ཚེ་རིང་གི་བུ།
——–
ངས་གྲོགས་པོ་ཞིག་ལ་ཁ་པར་ཞིག་བཏང་བ་ཡིན། ཁོས་‘‘ཁ་སང་དེ་རིང་གི་རེབ་གོང་ནི་ཛ་དྲག་ཅན་དུ་འགྱུར་བཞིན་འདུག ས་ཕྱོགས་གཞན་པར་དེ་ལྟར་ཡིན་ལས་ཆེ། དྲིན་ཆེན་པོ། རྒྱ་གཞུང་གིས་རེབ་གོང་ཡུལ་དུ་ཚོགས་འདུ་སྣ་ཚོགས་བསྡུ་གིན་འདུག དཔེར་ན། སློབ་གྲ་ཁག་ཏུ་དགེ་རྒན་དང་སློབ་མ་ཚོར་ཚོགས་འདུ་བསྐོང་གི་ཡོད་པར་མ་ཟད། མི་རིང་བར་གྲོང་གསེབ་དང་འབྲོག་ཕྱོགས་སོགས་སུའང་ཚོགས་འདུ་བསྐོང་རྩིས་ཡོད་པ་འདྲ། ད་དུང་དགོན་སྒེ་ཁག་ཏུ་མཆོད་མཇལ་དུ་འགྲོ་བར་ལམ་ཁ་རྟ་རྔ་ཙམ་ཡང་མེད། ཕྱོགས་བཞི་ནས་རེབ་གོང་ཡུལ་དུ་ཡོང་བའི་མགྲོན་པོ་ཚོ་ལའང་ལྟ་རྟོག་ནན་མོ་བྱེད་ཀྱི་འདུག འདི་ལྟར་བལྟས་ན་རྒྱ་གཞུང་གིས་ཡང་བསྐྱར་སྲིད་ཇུས་འཇིགས་པོ་ཞིག་སྤེལ་གྱི་ཡོད་འདུག ཨ་རོ། ཁ་སང་དེ་རིང་གི་བོད་ཀྱི་གནས་སྟངས་འདིར་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་རོགས་འདེགས་ག་རེ་གནང་རྩིས་ཡོད་དམ། ད་ནི་༸རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་། ཁྱེད་ཀྱིས་ད་སོ་མར་བདག་གིས་བཤད་པའི་སྐད་ཆ་འདི་དག་དེ་གའི་གྲོགས་པོ་ཚོར་བཤད་རོགས་’’ཞེས་འདི་འདྲ་ཞིག་བཤད་བྱུང་། ངས་ཐ་མག་འཐེན་ཞོར་དུ་ཁོང་གི་སྐད་ཆ་འདི་ལྟར་བྲིས་པ་ཡིན། ཡིན་ན་ཡང་། ཚོགས་འདུ་ཁག་གི་གཏམ་བཤད་དང་དེ་དག་གི་ནང་དོན་སོགས་ཅི་ཡིན་མ་བྲིས། གཞི་ནས་ངོས་རང་ལ་འགྱོད་པ་ཞིག་འདུག
ནོར་བཅོས།
དེ་དག་གི་ནང་དོན་སོགས་ཅི་ཡིན་མ་བྲིས།
དེ་དག་གི་ནང་དོན་སོགས་ཅི་ཡིན་མ་དྲིས།
ཚོགས་འདུའི་ནང་དོན་མ་དྲིས་ནའང་གསལ་བོ་རེད། དེ་ནི་བོད་རྙིང་བ་དེ་ཆེས་མུན་ནག་དང་ཆེས་ཀླ་ཀློ། ཆེས་གདུག་རྩུབ་ཆེ་རབས་དང་། གུང་ཁྲན་སླེབས་ནས་བོད་ཀྱི་གནམ་ས་བླ་འོག་རྗེས་རབས། གུང་ཁྲན་གྱིས་བོད་མི་མང་སྡུག་བསྔལ་ལས་བསྐྱལ་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་གི་བཅུག་རབས་སོགས་ཡིན་རྒྱུ་རེད། བཤད་སྟངས་ཅུང་མ་འདྲ་བ་མ་གཏོགས་ཀླུ་སྨྱོན་དང་སྟག་སྨྱོན་ནང་བཞིན་ཡིན་རྒྱུ་རེད།
སྐད་ཆ་འདིར་དངོས་གནས་གོ་བ་ལོན་མ་སོང་། ཚེ་རིང་བུས་འགྲེལ་བ་རྒྱག་ཐུབ་ན་ཡག་པོ་འདུག
གནས་ཚུལ་ལེན་མཁན་ནི་ཚེ་རིང་བུ་ཡིན་པ་འདྲ། ༧རྒྱལ་བ་རིན་པོ་ཆེ་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་ཞེས་བའི་གོ་དོན་ཅི་རེད།
འདི་སྐད་ཆ་བཤད་སྟངས་གསར་བ་ཞིག་རེད་དམ། དེས་ན་འདི་ལ་གོ་བ་ལེན་སྟངས་ཡང་གསར་བ་ཞིག་དགོས་བ་རེད་དམ།
ཞིབ་འཇུག་བྱས་ནས་སྐད་ཆ་བཤད་རྒྱུ་ཧ་ཅང་ནས་གལ་ཆེ་གི། ཚོར་བ་ནི་ཚང་མ་ལ་ཡོད་དོ། བོད་ནང་གི་བོད་མི་ཚོར་ལྷག་ཏུ་འདུག
ངས་ང་རང་གི་ཚོར་བ་གླེང་གི་མེད། དེ་རིང་གྲོགས་པོས་བཤད་པའི་སྐད་ཆ་ཐུང་ཐུང་འདི་བྲིས་པ་ཡིན། སྐད་ཆ་ཐུང་ཐུང་འདིའི་ནང་དུ་འགྲེལ་རྒྱག་དགོས་པ་ཞིག་ཨེ་ཡོད། ཞིབ་ཏུ་གཟིགས། དེ་ལྟར་ཡིན།
