དོལ་སྨྱོན།
གྲངས་མེད༵་བསྐལ་བའི་འཛིན་མ་ཡངས་པོར་དཔག་མེད༵་བསོད་ནམས་ལེགས་བསགས་ནས། །
གཞལ་མེད༵་ཤེས་བྱ་ཧུབ་ཀྱིས་འཐུང་ལ་འགྲན་མེད༵་དཔའ་བོ་ཁྱོད་ཉིད་ཀྱིས། །
ཚད་མེད༵་འགྲོ་བའི་རྨོངས་མུན་སེལ་ལ་མགོན་མེད༵་མགོན་དཔུང་གཅིག་གྱུར་པ། །
སྐྱབས་མེད༵་བདག་གི་སྤྱི་གཙུག་རྒྱན་དུ་འབྲལ་མེད༵་དུས་ཀུན་བརྟན་པར་མཛོད། །
གང་གི་མཛད་བཟང་དཔག་པར་དཀའ་བ་རིན་ཆེན་གཏེར་གྱུར་རྒྱ་མཚོ་ལ། །
སྣ་ཚོགས་ནོར་བུས་ལེགས་པར་གཏམས་པས་སྐྱེ་རྒུའི་ཕོངས་པ་བསལ་ཚུལ་ནི། །
སར་གནས་རྣམས་ཀྱི་སྤྱོད་ཡུལ་དཀའ་ན་བླུན་རྨོངས་བདག་འདྲས་སྨོས་ཅི་དགོས། །
འོན་ཀྱང་ཁྱོད་ཀྱི་དཀའ་དྲིན་དྲན་ཕྱིར་བསྟོད་ཚིག་ཆུན་པོ་ཅུང་ཙམ་སྤྲོ། །
རིན་ཆེན་འབུམ་གྱིས་བསྒྲུན་དུ་མེད་པ་གང་སྐུ་ཟ་ཧོར་རྒྱལ་པོ་ཡི། །
སྲས་སུ་བལྟམས་ཚེ་འཛིན་མའི་ཁྱོན་འདིར་ལྟ་ངན་གཡང་སར་རབ་ཕྱོགས་པའི། །
འཕགས་པའི་ཡུལ་གྱི་མུ་སྟེགས་ཅན་དང་བསིལ་ལྡན་གནས་སུ་བོན་གྱི་ཚོགས། །
ཁྱོད་མཚན་རྣ་བའི་བུ་གར་ལྷུང་ཚེ་སྒོ་ལྔའི་ཤེས་པ་རེ་ཞིག་འགག །
མ༵་སྨད་བསོད་ནམས་བྱེ་བས་བསྐྲུན་པའི་མགོན་པོ་ཁྱོད་ཀྱི་ཞབས་སེན་མཆོག།།
མ༵་ལུས་མཁས་པའི་འབྱུང་གནས་ཆེན་པོ་ན་ལེཎྜ་རུ་ལེགས་སྤོས་ཚེ། །
མ༵་རུང་ལོག་སྨྲ་ཝ་སྐྱེས་ཚོགས་ཀུན་གང་སྐུའི་ཞབས་ཀྱི་ཟེའུ་འབྲུ་ལ། །
མ༵་ལྟར་སྒོ་གསུམ་གུས་པས་བཏུད་ཚེ་སྙན་པའི་བ་དན་མཁའ་ལ་བསྒྲེངས། །
འདུལ་འཛིན་གསེར་རི་སྟོང་གི་དབུས་ན་གང་སྐུ་རི་དབང་ལྟར་བརྗིད་ཅིང་། །
གྲུབ་མཐའ་སྨྲ་བ་འབུམ་གྱི་དཀྱིལ་ན་གང་གསུང་ཚངས་པའི་དབྱངས་བཞིན་གྲགས། །
འཕགས་ཚོགས་བྱང་སེམས་གྲངས་མེད་ཁྲོད་ན་གང་ཐུགས་ཟུར་ཕུད་ལྔ་པ་བཞིན། །
སྲིད་པ་གསུམ་ན་སྙན་པའི་གྲགས་པ་ཀུན་ཁྱབ་བཞིན་དུ་ཨེ་མ་རྨད། །
སྟེས་དབང་ཚིག་གིས་གྲགས་འུར་མ་ཡིན་བསླུ་མེད་ལུང་གིས་ཡང་ཡང་ཟིན། །
ངུར་སྨྲིག་འཛིན་པའི་རབ་བྱུང་ཙམ་མིན་སྡོམ་བརྩོན་རྒྱལ་པོར་མགྲིན་གཅིག་བསྔགས། །
ལྔ་རིག་གནས་ལ་སྦྱང་པ་ཙམ་མིན་རང་གཞན་གྲུབ་མཐའི་ཕ་མཐར་ཕྱིན། །
ཨེ་མ་ཁྱོད་ཀྱི་མཛད་ཕྲིན་ཏམྦུར་བདག་སོགས་རྣ་བའི་དཔལ་དུ་སྙན། །
རིག་བྱེད་ཀུན་ལ་ཆགས་ཐོགས་བྲལ་བའི་བྲམ་ཟེའི་རིགས་ཅན་མུ་སྟེགས་ཀྱིས། །
ཕྱི་ནང་གཉིས་ཀྱི་རྒོལ་བ་ཕལ་ཆེར་རྣམ་དཔྱོད་རིག་པའི་དབལ་གྱིས་བཏུལ། །
དེ་ལྟའི་འགྲན་མེད་རྗེ་བོར་གྱུར་ཀྱང་ཁྱོད་ཀྱི་ཡོན་ཏན་མཐོང་བའི་མོད། །
རྩོད་པའི་བསམ་པ་ཡོངས་སུ་དོར་ཏེ་སྐྲ་ལོའི་ཕུང་པོ་ཁྱོད་ཞབས་སྤུངས། །
གང་གི་ཐུགས་བསྐྱེད་དུས་སུ་སྨིན་པས་བསིལ་བའི་ལམ་སྟེར་རྒྱལ་བའི་བསྟན། །
གངས་ལྗོངས་རྒྱན་དུ་ཐོག་མར་འདྲེན་པའི་ལམ་མཁན་དཔལ་ལྡན་ཞི་བ་འཚོ། །
ལྔ་བདོའི་མཐར་ཡང་བསླབ་གསུམ་ངུར་སྨྲིག་རྒྱན་དུ་ཐོགས་པའི་འཕགས་ཆེན་ཚོགས། །
བསིལ་ལྡན་གནས་ཀུན་དོགས་པོར་བྱས་པའི་བཀའ་དྲིན་ཕུང་པོ་ཇི་ལྟར་གཞལ། །
སྐྱེས་སྦྱངས་ཤེས་རབ་བྱེ་བས་གཏམས་པའི་མགོན་པོ་ཁྱོད་ཀྱི་མཁྱེན་རབ་ཀྱིས། །
ཚུལ་གཉིས་ཤིང་རྟའི་རྒྱ་མཚོ་ཆེན་པོ་རྣམ་དཔྱོད་ཧུབ་ཆེན་གཅིག་གིས་འཐུངས། །
དེ་ཚེ་ཁྱོད་ཀྱི་གཏིང་མཐའ་ཡས་པ་ཀློང་ཡངས་ཆུ་གཏེར་ཆེན་པོ་ལ། །
ལུང་རིགས་ནོར་བུའི་དཔལ་དུ་ཕྱུག་པས་ཁྱོད་མཚན་སྲིད་པའི་བླ་ན་མཛེས། །
རྒྱལ་བསྟན་སྣང་བའི་མིང་ཙམ་མ་གྲགས་མཐའ་ཁོབ་བོད་ཀྱི་ཡུལ་ལྗོངས་སུ། །
ཐུགས་བསྐྱེད་སྨོན་ལམ་རྨད་དུ་བྱུང་བ་མགོན་པོ་ཁྱོད་ཀྱི་ལེགས་བྱས་མཐུས། །
སྡེ་སྣོད་གསུམ་གྱི་བཀའ་བསྟན་ཐམས་ཅད་དགེ་མཚན་འབུམ་གྱིས་ལེགས་དྲངས་ཚེ། །
ཐུབ་བསྟན་རིན་ཆེན་བོད་དུ་ཤོར་ཞེས་འཕགས་ཡུལ་ཚོགས་ཀུན་ཅ་ཅོ་འདོན། །
ཁྱོད༵་ཀྱིས་དགེ་སྡིག་བླང་དོར་བསྟན་པས་ལས་འབྲས་ལྟ་བའི་མིག་བཟང་ཐོབ། །
ཁྱོད༵་ཀྱིས་ཟབ་དོན་རྟེན་བྱུང་བསྒྲགས་པས་ལྟ་ངན་རི་བོ་རྡུལ་དུ་བྱས། །
ཁྱོད༵་ཀྱིས་འདུལ་བའི་ལམ་སྲོལ་ཕྱེས་པས་གངས་ཅན་སྨག་རུམ་ཕ་མཐར་བསྐྲད། །
ཁྱོད༵་ཀྱིས་ཟུང་འཇུག་ལམ་བཟང་བསྙད་པས་པཎ་གྲུབ་རྣམས་ཀྱི་ཁེངས་པ་བསྙིལ། །
ཁྱོད་ཀྱི་ཐུགས་རྗེས་ངུར་སྨིག་བགོས་པ་བསྟན་འཛིན་རཿཡིག་གཉིས་པའི་ཚོགས། །
གངས་ཅན་འཛིན་མའི་ཁྱོན་ཀུན་ཁྱབ་ཅིང་ད་དུང་འཕགས་ཡུལ་རྒྱ་གར་གྱི། །
ཐ་གྲུ་ཐམས་ཅད་སེར་པོར་བྱས་ཚེ་འབྱུང་བྱའི་མིག་ཅན་ལྟ་ངན་ཀུན། །
མི་སྨྲའི་རྟུལ་ཞུགས་ས་ལ་བཀོད་ཅིང་རྒྱལ་བསྟན་སྣང་བས་ཕྱོགས་ཀུན་ཁྱབ། །
དེ་ལྟར་བསྟོད་ཚིག་ལྷ་ལམ་དབྱིངས་ནས་དབྱར་གྱི་རྔ་གསང་གྲགས་པའི་མཐུས། །
དད་བརྩོན་འཕགས་པའི་ནོར་གྱིས་ཕྱུག་པ་གདུལ་བྱའི་ཡིད་ཀྱི་ཞིང་ས་ལ། །
ཕན་བདེའི་ཆར་རྒྱུན་ལེགས་པར་ཕབ་པས་ཉེས་ཚོགས་དྲི་ངན་ཀུན་བཀྲུས་ནས། །
མཐར་འབྲས་སྐུ་ལྔའི་ལོ་ཏོག་སྨིན་ཏེ་རང་གཞན་གཏན་བདེར་སྤྱོད་པར་ཤོག །
དོལ་པོ་པ་ལགས། སྙན་ངག་ཡག་པོ་འདུག དྲ་བ་འདི་ཚོར་ལ་ལ་སྨན་དང་ལ་ལར་དུག་ཏུ་འགྱུར་ཉན་ཆེའོ། །
བརྗོད་བྱ་རྗོད་བྱེད་ཚིག་རྒྱན་གང་གི་ཆ་ནས་ཀྱང་སྲོལ་རྒྱུན་གྱི་དྲི་ངད་ལྡང་བ་ཞིག་བྲིས་འདུག་པས་རྗེས་སུ་ཡིད་རངས་ཞུ།
རྣམ་པ་གཉིས་ཕེབས་པར་དག་བསུ་ཞུ།
སྙན་ངག་སྨྲ་བའི་སྨྱུག་རྩེ་ལས། །
ཤོར་བའི་སྲོལ་རྒྱུན་སྙན་ངག་ལ། །
རྗོད་བྱེད་རོལ་མོ་འབུམ་ལྡན་ཞིང་། །
བརྗོད་བྱ་དོན་བཟང་ནོར་གྱིས་ཕྱུག །
རེད་ཡ། དངོས་ནས་ཡིད་སྐྱོ་བ་ལ་དེང་སང་ལ་མཚོན་ན་ཆོས་ཉིད་དོན་གྱི་གནས་ལུགས་གཟིགས་པའི་མཁས་གྲུབ་དམ་པ་དག་ནི་ཞི་བའི་དབྱིངས་ལ་གཟིམས། ཆེ་དྲེགས་དང་འདོད་རྔམ་ཅན་ཕལ་མོ་ཆེས་བསྟན་པ་ཟེར་བ་གང་ཡིན་ཙམ་ཡང་མི་ཤེས་ཀྱང་། ད་དུང་བོན་ཀྱང་སངས་རྒྱས་ཀྱི་བསྟན་པ་རེད་ཟེར་ནས་སྔོན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གནམ་གྱི་ས་བཀབ་པ་ལྟ་བུ་ཚོའི་མཚན་ཉོས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་མི་ཆོས་ཁོ་ན་སྒྲུབ་པའི་ལག་ཆ་རུ་སྤྱོད་པའི་སྤྱི་ཚོགས་འདི་མ་མཐོང་ངམ། དད་པ་ཅན་ཚོའི་ཚོགས་བསགས་ཆུད་ཟོས་སུ་གཡུགས། ལྷ་མགོ་བཅད། དགོན་རྐུབ་ཕུད། སྐུ་གསུང་ཐུགས་རྟེན་གྱི་ཚོང་དཔོན་ཆེན་པོ་ཚོ་བོད་བརྒྱུད་ནང་པའི་སངས་རྒྱས་ག་གེ་མོ་དང་སྤྲུལ་སྐུ་ཆེ་གེ་མོ་ཡིན་ཟེར་དུས། བདེན་པ་དང་བརྫུན་པ་འགྲིམས། ལྷ་དང་འདྲེ་ནོར། བན་ལས་བོན་ལྷག སྙིང་པོའི་བསྟན་པ་ནུབ་ལ་ཉེ་བའི་སྐབས་འདིར། རིས་མེད་ནི་རིས་མེད། མཐུན་བསྒྲིལ་ནི་མཐུན་སྒྲིལ། ཁྱི་རྐུན་འོ་ཟོའི་ཁ་ནས་མཐུན་པའི་གདོན་གཟུགས་ཀྱི་བསྟན་པ་དར་བའི་རྟགས་ཡིན་པས་བོན་པོ་ཁྱོད་དགའ་བར་སྒོམས་ཤིག བཀའ་དྲིན་ཅན་མཁན་སློབ་ཆོས་གསུམ་གྱིས་བོད་ཡུལ་འདིར་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་སྤེལ་བ་དག་ལ་དྲིན་ཆེན་ལ་དྲིན་ལོག གཡང་དཀར་ལ་རྡོ་ལོག་རྒྱབ་པའི་དཔེ་བཞིན་མ་སོང་ངམ།
དྲང་པོར་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ་ཞེས་པའི་དཔེ་ལྟར་རེད་འདུག སྐལ་ངན་སྐལ་ངན་རང་རེད། དུས་ངན་སྙིགས་མ་རང་རེད། ལས་ངན་ལས་རང་རེད། དྲང་བདེན་བློར་མི་ཤོང་མཁན་ལྷག་པ་ཡེ་ཤེས་ཁྱོད་ལ་ཁུངས་ལྡན་གྱི་ལོ་རྒྱུས་དང་འབྲེལ་ནས་དགག་པ་འདྲ་རྒྱབ་རྒྱུ་ཡོད་ན། གོང་དུ་བོན་པོས་བཤད་པའི་བརྗོད་བྱ་ལ་དགག་པ་རྒྱོབ་དང། ཨ་མའི་བུ་རེད། གོང་དུ་བོན་པོས་བཤད་པའི་བརྗོད་བྱ་ཁག་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་མ་རེད། བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་མཐོང། འོ་ན་གོང་དུ་བོན་པོས་བཤད་པའི་བརྗོད་བྱ་ཁག་སྐྱག་རྫུན་རེད་པས། སྐྱག་རྫུན་ཡིན་ན་ཁུངས་ལྡན་གྱི་ར་སྤྲོད་བྱོས། དྲང་བདེན་ཡིན་ན་གུས་བཀུར་དང་རྩིས་བཀུར་དང་ལེན་ཞུས་ཤིག ཁྱེད་རང་མ་གཞི་བདེན་རྫུན་གཉིས་ཀྱའི་ནང་ནས་སྐྱག་རྫུན་ལ་དགའ་མཁན་ཞིག་ཡིན་ཐག་ཆོད་རེད། དྲང་བདེན་བློ་ལ་མི་ཤོང་བ་འདི་ཡ་མཚར། ཡང་ན་ཁྱོད་རང་གིས་དྲང་བདེན་བཤད་མི་ཆོག་པའི་བཀའ་རྒྱ་སྒྲོག་འདོད་དམ། ཤེས་བྱའི་ཐང་ཆེན་ལ་ལུང་རིགས་ཀྱི་བང་རྩལ་འགྲན་ནས་དགག་པ་རྒྱོབ། དམོད་ངན་དང་འུད་གཏམ་མྱ་ངན་གྱི་ངུར་སྒྲ་དེ་ལྟ་བུས་གནམ་ས་ལྡིར་ལྡིར་བྱེད་མ་བྱེད་ཕན་པ་ཅི་ཡང་མེད་དོ། དེ་ལ་གཟི་བརྗིད་ཁོག་སྟོང་ཟེར་བ་རེད་དོ། ཁྱོད་རང་གཟི་བརྗོད་ཁོག་སྟོང་བྱེད་འདོད་དམ། ཐེག་ཆེན་མིན་པར་ཐེག་ཆེན་ཁས་བླངས་པ། སེང་གེའི་ལྤགས་པས་བོང་བུ་བཏུམས་པ་འདྲ། བོང་བུའི་རྒྱལ་ས་ཟིན་པར་མི་འགྱུར་རོ། དཔེར་ན་ཨ་ཅེ་ཝ་མོ་བཞིན། དོན་ལ་ལྷག་པ་ཡེ་ཤེས་ཁྱོད་ཁོ་ནའོ།
