲན་དང་། ད་ཡོད་སློབ་མ་དང་སློབ་ཟུར་ཡོངས་ལ་བཅོས་མིན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སླད་ཕྱིན་རང་རེའི་ས་རཱ་མཐོ་སློབ་དེ་ཉིད་སླར་རྒྱུན་སྡོད་རྒྱུ་མིན་པར་རྒྱ་གར་གཞུང་གི་ངོས་འཛིན་ཡོད་པའི་མཐོ་སློབ་ཀྱི་རྣམ་པར་འགྱུར་ཆེད་འཆར་གཞི་གདིང་དགོས། དེ་ཡང་བེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་བམ། IGNOU གང་རུང་གི་ཁུངས་སུ་འཛུལ་ཐབས་བྱེད་དགོས་གལ་ཆེ་བ་དང་། མཐོ་སློབ་ཀྱི་ཕྱིའི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་། སློབ་ཚན་ཡང་བོད་ཡིག་གཅིག་པུ་མ་ཡིན་པར་ཕྱི་ནང་གཉིས་ཀའི་སྐད་ཡིག་ཐོག་སློབ་ཚན་འདྲ་མིན་སྦྱོང་རྒྱུའི་གཞི་རྩ་བརྟིང་དགོས་པར་སྙམ་མོ།།
ད་ལྟ་རང་ཁ་བརྡའི་ནང་ལ་འཛུལ་མ་ཐག་རྟ་ནག་ཅིག་གི་འཚེར་སྐད་ལྷང་ལྷང་གྲགས་པ་ཐོས་བྱུང་ལ་དེའི་མཚུངས་ཁོང་ཅག་གི་རྟ་རྒྱུག་འགྲན་སྡུར་གྱི་རྣམ་པ་དག་ཀྱང་ཡིད་ལ་འཁོར་བྱུང། ངོ་མ་རྟ་རྒོད་མི་ཉུང་བ་ཞིག་གནས་དེ་ནས་འཁྲུངས་མྱོང།
ད་ཐེངས་བདག་གིས་ཀྱང་རང་ཁྱིམ་སློབ་གླིང་དེར་སྐོར་ཅིག་རྒྱག་ཐུབ་སོང་ལ། རྟ་རྒྱུག་གླིང་དེ་ནས་ད་དུང་ཡང་རྟ་རྒོད་འགའ་རེ་ཐོན་ཐུབ་རྒྱུའི་རེ་བ་ཞིག་ཀྱང་སླེབས་བྱུང། གང་ལྟར་ང་ཚོ་འདི་ལྟར་རྒྱང་ཐག་རིང་ཡང་སེམས་པ་གཅིག་ཏུ་ཕྱོགས་ཤིང་འདང་བརྩེ་ཡལ་བ་མེད་པར་གནས་པ་ནི་ཅི་འདྲའི་སྤྲོ་བ་ཨང།
དགེ་སློབ་ལས་བྱེད་རྣམ་པ་ཡོངས་ཀྱིས་སྔར་ལྷག་གི་འབད་བརྩོན་ཆེར་སྐྱེད་ཀྱིས་མཐོ་སློབ་ཀྱི་མཚན་སྙན་དར་ཆ་དེ་གནམ་ལ་ཕྱར་རྒྱུར་རེ་བསྐུལ་དང་བཅས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་འདི་ནུབ་གླིང་གི་བར་སྣང་བརྒྱུད་དེ་ཕུལ་བ་ལགས་སོ།