༧རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་ཞེས་བའི་གོ་དོན་ཅི་རེད། འགྲེལ་བཤད་མེད་ན་ཞིབ་ཏུ་གཟིགས་རྒྱུ་ཅང་མེད་གི་ཡ།
༧གོང་ས་མཆོག་གིས་བོད་དོན་ལ་ཕྱག་ལས་གནང་གི་མི་འདུག་ལབ་ཀྱི་ཡོད་པ་རེད་དམ། ཡང་ན། ཐང་སིན་བླ་མས་བསྟན་པར་ཞབས་ཞུ་མཛད་སྟངས་ནང་བཞིན་བྱས་ན་འགྲིག་གི་མི་འདུག་ལབ་ཀྱི་ཡོད་པ་རེད་དམ། ༧གོང་ས་མཆོག་གིས་སྣེ་འཁྲིད་ནས་ལས་འགུལ་ཞིག་སྤེལ་དགོས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་དམ།
སྐད་ཆ་དྲང་མོ་ཡིན། ངེད་ཀྱིས་ནི་འདི་ཚོའི་རིགས་ལ་གོ་བ་མི་ལོན་གི། རྗེས་ཕྱོགས་ལན་འདི་འདྲ་བསྐུར་ན།
ལན་བསྐུར་མཁན་ལ་འགྲེལ་བཤད་རྒྱག་རོགས་ ༧གོང་ས་མཆོག་གི་མཛད་འཕྲིན་རེ་རེ་བཞིན་འགྲེལ་བཤད་རྒྱག་རོགས་ ༧གོང་ས་མཆོག་ཐང་སིན་བླ་མ་ནང་བཞིན་བཞུགས་ཡོད་མེད་ཀྱི་འགྲེལ་བཤད་རྒྱག་རོགས། རང་གི་ཤེས་ཚོད་ཀྱིས་འགྲེལ་བཤད་རྒྱག་རོགས། དེས་ཕན་ཐོགས་ཀྱི་རེད་བསམ་གི།
ངོས་རང་གྲོགས་པོས་བཤད་པའི་སྐད་ཆ་འདིར་མོས་མཐུན་མེད་ནའང་། རྒྱང་རིང་གི་གྲོགས་པོ་ཞིག་གིས་བཅོལ་བའི་རེ་བ་ཡིན་སྟབས་འདིར་བྲིས་པ་ཡིན། རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་ཞེས་པའི་ཚིག་དུམ་འདིའི་རྒྱབ་ལྗོངས་འདྲ་པོ་ནི། འཚེ་བ་མེད་པའི་ལྟ་གྲུབ་ནི་བོད་ཀྱི་རིག་གཞུང་གི་སྒལ་ཚིགས་ལྟ་བུ་ཡིན་ནའང་། འཚེ་བ་མེད་པའི་ལྟ་གྲུབ་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་སེ་ཡོད་མེད་གང་ལྟར་ཡང་། འཚེ་བ་ཞི་བའི་ལམ་ནས་རྒྱལ་བ་རིན་པོ་ཆེ་བོད་མིའི་ངོ་རྒོལ་དང་། སྐད་འབོད་ཁྲོད་ཞུགས་རྒྱུ་དང་། དེ་བཞིན་རྒྱལ་བ་རིན་པོ་ཆེས་སྣེ་འཁྲིད་ནས་ལས་འགུལ་གསར་པ་རྩོམ་རྒྱུ། དེ་ལྟར་མ་བྱུང་ཚེ་རྒྱལ་བ་རིན་པོ་ཆེ་ནི་ཆོས་ལུགས་གཅིག་པུར་ཐུགས་ཕྱོགས་པའི་ཐང་སིན་བླ་མ་ནང་བཞིན་རེད་ཟེར་བ་མིན་འགྲོ་སྙམ།
སྤྱིར་བོད་ནང་གི་བོད་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་སྲིད་ཕྱོགས་ཀྱི་མཛད་པ་འཕྲིན་ལས་ཁག་ཤེས་མཁན་ཉུང་ཉུང་རེད། ཐ་ན་རྒྱལ་བ་རིན་པོ་ཆེས་གསོལ་རས་གནང་བའི་མང་གཙོ་དང་། ལམ་དབུ་མ་ཟེར་བ་དང་། དེ་ལས་འཕྲོས་པའི་རང་སྲིད་རང་སྐྱོང་ཞེས་བཤད་ན་མང་པོ་ཞིག་གི་མགོ་གཡུག་གིན་འདུག
ཐ་ན་བོད་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེས་ཆོས་ལུགས་རྐྱང་རྐྱང་གནང་གི་ཡོད་ཚོད་ཀྱིས་འདུག
གང་ལྟར་བཙན་བྱོལ་བོད་གཞུང་གི་རྩ་བའི་ལངས་ཕྱོགས་ངོ་མ་དེ་བོད་ནང་གི་བོད་མི་ཚོས་ཤེས་ཀྱི་མི་འདུག་ཅེས་བཤད་ན་མ་ཆོག་པ་མེད། ཉེ་ཆར་ངོས་རང་བོད་ལ་ཕྱིན་དུས་འདིའི་སྐོར་ལ་དོ་སྣང་ཆེན་པོ་བྱུང་། རྒྱུ་རྐྱེན་འདི་འདྲར་བརྟེན་ནས་ངའི་གྲོགས་པོས་ཀྱང་གོང་གི་ཚིག་དུམ་འདི་བཤད་པ་ཐེ་ཚོམ་མེད། འདི་ཙམ་གྱིས་ཆོག་པར་བྱོས། དེ་རིང་ངོས་རང་ལ་མཆན་རིང་འབྲི་བའི་དུས་ཚོད་མེད།