གཉིས་ཀྱའི། ཞེས་པར་གཉིས་ཀྱི་ཞེས་སུ་བཅོས་རོགས།
སྙོན་སྨྱོན་ཁྱེད་ཀྱི་སྙན་ཚིག་རྩོམ་མ་འོངས་པ་ན་ཡང་རྩེར་འབྱུང་བ་གདོན་མི་ཟ། བདག་ཝ་ཎའི་ལེགས་སྦྱར་སློབ་གྲྭའི་དབྱངས་ཅན་མ་ཞེས་པའི་དཔེ་མཛོད་དུ་ལས་བྱེད་པ་ཡིན་སྐབས་སུ། དཔེ་ཆ་མང་པོ་ཀློག་དགོས་པ་ཡོད་པས། ཁུ་ནུ་བླ་མ་རིན་པོ་ཆེས། དབུ་མ་རྒྱན་ཀློག་དགོས་གསུངས་པས། སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་རྩ་བ་དང་འགྲེལ་པ་འདྲ་བཤུས་བྱས་ཏེ། བཀླགས་ཀྱང་གོ་དཀའ་བ་བྱུང་ནས། ཚིག་རེ་རེ་བཞིན་མ་བརླགས་པར་བྱས་ནས་སླྲར་ལེགས་སྦྱར་དུ་ཕབ་བསྒྱུར་ཐུབ་ན། དོན་གོ་བར་ཕན་བསམས་ནས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་དཀའ་འགྲེ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་ལེགས་སྦྱར་དུ་དངོས་མ་རངས་ཡོད་པ། དེ་དག་བོད་འགྱུར་དང་བསྡུར་ནས་ཚིག་རྣམས་ལ་སྦྱངས་། ཞར་ལ་དོན་ཡང་ཕྲན་བུ་གོ་རྟོགས་བྱུང་བ་རེ་བ་ལགས། ད་ལྟ་དབུ་མ་རྒྱན་རྩ་འགྲེལ་ལེགས་སྦྱར་དུ་ཕབ་སྟེ།
ལེགས་སྦྱར་རྩ་འགྲེལ་ལ་ཝ་ཎ་བོད་ཀྱི་གཙུག་ལག་མཐོ་རིམ་སློབ་གྲྭ་ཆེན་མོའི་བགྲེས་སོང་། ལེགས་སྦྱར་གྱི་ཐེག་པ་ཆེ་ཆུང་གེ་གཞུང་ལ་མཁས་པ་ཆེན་པོས་ཞུས་དག་མཛད་ཡོད། ་སློབ་གྲྭ་ཆེན་མོ་དག་གིས་སྤར་དགོས་ཟེར་ཀྱང། བདག་རང་གིས་མཁས་འདོད་དང་ཁེ་འདོད་ཀྱིསསྤར་དུ་མ་བཅུག་པར་ད་དུང་། ཨ་རི་པ་རྙིང་མ་མཁན་ཆེན་གྱི་གཞུང་ལ་དོན་གཉེར་བྱེད་པ་འགའ་དང་ལྷན་དུ་སློབ་སྦྱོང་བྱེད་བཞིན་པ་ལགས། ང་རང་སྒེར་གྱི་བློ་ལ་ལོ་རྒྱུས་ཡང་དག་གིས་ལྟ་ན་སློབ་དཔོན་ཞི་བ་་འཚོ་བོད་ལ་བྱོན་སྐབས་ཀྱི་བོན་དང་ད་ལྟའི་བོན་ལ་ལྟ་སྒོམ་སྤྱོད་གསུམ་ལ་མི་འདྲ་བ་ཡོད་པར་སེམས་ཀྱང་བོན་གྱི་ཡིད་ཆེས་རྗེས་འབྲངས་པ་དག་གི་དགོངས་དང་འགལ་བ་གདོན་མི་ཟ།
སླར་དག་ཆའི་སྐོར་ལ།
བསྐལ་བའི་ཞེས་པར་དུས་ཀྱི་ལ་བསྐལ་པ་ལ་དང་། པ་ཡིག་དང་། བསོད་བདེ་བསོད་ནམས་ཀྱི་སྐལ་བ་ལ་བ་ཡིག་ཐོབ་པ་དང་། སྐྱེ་རྒུའི་ ལ་སྐྱེས་དགུ་ཡིན་པ། སྔོན་འཇུག་ད་དེ་ར་རུ་འབོད་པས་སྐྱེ་རྒུ་ཞེས་ནོར་བ་བྱུང་།
ན་ལེཎྜ། ཞེས་པ་འདི་ལེགས་སྦྱར་ཚིག་ཡིན་པས། ནའ་ལནདའ་Nālandāབོད་ཡིག་བརྩེགས་མ་ཐུབ་པར་དགོངས་དག། ནའ་ལནདའ་ཞེས་པ་དག་པ་ཡིན་དེ་ཉིད་བོད་སྐད་དུ། འདམ་བུ་སྦྱིན། ཞེས་སྔར་བོད་ཀྱི་སྒྲ་སྒྱུར་པ་དག་གིས་བསྒྱུར་ཅེས་ཨཀྱ་ཡོངས་འཛིན་གྱིས་གསུངས་སོ།།
གཟུར་གནས་རྣམ་དཔྱོད་ལྡན་པའི་བཀུར་འོས་པ་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁ་བརྡ་དྲ་བར་རྒྱ་བོད་ལེགས་སྦྱར་ལ་བྱང་ཆུབ་པའི་མཁས་དབང་དམ་པ་མཆོག་གིས་ཚིག་དོན་ལ་དག་བཅོས་བྱས་པ་རྣམས་ལ་ཡི་རང་ཞུ། རེ་བ་ཞིག་ནི་མཆོག་གིས་བོན་ཕྱོགས་ནས་ཡེ་མ་གསུངས་ན་ལེགས། སྟག་ར་འདི་ཚོས་དམ་པ་ཁྱེད་ཉིད་ལྷ་བླ་མ་བྱང་ཆུབ་འོད་བཞིན་དུ་དམར་སྐུ་ཧྲང་དུ་བོན་མཆོད་བྱེད་རྒྱུ་རེད། དེ་བས་མཁན་ཆེན་ཁྱེད་རྣམ་པས་ཞལ་བཟུང་ན་མི་ལེགས་སམ། །སྐུ་སྲོག་རྟ་རྔ་འདྲ་བོ་བོན་ལག་ཏུ་ཤོར་ན་མི་བཟང་། བོན་འཇིགས་བསྐུལ་རིང་ལུགས་པ་འདི་ལ་གཏམ་ལན་མི་སྤྲོའོ། ད་ཡིན་ན་ནང་ཆོས་ལ་མཁས་པ་ཆེན་པོ་སྒོམ་སྡེ་དང་དགྱེས་རྡོར་ཚོ་ཡང་ཡུལ་ཕུད་བཏང་ཚར་བ་རེད། ཨོ། དོལ་བོ་པའམ་དོལ་སྨྱོན་ཟེར་བ་འདིས་ཁྱེད་ཀྱི་མིང་དངོས་བཀོད་ན་མི་ལེགས་སམ། དོལ་རྒྱལ། དོལ་འདྲེ། དོལ་གཤིན། དོལ་སྨྱོན་ཟེར་དུས་བདག་གི་རྣ་བ་ལ་གཟན་མོ་ཞིག་འདུག སྒེར་གྱི་བསམ་ཆ་རེད། དགོངས་དག
བོན་པོ་ལགས། ངས་ཀརྨ་རིན་ཆེན་ལ་འདི་ཞིག་བཤད་ཡོད། ཆོས་ལྡན་བོད་ལས་ཀྱང་ཨ་རིའི་ཆོས་ཚོང་གི་དག་སྣང་རྣམས་ཡག་ཤོས་རེད་བཞག །ཡིན་ན་ཡང་ལས་འབྲས་ཁ་ལ་ཁྱེར་བ་ལས་ཀརྨ་རིན་ཆེན་འདི་ནང་ཆོས་ལ་ཐོས་བསམ་བྱེད་མ་མྱོང་བོན་ཆོས་ལ་ལྟ་རྟོགས་མེད་པ་ཞིག་མཐོང་སོང་། གང་ཡིན་ན་ད་སྔོན་གངས་ཅན་བོད་པའི་ནང་ཆོས་ལས་བཤད་པའི་བཀའ་ཆེན་ཚོས་འཆད་ཁྲིད་ཚང་མ་ནག་བསུབས་ཆོག་པ་འམ་ཕ་མས་ཁྱོད་ལ་མགོ་སྐོར་བཏང་བ་ཞིག་གཏན་ནས་མ་རེད། ཕྱི་སྐུ་གསུང་ཐུགས་ཀྱི་ཚོང་ལས་མཆོད་འབུལ་མཛེས་ཆོས་ཁ་ཡག་ངོ་དགའ་གྲོགས་པོ་ནང་ཚེགས་ཞིག་གི་ཁ་ཕོ་རུས་བྱས་ནས་གྲུབ་མཐའ་འཛིན་པ་ཞིག་ཀྱང་གཏན་ནས་མ་རེད། །བསྟན་པ་དང་ར་ཤ་མ་བརྗེ་ཟེར་བ་གོ་མྱོང་ངམ། སྟོན་པ་ཤཱཀྱ་ཐུབ་པས་ཀྱང་།སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པའོ། ཞེས་འབྱུང་།གཤིན་གཞུང་ཡིན་ཟེར་བ་ལས་ཀྱང་། །སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་ཀྱི་སྐུ། །གྲོལ་བ་གསང་ཆེན་བོན་གྱི་ཁྱད་པར་ཆོས། ཞེས་ཟེར།བསྟན་པའི་བྱེད་ལས་མཐར་ཐུག་པ་ནི། །བོན་སྟོན་གཤིན་རབ་མི་བོ་ཆེས།རང་གི་སེམས་ནི་རང་གིས་བཏུལ།ཉོན་མོངས་རྗེས་སུ་སེམས་མ་གཏོང་། །ཞེས་གསུངས་པ་དང་། །ཆོས་དང་བོན་ཞེས་འགལ་བའི་ཚུལ་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།ཞེས་གསུངས། གྲུབ་མཐའ་ཚང་མ་བོད་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་ཆོས་གསུངས་ཏེ་གང་ལྟར་གདུལ་བྱ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཐོབ་ཐབས་དང་། བོན་ཡང་ཐར་ལམ་ལ་ཁྲིད་ཡག་གི་ཐབས་ཤེས་ཤིག་ཡིན་པ་ཡང་དེ་གསལ་པོ་ཤེས་དགོས་། དེ་བཞིན་སྟོན་པའི་མིང་འདོགས་པ་ཙམ་ལས་་ཡེ་ཤུ་དང་ཧིན་ཏོ་ཆོས་སོགས་དང་གཅིག་པ་རེདཀྱི་ཡོད །གྲུབ་མཐའ་རིས་དེ་ཡང་།དབུས་གཙང་མངའ་རིས་སོགས་ཀྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས།ཅེས་དང་། །ཡང་དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག། དོན་མེད་ཁ་སྡིག་མ་བསགས་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་།ཞེས་འབྱུང་ལ།བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། །གསུངས་རབ་མ་ལུས་གདམས་པ་ཤར་བ་དང་།རྒྱལ་བའི་དགོངས་པ་བདེ་ལགས་རྙེད་པ། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་།ཞེས་དང་། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོང་། །སྤྱིར་ས་དགེ་བཀའ་རྙིང་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གི་སྡང་ཤུགས་བྱེད་མི་རིགས་ཏེ།དེ་དག་རང་རང་གི་ལམ་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་ཡོད་ལ། དེའི་ཕྱིར་དུ་ཆོས་སྤོང་གི་ལས་འགོག་པའི་སླད་དུ་ཁོ་བོས་ཀྱང་དུས་རྒྱུན་དུ་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱོང་དགོས་ཚུལ་ནན་གྱིས་ཞུས་པ་ཡིན། ཞེས་འབྱུང་།ལྟ་བ་ཕྱོགས་རིས་མེད་པ་ཡི། བསྒོམས་པ་ཡེངས་པ་མེད་པ་ཡིན།ཡང་།སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ལ། ཕྱག་རྒྱ་ཆེན་པོས་རྟོག་བྲལ་ཟེར། རྫོགས་པ་ཆེན་པོས་ཆོས་ཉིད་ཟེར། ཕར་ཕྱིན་པས་ནི་སྟོང་ཉིད་ ཟེར།ཞེས་ཀྱང་འབྱུང་། དེ་ཡང་སྔོན་མ་ཡིན་ན་ཕྱི་རོལ་མུ་སྟེགས་པ་དང་ནང་བསྟན་ཆོས་ལུགས་བར་གྱི་འགལ་བ་ཡོད་པ་ལས་ནང་བསྟན་ཆོས་ལུགས་ནང་ཁུལ་འགལ་བ་དེ་འདྲའི་ཛ་དྲག་ཆེན་པོ་མེད། ཡིན་ཡང་བོད་དུ་ནང་བསྟན་ཆོས་ལུགས་དར་ནས་ད་བར་བསྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ཁུལ་དུའང་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་གིས་མི་ལ་ལས་བོད་དུ་ཡོད་པའི་ས་དགེ་བཀའ་རྙིང་དང་། ཇོ་ནང་ཞི་བྱེད་དང་བཅས་པའི་ཆོས་ལུགས་དེ་རྣམས་ཕྱི་པ་དང་ནང་པའི་ཆོས་ལུགས་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མང་པོ་ནས་མི་མཐུན་པའི་ཐ་དད་ཅིག་ཡིན་པར་བསམ་མཁན་ཡོད་ལ། དེའི་དབང་གིས་བོད་ལ་ལོ་རྒྱུས་ཐོག་དགོས་མེད་ཀྱི་འགལ་བ་མང་པོ་བྱུང་ནས་གྱོང་གུད་ཡང་མང་པོ་ཐེབས། །ཡིན་ཡང་བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་མེད་པ་གོང་གསལ་གྱི་མཁས་པའི་གསུངས་ལས་རྟོགས་ཐུབ། དེ་ཡང་བོད་ཀྱི་གྲུབ་མཐའ་སོ་སོའི་འབྱུང་ཁུངས་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞིང་གྲུབ་མཐའ་སོ་སོའི་མཐར་ཐུག་གི་དམིགས་ཡུལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཁོ་ན་ཡིན་པས། མ་ཤེས་ཤེས་འདོགས་དང་ཤེས་བྱ་ཁྲ་ལེབ་ཀྱི་ཟས་དང་སྐྱག་པ་མཉམ་བསྲེལ་མ་བྱས་ན་ཤིན་ཏུ་བཟང་ངོ་། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རྒྱལ་བསྟན་བར་དུ་ཕྱོགས་རིས་སྤོངས་ཞེས་ལན་གཅིག་མ་ཡིན་པ་གསུངས་ཡོད་པས་ཀུན་གྱིས་གཟབ་པར་འཚལ་ལོ། །