བདག་ལ་གསོན་ཤུགས་དང་འགུལ་བསྐྱོད་ཐུབ་པའི་ཡན་ལག་སྤྱིན་པའི་མ་ཡུམ་མཐོ་སློབ་ཁྱེད་ཀྱི་མི་རིགས་ཀྱི་་མགོ་རྣ་གཟེངས་སུ་བསྟོད་མྱོང་ལ་རིག་གཞུང་གི་ཚེ་སྲོག་ཆད་མཐུད་བྱེད་མྱོང་ད་དུང་མ་འོངས་པའི་མི་རབས་གསར་པའི་རེ་བ་དང་ཡིད་ཆེས་ཡོད་ཚད་མ་ཡུམ་ཁྱེད་ལ་བྱེད་བཞིན་ཡོད།དེ་རིང་ཁྱེད་རང་མི་ཡུལ་དུ་སྐུ་འཁྲུངས་པའི་དུས་ཆེན་དེ་སྤོབས་པ་དང་གཟི་བརྗིད་ངང་ནས་སྲུང་བརྩི་ཞུ་བ་ལ་གུས་པས་ཡིད་རང་དང་བསྔགས་བརྗོད་ཡོད།གུས་པའི་སློབ་གྲྭ་འདིའི་གཞན་དབང་སྟབ་བསྟུན་ལ་བརྟེན་ནས་ད་ཐེངས་ངོ་བཅར་ཐུབ་མ་སོང་ཀྱང་ངའི་སེམས་པ་མ་ཡུམ་སློབ་དང་ནམ་ཡང་ཁ་བྲལ་མེད།
མ་ཡུམ་ས་རཱ་མཐོ་སློབ་དབུ་བརྙེས་ནས་བགྲང་བྱ་༡༣འཁོར་བའི་ཉིན་གུས་བྱང་ཐང་ཕོ་ཉས་དགའ་སྟོན་རྟེན་འབྲེལ་གྱིས་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།
འཕྱི་དྲགས་ཀྱང་དུས་ཚོད་ཀྱི་དབང་གིས་དོན་རྐྱེན་འདི་འདྲར་འཕྲད་སྲིད་པ་སུས་ཀྱང་ལོས་ཤེས། ངས་ཀྱང་སློབ་གླིང་འདི་ནས་རྟ་ཕོའི་རྨིག་སྒྲ་དང་འབྲི་མོའི་ངུར་སྒྲ གཡང་ཕྱུགས་ལུག་གི་འབའ་སྒྲའི་ཁྲོད་ནས་མི་ལོ་ཧྲིལ་པོ་འགའ་ཁད་ཀྱིས་བསྐྱལ་བའི་དུས་ཚིགས་དེ་ཚོར་ཕྱི་འདང་རེ་རྒྱག་དུས། ཚོད་ཚོད་ལ་དགའ་སྐྱོ་དང་དྲན་གདུང་གི་ཀློང་དུ་ཐིམ་འགྲོ གང་ལྟར། སློབ་ཟུར་ལྷན་འཛོམས་དུས་སྟོན་ཐེངས་དང་པོ་དགའ་སྤྲོའི་ངང་འཛོམས་ཤིང་རྒྱལ་ཁའི་ངང་གྲོལ་ཟིན་པར་དགའ་བསུ་ཡོད། གཤམ་དུ་ད་ལྟའི་སློབ་མ་ཚོས་ཤེས་དགོས་པའི་བཀུར་འོས་ས་རཱའི་དགེ་རྒན་འགའི་ཁྱད་ཆོས་གཙོ་བོ་འགའ་ངོ་སྤྲོད་བྱེད།
རྒན་ལྷ་སྐྱབས་ལགས་ནི། སློབ་གླིང་འདིའི་རྟ་བདག་ཚེགས་ཡང་མིན་ཡིན་མི་ཤེས་མོད། ཁོང་ནི་རྟ་བདག་རང་ཚུགས་ཆེ་ཞིང་རྟ་ཁ་ཐབས་ཀྱིས་གཅུ་ཤེས་པའི་དགེ་རྒན་ཞིག་སྟེ། གནོན་མ་ཐུབ་པ་ལྟ་བུའི་སེམས་ཀྱི་ཚོར་བའམ་དགའ་སྣང་ཞིག་གིས་ཞལ་རས་འཛུམ་གྱིས་ཡོངས་སུ་ཁེངས་འགྲོ་བ་མཚམས་རེར་མ་གཏོགས་མཐོང་མི་ཐུབ། གདོང་གི་འཛུམ་མདངས་དེའི་གཞུག་ན་ཕྱི་མིག་ཅིག་དང་ཕྱི་མིག་དེའི་ནང་ན་ཁ་མི་གྲགས་པའི་ཞེ་འདང་ཞིག་ཡོད་པ་དེ་ནི། ད་དུང་རྟ་ཕྲུག་ཚོའི་སེམས་ན་ཅི་འདྲའི་གསལ་ཨང་་་་་་་་་་་།