ཚེ་རིང་གི་བུ་ལགས།
ཁྱོད་ཀྱི་གསར་འགྱུར་འདི་མཐོང་དུས་གཞིས་ལུས་བོད་མིའི་ནང་ན་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་འདྲ་ཡོད་དམ་སྙམ། ཡང་ན་གོང་གི་མི་འདི་ཧབ་པ་ཆེན་པོ་ཅན་ཞིག་ཡིན་པར་མ་ཟད་ཁ་གསོན་ལག་ཤི་ཞིག་ཡིན་པ་ལྟ་བུ་ཚོར་བྱུང་། རབ་ཡིན་ན་རྗེས་སུ་འདི་འདྲའི་རིགས་མ་བཀོད་ན་དགེ་མཚན་ཆེ་བར་མཐོང་།
དེང་སྐབས་དྲ་ཁང་ནང་ཁྲམ་མ་བཤད་མཁན་མང་དུ་འགྲོ་གི་འདུག རང་གི་སེམས་ལ་ག་རེ་ཤར་བ་ཐད་ཀར་བཤད་མ་ཕོད་པར་བོད་ནང་ལ་ཁ་གཡོག་ནས་བྲིས་ཡོང་གི་འདུག གོང་དུ་ཚེ་རིང་གི་བསམ་ཚུལ་བོད་ནང་གི་བོད་མི་ཞིག་བསམ་ཚུལ་ཡིན་ཁུལ་དང་། ཁ་སྔོན་ཡང་པེ་ཅིན་གྱི་སློབ་ཆེན་ཞིག་གི་བསམ་ཚུལ་ཡིན་ཁུལ་གྱི་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བོད་ཡིག་གི་ཐོག་དྲ་རྒྱ་མེད་པར་སྐྱོན་བརྗོད་བྱས་སོང། འདི་འདྲ་ཚིག་འགྲོས་སོགས་གང་ཐད་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་བཤད་སྟངས་ཀྱི་སྐྱག་དྲི་དེ་འགོས་འདུག་པས། བོད་ནང་དང་འབྲེལ་མེད་པ་ཤེས་སླ། རང་གི་བསམ་ཚུལ་མི་ལ་གཡོག་ནས་དྲིལ་སྒྲོག་བྱེད་པ་དེ་ཡང་བོད་གཞུང་གི་མི་སྣ་ཚོའི་ཐོག་ནས་འགོས་པའི་བསེ་དྲི་སྡུག་མོ་དེ་རེད། བོད་ནང་གི་བོད་མི་སུ་ལའང་ད་དུང་བསེ་དྲི་དེ་འགོས་མེད་པ་ཤེས་དགོས་སོ།
བོད་ནང་གི་མི་ལ་ལས་ཀླད་པའི་ནང་དུ་གུང་ཁྲན་ཏང་གིས་སློབ་གསོ་བཏང་སྟེ་བག་ཆགས་ཀྱི་རྟུག་དྲི་ངན་པ་བཞག་ཡོད་པ་རེད། དེ་ཚོའི་བཤད་སྟངས་ལ་ཉན་ཚོད་ཡོད་ནི་མ་རེད།
this is bad habit fo our ribetans.
who is Tsering ge bou and what really to say with this blog.????
གཞིས་ལུས་བོད་པ་དང་སྟག་སྨྱོན་གཉིས་ཀྱིས་བཤད་པ་བདེན་ཤེས་ཆེ་གི་ཡ།
དྲ་གྲོགས་ཚོ་སྐད་ཆ་བཤད་ཤེས་དང་གནས་ཚུལ་འགོད་ཤེས་བྱོས་པ་ཡིན་ན་ཀློག་མཁན་ཁྲི་སྟོང་མང་བོ་ཞིག་ལ་མིག་དཔེ་བཟང་བོ་ཞིག་འཇོག་ངེས་རེད། དེ་མིན་༧གོང་ས་མཆོག་གི་མཚན་བེད་སྤྱོད་འདི་ལྟར་བྱས་པ་ནི་ས་གང་ཞིག་ལ་སླེབས་ཀྱི་ཡོད་མེད་ཤེས་དགོས་རྒྱུ་འདུག དེ་མིན་སྐད་ཆ་ཆ་མ་ཀྱོག་གི་གནས་ཚུལ་ཞིག་འཁུར་ནས་འོང་ནས་༧གོང་ས་མཆོག་གི་གང་ཡང་བྱེད་ཀྱི་མེད་པར་བཞུགས་ཡོད་པ་ལྟ་བུ་བཤད་ན་དངོས་ནས་སེམས་སྐྱོ་བ་ནི་ང་རང་གཅིག་བུ་ཡིན་མི་སྲིད་དོ། བོད་ལ་དྲིན་ཆེན་བྱོས་ཀྱང་དྲིན་མི་གོ་ཟེར་བ་འདི་ལྟ་བུ་ལ་གསུང་བ་ལོས་ཡིན།
that is good