ལ་དགས་འཇམ་དཔལ་ལགས། ཕེབས་པར་དགའ་བསུ་ཞུ། ཞི་འཚོའི་ཚད་མ་དེའི་མ་དཔེ་དང་པོ་ནས་ལེགས་སྦྱར་ནང་ཡོད་རེད་དམ། བོད་ཡིག་ནས་ཕར་ལེགས་སྦྱར་ལ་ཕབས་པ་ཞིག་རེད།
ལེགས་སྦྱར་ཡི་གེའི་ནང་དུ་ཞི་འཚོ་དང་་གུ་རུ་པད་མའི་མཛད་ནམ་རེ་མཐོང་ངམ་ལགས།
སྐུ་ཞབས་རྩོ་པ་པ་པོ་མཆོག་ལ།
༡༽ཁྱེད་ཀྱིས་གསུངས་པ་གསུམ་ཆ་གཉིས་བདེན་པ་རེད།རྗེས་སུ་ཡི་རངས་ཞུ་གི་ཡོད།
ཡིན་ན་ཡང་དད་པ་དག་སྣང་ཙམ་མ་ཡིན་པར་རྣམ་ཐར་དང་ལོ་རྒྱུས་ངོ་མ་འབྲི་དགོས་རང་གཞན་ཀུན་ལ་གལ་ཆེའེ་ནང་གི་དོན་ཆེན་ཡིན་པ་མཁྱེན་པ་གནང་རོགས་ཞུ་རྒྱུ་ཡིན་གང་ཡིན་ཟེར་ན་༸གོང་ས་མཆོག་གིས༼་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་རྒྱུ་ཡོད་མ་རེད་༽ཅེས་གསུངས་པ་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་ཐུབ་པ་མཐའ་ཡས་པ་གང་ཞིག་
ཁྱེད་ཀྱི་སྙན་རྩོམ་རབ་རྟོག་གིས་བཅིངས་པ་དེ་ཡང་འདི་ལས་མ་འདས་པའི་ཕྱརོ།
༢༽སློབ་དཔོན་ཞི་བ་འཚོ་ཆོས་ཅན།་་་་་་ཁྱོད་མ་འཕེབས་གོང་བོད་ལ་སངས་རྒྱས་ཀྱི་བསྟན་པའི་མི་ཙམ་ཡང་མེད་པར་ཐལ།་་་་རྩོམ་པ་པོ་ཁྱེད་ཀྱིས་དེ་ལྟར་ཐག་བཅད་ནས་བྲིས་པའི་ཕྱིར།
འདོད་ན་་་་་་་་་དེའི་སྐབས་སུ་ས་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པའི་བོད་པ་མེད་པར་ཐལ།
་་་་འདོད་ན་་་་་་་་མ་ནི་བཀའ་འབུམ་སོགས་གསང་སྔགས་ཉམས་སུ་བླངས་ནས་གོ་འཕང་ཐོབ་པའི་བོད་པ་མེད་པར་ཐལ་་་་་་་་་་་་་་་འདོད་པའི་ཕྱིར་་་་་་་་་་འདོད་ན་་་་་་་་ཆོས་རྒྱལ་སྲོང་བཙན་རྒྱལ་བློན་ཡབ་སྲས་ཀྱི་ལོ་རྒྱུས་ལ་ཞིབ་པར་གཟིགས་ན་མཁྱེན་པར་འགྱུར་རོ།
སྐྱབས་བཅོལ་པ་ལེགས།
སློབ་དཔོན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་བསྡུས་པ་ཚིགས་བཅད་༣༦༤༥ཡོད་པར་རྒྱ་གར་གྱི་གྲུབ་མཐའ་སོ་སོའི་འདོད་ཚུལ་ཇི་ལྟ་བ་བཀོད་ནས། དེ་དག་ལ་སངས་རྒྱས་པའི་སེམས་ཙམ་འདོད་ཚུལ་སྒོ་ནས་བཀག་པ་དེ་མཐོང་ནས། ཞི་འཚོ་ལོ་དགུ་བརྒྱ་བཞུགས་ཟེར་ཆོག་པ་འདུག་ཅེས་ཉེ་དུས་རྒྱ་གར་གྱི་མཁས་པ་ཆེན་པ་ར་ཧུ་ལས་བྲིས། བསྟན་བཅོས་འདི་ཉིད་ལ་ཀ་མ་ལ་ཤི་ལའི་དཀའ་འགྲེལ་ཡོད་པ། རྒྱལ་བ་པའི་དཔེ་མཛོད་ཅིག་འཐོན་པ། སྤྱི་ལོ་༡༩༢༦ ལ་ལེགས་པར་སྤར་འདུག
དབུ་མ་བརྒྱན།
བདག་དང་གཞན་སྨྲས་དངོས་འདི་དག
ཡང་དག་ཏུ་ན་གཅིག་པ་དང་།
དུ་མའི་རང་བཞིན་བྲལ་བའི་ཕྱིར།
རང་བཞིན་མེད་དེ་གཟུགས་བརྙན་བཞིན།།
སྤྱོད་འཇུག་འགྲེལ་ཆེན་ན་ཤེར་བློས་བཀོད་པ་དེ་དང་། དེ་ཉིད་བསྡུས་པ་ཚིགས་བཅད་བཞི་ལྔ་ཙམ་མ་གཏོགས་མི་རྙེད་དོ།།
རྒྱ་གར་པ་ལ་སྔོན་མ་མཁས་གྲུབ་དག་གི་རྣམ་ཐར་ལོ་རྒྱུས་འབྲི་བའི་སྲོལ་མེ་ད་པ་ལྟ་བུ་འདུག ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དེ་ལེགས་སྦྱར་དུ་འཐོན་པས། མཁས་པ་ལེགས་སྦྱར་མཚན་ཉིད་ལ་དོ་སྣང་ཡོད་པ་དག་གིས་སློབ་དཔོན་ཞི་བ་འཚོ་སུ་ཡིན་ཤེས་ཐུབ། དེ་མིན་སློབ་དཔོན་པད་མ་འབྱུང་གནས་སོགས་བོད་ཀྱི་རིག་གཞུང་ལ་མ་བརྟེན་པར་མཚན་ཙམ་ཡང་ཤེས་མི་ཐུབ། ཨོ་རྒྱན་གླིང་དེ་དིང་དུས་པ་ཀི་སྟན་གྱི་བསྟན་གཤིགས་དག་གི་སྡོད་གནས་གཙོ་བོར་གྱུར་པ། སློབ་དཔོན་རིན་པོ་ཆེའི་བྱིན་རླབས་ཀྱིས་ཉེར་འཚེ་མེད་པ་སྔོན་བཞིན་གནས་བཟང་པོ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་དགོས་སོ།།
རྗེ་བཙུན་ཙོང་ཁ་པ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་པོ་ན། ༼ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི་སློབ་དཔོན་ཞི་བ་འཚོས་སྲོལ་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེས་བཞེད་པ་ལྟར་ལེགས་སོ༽ ཞེས་གསུངས་འདུག དེ་ན་སློབ་དཔོན་ཞི་བ་འཚོ་ནི་རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་རེད། ཁོང་མ་བྱོན་པའི་སྔ་རོལ་ཏུ་རྒྱ་གར་ན། སེམས་ཙམ་པ་དང་དབུ་མ་པ་གཉིས་ཀའི་བར་ན་ལྟ་བའི་རྩོད་པ་ཤིན་ཏུ་མང་ན་ཡང་། སློབ་དཔོན་ཞི་བ་འཚོས་རྣམ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས་པ་ནས་བཟུང་། གཉིས་ཀའི་ཕྱོགས་ལ་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ལྟ་བུར་སྣང་།
ཡང་ཞི་འཚོའི་ཚད་ཆེན་ཟེར་བའི་ཚད་མའི་སྐོར་ལ་གསུངས་རྩོམ་སྐད་གྲགས་ཆེན་པོ་ཞིག་ཀྱང་ཡོད་ཚོད། ངས་འདི་ནས་བཀའ་འདྲི་ཞུ་ཡ་གཅིག་ལ། རྣམ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་ཞི་བ་འཚོ་དང་། མཁན་སློབ་ཆོས་གསུམ་ནང་གི་མཁན་ཆེན་ཞི་བ་འཚོ་གང་ཟག་གཅིག་རེད་དམ། ཡང་ན་གང་ཟག་ཐ་དད་རེད། རྒྱུ་མཚན་གང་ཡོད་བཅས་འགོད་རོགས་ཅི་གནང་།
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་ཞི་འཚོ་ཡིན་མིན་མི་ཤེས་ཏེ་བོད་དུ་ཕེབས་པའི་ཞི་འཚོ་འདི་དབུ་མ་རང་རྒྱུད་པ་ཡིན་པ་ནི་ཁོང་གིས་མཛད་པའི་དབུ་མ་རྒྱན་ལས་ཤེས་ཐུབ། སློབ་དཔོན་པདྨ་འདི་ཅི་བཤད་རུང་མ་བཤད་རུང་ནང་པ་ལས་ཀྱང་ཧིན་དྷུའི་ཆོས་ལུགས་གཙོ་བོར་འཛིན་མཁན་ཞིག་ཡིན་པར་ཐག་ཆོད། དེ་ཡིན་དུས་ཕལ་ཆེར་ཁོང་ལ་མཚན་གྱི་རྣམགྲངས་མི་འདྲ་བ་ཡོད་པ་དེ་ཚོ་ཧིན་སྐད་དུ་བསྒྱུར་ནས་དུས་རབས་བརྒྱད་པ་དགུ་པ་ཡས་མས་ཀྱི་ཧིན་དྷུའི་ཆོས་ལུགས་ཀྱི་རྣལ་འབྱོར་བ་དེ་ཚོའི་རྣམ་ཐར་འདྲ་བོ་བཀླགས་ན་ཕལ་ཆེར་རྙེད་ངེས་རེད།
ངས་རྒྱ་གར་གྱི་མཁན་ས་ར་ཧུ་ལའི་ལོ་རྒྱུས་ཤིག་བཀླགས་པ་ཡིན། ལོ་རྒྱུས་དེར་ཁོང་བོད་དུ་ཕེབས་ནས་སཾསྐྲིཏ་དང་པ་ལིའི་དཔེ་ཆ་དྲེལ་རྒྱབ་ཉེར་གཉིས་ཙམ་ཕྱིར་རྒྱ་གར་དུ་ཁྱེར་ཡོང་ཚུལ་བྲིས་འདུག དཔེ་ཆ་དེ་ཚོ་དེང་སང་གང་ན་བཞུགས་ཡོད་དམ། དཔེ་ཆ་དེ་ཚོ་སྔོན་མ་བི་ཀྲ་མ་ལ་ཤི་ལ་དང་ན་ལན་ཌའི་དཔེ་མཛོད་ཆེན་པོ་དེ་ཚོར་དུས་རབས་བཅུ་གཉིས་པ་ཡས་མས་སུ་ཁ་ཆེའི་དམག་གི་འཚེ་བ་བྱུང་སྐབས་དགེ་སློང་ཚོས་བོད་དུ་བསྣམས་ཕེབས་པའི་གྲས་ཡིན་ཚུལ་བྲིས་འདུག དེ་ཚོ་དེང་སང་གང་ཞིག་ན་ཡོད་དམ།
རྗེ་རིན་པོ་ཆེས་དབུ་རྒྱན་གྱི་ཟིན་བྲིས་མཛད་ཅིང་། བོད་ཀྱི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་སློབ་དཔོན་ཞི་བ་འཚོ་གདན་འདྲེན་ཞུ་ཐུབ་པ་དང་། བོད་ལ་གཞུང་ལུགས་སྤེལ་བའི་བཀའ་དྲིན་བསབ་ཕྱིར་ཡང་། དབུ་མ་རྒྱན་ལ་ཐོས་བསམ་བྱེད་དགོས་པར་་གདམས་པ་ཁོ་བོ་གྲོང་ཁྱེར་གསལ་ལྡན་དུ་རྗེ་ཙོང་པའི་གསུང་བཀླགས་པས་དེ་སྐད་གསུངས་པ་དྲན། དབུ་རྒྱན་རྩ་བ་དང་། རང་འགྲེལ་ཞེས་རྩ་འགྲེལ་མ་ཡིན་པར་དབུ་མ་རྒྱན་གྱི་གཞུང་དེ་ཚིགས་བཅད་ཚིག་ལྷུགས་སྤེལ་མ་ཡིན་ཞེས་གསུངས། དེ་ལ་འཇུ་མི་ཕམ་རིན་པོ་ཆེས་དགག་པ་བྲིས། དབུ་མ་རྒྱན་ལ་འཇུ་མི་ཕམ་རིན་པོ་ཆེས་འགྲེལ་པ་རྒྱས་པར་བྲིས་ནས་འཁྲིད་པར་མཛད་པས། ད་ལྟ་རྙིང་མ་པའི་བཤད་གྲྭ་ཁག་ཏུ། གཞུང་འདི་ལ་གསན་བསམ་རྒྱ་ཆེ་བ་ཡོད་པར་སྣང་། ཚད་མའི་དེ་ཁོ་ན་བསྡུས་པར་གཞན་ལུགས་ཚང་མ་སེམས་ཙམ་གྱི་སྒོ་་ནས་བཀག དབུ་མ་རྒྱན་དུ། གཅིག་དུ་བྲལ་གྱི་སྐབས་སུ་སེམས་ཙམ་གྱི་ཤེས་པ་གཅིག་བདེན་དེ། སེམས་ཙམ་རྣམ་བདེན་རྣམ་རྫུན་གཉིས་ཀའི་འདོད་ཚུལ་བཀག་ནས། ཐ་སྙད་ལ་རྣམ་བདེན་བཟང་བ་དང་རྣམ་རྫུན་པ་དེ་རྣམ་པ་མི་འདོད་པས་ཆེས་ཐ་ཤལ་ཡིན་པ་དང་། ཕྱི་དོན་འགོག་པ་ལ་སེམས་ཙམ་པའི་ལྟ་བ་དགོས་པར་གཟིགས་ཏེ།