རྒན་འཇམ་གྲགས་ལགས་ནི། རྟ་ཞོན་ནས་ཕེབས་རྒྱུར་དགའ་ནའང་། རྟ་ལ་མི་དགའ། དེ་བས་ཀྱང་རྟ་ལ་བདག་པོ་རྒྱག་རྒྱུར་མི་དགའ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་བདག་འཛིན་སྤངས་ཟིན་པས་ལན་པ་འདྲ། ཡང་གཅིག་བཤད་ན། འགྲོ་དྲུག་སེམས་ཅན་འཆད་དུས་དྲོད་མ་ཡལ་བའི་བྱང་སེམས་རློན་པ་ཞིག་ཀྱང་་་་་་་་་་།
རྒན་སྐལ་བཟང་ལགས་ནི། བཟོད་པའི་ཕ་རོལ་གྱི་གཙང་པོའི་འགྲམ་ནས་སྐྱེས་པའི་ཙན་དན་གྱི་སྡོང་བོ་ཟེེར་བ་དེ། ལོ་མ་དང་ཡལ་ག་མེད་པའི་འཇམ་པོ་འཇམ་པོ་ཞིག ཁོང་མཐོང་དུས། ཤིང་བལ་འཇམ་མོ་འཇམ་མོ་ཞེས། ཀུན་གྱིས་གདན་དུ་མི་བྱེད་དམ། ཞེས་པའི་ཚིག་དུམ་འདི་ངའི་བློ་ལ་རང་བཞིན་གྱིས་འཆར་ཡོང་།
རྒན་བསོད་ནམས་ལགས། རྒན་འདིས། ནན་ནན་ཏིག་ཏིག་གིས་འཆད་ཁྲིད་གནང་སྟངས་དེས། གདུལ་བྱ་སློབ་མའི་མིག་ལམ་ནས་ཡལ་མི་སྲིད་པའི་རྡོ་རིང་ཞིག་གི་སྣང་བརྙན་བསྐྲུན་ཡོད།
ཡིག་གཟུགས་རྒན་ངག་རྡོར་ལགས་ནི། ཚང་མའི་མཐོང་ལམ་ན་ནམ་ཡང་ཁོམ་དུས་མེད་པའི་སྤྱི་སྤྱོད་རླངས་འཁོར་ཞིག
རླངས་འཁོར་འདིས་ཡར་མར་དབོར་འདྲེན་བྱེད་པའི་ཅ་ལག་ནང་ན་སློབ་ཕྲུག་ཚང་མས་མཐོང་མི་ཆོག་པའི་གསང་བའང་ཡོད་སྐད། སྟགས་ལེགས་པ་ཞིག་ལ་གསང་བ་དེ་ཚོང་རྫས་མིན་པ་འདྲ།
དྲུང་ཡིག་རྒན་པ་སངས་ལགས་ནི། ང་རྒྱུས་མངའ་དེ་ཙམ་མེད་མོད། སློབ་མ་ཚོས་བཤད་སྲོལ་ལྟར་ན། གོ་སྐབས་ཤིག་རེག་ན། འཇོན་མི་འཇོན་གྱི་ཕྱོགས་ནས་སེམས་ཁྲལ་མེད་པའི་གནའ་དུས་ཀྱི་ལྷ་ཞིག་སྟེ། དེ་ནི་ལྷ་ཚངས་པའོ།།
རྩིས་པ་སྤེན་ཚེ་ལགས་ནི། གནམ་བདག་རྒྱལ་པོའི་བཀའ་ལུང་གིས་ས་རཱ་མཐོ་རིམ་སློབ་གྲྭའི་སྲུང་མར་གཏན་དུ་བསྐོ་བཞག་གནང་བ་ཡིན་ཟེར། སློབ་གླིང་འདིར་འབྲུག་ལྡིར་གློག་ཞགས་འཁྱུག་ཅིང་ནམ་མཁའ་སྤྲིན་གྱིས་ཁེངས་ཡོང་ཚེ་འབུད་རྡུང་དཀྲོལ་གསུམ་གྱི་སྒོ་ནས་ཁོ་ལ་ཉེར་གཏད་དྲག་པོ་བྱ་དགོས་ཟེར། མུ་འགོད། དུས་ཚོད་དབང་གིས་དེ་རིང་འདི་ནས་མཚམས་བཞག