དྲ་གྲོགས་ཚོ་ཐུགས་ལྷོད་ལྷོད་གནང་རོགས། འདི་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་པ་ཞིག་མིན་པར་འདོད། བོད་མིས་རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་པ་འདི་ལས་ལྷག་ཅིག་ལུང་པ་གཞན་ན་ཨེ་ཡོད་སྙམ། ངའི་གོ་བ་ལེན་ཕྱོགས་བྱས་ན། ཐང་སན་བླ་མ་ཟེར་བ་དེ་ནུབ་ཕྱོགས་ལ་བསྐྱོད་པ་ཞེས་པའི་རྣམ་ཐར་ཅིག་ཡོད་པ་རེད། དེ་བས་རྒྱལ་བ་རིན་པོ་ཆེ་ནུབ་ཕྱོགས་ལ་ཕེབས་ནས་བོད་ནང་དུ་མ་ཕེབས་ན་ཡག་པོ་མི་འདུག་ཅེས་སྡུག་གཏམ་བཤད་པ་ཡིན་ལས་ཆེ། ངེད་ཀྱི་བསམ་ཚུལ་ཙམ་ཡིན།
སྟག་སྨྱོན་གྱིས་བཤད་པ་ལྟར་ཚེ་རིང་བུས་རང་གི་གྲོགས་པོ་ལ་ཁ་གཡར་ནས་རང་ཉིད་ཀྱི་བསམ་ཚུལ་བཤད་པ་ཡིན་པར་ཕལ་ཆེར་ཐག་ཆོད། ནང་དོན་ཡང་སྐུ་མདུན་ལ་སྐྱོན་བརྗོད་ལས་སྡུག་གཏམ་བཤད་པ་ཞིག་མ་རེད་སྙམ། གང་ཡིན་ཞེ་ན། ཐང་སིན་བླ་མ་ནང་བཞིན་བཞུགས་ན་མི་ལེགས་ཟེར་བ་ལས་ཕེབས་ན་མི་ལེགས་ལབ་མི་འདུག་གཱ དེས་ན་ངས་བལྟས་ན་ཚིག་དེའི་ནང་དོན་ནི། རྒྱལ་བ་རིན་པོ་ཆེས་ཐང་སིན་བླ་མ་ནང་བཞིན་དགྲ་ལ་བཟོད་སྒོམ་དང་ཞི་འཇམ་ཁོ་ནས་མི་བཞུགས་པར་དྲག་པོའི་ལམ་ནས་རྒྱ་ནག་ལ་འཐབ་རྩོད་གནང་དགོས་ཞེས་པ་སྟེ། མདོར་ན་འཚེ་མེད་ཞི་བའི་ལམ་དོར་ནས་དྲག་པོའི་ལམ་ལ་ཕེབས་དགོས་ཟེར་གྱི་ཡོད་པ་རེད་སྙམ། དེ་ཡོང་མི་སྲིད་པ་ཞིག་རེད། སྐད་ཆ་འདི་རིགས་ལ་ཆོ་མི་འདུག
སྙིང་ཉེ་བའི་གངས་རིའི་ལྗོངས་ཀྱི་སྤུན་ཟླ་དང་གྲོགས་པོ་ཚོ།
བསོད་ནམས་ཟད་ཁར་ལྷ་ལ་ཡིད་ཆེས་བོར་ཟེར་བ་ལྟར། རྒྱུ་མཚན་མེད་པའི་སྐད་ཆ་དེ་རིགས་མ་བྱེད་ན་དྲག་ས་རེད། ༧གོང་ས་ཐམས་ཅད་མཁྱེན་པས་རྒྱུན་དུ་འཚེ་མེད་ཞི་བདེ་ཞེས་བལྟ་བ་སྟོང་ཉིད་དང་རྟེན་འབྲེལ། སྤྱོད་པ་འཚེ་མེད་རྒྱུ་འབྲས་བསླུ་མེད་ཡིན་ཞེས་རྟག་པར་གསུངས་ན། དེ་ལས་འགལ་བའི་ལས་ངན་རང་གི་བཟོས་ནས་ཁག་ངན་གཞན་ལ་མ་སྐལ་ན་བཟང་ས་རེད་བསམ་ཁི་།
༧གོང་ས་མཆོག་གི་གང་དུ་མ་གསུངས་ཀྱང་། །
གང་ལ་ངོ་རྒོལ་ཁག་ངན་ལྟས་ངན་ཀུན། །
གུང་ཁྲན་ཏང་གི་བཤད་པ་རྗེས་ཟློས་སམ། །
གཞི་ཆགས་རྙིང་པས་དུག་རོ་སློང་བའམ།
ང་དགུའི་དུས་ཚིགས་གསར་དུ་ཚེས་པའི་དུས། །
གཞི་གསར་ཚང་མས་ཁ་ཁོག་གཅིག་མཐུན་གྱིས། །
འཚེ་མེད་ཞི་བདེའི་ལམ་བཟང་ལ་བརྟེན་ན། །
གོ་ལའི་གོང་དུ་གངས་སེང་རྒྱལ་མཚན་བསྒྲེངས། །
ལྟ་བ་སྟོང་དངརྟེན་འབྱུང་ཟབ་མོའི་ངང་། །
བསྒོམ་པ་ཞི་ལྷག་ཏིང་འཛིན་མི་གཡོ་བར། །
སྤྱོད་པ་འཚེ་མེད་ཞི་བདེར་ཐབས་ཤེས་འབད། །
འབྲས་བུ་འདི་ཕྱིའི་ཕན་བདེའི་ལེགས་ཚོགས་གྲུབ། །
ཤྲྰི་སྨྱོན་པས
དྲ་གྲོགས་རེ་ཟུང་གིས་ཞིབ་ཏུ་ཉོན། ༸རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་ཞེས་པའི་ཚིག་རྐང་འདི་ང་རང་གི་ཁ་ནང་ནས་བཞུར་འོངས་པའི་ཆུ་ཐིགས་ཤིག་རྩ་ནས་མིན་སྟབས། ཚིག་རྐང་འདི་བཞིན་བོད་ནང་གི་གྲོགས་པོ་ཞིག་ལ་ཁ་གཡར་གྱིས་འདིར་བཤད་པ་ཞིག་ཀྱང་ག་ལ་ཡིན། དྲང་མོར་བཤད་ན། ཐོག་མར་ཚིག་རྐང་འདི་བོད་ནང་གི་ངའི་གྲོགས་པོ་གྲ་བ་ཞིག་གིས་ངའི་གདོང་ལ་ལྟ་བཞིན་བཤད་སོང་། དེ་མ་