སེམས་ཙམ་ལ་ནི་བརྟེན་ནས་སུ།
ཕྱི་རོལ་དངོས་མེད་ཤེས་པར་བྱ།
ཚུལ་འདིར་བརྟེན་ནས་དེ་ལ་ཡང་།
ཤིན་ཏུ་བདག་མེད་ཤེས་པར་བྱ།། ༩༢ །།
ཚུལ་གཉིས་ཤིང་རྟར་ཞོན་ནས་སུ།
རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ།
དེ་དག་དེ་ཕྱིར་ཇི་བཞིན་དོན།
ཐེག་པ་ཆེན་པོ་པ་ཉིད་འཐོབ།། ༩༣ །།
ཅེས་གསུངས་པ་གཞོན་ནུ་ཟླ་མེད་ལ་དགོངས་བཞེད་མཛད་པར་བྲིས་སོ།།
སྤོབས་པ་མཐའ་ཡས་ལེགས།
རྒྱ་གར་གྱི་མཁན་པོ་སང་ཀྲི་ཏ་་ར་ཧུ་ལ་མཆོག་གིས་ཁྱེར་འོངས་པའི་དཔེ་ཆ་དེ་དག་དིང་སང་། རྒྱ་གར་མངའ་སྡེ། བི་ཧར་གྱི་རྒྱལ་ས། པཏ་ན་ཞེས་པའི་གྲོང་ཁྱེར་ན། ཇ་སཝ་ལ་་སློབ་སྦྱོང་ཚོགས་ཁང་། ཞེས་པ་ན་ཡོད་འདུག། ལེགས་སྦྱར་ལ་ཡོད་པ་ཆོས་མངོན་པ་མཛོད་སོགས་དཔེ་ཆ་མང་པོ་་སྤར་འདུག། བོད་དཔེ་ཡང་མང་དུ་ཡོད་པ་ཐོས།
ལེགས་སྦྱར་སྐད་དུ་མཁན་ཆེན་གསུངས་རྣམས་མེད་པ་དེ་ལ་གོ་རྒྱུ་ཆེན་པོ་འདུག་གྰ།
རྒྱ་གར་བས་བཤད་སྲོལ་ལྟར་ན་མཁན་ཆེན་ཞི་བ་ཚོ་དགུང་ལོ་དགུ་བཅུ་ཙམ་བཞུགས་པར་བཤད་ཀྱང་བོད་པས་དེ་ལས་ལྡོག་སྟེ་དགུ་བརྒྱ་བཞུགས་པར་བཤད་འདུག བོད་པ་དག་སྣང་ཆེ་དྲགས་ནས་དགུ་བཅུའི་སྟེང་ལ་ཀླད་གོར་གཉིས་བསྣན་པ་མིན་གྲོ།།
བོན་དང་མི་ནག་གཉིས་ལགས། ཤེས་འདོགས་མ་སྟོན་ལོ། ལེགས་སྦྱར་དང་བོད་དབྱིན་ཚང་མས་གཅིག་མཐུན་གྱི་རྣམ་ཐར་ཡོད་པ་མཁན་ཆེན་བྱང་ཆུབ་སེམས་དཔའ་འདི་རེད། དག་སྣང་དང་རྟོག་བཟོ་ཙམ་མིན་པར་ལོ་རྒྱུས་ཁུངས་ལྡན་རེད། དུས་ཁོམ་བྱུང་ན་ལེགས་སྦྱར་བཅས་འགོད་ཆོག་གོ། རྗེས་སུ་ཡིན་གདའ་་་་་
ལྷག་པ་ཡེ་ཤེས་ལགས།
སྐད་ཆ་དེ་ཕྲན་གྱི་རྟོག་བཟོ་མིན་གོང་ས་མཆོག་གི་བཀའ་སློབ་ཅིག་ནའང་མཐོང་བྱུང་། ཁྱེད་ཁོམ་མིན་མ་ལྟོས་པར་ལེགས་སྦྱར་བཅས་ཅི་ནས་ཀྱང་འགོད་རོགས་ཞུ། མང་པོ་ཞིག་ལ་ཕན་ངེས་རེད།
རྗེ་ཙོང་ཁ་པས་དབུ་མ་རྒྱན་རྩ་བ་དང་འགྲེལ་པ་ལྟ་བུ་མ་ཡིན་པར་སྤེལ་མ་ཡིན་གསུངས་པ་ལ་རྒྱུ་མཚན་ཡང་དག་ཅིག་འདུག དེ་ཡང་།
གང་དག་སུ་རྣམས་དག་བརྟན་བློ་མངའ་ས་ལ་བཞུགས།
ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས།
ལྷག་པར་མོས་པ་ཡོངས་བསྒོམས་ཐུགས་མངའ་ཆེ་རྣམས་ཀྱི།
བླ་བཞུགས་དེ་དག་རྣམས་ལ་རྟག་ཏུ་ཕྱག་འཚལ་ལོ།། ༡ །།
དེ་ཉིད་དབུ་མ་རྒྱན་གྱི་མཆོད་བརྗོད་ཡིན་པས། གཞུང་དེའི་ཚིག་ལྷུགས་དང་། ཚིགས་བཅད་རྣམས་སྐྱེ་རབས་སོ་བཞི་པ་ལྟ་བུར་སྤེལ་མ་སྟེ། ལེགས་སྦྱར་དུ་ཙམཔུ་ཞེས་པ་དེ་ཡིན་འདུག དེ་ལྟར་མ་ཡིན་ན། དབུ་མ་རྒྱན་གྱི་ཚིག་བཅད་རྣམས་ཟུར་དུ་ཕྱུངས་པ་ལ་མཆོད་བརྗོད་མེད་པར་ཐལ་བ་དང་། ད་ལྟ་དབུ་མའི་རྒྱན་གྱི་འགྲེལ་པ། ཞེས་པར་མཇུག་གི་མཛད་བྱང་དུ། པེ་ཅིང་དང་། སྡེ་དགེ་སྤར་མ་དག་ན། དབུ་མའི་རྒྱན་འདི་ནི་སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པད་མ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྲེལ་ཞེས་མེད་པས་བསྟན་བཅོས་སྤེལ་མར་བཞེད་པ་རྨ་མེད་པའོ།། འོན་ཀྱང་ཕྱིས་སུ་བློ་ལ་འཛིན་བདེའི་ཕྱིར། ཚིགས་བཅད་རྣམས་ཟུར་དུ་ཕྱུངས་པ་དེ་ལ། དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ། ཞེས་བཅོས་པ་དང་། ཚིག་ལྷུགས་རྣམས་ལ་དབུ་མ་རྒྱན་གྱི་འགྲེལ་པ། ཞེས་མཇུག་ཏུ་བྱས་པར་མངོན་ནོ། །
རྒན་འཇམ་དཔལ་ལགས། ཐུགས་རྗེ་བླ་ལྷག་ཏུ་ཆེ། ད་ཐེངས་ཀྱི་མཆན་ཨང་༢༥ པ་འདིས་བློ་བསྐྱེད་ཆེན་པོ་བྱུང་། འདིའི་སྐོར་ལ་སྔར་བདེན་གཉིས་རྩོད་པའི་སྐབས་སུ་རྩོད་པ་བྱས་མྱོང་མོད། སྐུ་ཉིད་ཀྱི་གསུངས་པ་འདི་སྒྲུབ་བྱེད་ཤིན་ཏུ་རྣམ་དག་ཞིག་ཡིན་པར་མ་ཟད། བློ་ལ་ཡང་བཟུང་བདེ་བོ་འདུག ཐུགས་རྗེ་ཆེ། གང་ལྟར་མཁས་པ་རྒན་པའི་ཁ་ན་གསེར་གྱི་སྦྲམ་བུ་རྙེད་རྒྱུ་འདུག
གོང་གི་མཆན་ཨང་བཅུ་དགུ་པ་ལ་ཡང་ཐུགས་རྗེ་ཆེ། དབུ་མ་རྩ་བ་དང་འགྲེལ་བ་དེ་རང་འགྲེལ་གྱི་ཚུལ་དུ་རྩོམ་ཟེར་བ་སྔ་མོ་ནས་གསུངས་རྒྱུན་ཡོད་པ་ཞིག་རེད། འཇུ་མི་ཕམ་སྔོན་ནས་བོད་ཀྱི་མཁས་པ་ཚོའི་ནང་དུ་རྩ་འགྲེལ་གྱི་ཚུལ་དུ་ཡོད་པ་དེ་ཡོངས་གྲགས་ལྟ་བུ་ཡིན་ཚོད། འོན་ཀྱང་སྤེལ་མའི་ཚུལ་དུ་ཟེར་བ་དེ་ནི་རྗེ་ཙོང་ཁ་པས་ཚིག་བཅད་ལྷུག་གཉིས་ཀར་ཞིབ་འཇུག་ཞིབ་ཚགས་གནང་རྗེས་སྤེལ་མར་རྩོམ་པར་བཞེད་པ་ཡིན་ཚོད། དེ་འདྲ་རེད་དམ།
དེ་ནས་སྤོབས་པ་མཐའ་ཡས་ཀྱིས་ལན་གནང་པ་ལ་ཡང་ཐུགས་རྗེ་ཆེ།
ཤ་ཁྱི་ཚེ་ཟད་ཤ་བའི་རྐུབ་ལ་མཆོང། སྟག་མོ་ཚེ་ཟད་གཡག་གི་གདོང་ལ་མཆོང། ཞེས་པའི་དཔེ་ལྟར་ཡང་ལྷག་ཤེས་ཁོང་མིག་བཙུམས་ནས་འདིར་མཆོངས་ཚར་བཞག ཡང་ཁོ་ལ་གོ་བརྡ་ཞིག་མ་སྤྲད་ན་གང་ནས་འོང། ཁུངས་ལྡན་གྱི་ལན་ཡོད་ན་ཐོབ་ཤོག་ཨ། དེ་མིན་བརྗོད་བྱ་མེད་པའི་དབྱར་རྔའི་སྒྲ་བརྒྱ་སྒྲོག་དང་མ་སྒྲོག་ཅི་ཡོད། དེ་ཡང་བོད་ཀྱི་གྲུབ་མཐའ་སོ་སོའི་འབྱུང་ཁུངས་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞིང་གྲུབ་མཐའ་སོ་སོའི་མཐར་ཐུག་གི་དམིགས་ཡུལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཁོ་ན་ཡིན། ཞེས་བཤད་འདུག་པས། འོ་དེ་ལྟར་ལགས་ན། སངས་རྒྱས་པ་ལ་བཞི་པ་དང། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་པའི་ལུང་གི་བསྟན་དོན་ཁ་གསལ་ཞིག་འཇོག་གནང་བར་ཞུ། དེ་ནས་ག་ལེར་ཞིབ་མོ་རྣམ་པར་འཐག་པའི་སྒོ་ནས་ཤེས་བྱའི་ཐང་ཆེན་ལ། ལུང་རིག་གི་བང་རྩལ་འགྲན་ཆོག་གི་རེད། འཇིག་བསྐུལ་དང་རྒྱུད་བསྐུལ་གྱི་སྦིར་སྒྲ་སོགས་མཚམས་འཇོག་གནང་ནས་ལན་ཐོབ་ཤིག ཁྱོད་ཟུང་འཇུག་ལྡན་པའི་མཆན་འགོད་པ་ཞིག་ཡིན་མིན། དེ་ནས་ཐག་ཆོད་ངེས།
Bonbo ཨ་ཁུ་བློ་གྲོས་ཀྱི་དབུ་མ་ཡོད་པ་རེད། མ་ཟད་ཕར་ཕྱིན་ཡང་ཡོད་པ་རེད། ཨ་ཁུ་བློ་གྲོས་སམ་གོང་ཐང་བློ་གྲོས་ཟེར་གྱི་ཡོད་པ་རེད། ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་པོ་ཞིག་རེད། ༧གོང་བ་བཅུ་གསུམ་པ་མདོ་སྨད་སྐུ་འབུམ་དགོན་པ་ནས་བཞུགས་སྐབས། མདོ་སྨད་ཀྱི་གྲྭ་ས་ཆེ་ཁག་དག་ལ་རྒྱུགས་བཞེས་ཚུལ་གྱིས་དམ་བཅའ་ཚུགས་ཡོད་འདུག དེ་དུས་ཁོང་གིས་རྟགས་བསལ་ཕུལ་འདུག
གལ་སྲིད་ཡིག་ཆ་དེ་དགོས་ན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དཔེ་མཛོད་ལ་འབྲེལ་བ་བཙུགས་ན་ཐོབ་ཀྱི་རེད། ཨ་ཁུ་བློ་གྲོས་ཀྱི་དབུ་མ་དེ་ནི་ཀུན་མཁྱེན་འཇམ་བཞེད་ཀྱི་དབུ་མའི་དོགས་གཅོད་ལྟ་བུ་ཡིན་འདུག དེ་ཙམ་ཡིན།
ཡང་ལྷག་ཤེས་ནས། བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་མེད་པ་གོང་གསལ་གྱི་མཁས་པའི་གསུང་ལས་རྟོགས་ཐུབ། ཅེས་ཚིག་ཐག་ཆོད་པོས་རང་དང་མཐུན་པའི་ཁག་རྣམས་དར་དང་གོས་ཆེན་གྱིས་བཏུམས་ཁ་བྱས་འདུག་མོད། བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་བྱུང་མེད་ན། གནས་ལུགས་རིན་པོ་ཆེའི་མཛོད་འགྲེལ་དུ། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་བཞིན་དུ་གནས་སོ། ཞེས་རྒྱལ་བ་ཀློང་ཆེནཔས་བདེན་པར་ཐག་གཅོད་པའི་ཧ་ཤང་གི་ལྟ་བའི་གནད་དོན་ལ་དུས་ཕྱིས་ནང་པའི་མིང་འཛིན་པ་ཚོས་སྡང་གཟུགས་ཀྱིས་མིག་ཟུང་བསྒྲད་དགོས་དོན་ཅི་ཡིན་ནམ། ཡང་རྒྱལ་བ་ཀློང་ཆེན་པས། རྫོགས་ཆེན་རང་སྐད་རང་རིག་ཡེ་ཤེས་སྟོན་པར་བྱེད། འོག་མས་རང་རིག་གདོན་དུ་ལྟ་བ་ཡེ་ནས་དམའ། ཞེས་གསུངས་པའི་གོ་དོན་གང་ཡིན་ནམ། ཡང་རྒྱལ་བ་ཀློང་ཆེན་པས། རིམ་བརྒྱད་བློ་ཡི་གོལ་ས་མ་ཆོད་པས། དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། ཅེས་གསུངས་པའི་གོ་དོན་གང་ཡིན་ནམ། ཡང་སྔ་འགྱུར་རྙིང་མའི་རྫོགས་ཆེན་གྱི་ལྟ་དོན་ཁག་ལ་འདན་མ་སྟོང་དཔོན་གྱིས་དགག་པའི་མེ་ཆར་འབེབ་དགོས་དོན་ཅི་ཡིན་ནམ། ས་སྐྱ་བས་ཐག་གཅོད་པའི་དབུ་མའི་ལྟ་དོན་ཁག་ལ་དགེ་ལུགས་པས་དྲག་ཆར་འབེབ་དགོས་དོན་ཅི་ཡིན་ནམ། ཙོང་ཁ་པས་ཐག་གཅོད་པའི་གྲུབ་དོན་ཁག་ལ། ཀུན་མཁྱེན་གོ་རམ་པས་ཆད་མཐའ་ལ་དབུ་མར་སྨྲ་བའི་ལུགས་བརྗོད་པ་ཞེས་ཕྱོགས་སྔར་བཞག་ནས་དོན་གནད་ལ་འཚམས་པའི་ལུང་རིག་གི་ཐོག་ཆར་འབེབ་དགོས་དོན་ཅི་ཡིན་ནམ། ཡང་ཀུན་མཁྱེན་དོལ་བུ་བས་གཞན་སྟོང་དུ་བཀྲལ་བའི་དབུ་མའི་གྲུབ་དོན་ཁག་ལ་ནང་པའི་མིང་འཛིན་གྱི་མཁས་གྲུབ་དུ་མས་འཐེན་ལྟར་ལྟ་དགོས་དོན་ཅི་ཡིན་ནམ། དེ་རྗེས་དགེ་ལྡན་པའི་མཁས་པའི་ངོས་ནས་གོ་རམ་པ་ལ་གོ་ལན་དང། སྟག་ཚང་བ་ལ་སྟག་ལན་གྱི་དགག་ལན་གཅིག་རྗེས་གཉིས་མཐུད་ཀྱིས་ཚིག་གི་ཟུར་ཟ་དང་བཅས་ཏེ་འདེབས་དགོས་དོན་ཅི་ཡིན་ནམ། རྒྱལ་བ་ཇོ་ནང་པ་འདི་ཉིད་གསོ་མི་རུང་བའི་ལྟ་ངན་ཞིག་ཏུ་ངོས་འཛིན་ནས་ཕྱོགས་གཞན་ཞིག་ཏུ་རྒྱང་འབུད་བཏང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དུས་ཕྱིས་མཁས་དབང་དགེ་ཆོས་ཀྱིས། ཀུན་མཁྱེན་འཇམ་དབྱངས་བཞེད་པའི་ཡིག་ཆ་ལ་དྭོགས་སློང་མཛད་སྐབས། བླ་བྲང་དུ་སྡོད་མི་ཚུགས་པ་བྱུང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནས་མཁས་དབང་དགེ་ཆོས་ཉིད་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་མཛད་དེ། ཟབ་མོ་དབུ་མའི་གྲུབ་དོན་མཐར་ཐུག་གྱི་གནད་དོན་འདི་ཡིན་ཞེས་མཐའ་དཔྱོད་ཀྱི་སྡོམ་ཚིག་གནང་སྐབས། གཞན་ཕྱོགས་ནས་དེ་རིགས་ལྟ་མི་ཉན་པ་དང། བལྟས་པ་ཡིན་ན་བློ་རིག་འཆལ་འགྲོ་བའི་འཇིགས་པའི་སྐུལ་མ་འདེབས་དགོས་དོན་གང་ཡིན་ནམ། ཡ་ལྷག་ཤེས་ལགས། སྦོམ་བཤད་བྱས་ནས་ས་འཁྱོལ་རྒྱུ་ག་ལ་ཡོད། ལྷོད་ལྷོད་ཡིན་ད། མཐའ་དོན་ངས་ཁྱེད་ལ་ལུང་རིགས་ཟུང་འབྲེལ་གྱིས་དྲི་ཚིག་འདི་ལྟར་འབུལ་འདོད་བྱུང། རྙིང་མའི་ཐེག་དགུའི་ནང་གི་གྲུབ་དོན་མཐར་ཐུག་ཏུ་གྱུར་པའི་བློ་འདས་བླ་མེད་ཀྱི་དགོངས་པ་གཞི་རང་འབྱུང་གི་ཡེ་ཤེས་ཞེས་སུ་གྲགས་པ་འདི་དང། དབུ་མའི་གྲུབ་དོན་མཐར་ཐུག་ཏུ་གྱུར་པའི་ལྟ་བ་གཉིས་ལ་ཁྱད་པར་གང་ཡོད། ལན་ཡོད་ན་ཐོབ་ཤིག ཡང་བསྐྱར་ཞུ་འདོད་པ་ཞིག་ལ། དབུ་མའི་གྲུབ་དོན་མཐར་ཐུག་ཏུ་གྱུར་པའི་དོན་དམ་པའི་བདེན་པ་དེ་ཉིད། དཔལ་ལྡན་ས་སྐྱ་བས་བཞེད་པ་ལྟར་སོ་སོ་རང་རིག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའི་མཐའ་བཞི་སྤྲོས་བྲལ་ཞིག་གམ། ཡང་ན་ཀུན་མཁྱེན་དོལ་བུ་བས་བཞེད་པ་ལྟར་རང་སྟོང་མིན་པའི་གཞན་སྟོང་ཞིག་གམ། ཡང་ན་ཙོང་ཁ་པས་བཞེད་པ་ལྟར་ཆད་སྟོང་གི་མེད་དགག་ཞིག གང་ཡིན་བློ་རྣལ་དུ་ཕབས་ནས་ལན་ཐོབ་ཤིག དེ་ནས་བོད་དུ་དར་བའི་གྲུབ་མཐའ་ཁག་ལ་དེ་འདྲའི་འགལ་བ་ཞིག་ཡོད་མེད་གཞི་ནས་ར་ཕྲོད་ངེས་སོ། ལྷག་པ་ཡེ་ཤེས་ལགས། གཞུང་དོན་དང་མཐུན་པའི་ལན་ཞིག་བསྐྱོན་ཤོག་ཨ། ཡང་འཇིགས་བསྐུལ་རིང་ལུགས་པ་ཞིག་གི་ངོ་བོ་བཟུང་ནས་འདིར་ཕེབས་མ་ཡོང་ཨ་ལོ།
ཁུངས་ལྡན་གྱི་ལན་ཡོད་ན་ཐུགས་རྗེ་ཆེ་ཞུའོ། དོན་མེད་ཀྱི་སྦིར་གཏམ་སྒྲོགས་ན། སྙིང་རྗེའི་གནས་ཞེས་ཞུའོ།
རྣམ་པ་ཚོའི་ངོས་ནས་གྲུབ་མཐའི་གནད་དོན་དེ་དག་ལ་རྩོད་པ་བྱེད་འདོད་ཡོད་ན་འཇང་དགུན་ཆོས་ལ་ཕེབས་ཤོག་དང་རྩོད་པ་ཡག་པོ་ཡོང་གི་རེད། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་འཇང་དགུན་ཆོས་ཆེན་མོར་ཕེབས་ཐུབ་པ་ཡིན་ན་དེ་ནས་དོགས་གཅོད་དང་དོགས་སློང་དྲི་བ་ག་རེ་ཡོད་ཀྱང་བརྩད་ཆོག་གི་ཡོད་པ་རེད། བསམ་ཚུལ་བརྗེ་ལེན་གྱི་སྤྱོད་པ་འདི་ཧ་ཅང་ཡག་པོ་ཡོད་པ་གོང་ས་མཆོག་གི་དགོངས་གཞི་རེད་ལ། ཚན་རིག་གི་བྱ་སྤྱོད་དང་ཡང་མཐུན་པས་དེ་མིན་ཕྱོགས་སྔའི་ནམ་མ་ལངས་བར་དགག་བཞག་གི་ཉི་མ་ཤར་ཟེར་བ་ཞིག་ཆགས་ཉེན་ཆེ། དེ་ཡང་རྩོད་པ་བྱེད་པའི་ཀུན་སློང་རང་རྒྱལ་གཞན་ཕམ་གྱི་དབང་དུ་མ་སོང་བར་གནས་ལུགས་དང་མཐུན་པའི་རྗེས་སུ་འགྲོ་དགོས་པ་གལ་ཆེའོ།།
འདི་ནང་གི་རིགས་འཆལ་དེ་ཚོ་འཇང་དགུན་ཆོས་ལ་ཡོང་ན་འཇང་དགུན་གྱི་བསྟན་པའི་སྦྱིན་བདག་གནང་མཁན་རི་བོ་དགེ་ལུགས་པའི་དངུལ་དངོས་ཆུད་ཟོས་མ་གཏོགས་ཡོད་པ་མ་རེད། གོང་གི་སྟག་ར་ཟེར་བ་འདི་ཆ་ལ་ཆོ་ལེ་བཤད་བཞིན་པར་ལྟོས་དང་། ཁོས་བཤད་པ་མང་ཆེ་ཤོས་འདི་འདྲ་རེད། ༼ཡང་ན་ཙོང་ཁ་པས་བཞེད་པ་ལྟར་ཆད་སྟོང་གི་མེད་དགག་ཞིག༽ འདི་འདྲ་ཞིག་གིས་ཀྱང་ལྟ་བ་བཤད་ཁ་བྱེད་ཀྱི་ཡོད་པ་རེད། སྙིང་རྗེ།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གསུང་རབ་གང་ན་ཆད་སྟོང་མེད་དགག་ཞིག་ལྟ་བ་མཐར་ཐུག་ཡིན་ཟེར་ནས་གསུངས་འདུག རྗེ་ཙོང་ཁ་པའི་གསུང་ཚིག་གཅིག་ཁས་ཤོག་དང་།
དབུ་མ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན།།ཞེས་པ་ལྟར་བོད་གངས་ཅན་ལྗོངས་སུ་རིས་སུ་མ་མཆིས་པའི་མཁས་གྲུབ་ཟམ་མ་ཆད་པར་བྱོན་པའི་ཁྲོད་ནས་རྩོད་རྩོམ་རྣམས་རང་རྒྱལ་གཞན་ཕམ་གྱི་བློས་མ་བསླད་པར་བསྟན་པ་ཡུན་རིང་དུ་གནས་བའི་ཐབས་འབའ་ཞིག་ལ་དགོངས་པ་དཔེར་ན།
ས་སྐྱ་བའི་མཁས་པ་སྟག་ཚང་ལོ་ཙཱ་བས། རྗེ་ཙོང་བ་ལ་ཐོག་མར་དགག་པ་བརྒྱབ་ཅིང། རྗེས་སུ་ལེགས་བཤད་གསེར་ཕྲེང་གཟིགས་ནས་དད་པ་སྐྱེས་ཏེ་བསྟོད་པ་མཛད་པ་འདི་ལྟར།
ཁྱོད་བློ་ཉི་མ་གཞོན་ནུ་དུས་ཀྱི་ཚེ།།
མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།
བདག་བློ་ཁེངས་བའི་ཀུ་མུད་རྣམ་པར་ཟུམ།།ཞེས་དང་།
མདོ་སྔགས་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག།
རྒྱུད་སྡེ་མཐའ་དག་ཁྱད་པར་སྔགས་བླ་མེད།།
རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།
སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།།ཞེས་གསུངས།
ས་བཟང་ལོ་ཙཱ་བས།
ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན།།
དབུ་མའི་ལམ་འདི་སྟོན་མཁན་གཞན་མེད་ཅེས།།
སྒྲོ་སྐུར་བྲག་རིའི་ཕུང་པོ་གཞོམ་སླད་དུ།།
མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར།།ཞེས་དང་།
ཀརྨ་མི་བསྐྱོད་རྡོ་རྗེས།
བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ།།
ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས།།
འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་བ།།ཞེས་དང་།
ས་དྭགས་བཀའ་གདམས་སྲོལ་འཛིན་གསང་ཕུ་བ།།
བོད་ཡུལ་བསྟན་པ་ནུབ་ཏུ་ཉེ་བ་ན།།
ཉིད་བསྟན་གསར་བས་ཁྱབ་མཛད་ཙོང་ཁ་བ།།ཞེས་དང་།
འཇམ་པའི་དབྱངས་ཀྱིས་ཁྱོད་ལ་ལྷག་པར་ཡང་།།
ཀླུ་སྒྲུབ་ལུགས་ཀྱི་ལེགས་བཤད་ཉིན་བཞིན་བསྩལ།།
སྔོན་མེད་དབུ་མའི་སྲོལ་འཛིན་ཙོང་ཁ་བ།།ཞེས་དང་།
གཟུགས་སོགས་གཟུགས་ཀྱི་ངོ་བོས་མི་སྟོང་ཡང་།།
རང་བཞིན་གྱིས་གྲུབ་གཟུགས་ཀྱིས་སྟོང་བ་ཡི།།
སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ།།ཞེས་གསུངས་སོ།།
ཀརྨ་དབང་ཕྱུག་རྡོ་རྗེས།
ཀུན་མཁྱེན་བུ་རམ་ཤིང་བའི་བསྟན་པ་འདིར།།
ངུར་སྨིག་གོས་འཛིན་མཐའ་བྲལ་དབུ་མའི་དོན།།
ཆོས་ཀུན་ཀུན་རྫོན་ཏུ་ཡོད་དོན་དམ་དུ།།
མེད་པར་སྟོན་མཛད་རྒྱལ་བ་དེ་ལ་འདུད།།ཅེས་དང་།
འབྲུག་པ་པདྨ་དཀར་པོས།
གང་དང་རྒྱལ་བ་ཀུན་གྱི་ཡོན་ཏན་ནི།།
སྲང་ལ་གཞལ་ཚེ་ལྕི་ཡང་མ་མཆིས་པས།།
ལྔ་བརྒྱ་པ་ཡི་གཙུག་རྒྱན་དུ་འོས་པ།།
ཐམས་ཅད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ།།ཞེས་དང་།
འགྲན་ཟླ་ཀུན་བྲལ་རྗེ་བཙུན་ཙོང་ཁ་པར།།
འགྲན་ཟླ་བགྱི་བའི་མཁས་པ་མང་ན་ཡང་།།
འགྲན་ཟླ་བྲལ་བ་ཁྱོད་ཉིད་གཅིག་བུ་ཞེས།།
འགྲན་ཟླ་མི་བྱེད་པདྨ་དཀར་པོས་བསྟོད།།ཅེས་གསུངས།
སྔ་འགྱུར་བསྟན་པའི་གསལ་བྱེད་འཇུ་མི་ཕམ་པས།
སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་བའི་དོན།།
རང་བཟོའི་དྲི་མས་གཞར་ཡང་མ་མཆིས་པར།།
ཚུལ་བཞིན་འགྲེལ་བར་བྱེད་ལ་ཁྱོད་དང་ནི།།
མཚུངས་པ་མེད་ན་ལྷག་པ་ལྟ་ཅི་ཞིག།ཅེས་དང་།
སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།།
སྟོང་དང་རྟེན་འབྱུང་ཟབ་མོའི་དེ་ཉིད་ལ།།
ཡིད་ཆེས་གཏིང་ནས་བརྙེད་པའི་སྒོ་གཅིག་བུ།།
ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང་།།ཞེས་དང་།
མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས།།
གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱི།།
ཞབས་སེན་ཨུཏྤལ་ནོར་བུའི་ཕྲེང་བ་གང་།།
གྲུབ་བརྙེས་བྱེ་བའི་གཙུག་ཏོར་གཙུག་ན་མཛེས།།ཞེས་གསུངས།
རྫོགས་ཆེན་དཔལ་དགེ་རིན་པོ་ཆེས། །
ལྔ་རིང་སྣང་བའི་ཉིན་བྱེད་ས་བན་རྗེ།།
མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ།།
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ།།
གངས་ལྗོངས་འཇམ་དབྱངས་རྣམ་གསུམ་དེ་ལ་འདུད།།
ཅེས་པ་སོགས་གྲུབ་མཐའི་ཕྱོགས་ཞེན་སྤངས་ནས་དོན་དམ་གཟུར་གནས་ཀྱི་མཁྱེན་རབ་ཀྱི་འོད་སྟོང་འཕྲོ་བ་དག་གི་གསུང་འབའ་ཞིག་གོ།
བཀྲ་ཤིས་བདེ་ལེགས།
དེ་ལ་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ་དང་པོ་བསྟན་པའི་དབུ་བརྙེས། བར་དུ་སྲོལ་གཏོད། ཐ་མར་དར་ཞིང་རྒྱས་པར་བྱས་པའི་ལོ་རྒྱུས་གྲགས་ཆེ་ལ། དུས་དེར་བོན་ཙམ་མ་གཏོགས་གྲུབ་མཐའ་མི་མཐུན་པ་སྣ་ཚོགས་མེད་ན་ཡང་བར་སྐབས་ཤིག་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་འོངས་ནས་ཆོས་བཤད་་པ་དང་། གཞུང་སྤེལ་བའི་དབང་གིས་ཙེན་མུན་དང་ཏྭོན་མུན་གྱི་ལུགས་གཉིས་སུ་གྱེས་ཏེ་ལུགས་མི་མཐུན་པར་གྱུར་བ་སློབ་དཔོན་ཀ་མཱ་ལ་ཤི་ལས་ལུང་རིགས་ཀྱིས་ཚར་བཅད་དེ་སྒོམ་རིམ་གསུམ་སོགས་མཛད་ནས་བསྟན་པའི་དག་ཐེར་མཛད་ལ། དེའི་ཚེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་འདིར་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་སུ་གནས་དགོས་པར་བཀར་བཏགས་སོ། །དུས་དེར་བྱོན་པའི་ཞི་འཚོ་ཡབ་སྲས་གཉིས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་པ་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པར་ཐེ་ཚོམ་མེད་མོད། གསུང་སྒྲོས་འགའ་ཞིག་ནི་ཐལ་རང་སོ་སོའི་འགྲོས་དང་མཐུན་པ་ཡང་མང་ངོ། །ཁྲི་སྲོང་ལྡེའུ་བཙན་གྱིས་ཡོ་ག་ལ་མཁས་པའི་སློབ་དཔོན་གསུམ་གྱི་ནང་ཚན་སློབ་དཔོན་སངས་རྒྱས་གསང་བ་བོད་དུ་སྤྱན་འདྲེན་པར་དགོངས་ནས་ཕོ་ཉ་མངགས་ཀྱང་སྤྱན་མ་འདྲོངས་མོད། གསང་སྔགས་རྙིང་མ་བ་བཀའ་མ་རྣམས་ཀྱིས་སློབ་དཔོན་སངས་རྒྱས་གསང་བ་ཆོས་ཕུགས་དམ་པར་འཛིན་པར་བཤད་ལ། སློབ་དཔོན་སངས་རྒྱས་གསང་བས་དེ་ཉིད་བསྡུས་པའི་རྒྱུད་འགྲེལ་སོགས་སུ་ལྟ་བའི་རྣམ་བཞག་གསུངས་པ་རྣམས་ཀ་མ་ཤི་ལའི་སྒོམ་རིམ་གསུམ་དང་མཐུན་པར་རྗེ་ཙོང་བས་གསུངས་པ་ལྟར་ལུང་རིགས་ཀྱིས་གྲུབ་པ་དང་ཀུན་གྱིས་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་བ་ལྟར་ལགས་པས་སེམས་གསལ་རིག་ཙམ་ཞིག་སྟོང་ཉིད་དུ་འདོད་ན་སློབ་དཔོན་སངས་རྒྱས་གསང་བ་དང་ལྟ་བ་མཐུན་པའི་གནས་མེད་དོ། །སྔ་དར་གྱི་མཇུག་ཏུ་རྒྱལ་པོ་གླང་དར་མ་བྱུང་ནས་སྡེ་སྣོད་གསུམ་གྱི་བསྟན་པ་བོད་དབུས་གཙང་གི་ལྗོངས་སུ་ནུབ་པར་བྱས་ཀྱང་གསང་སྔགས་ནི་ཆོས་རྒྱལ་གོང་མ་རྣམས་ཀྱི་དུས་སུ་དམ་དོག་ཆེ་བས་སྦས་ནས་ཉམས་སུ་ལེན་པ་རྣམས་དུས་དེར་མངོན་ཆུང་བའི་ཚུལ་གྱིས་གནས་པ་ལས་རིམ་གྱིས་སློབ་མས་བླ་མ་བསྟེན་ཚུལ་དང་། ལུང་རིགས་རྣམ་དག་གིས་དག་ཐེར་བྱེད་སྲོལ་སོགས་ནུབ་པས་ཕས་རང་གི་བུ་ལ་བསླབ་པ་སོགས་ཀྱི་ཁ་རྒྱུན་དང་ཆོག་ཁྲིགས་ཀྱི་དཔེ་ཆ་ལ་བྲི་བསྣན་སྣ་ཚོགས་བྱས་ལ་འབྱམས་པ་དང་། འགའ་ཞིག་གིས་རྒྱུད་རྣམ་དག་དུ་མ་ལ་ལྷད་བཅུག་ནས་རྒྱུད་རྣམ་དག་ཏུ་སྒྲོག་པ་དང་། རང་གི་གསར་རྩོམ་རྒྱུད་དུ་སྒྲོགས་པ་སོགས་གསང་སྔགས་འཆོལ་བར་སྤྱོད་པ་དག་མངོན་ཆེ་བ་བྱུང་ངོ། །ཕྱི་དར་གྱི་དུས་སུ་རྒྱ་གར་ནས་པཎྜི་ཏ་དུ་མ་བོད་དུ་ཕྱིན་པ་དང་། ལོ་ཙཱ་བ་དུ་མ་རྒྱ་གར་དུ་བྱོན་ནས་ཆོས་བསླབས་པ་སོགས་ཀྱིས་བསྟན་པའི་སྲོལ་དར་ཀྱང་དགྲ་བོ་སྒྲོལ་བ་དང་། ཆང་དང་བུད་མེད་སོགས་ལ་འཛེམས་མེད་དུ་སྤྱོད་པ་མང་པོས་ངེད་རང་གི་ལུགས་འདི་སྔར་གྱི་དུས་སུ་བྱུང་བའི་སྔོན་གྱི་སྔགས་རྙིང་མའི་ལུགས་ཡིན་ཞེས་ཟེར་བ་ལ་བརྟེན་ནས་མངའ་བདག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསང་སྔགས་གསར་དུ་སྒྱུར་ཅིག་པར་བཀས་གནང་སྟེ་གསང་སྔགས་གསར་འགྱུར་མཛད་དོ། །གསང་སྔགས་གསར་རྙིང་དེ་ལྟར་བྱུང་བ་རེད།
སྔ་དར་གྱི་དུས་སུ་ཙེན་མུན་དང། ཏྭོན་མུན་དུ་འབོད་པ་རྣམས་ནི་ཅིག་ཅར་བ་དང་རིམ་གྱིས་པའི་བརྡ་ཡིན་པར་གསུངས་ལ། ཅིག་ཅར་བ་རྣམས་ནི་ལམ་གྱི་གོ་རིམ་ལ་ཅིར་ཡང་མི་བརྩི་བར་ལས་དང་པོ་བས་ཀྱང་གསང་སྔགས་སྒྲ་བཞིན་དུ་སྤྱོད་པའི་རྐྱེན་དུ་འགྱུར་བར་དགོངས་ནས་སློབ་དཔོན་སངས་རྒྱས་གསང་བས་བོད་རྗེ་འབངས་ལ་བརྫངས་པའི་འཕྲིན་ཡིག་ལས་ཀྱང་གོལ་སར་མི་འཆོལ་བའི་ཆེད་དུ་ཐོས་བསམ་ཞིབ་མོ་གལ་ཆེ་བ་དང་། ཚིག་ཙམ་གྱི་རྗེས་སུ་མི་འབྲངས་བར་མཁས་པའི་གསུང་ལ་བརྟེན་དགོས་པར་གདམས་པར་མཛད་དོ། ། མུ་འགོད།
གོང་གི་དྲི་ཚིག་ཁག་ལ་ལན་འདེབས་གནང་བའི་བློ་གྲོས་ཀྱི་སྤོབས་པ་མི་ལྡན་པ་འདི་ཡ་མཚན་ཆེ། ད་ལྷག་པ་ཡེ་ཤེས་གང་ན་སོང་མི་ཤེས། ཁྱད་མི་འདུག འཇིག་རྟེན་འདིའི་ཕ་རོལ་དུ་ཡོལ་ཟིན་པ་འདྲ། ཨོ་མ་ནུ་པད་མ་ཧུ་ཧུ། ཁོང་ལ་གོ་བརྡ་ཞིག་འཕྲོད་ཡོད་པར་ངེས། མིག་བརྒྱད་པ་དང་གཞོན་ནུ་ཟླ་མེད་གཉིས་འདིར་ཁོང་ལ་དབུ་འོག་དཔུང་འདེགས་ཀྱི་ཚུལ་ཡིན་ཁུལ་གྱི་ཆེད་བཅར་གནང་འདུག་མོད། འོན་ཀྱང་གོང་གི་དྲི་ཚིག་ཁག་ལ་དོན་མཐུན་གྱི་ལན་འདེབས་ཅི་ཡང་གནང་ཐུབ་མི་འདུག ཉག་ཉོག་ཚིག་གི་མཆོད་བརྗོད་མང་པོ་ཞིག་མདུན་དུ་སྤུངས་པ་ནི། གལ་གནད་ཆེ་བའི་དྲི་ཚིག་ཁག་རེ་ཞིག་ཚིག་གི་ཡོལ་བས་མི་མངོན་པར་བྱེད་པའི་ཐབས་ལམ་འབའ་ཞིག་ཏུ་ངེས་པ་མ་ཡིན་ནམ། མིག་བརྒྱད་པས་ཁོ་བོའི་དྲི་ལན་གྱི་ཆེད་ང་ལ་གདན་སར་ཡོང་དགོས་ཚུལ་མང་པོ་བཤད་འདུག་ཀྱང། ཁོ་བོ་ལས་བྲེལ་ཆེ་བའི་རྐྱེན་གྱིས་རེ་ཞིག་དེ་གར་བཅར་ཐུབ་ཐབས་མི་འདུག་པས། ངའི་དྲི་ལན་ཁག་གདན་ས་ནས་མ་གཏོགས་རགས་ཐབས་མི་འདུག་ན། སྐུ་ཉིད་བྱུང་ན་འདྲ། ཟླ་མེད་ཁོང་ཡིན་ན་འདྲ། ཤི་གསོན་གང་ཡིན་ཆ་མ་འཚལ་བའི་ལྷག་ཤེས་ཡིན་ན་འདྲ། ཁྱེད་རྣམས་སུ་རུང་ཞིག་གདན་སར་ཕེབས་ཏེ། གདན་སའི་སྟག་སེང་དུ་གྲགས་པ་རྣམས་ཀྱི་ཞལ་སྔ་ནས། ངའི་དྲི་ཚིག་ཁག་གི་ལན་རྣམས་གཡས་་དཀྲིས་གཡོན་དཀྲིས་མེད་པར་ཚུལ་མཐུན་རགས་ཐབས་འདུག་ན་ཐབས་ཤེས་གནང་སྟེ་གང་མགྱོགས་དྲྭ་ངོས་འདིར་སྤེལ་གནང་རོགས།
ལྔ་རིགས་སྣང་བའི་ཉིན་བྱེད་ས་པཎ་གྱི།
གྲུབ་དོན་མཐར་ཐུག་བཞི་བྲལ་སྟོང་པ་སྟེ།
གཉིས་སྣང་ནུབ་པའི་རིག་པའི་ཡེ་ཤེས་ལས།
ཚོགས་སྦྱོར་ལམ་གྱིས་རྟོགས་པ་མེད་པ་མཚར།
མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པའི།
གྲུབ་དོན་མཐར་ཐུག་མེད་དགག་སྟོང་པ་སྟེ།
ལྷུན་གྲུབ་རྩལ་གྱི་ལེན་ཀ་ཟད་པ་དེ།
ཐོས་བསམ་རྟོག་པས་དྲངས་ནས་མངོན་དུ་གྱུར།
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པའི།
གྲུབ་དོན་མཐར་ཐུག་རང་འབྱུང་སྟོང་པ་སྟེ།
རང་རིག་རང་གསལ་ཡེ་རིག་ཁོ་ན་ལས།
རྟེན་འབྲེལ་བློ་ཡིས་སྤྱད་འཇོག་མེད་པ་མཚར།