ཐག་ངས་ཁོང་ལ་རྒྱུ་མཚན་དྲིས་པ་ཡིན། ཁོང་གིས་འཚེ་མེད་ཞི་བ་གཅིག་པུར་བརྟེན་ནས་བོད་ཀྱི་བདེན་མཐའ་སེལ་ཐུབ་ཀྱི་མ་རེད། རྒྱབ་ཁབ་ཅིག་གི་བདེན་པ་རྩོད་དུས་དྲག་པོའི་ལམ་ལའང་བརྟེན་དགོས་པ་རེད། གཉི་ག་ཟུང་འབྲེལ་བྱ་དགོས་པ་རེད། དེར་བརྟེན་བོད་ནང་གི་བོད་མི་མང་པོ་ཞིག་དྲག་པོའི་ལམ་ཁར་མཆོང་རྩིས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཀྱང་དེ་ལ་ཐུགས་དགོངས་ཤིག་བཞེས་དགོས་པ་རེད་སོགས་མང་པོ་ཞིག་བཤད་བྱུང་། ངས་ཁོང་ལ་འཚེ་མེད་ཞི་བའི་ལྟ་གྲུབ་ནི་གཟུགས་མེད་ཀྱི་འབོམ་ལྟ་བུ་ཡིན་པ་དང་། འདིས་བོད་རྒྱའི་འགག་རྡོ་གཏོར་ཐུབ་རབ་དང་། དེ་མིན་གྱི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞི་དང་དེ་འབྲེལ་གྱི་༸རྒྱལ་དབང་མཆོག་གི་དགོངས་གཞི། ད་དུང་དགོངས་གཞི་འདིར་རྒྱལ་སྤྱིའི་སྒང་གི་གཟིགས་ཚུལ་ག་འདྲ་ཡོད་མེད་སོགས་ང་རང་གི་ཤེས་ཚོད་ཀྱིས་ཞིབ་འབྲེལ་བགྱིས་པ་ཡིན། དེ་ལྟར་བཤད་ནའང་། ཁོང་གིས་ཨ་ལགས་༸རྒྱལ་བ་ཚང་གིས་གང་མྱུར་གྱིས་བོད་དོན་འཐབ་རྩོད་ཀྱི་ལེའུ་གསར་བསྒྱུར་མ་བྱས་པ་ཡིན་ན། ཉིན་ནས་ཉིན་བསྟུད་བོད་ནང་དུ་ཡོད་པའི་བོད་མི་ཚོའི་ངོ་བོ་འགྱུར་གྱི་ཡོད། རིག་གཞུང་བརླག་གི་ཡོད། དེ་ཡིན་དུས་ཕམ་ཁ་བོད་མི་མང་ལ་ཡོད། འོ་ན། འཚེ་མེད་ཞི་བར་བརྟེན་ནས་བོད་ཀྱི་བདེན་མཐའ་ནམ་ཡང་སེལ་ཐུབ་ན་ག་རེ་བྱེད། བསམ་བློ་གཏོང་དགོས་པ་རེད་སོགས་བཤད། དེ་ལྟར་བཤད་ཞོར་དུ་ཁོང་གིས་ཕྱག་ཟུང་ཐལ་མོ་སྦྱོར་གྱི་འདུག སྙིང་རྗེ། སེམས་ཤུགས་ཆེན་པོ་འདུག ངའི་གྲོགས་པོ་གྲ་བ་ཁོང་ན་ནིང་རེབ་གོང་སྨོན་ལམ་གྱི་སྐབས་སུ་སྐད་འབོད་བྱས་པར་བསྙད་དེ་ཉེན་རྟོག་པས་འཇུ་བཟུང་གིས་ཟླ་གཅིག་ལ་བཙོན་དུ་བརྫངས་འདུག གཞན་ངོས་རང་ལ་༸རྒྱལ་བ་རིན་པོ་ཆེ་ཡང་ཐང་སིན་བླ་མ་ནང་བཞིན་བཞུགས་ན་ལེགས་པར་མ་མཐོང་ཞེས་པའི་ཚིག་རྐང་འདི་བཤད་མཁན་ནི་སློབ་གྲ་ཆེན་མོ་བ་ཞིག་ཡིན། ངོས་རང་ཁོང་དུ་མཉམ་དུ་བསྡད་དེ་བོད་དོན་གྱི་སྐོར་ལ་ཁ་བརྡ་བྱས་མ་མྱོང་། ཡིན་ན་ཡང་། ཁ་པར་ལས་དེ་ལྟར་བཤད་སོང་། འདི་ཁོང་གི་རེ་བ་རེད། བོད་མི་གཅིག་གི་རེ་བའང་རེད། ངས་དེ་ལྟར་བྲིས་པ་ཡིན། ཁྱེད་ཅག་གིས་འཐམ་མ་འཐོམ་མེར་འདྲ་མིན་སྣ་ཚོགས་བཤད་མ་ཡོང་། ཚིག་རྐང་འདི་གུང་ཁྲན་ཏང་གི་སློབ་གསོ་ལས་མཆེད་པ་ཞིག་དང་། ༸རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུས་པ་ཞིག་ཀྱང་རྩ་ནས་མ་རེད། ཚིག་རྐང་འདི་ནི་མི་རིགས་ཤིག་གི་བདེན་དོན་དང་འབྲེལ་བ་ཡོད་པ་དང་། བདེན་དོན་ལས་འཕྲོས་པའི་ལ་རྒྱ་གཉེན་པོ་ཞིག་རེད། དེ་ལྟར་ཡིན། རྗེས་ཕྱོགས་དུས་ཁོམ་བྱུང་ཚེ་འདིའི་སྐོར་རྩོམ་ཡིག་གཞན་གྱི་ལམ་ནས་མང་ཙམ་གླེང་།
ཆི༹ག་རྐང་དེར་མི་རིགས་ཀྱི་བདེན་དོན་དང་འབྲེལ་བ་ག་འདྲ་འདུག?
འུར་སྟོད་མ་བྱེད
གོ་རྒྱུ་ཅི་ཡང་མི་འདུག
སྲིད་དོན་གླེང་སར་སྟོང་ཉིད་གླེང་།།
ལག་ཡོང་སྟོང་པ་ཉིད་ལས་ཅི།།
རྟེན་འབྲེལ་བསླུ་བ་མེད་པར་བཤད།།
རྒྱ་མིས་རྟེན་འབྲེལ་གོ་ལོག་སྡེབས།།
ཉམ་ཆུང་བོད་རྣམས་ཡང་ཡང་བསླུས།།
རྟེན་འབྲེལ་མི་བཟང་རྟེན་འབྲེལ་ངན།།
ཁ་རུ་གང་ཆེ་གང་ཟབ་གླེང་།།
དོན་དུ་གར་བདེ་གར་སྐྱིད་སྙེགས།།
འདི་ཕྱི་གཉིས་མེད་བཟོ་བ་དེ།།
ང་རང་ཐེ་བའི་ང་ཚོའི་ལུགས།།
ལུགས་འདི་གཡུགས་ན་ལེགས་མོད་ཀྱང་།།
ལེགས་ཀྱང་གཡུགས་རྒྱུར་ཐམས་ཅད་སྐྲག།
སྐྲག་དགོས་མེད་སར་སྐྲག་པ་དེ།།
སྐྲག་ཤོར་རྣམས་ཀྱི་རང་བཞིན་རེད།
གདོད་ནས་འབྱར་བའི་རང་གཤིས་འདིའི།།
རང་བཞིན་བཅོས་སུ་ཡོད་མོད་འདོད།།
གལ་སྲིད་དེ་ལྟར་མེད་པ་ན།།
སྟོང་ཉིད་རྟོགས་རྒྱུའང་ག་ལ་ཞིག
ན་མོ་གུ་རུ་ཀརྨ་པ་ཡེ། །
སྟོང་ཉིད་རྟེན་འབྱུང་མ་གོ་ནས། །
སྟོང་བཤད་ཁོ་ནས་ཕུ་ནུ་བརླགས། །
བརླགས་ལྟ་བར་དུ་གཅོད་པའི་བདུད། །
མགོན་པོ་ཕྱག་གཉིས་མངའ་གསོལ་ལོ། །
དོན་གནས་སྟོང་ཉིད་མ་རྟོགས་ན། །
གང་ཟབ་གང་གནད་ག་ལ་ཡིན། །
ནུས་མེད་བུ་ཡིས་ཁ་ཤོམ་གྱིས། །
སྤུན་ཟླ་དགྲ་ལག་སྤྲད་ལྟོས།
མགོན་པོས་མགོན་སྐྱབས་ཡོད་ན་རེམས། །
རེམས་ནས་མི་ཚད་ཕྱི་ནས་འདུག །
ཕྱག་གཉིས་མི་ཚད་ཕྱག་སྟོང་ལ། །
གཤེ་གཤེ་བཀུར་འདེབས་ཨེ་གོ་ལགས། །
སྲིད་དོན་མི་སྒྲུབ་རང་དོན་གཉེར། །
ཁྲམ་པ་རྐུན་མས་སྐུ་སྒེར་བཟུང་། །
བླ་མའི་དཀོར་རྫས་ངོམས་མེད་སྤྱོད། །
རྟེན་འབྲེལ་རྒྱུ་འབྲས་ག་ལ་བསླུ། །
ཁ་ཁོག་མི་མཐུན་ཁ་མཁས་ཚོ། །
ཁ་བའི་རིག་གཞུང་བདག་གཉེར་ན། །
ཁ་ཆེ་གྲལ་དུ་སྙོགས་འདོད་ཚོ། །
མི་སྐྲག་ལས་ངན་སྒྲུབ་ཕོད་དམ། །
སྟོང་སྙིང་ཟུང་འཇུག་རྟེན་འབྲེལ་ལམ། །
ཆེས་ཆེར་གསལ་མཛད་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་རྣམ་སྤྲུལ་ལ། །
རྣམ་བཤད་གསར་བ་ཞིག་ཡོད་དམ། །
མགོན་པོ་ཕྱག་གཉིས་དཔའ་མཛངས་ཅན། །
སྟོང་ཉིད་རྟེན་འབྲེལ་ཟབ་མོ་ལས། །
ལས་འབྲས་མི་སྐྲག་བསྟན་བཅོས་དེ། །
མཁོ་བའི་དུས་ལ་བབས་ལགས་སམ། །
ལགས་སོ་རྣམ་དཔྱོད་རིག་པ་ཅན། །
རྒྱ་དམར་སྡང་པའི་ཕྱག་གཉིས་པ། །
བོད་སྒེར་ཆགས་པའི་དབུ་གཉིས་པ། །
ལས་འབྲས་རྨོངས་པའི་རྐང་གཉིས་མི། །
ཤྲྰི་སྨྱོན་ནས
ཁ་ནས་སྟོང་ཉིད་ལབ་ན་ཡང་།།
སྟོང་ཉིད་མ་གོའི་རྟགས་ཤིག་བསྟན།།
སྟོང་བཤད་སྟོང་བར་མ་གོ་འདུག།
སྟོང་རེ་ལབ་ཀྱང་སྟོང་བས་སྟོང་།།
མགོ་སྟོང་འདི་འདྲར་སྟོང་རྒྱུ་ཅི།།
སྟོང་གཏམ་བཤད་ནས་བསྡད་པ་ན།།
རྟེན་ཅིང་འབྲེལ་འབྱུང་ཅི་ལྟར་གོ།