བསྟན་པ་ཕྱི་དར་གྱི་དབུ་ཚུགས་ནས་དཔལ་ལྡན་ས་སྐྱ་བ་དང་། བཀའ་བརྒྱུད་ཡ་བཞི། ཇོ་ནང་པ་དང་། བཀའ་གདམས་སྔ་ཕྱི་སོགས་རིམ་པར་བྱུང་བ་རྣམས་མདོ་རྒྱུད་རྣམ་དག་དཔང་དུ་བཞག་ནས་བསྟན་པའི་བཤད་སྒྲུབ་ལ་གནས་པས་ཆོས་ལུགས་མི་མཐུན་པ་མ་ཡིན་ཀྱང་། གདམས་ངག་གི་སྲོལ་ཀ་ཅུང་ཟད་རེ་དང་བརྡ་ཅུང་ཟད་རེས་ཁྱད་པར་བྱུང་བའི་དབང་གིས། འཕགས་ཡུལ་གྱི་གྲུབ་མཐའ་བཞིའི་དགག་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་བཀའ་བརྒྱུད་པ་དག་གིས་ས་སྐྱ་བའི་ལམ་འབྲས་དང་། ས་སྐྱ་བ་དག་གིས་བཀའ་བརྒྱུད་པའི་ཕྱག་ཆེན་ལ་དགག་པ་བྱས་པ་དང་། བཀའ་གདམས་པ་འགའ་ཞིག་གི་ཕྱག་བཞེས་ལ་ས་པན་དང་རྗེ་བཙུན་མི་ལ་སོགས་ཀྱིས་ཀྱང་ཟུར་ཟ་མཛད་པ་དང་། གཅོད་དང་ཞི་བྱེད་ལ་ཡང་རྒྱུད་སྡེའི་ཟིན་སོ་མེད་པ་དང་། རྒྱུད་སྡེའི་དོན་དང་འགལ་ཚུལ་གྱི་དགག་པ་སྡོམ་གསུམ་རབ་སོགས་སུ་གསལ་བ་དང་། རྗེ་རེད་འདའ་བ་སོགས་ཀྱིས་ཀྱང་དུས་འཁོར་སོགས་སེམས་འགྲེལ་སྐོར་གསུམ་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་ལ་དགག་པ་མཛད་པ་དང་། རྔོག་གི་བསྟན་བཅོས་གཟེ་མ་ར་མགོ་ཞེས་པ་ལས། ལམ་འབྲས་རྡོ་རྗེའི་ཚིག་རྐང་ལ་དགག་པ་ཡོད་པར་གྲགས་ལ། ས་པཎ་གྱི་སྒྲ་དང་སྡེབ་སྦྱོར་ལ་དབང་བློ་བརྟན་གྱིས་དགག་པ་བྱས་ཚུལ་ཡིག་ཆ་དུ་མར་གསལ་ལ། རྗེ་ཙོང་ཁ་བར་གོ་ཤཱག་སྟག་སོགས་ཀྱིས་དགག་པ་བྱས་པར་གྲགས་ཆེ་ཞིང་། ས་བཟང་ལོ་ཙཱ་བ་དང་འབྲུག་པ་པདྨ་དཀར་པོ་དང་དྭགས་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་ཀྱང་དགག་པ་བྱས་པ་དང་། ཉ་དཔོན་ཀུན་དགའ་དཔལ་བས་བཀའ་བརྒྱུད་ཀྱི་སེམས་ཁྲིད་དང་དང་གཏུམ་མོ་སོགས་ཀྱི་གདམས་ངག་དུ་མ་ལ་སྐྱོན་དུ་བཟུང་བ་དང་། ར་ལི་སོ་གཉིས་སོགས་ཀྱི་ཙིག་དོན་ལ་ཐེ་ཚོམ་དང་། མདོ་རྒྱུད་རྣམ་དག་མིན་ཚུལ་གྱི་དགག་པ་བྱས་པ་མང་པོ་དང་། སེ་འབྲས་ཀྱི་ཡིག་ཆ་སོ་སོར་ཕན་ཚུན་དགག་སྒྲུབ་དུ་མ་ཡོད་པར་མ་ཟད། མཁས་པ་སུ་དང་སུས་བརྩམས་པ་ལ་མི་འཐད་པའི་དགག་པ་བྱེད་མཁན་མ་བྱུང་བ་མི་སྲིད་པ་ལྟ་བུ་རེད། དེ་དག་ཚང་མ་རྒྱལ་བའི་གསུང་ལ་གཅེས་སྤྲས་དང་བྱི་དོར། གདུལ་བྱ་ལ་བརྩེ་བའི་ལས་སུ་བཟུང་དགོས་ཀྱི་ཐམས་ཅད་ཆོས་སྤོང་གི་ལས་ཡིན་པར་སྨྲ་མི་སྤོབས། དགག་པ་ལ་ཡང་ལན་འདེབས་རྒྱུ་མ་བརྙེད་པ་སུ་གང་གིས་ལན་མ་བཏབ་པ་ཡང་ཡོད། ལན་དོན་མཐུན་བཏབ་ནས་དགག་པ་གནད་དུ་མ་སོང་བར་མཁས་པ་ཀུན་གྱིས་ཐག་བཅད་པ་ཡད་ཡོད། ལན་འདེབས་མཁན་མང་པོ་བྱུང་ཡང་ལན་མ་ཐེབས་པས་དགག་པ་དོན་མཐུན་དུ་ཐག་བཅད་པ་ཡང་ཡོད། དེ་ལྟ་བུའི་དགག་སྒྲུབ་བྱེད་པ་ཐམས་ཅད་རྒྱ་གར་གྱི་མཁས་གྲུབ་དག་གི་གཞུང་ལ་གཞི་བཟུང་། མདོ་རྒྱུད་དྲི་མ་མེད་པ་ལ་ཕུགས་གཏད། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་གསུམ་གྱིས་དག་པར་བྱས་ནས་བཟུང་དགོས་པ་ནི་བཤད་སྒྲུབ་གང་ལ་ཡང་གལ་ཆེ་བར་རྒྱལ་བ་རང་ཉིད་ཀྱིས་གསུངས། མུ་འགོད།
ས་སྐྱ་བའི་གསལ་སྟོང་འཛིན་མེད་ཅེས་པ་ནི། གསལ་བ་སེམས་ཀྱི་མཚན་ཉིད་དང་། སྟོང་བ་སེམས་ཀྱི་རང་བཞིན་ཡིན་ཞིང་། གསལ་བས་སྟོང་བ་མི་འདོར། སྟོང་བས་གསལ་བ་མི་འདོར་བ། གསལ་སྟོང་ཟུང་འཇུག་གམ་བརྗོད་བྲལ་འཛིན་མེད་དེ་ཉིད་གནས་ལུགས་མཐར་ཐུག་ཡིན་ལ། དེ་གཏན་ལ་འབེབས་ཚུལ་ལྷན་སྐྱེས་གསུམ་གྱིས་སེམས་ཐག་བཅད། ཉམས་སུ་བླངས་པའི་གནད་གསུམ་གྱིས་བོགས་བྱུང་། རྒྱུད་གསུམ་གྱིས་མཐར་ཐུག་པར་བྱེད་ཅིང་མདོར་བསྟན་ནས། དང་པོ་ལྷན་སྐྱེས་གསུམ་གྱི་འཇོག་ཚུལ་མ་དག་འཁོར་བའི་གནས་སྐབས་སུ་དེའི་ཁྱད་པར་གསལ་བ། སྟོང་བ། ཟུང་འཇུག་གསུམ་ཇི་བཞིན་མ་རྟོགས་པའི་དབང་གིས། རང་བཞིན་གསལ་དང་སྟོང་བ་ཟུང་འཇུག་ལས།།ཉོན་མོངས་རླུང་དང་ཡི་གེ་རྩ་དང་ཁམས།།ཞེས་སོགས་ལྟར་གསུམ་ཚན་དགུས་བསྡུས་པའི་འཁོར་བའི་ཆོས་མཐའ་དག་འགྲུབ་པ་ཡིན་ཞིང་། དེའི་གནས་སྐབས་སུ་གཞི་དུས་ཀྱི་སྙིང་པོ་ཀྱེེ་རྡོ་རྗེ་དང་། ཀུན་གཞི་རྒྱུའི་རྒྱུད་ཅེས་ཟེར། གཉུག་མའི་གསལ་སྟོང་ཟུང་འཇུག་གསུམ་པོ་དེར་རྒྱུའི་ལྷན་སྐྱེས་གསུམ་དུའང་བཤད། དེ་ནས་བསྐྱེད་རིམ་གསལ་བ། རྫོགས་རིམ་སྟོང་བ། དེ་གཉིས་ལ་བརྟེན་པའི་ཡེ་ཤེས་ཟུང་འཇུག་སྟེ་ལམ་ལྷན་སྐྱེས་གསུམ་ལ་ལུས་ཐབས་རྒྱུད་ཅེས་དང་། གསལ་བ་སྤྲུལ་སྐུ། སྟོང་བ་ཆོས་སྐུ། ཟུང་འཇུག་ལོངས་སྐུ་སྟེ་འབྲས་བུ་ལྷན་སྐྱེས་གསུམ་ལ་འབྲས་བུའི་རྒྱུད་དུ་འཇོག་པས་གཞིའི་གསལ་སྟོང་ཟུང་འཇུག་གསུམ་པོ་དེ་ལམ་རིམ་གཉིས་ཀྱིས་སྦྱངས་པས་སྐུ་གསུམ་འགྲུབ་ཚུལ་སོགས་མང་ངོ། །མུ་འགོད།
སྔ་འགྱུར་བའི་ཀ་དག་གི་ལྟ་བ་ནི། རྫོགས་ཆེན་པ་རྣམས་ཀྱིས་དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་འདིའི་ནང་དུ་ཆོས་ཐམས་ཅད་རྫོགས་པས་རྫོགས་ཆེན་ཞེས་དེ་ལྟར་བཤད་མོད། ད་ལྟའི་རིག་པ་འདི་དྲི་བྲལ་ཡིན་མིན་དཔྱད་དགོས་སོ། །རྫོགས་ཆེན་ལ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ཡོད་པ་ལས་སེམས་སྡེ་བ་རྣམས་ནི་སྟོང་ཕྱོགས་ཤས་ཆེ། མན་ངག་གི་སྡེ་པ་རྣམས་གསལ་བ་ཤས་ཆེ། ཀློང་སྡེ་བ་རྣམས་ཟབ་གསལ་ཆ་མཉམ་གཙོ་བོར་མཛད་ཅེས་ཚུལ་དེར་གཟིགས་པའི་མཁས་དབང་འགའ་ཞིག་གིས་གསུངས་པས། དེས་ན་རྫོགས་ཆེན་གྱི་སྒོམ་ནི་སེམས་ལ་དམིགས་པའི་སྒོམ་ཡིན་པར་གྲུབ་པོ། །
སེམས་མ་རིག་པའི་སྣང་ཆ་ཅན་ནི་རྣམ་རྟོག་དང་། མ་རིག་པས་བསླད་པ་མ་ཞུགས་པའི་དབང་གིས་སྤྲོས་བྲལ་གསལ་སྟོང་འཛིམ་མེད་ངོ་ཤེས་པ་ནི་རིག་པ་ཟེར་ཞིང་། དེ་ལ་མ་རིག་པའི་བསླད་པ་ཞུགས་མ་ཞུགས་ཀྱི་མཚམས་ཀླུ་སྒྲུབ་དང་ཟླ་གྲགས་ཀྱི་གཞུང་ལས་ཤེས་པ་དང་རིག་པ་ལ་ཁྱད་པར་ཁྱད་འབྱེད་ཚུལ་དང་། གསལ་རིག་མ་ཡིན་པའི་རྣམ་རྟོག་བཙལ་དགོས་སོ། །སྣང་ཆ་འཁོར་བ། སྟོང་ཆ་མྱང་འདས། དེས་ན་འཁོར་འདས་དབྱེར་མེད་ཅེས་དང་། ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ། ད་ལྟའི་རིག་པ་ལྷོད་དེ་བཞག་པའི་སྟོང་སང་བཟང་ངན་འབྲིང་གསུམ་གྱི་རྟོག་པ་དང་བྲལ་བའི་ནམ་མཁའི་དཀྱིལ་ལྟ་བུ་དེ་ལ་ལམ་ཟེར། མུ་འགོད།
མ་རིག་ལོག་རྟོག་གི་སྒྲིབ་པའི་སྟག་ར་དང་བོན་དང་བོན་པོ་ཚོ་ལ་ལེགས་སྐར་ནང་བཞིན་སངས་རྒྱས་དངོས་སུ་བྱོན་རུང་བོན་ཞེས་རྟོག་པའི་སྒྲོ་བཏགས་ཤིག་ལ་མགོ་འཁོར་འདུག་ས་རེད། མཁྲིས་ནད་ཅན་ལ་སྨན་གྱིས་མ་སོས་བར་དུ་དུང་དཀར་པོ་མཐོང་གི་མ་རེད། དེས་ན་ཐོག་མར་ནང་ཆོས་ལ་ཐོས་བསམ་སྒོམ་པར་གྱིས་དང་གཟོད་འགྱོད་པ་རྟས་མི་ཟིན་པ་ཞིག་འབྱུང་རྒྱུ་རེད། དེ་དུས་འཚེ་བ་ཆོས་སུ་འདོད་པའི་གདོན་གཟུགས་ཀྱི་ལུགས་ངན་འདོར་ཐུབ་པ་ལས་གཞན་དུ་མ་མཆིས་སོ།
རང་རེའི་བོན་དར་བའི་དུས་སུ་བོད་ཀྱི་རྒྱལ་པོ་རྣམས་ལྷའི་དམུ་ཐག་ལ་བརྟེན་ནས་གནམ་དུ་གཤེགས་པས་སྐུ་གདུང་མེད་པར་བཤད་པ་དང་། རྡོ་རྗེ་ཟམ་པ་ཞེས་པ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་ལ་འཚང་རྒྱ་བ་དང་ཕུང་པོ་ལྷག་མེད་འགྲོ་བ་དང་། རྙིང་མའི་གདམས་ངག་ཉམས་སུ་བླངས་ན་ཕུང་པོ་ལྷག་མེད་དུ་ཡལ་འགྲོ་བར་བཤད་པ་རྣམས་ཆ་འདྲ་བར་སྣང་ངོ། །དུས་ཕྱིས་བཀྲ་ཤིས་རྒྱ་མཚོ་ཟེར་ཞིག་གིས་ཚེས་བཅུའི་རྣམ་བཤད་དུ། གཏེར་ཆེན་བརྒྱ་རྩ་བརྒྱད། གཏེར་ཕྲན་སྟོང་ཕྲན་རྩ་གཉིས། གཏེར་ཁ་བྱེ་བ་དགུ་ཁྲི་སྦས་བར་བཤད་པའི་བབས་ལ་དཔགས་ན་ཆུ་བོ་གངྒཱ་དང་གངས་ཏི་སེ་སོགས་ཀྱང་གཏེར་མར་འདོད་པ་འདྲ། བོན་གཏེར་མཚོན་གཏེར་འདུག་ཀྱང་མཚོན་གྱི་བསྐལ་བ་ཉེ་བའི་སྐབས་མཚོན་ཆ་གཏེར་ནས་འདོན་མི་དགོས་སམ་སྙམ། ཡང་བཀྲ་ཤིས་མིང་ཅན་དེས་དགེ་ལྡན་པ་སྤྱི་ལ། དྲི་བ་ཉེར་ལྔ་བཀོད་པ་གྲོང་བ་རྒན་རྒོན་གྱི་འཁོན་འཛིངས་ཀྱི་འཐབ་མོ་ལྟར་ཚིག་རྩུབ་ཀྱི་ཆོ་ངེས་འབའ་ཞིག་ལས་མེད་པ་མཁས་བླུན་ཀུན་གྱིས་ཤེས་པར་ནུས་སོ། །སྤྱིར་བོན་ཆོས་གླེགས་བམ་ཚོར་ཡང་གསུང་རབ་ཀྱི་བརྡ་ཤས་ཆེ་ཞིང་། དུས་ཕྱིས་རྙིང་མའི་རྩོམ་པ་པོ་དུ་མས་རྗེ་ཡབ་སྲས་ཀྱི་གསུང་རབ་ལ་ཤན་བསྲེས་ནས་མཛེས་པར་བྱས་པ་འདུག་པས་བློ་ལྡན་རྣམས་ཀྱིས་དཔྱད་དགོས་ཏེ། རི་དྭགས་ཀྱི་རྔ་མ་བསྟན་ནས་བོང་ཤ་བཙོང་བའི་ལོ་རྒྱུས་ཡོད་པས་སོ། ལ་ལས་བོན་གྱི་ཐེག་པ་རིམ་དགུ་དང་རྙིང་མའི་ཐེག་པ་རིམ་དགུ་འདྲ་བར་བཤད་པ་སོགས་མང། མུ་འགོད།