རྟེན་འབྲེལ་རྒྱུ་འབྲས་ག་ལ་བསླུ།།
སྟོང་ཉིད་སྙིང་རྗེ་ཟེར་ནས་འུར།།
མགོ་སྟོང་སྙིང་རྗེས་སྟོང་བ་ཁྱེད།།
སྟོང་མ་འོས་པའི་མགོ་བོ་སྟོང་།།
རང་གིས་སྒྲུབ་པར་མི་ནུས་ན།།
ལྷ་འདྲེ་གསོལ་ཡང་སྟོང་བ་ཡིན།།
ཡོང་ན་ཕྱག་གཉིས་སྤྱན་གཉིས་ཡིན།།
མ་ཡོང་ཕྱག་གཉིས་སྤྱན་གཉིས་ཡིན།།
ཕྱག་སྟོང་སྤྱན་སྟོང་ང་མི་དགོས།།
ལྷ་གསོལ་འདྲེ་གསོལ་ང་མི་དགོས།།
སྟོང་བཤད་རྒྱག་ན་རང་གིས་རྒྱོབས།།
མདུན་དུ་ལངས་ན་རང་ཉིད་ལངས།།
ཏྰ་ལའི་བླ་མ་དྲུད་མ་ཡོང་།།
ཁ་ཏྰས་མི་གཙང་ཟོས་པའི་མཆུ།།
གཞན་ལ་ཕྱིས་དགོས་ཨེ་ཡོད་ན།།
ཨ་ཅང་ཚང་མ་ཀུ་རེ་ཡིན།།
སྟོང་བ་སྟོང་གི་ཁ་གཙེས་ནས།།
ང་རང་དུས་ཚོད་གཏོང་ཁོམ་མེད།།
སེམས་པ་ལྷོད་ལ་སྟོང་ཉིད་སྒོམ།།
མི་མཐུན་ཀུན་གྱི་རྗེས་རྒྱུག་ན།།
མཐུན་པའི་དོན་གཅིག་འགྲུབ་ཐབས་མེད།།
མི་འགྲུབ་བྱ་བ་ཡོངས་སྤོངས་ལ།།
ཁྱོད་ཀྱང་ཁ་ཏོན་དགེ་སྦྱོར་སྒྲུབ།།
ང་ཡང་ཆང་ནག་འཐུང་དུ་འགྲོ།།
སྟོང་ཉིད་སྦྱོང་སའི་དགོན་པ་ཚང་མའི་གྲྭ་མང་བཟུང་ནས་སྟོང་པ་བཟོས།།
སྟོང་ཉིད་སྒོམ་སའི་བྲག་ཕུག་རྣམས་ཀྱང་དམར་དམག་ཡོང་ནས་བསྔོག་གཤེར་བྱས།།
སྟོང་ཉིད་སྟོན་པོའི་ཏི་སེར་པོ་བདག་མེད་ཁང་སྟོང་ནང་དུ་བཞུགས།།
སྟོང་ཉིད་ཆེན་པོར་འདྲེས་ལ་ཉེ་བའི་སྟོང་ལོ་གཉིས་པའི་བོད་འདི་སྐྱོ།།
འགའ་ཞིག་གིས་བོད་ཡིག་དྲ་ངོས་འདིར་ནད་འབུ་གཏོང་གིན་འདུག
དྲ་གྲོགས་ཚོས་ནད་འབུ་འདིའི་སྔ་ས་ནས་བཀག་འགོག་མ་བྱས་ན་ཕྱིས་སུ་བོད་ཡིག་དྲ་ངོས་འདིར་བོད་དབྱིན་རྒྱ་སོག་གི་ཡིག་རིགས་འདྲ་མིན་བསྲེས་ཏེ་རྫོབ་སྐྱལ་རྒྱུ་དང་རིམ་གནོད་པ་ཐེབས་ཏེ་བོད་ཡིག་དྲ་བ་འདིའི་ཚེ་སྲོག་ལའང་ཉེན་འབྱུང་བར་ངེས། དེ་དུས་ཁ་བརྡ་དྲ་བ་སྒོ་ཕྱེས་པའི་དམིགས་ཡུལ་ཡང་འཆོལ་སོང་བ་རེད་ཡ། ཁ་བརྡ་དྲ་བ་སྒོ་ཕྱེས་དགོས་པའི་དགོས་དམིགས་ཅི་ཡིན་ལ་ང་ཚོས་གཙི་སྲུང་བྱ་དགོས་པ་རེད། བོད་རང་གི་སྐད་ཡིག་ཐོག་ནས་ཅི་བསམ་གླེང་མོལ་བྱེད་ཐུབ་པ་འདི་སྐལ་བ་བཟང་པོ་དང༌། རང་ཉིད་ཀྱི་བོད་སྐད་ཡིག་ཡར་རྒྱས་དང་གོ་རྟོགས་མཐོར་འདེགས་བྱེད་པར་ཕན་པ་མ་ཟད། སྐད་ཡིག་སྲུང་སྐྱོབ་ཀྱི་ལས་ལ་ཡང་ཕན་པས། ངེས་པར་དུ་བོད་ཡིག་ཁོ་ན་སྤྱོད་རྒྱུའི་རེ་བ་ཧཅང་ཆེ།
ལ་ལས་རྟ་བདུན་ས་ལ་འབབ་དགོས་ཟེར།
ཁ་ཅིག་ཟླ་བས་ཚ་ཟེར་གྱོན་དགོས་ཟེར།
ཚ་དུས་བསིལ་ཟེར་བསྟེན་བྱས་ཤིང་།།
གྲང་དུས་དྲོ་འཇམ་རོལ་རོལ་ནས།།
ད་དུང་ཡོན་ཏན་མི་མཐོང་བའི།།
ཚོར་མེད་བེམ་པོའི་ཁྱུ་གཅིག་གདའ།།
ཁོང་གི་ས་སྒང་འདི་ཉིད་སྟེང་།།
ཁྱེད་ཀྱི་ངོ་བོ་གསལ་བར་བྱས།།
ད་ན་ིཁྲ་གླག་བྱེད་དང་ཁ་ཏ་བྱེད།།
ཁྱོད་ཀྱི་ཁུར་སྟེ་ཁོང་གིས་མིན།
ཁོང་གི ཞེས་བ ཁོང་གིས
སྙིང་གི་གྲོགས་པོ་མགོན་པོ་མཆོག །
བཀའ་འཕྲིན་ཡོང་བ་བཀའ་དྲིན་ཆེ། །
ཀུ་རེ་མ་གསུངས་དངོས་ནས་ཤོད། །
གཞི་ཕྱིས་བསམ་བློ་མཐུན་ཐབས་གང་། །
རང་ཡུལ་རྒྱ་ལག་ཤོར་ན་ཡང་། །
རང་ལུས་མ་བརྫེད་ཕ་ཡི་བུ། །
རང་རིགས་སྤུན་ཟླ་ཚང་མ་ཡི། །
རང་དོན་གངས་ཅན་འདུག་ཆོས་འབད། །
ཁ་ནས་སྨད་ར་བྱས་ན་ཡང་། །
ཁོག་ནས་རང་སྐྱོན་སོ་སོའི་བསལ། །
ཁ་ཁོག་མཐུན་པའི་གྲོས་འགྲིག་ན། །
སྦལ་བས་རྒྱུགས་ཀྱི་དགའ་རྟགས་ཐོབ། །
ཁྱོད་ཀྱིས་རྟེན་འབྲེལ་ཅི་ནུས་འབོད། །
ང་ཡིས་སྟོང་ཉིད་ཅི་ནུས་བསྒོམ། །
སྟོང་དང་རྟེན་འབྲེལ་ཟབ་མོས་མཐུས། །
སྟོང་གཏམ་མིན་པར་རྒྱལ་ཁ་ལེན། །
ཁ་བའི་ལྗོངས་ཀྱི་སེང་དར་འདི། །
འཛམ་གླིང་གོ་ལའི་ཡང་རྩེ་རུ། །
འཛུགས་པའི་སྐལ་བ་བྱུང་གྱུར་ན། །
ཞི་བདེའི་ཉི་མ་རྟག་ཏུ་བཀྲ །
གོ་བ་ཅན་ལ་བརྡ་ཞིག་དང་། །
རི་སྤྱང་དཔའ་བོ་ཀི་ཡི་ཆོག །
མགོན་པོ་མཆོག་དང་སྨྱོན་པ་ངས། །
རང་ཆོས་འཛིན་པའི་ཐབས་ཤེས་བྱ། །
ཤྲྰི་སྨྱོན་པས
གཅིག་གི་བདེན་པ་གཅིག་ལ་རྫུན།།
གཅིག་གི་སྐད་ཆ་གཅིག་ལ་གནོད།།
གཅིག་གི་བསམ་ཚུལ་གཅིག་འགལ།།
གཅིག་གིས་གཅིག་ལ་ཁས་མི་ལེན།།
བོད་པ་འདི་ཚོ་རང ་རློམ་ལྕི།།
ནང་ལ་འཁོར་ན་དཔའ་གཏམ་ཆེ།།
ཕྱི་ལ་བསྐོར་ན་ལྐུགས་འགྲོ་བ།།
བོད་པ་སྡར་མའི་བྱེད་ལུགས་འདི།།
དོར་ནས་རང་རིགས་བོད་མིའི་ཆེད།།
སེམས་དང་བསམ་པའི་གྲོས་བཏབ་དེ།།
དགོས་པའི་དོན་ཞིག་བྱོས་ན་ཡག།
དེ་མིན་ང་མཁས་ཁྱོད་མཁས་ངང་།།
རྨོངས་ཞེན་རིག་པ་མ་དོར་ན།།
གངས་རིའི་ལ་རྒྱ་ཟིན་མི་སྲིད།།
འདི་ནི་བདག་སེམས་དམར་པོའི་གཏམ།།
གང་ལ་འཕོག་ན་འཐོལ་ལོ་གཤེགས།།
བདེན་པར་འདོད་ན་བསམ་བློ་གཏོང་།།
ཕྱི་རོལ་རང་དབང་ཡོད་ས་ནས།།
ཁ་ཕོ་གནམ་ལ་བསྒྲགས་ན་ཡང་།།
དོན་གྱི་སྙིང་བོ་སྟོང་བ་རེད།།
མཐའ་མའི་དམིགས་ཡུལ་བོད་དོན་དུ།།
རང་རང་ས་ནས་འབད་བརྩོན་བྱོས།།
རང་རང་སེམས་ནས་བོད་མིའི་དོན།།
བརྗེད་མེད་འཚོ་བ་དོན་ལྡན་ཞིག།
རང་ལ་དགོས་ཀྱང་བོད་མིར་དགོས།།
དེ་འདྲའི་གནས་ལུགས་རྒྱུ་མཚན་དག།
ངས་ཀྱང་མ་བཤད་ཁྱེད་ཚོས་ཤེས།།
དྲིན་ཆེན་ཚོ་རྩེད་མོ་བརྩིས་ནས་མ་འདུག
སྙིང་འབལ་རྒྱུ་འདི་ཚོ། ཁ་ནང་ལ་དུག་འཇོག་རྒྱུ་འདི་ཚོ། མིག་ཞ་ར་ཡིན་ན་མ་གཏོགས། འདི་མོ་བཤད་སྲོལ་ཞིག་གང་ཡོད། རྣ་འོན་པ་ཡིན་ན་མ་གཏོགས། འདི་མོ་འབྲི་སྲོལ་ཞིག་གང་ཡོད། ཞལ་བཙོག་གི།