དྲྭ་གྲོགས་མིག་བརྒྱད་པ་ལགས་ཁྱེད་ཀྱི་འོ་བརྒྱལ་ཚད་མེད་གནང་གི་འདུག་པར་ཐུགས་རྗེ་ཆེ། འོན་ཀྱང་ཞུ་རྒྱུ་ཞིག་ལ། ཁྱོད་ཀྱིས་དེ་རིགས་ག་ལེར་བཤུས་གནང་ན་ཡག་ས་རེད། བྲེལ་ལ་དགོས་ཡ་ཡོད་མ་རེད། ག་ལེར་ལྷོད་ལྷོད་བྱས་ནས་བཤུས་ཏེ་འདིར་བཀོད་གནང་ན་འགྲིགས། མགྱོགས་དྲག་ན་ཆད་ལྷག་དང་ནོར་འཁྲུལ་སོང་བ་འདྲ་མིན་ཡོང་གི་འདུག་ད། པཎ་གྲུབ་གོང་མས་མ་གསུངས་པ་དེ་འདྲ་ཁྱོད་ཀྱིས་བྲིས་ཡོང་གི་འདུག དྲྭ་གྲོགས་ལགས་ཡག་པོ་བྱས་ནས་ལྟོས་དང། མཆན་ཨང་༤༣ པའི་ནང། ཁྱེད་ཀྱིས་བཤུས་གནང་བའི་རྙིང་མའི་ལྟ་གྲུབ་འཆད་སྐབས། རྫོགས་ཆེན་ལ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ཡོད་པ་ལས་སེམས་སྡེ་བ་རྣམས་ནི་སྟོང་ཕྱོགས་ཤས་ཆེ། མན་ངག་གི་སྡེ་པ་རྣམས་གསལ་བ་ཤས་ཆེ། ཀློང་སྡེ་བ་རྣམས་ཟབ་གསལ་ཆ་མཉམ་གཙོ་བོར་མཛད་ཅེས་ཚུལ་དེར་གཟིགས་པའི་མཁས་དབང་འགའ་ཞིག་གིས་གསུངས་པས། དེས་ན་རྫོགས་ཆེན་གྱི་སྒོམ་ནི་སེམས་ལ་དམིགས་པའི་སྒོམ་ཡིན་པར་གྲུབ་པོ། །
ཅེས་བཀོད་གནང་བ་འདི་ཕལ་ཆེར་གཞུང་དོན་གྱི་གོ་བ་མ་ལོན་པའམ་ཡང་ན་མཁས་པའི་རང་རྟགས་གསོན་པོར་བསྟན་པའམ་ཡང་ན་ཡིག་ནོར་གང་ཡིན་ཆ་མ་འཚལ། ནམ་རྒྱུན་རྔ་འགྱུར་རྙིང་མ་བས་ནི། སྟོང་ཕྱོགས་ཤས་ཆེ་བ་ལ་ཀློང་སྡེ་དང། གསལ་བ་ཤས་ཆེ་བ་ལ་སེམས་སྡེ། ཟབ་གསལ་ཆ་མཉམ་པའམ་གསལ་སྟོང་ཟུང་འཇུག་ཀ་དག་ལྷུན་གྲུབ་ཆ་མཉམ་པར་སྟོན་པ་ལ་མན་ངག་གི་སྡེ་པ་ཞེས་སུ་པཎ་གྲུབ་གོང་མ་རྣམས་ཀྱིས་བཞེད་སྲོལ་ཡོད་པས། གཟུ་ལུམ་དང་ར་ཆོད་མ་གནང་ན་ལེགས་སོ། ད་ག་ལེར་བཤུས་ནས་བཀོད་གནང་བའི་རེ་བ་ཅི་ནས་ཀྱང་ཞུའོ། སྔ་འགྱུར་རྙིང་མའི་བསྟན་པར་ཕན་ངེས་སོ། དེ་རྗེས་ངོས་ནས་ཀྱང་ཡིན་ལུགས་ཚུལ་ལྡན་གྱི་དགག་སྒྲུབ་ཀྱི་རིགས་པ་དང། དེ་རྗེས་་བོད་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་ལོག་རྟོག་ཚང་ཚང་བསྲེགས་པའི་མེ་དཔུང་ཞེས་པ་ཞིག་ཀྱང་རིམ་ཆགས་སུ་བསྟར་ཆོག་པ་ཞུ་རྒྱུ་བཅས།
ཀར་འབྲུག་འབྲི་གུང་བ་སོགས་བཀའ་བརྒྱུད་ལུགས་ཀྱི་ཕྱག་ཆེན་ནི། འགྲོ་མགོན་ཕག་མོ་གྲུ་བའི་གསུང་འགུར་ལས། རྟེན་ཅིང་འབྲེལ་འབྱུང་རྒྱ་ཡི་འབུར་དང་འདྲ།།རྒྱུ་འབྲས་མི་བསླུ་རིགས་པ་བཞི་དང་ལྡན།།དེ་ཡི་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་། །ཐུབ་པས་གསུངས་ཕྱིར་དེ་ལ་ངེས་ཤེས་བསྐྱེད།།ཞེས་དང་། དངོས་འཛིན་གྱི་འཆིང་བས་བཅིངས་བ་ལ།།ཚོགས་གཉིས་ཀྱི་ས་ཆོད་མི་འབྱུང་བས།།སྣང་ལ་ཞེན་པ་མེད་པའི་ཆོས།།སྒྱུ་མ་ལྟ་བུ་འདི་གལ་རེ་ཆེ།།ཞེས་སོགས་གསུངས་པ་ནི་རྗེ་བླ་མའི་གསུང་དང་མཐུན། ཡང་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟ་བའི་ཤེས་པ་སོ་མ་བཅོས་བསླད་མེད་པར་སྒོམ་པ་དང་། སེམས་མ་བཅོས་བར་ལྷུག་པར་སྒོམ་པ་ནི་སེམས་སྒོམ་པ་ཡིན་པས་བདེན་གྲུབ་སྒོམ་པར་འགྲོ་ཞེས་གསུང་མཁན་ཡོད། ཡིད་བྱེད་བཀག་ཙམ་དང་། སེམས་གཟུགས་ཅན་དུ་བཙལ་བས་མ་རྙེད་པ་དང་། སྣང་བ་ཡིད་ལ་མི་བྱེད་པར་སྒོམ་པ་དང་། ནམ་མཁའ་མཐའ་དབུས་མེད་པར་བསམ་ནས་སེམས་དང་ནམ་མཁའ་བསྲེས་ནས་སྒོམ་པ་དང་། རྣམ་རྟོག་དང་སེམས་གཟུགས་སུ་མ་གྲུབ་པར་སྒོམ་པ་སོགས་ནི་འཛིན་སྟངས་དང་འགལ་བ་མེད་ཅེས་རྗེ་ཡབ་སྲས་རྗེས་འབྲངས་དང་བཅས་པས་མགྲིན་གཅིག་ཏུ་གསུངས། བདག་འཛིན་ཤག་འདེབས་ལས། བདག་འཛིན་གྱི་མཚང་རྡོལ་བ། འཁྲུལ་བའི་རང་ངོ་ཞིག་པ། སེམས་ཀྱི་རྩ་བ་ཆོད་པ། སེམས་ཀྱི་རང་ངོ་མཐོང་བ། གནས་ལུགས་ཟང་ཐལ་ཆེན་པོ། ལྟ་རྒྱུ་མེད་པའི་ལྟ་བ། སྒོམ་མེད་ཀྱི་སྒོམ་པ། གཉེན་པོ་རང་སར་གྲོལ་བ་སོགས་ཀྱི་བརྡ་དོན་ནི་འཁོར་འདས་དབྱེར་མེད་དང་དུ་མ་རོ་གཅིག་སོགས་དང་དོན་འདྲ། བོད་འདིར་སློབ་དཔོན་ཀ་མ་ལ་ཤི་ལའི་སྒོམ་རིམ་དང་མི་མཐུན་པའི་ཧྭ་ཤང་གི་ལུགས་ལྟར་བྱུང་བ་ཡང་ཡོད་པ་སྡོམ་གསུམ་རབ་དབྱེ་ལས། ཕྱི་ནས་རྒྱལ་ཁྲིམས་ནུབ་པ་དང་།།རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི།།ཡི་གེ་ཙམ་ལ་བརྟེན་ནས་ནི།།དེ་ཡི་མིང་འདོགས་གསང་ནས་ནི།།ཕྱག་རྒྱ་ཆེན་པོར་མིང་བཏགས་ནས།།ད་ལྟའི་ཕྱག་རྒྱ་ཆེན་པོ་ནི།།ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན།།ཞེས་གསུངས་པ་ལྟར་རོ། །
ཧ་ཧ་ཧ། ཤི་མི་འདུག་ག བཀྲ་ཤིས་བདེ་ལེགས། ངས་ནི་ཁྱོད་གོ་རྒྱུ་ཚོར་རྒྱུ་མི་འདུག་པས་སེམས་ཁྲལ་ཆེན་པོ་བྱུང། ད་ལན་ཡང་བསྐྱར་ཐུག་པ་དགའ་པོ་ཞེ་དྲག་བྱུང། མིག་བརྒྱད་པ་དང་གཞོན་ནུ་ཟླ་མེད་ཁོང་གཉིས་ཀྱིས་འཇོན་ཚོད་ཀྱི་ལས་ཀ་བྱས་པར་ཁྱོད་རང་གིས་ཐུགས་རྗེ་ལེགས་གསོལ་ཞུས་སམ། མ་གཞི་མི་ཁྱོད་ཀྱི་གཤིས་ཀ་ལ་བལྟས་ན་ཞུས་ཚོད་མ་རེད་སྟེ། ཁྱོད་ལ་བཟང་ངན་འབྱེད་པའི་རྣམ་དཔྱོད་མི་འདུག་པའི་ཕྱིར་རོ། ཇི་སྐད་དུ། གཞན་དམའ་འབེབས་དུས་འཛུམ་ཝང་ཝང། ལུང་རིགས་མཐོང་དུས་ནག་སྡུག་སྡུག སྐྱེ་བོ་ཡོངས་ཀྱི་ཐ་ཤལ་ཏེ། མ་ཤི་རོ་ཡི་རྣམ་ཐར་ཡིན། ཞེས་གསུངས་པ་ལྟར་རོ། ད་ངས་ཁྱོད་ལ་བཤད་རྒྱུ་ཞིག་ལ། ད་ལན་ང་ཚོས་དྲྭ་ལམ་འདིར་ལུང་རིགས་ཟུང་འབྲེལ་གྱིས་གོ་རྒྱུ་ཡོད་པའི་བགྲོ་གླེང་ཞིབས་ཚགས་ཤིག་བྱེད་བཞིན་ཡོད་པས། ལུང་རིགས་དང་གཞུང་ལུགས་ལ་མིག་ལྡོང་བའི་ལྷག་ཤེས་ཁྱོད་གནས་སྐབས། ཁ་ཚོད་ཀྱི་ཐུར་མ། བཟོ་ཚོད་ཀྱི་དཀྱིལ་ཀྲུང། ལྟར་ཁྱོད་རང་གི་སྦྱངས་ཡོན་ལ་དཔགས་པའི་ལས་ནི། ནུབ་ཕྱོགས་ཀྱི་ཆགས་སྤྱོད་ཅེས་པའི་གསེབ་ཏུ་དུས་ཚོད་གཏང་ན་ཡག་ཚོད་མ་རེད་དམ།
སྟག་རའི་སྐད་ཆ༼བོད་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་ལོག་རྟོག་ཚང་ཚང་བསྲེགས་པའི་མེ་དཔུང་ཞེས་པ་ཞིག་ཀྱང་རིམ་ཆགས་སུ་བསྟར་ཆོག་པ་ཞུ་རྒྱུ་བཅས།༽ འདི་ནི་བོད་ཀྱི་རྒྱལ་རབས་ཤུལ་མེད་དུ་བཏང་བའི་བོན་ནག་གི་བྱ་སྤྱོད་ཀྱི་རང་རེད།
བོན་ནག་རྣམས་ཀྱིས་རྒྱལ་པོ་ཁྲི་སྲོང་གི་སྐུ་སྲོག་བགྲོང་བར་ཆས་བས་མཐར་བོན་ནག་རྣམས་མཐར་སྤྱུགས་པའི་ལོ་རྒྱུས་ཡོད་པ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཚར་ཡོད་པ་དང་། མ་ཟད་རྒྱལ་པོ་གླང་དར་གྱིས་བོན་བློན་གྱི་ཁ་ལ་རྒྱུགས་ནས་མངའ་བདག་ཁྲི་རལ་ཅན་བགྲོངས་ནས་བོད་སྤྱི་ལ་དབང་བའི་རྒྱལ་རྒྱུད་ཆད། ད་བོན་ནག་གི་རྗེས་སུ་མ་འབྲངས་ན་ཡག་གི་རེད། ངས་འབོད་སྐུལ་ཞུ་བ་ཡིན། འདི་ལྟར་བསམ་ངན་སྦྱོར་རྩུབ་བསྟར་ན་རང་བསྟན་རང་གིས་བཤིག་པ་མ་གཏོགས། བོན་དཀར་ཚང་གི་མཚན་ཤས་རེད། བོན་ནག་རྣམས་ལ་ཅི་ཆ།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས།།
ཞེས་པའང་བོན་ནག་རང་ཡིན་འདུག་པས་བོན་ལའང་བོན་དཀར་དང་བོན་ནག་བོན་ཁྲ་སོགས་མང་པོ་ཞིག་ཡོད་པ་འདྲ།
སྟག་ར་ལགས། གོང་གི་དྲི་བ་དེ་ཚོར་གོ་རྒྱུ་དེ་ཙམ་མི་འདུག འོག་གི་ཚིག་བཅད་དེ་ཚོ་ལ་བལྟས་ན་འགལ་འདུ་ཞིག་འཚོལ་བཞིན་པ་འདྲ། གནད་དོན་ཐད་བསམ་ཚུལ་ལེན་པ་ཡིན་ན་ཡག་བྱུང་། སྤྱིར་ན་འཛམ་གླིང་ཡུལ་གྲུ་གཞན་དག་ལ་མེད་པའི་བོད་ཀྱི་མཁས་དབང་རིམ་བྱོན་གྱི་གསུང་དུ་འཐད་མི་འཐད་ཀྱི་རྣམ་བཞག་དང་དོགས་སློང་དགག་རྩོམ་གྲངས་ལས་འདས་པ་མཆིས་ཀྱང་སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འཇུག་པ་དང་འདྲ་བས་མཐར་ཐུག་གི་དགོངས་པ་གཅིག་ཏུ་འབབ་པ་ཡིན།
མིག་བརྒྱད་པ་ལགས། གལ་ཏེ་ཁྱོད་ལྷག་པ་ཡེ་ཤེས་ཀྱི་ངོ་ཚབ་བྱེད་ཀྱི་ཡོད་ན། ལྷག་ཤེས་ཀྱིས་བོད་དུ་དར་བའི་ཤཀྱྭ་ཐུབ་པའི་རྒྱུད་འཛིན་གྱི་ཆོས་ལུགས་ཁག་ནང་ཕན་ཚུན། གཞི་ལམ་འབྲས་བུའི་རྣམ་བཞག་ལ་མི་མཐུན་པའི་འགལ་ཟླ་མེད་པར་ཁས་བླངས་བ་དེར། ངོས་ནས་གྲུབ་མཐའ་ཁག་སོ་སོའི་ལྟ་བའི་སྙིང་དོན་གྱི་དྲི་ཚིག་འགའ་ཤས་ཤིག་བཀོད་ཡོད་པའི་ནང་ནས་སྙིང་དོན་བཤད་ན། རྗེ་ཙོང་ཁ་པས་བཞེད་པའི་དབུ་མའི་ལྟ་དོན་མཐར་ཐུག་ཏུ་གྱུར་པའི་དབུ་མ་ཐལ་འགྱུར་པའི་དོན་དམ་པའི་བདེན་པ་དེ། སྔ་འགྱུར་རྙིང་མའི་བཞེད་པ་ལྟར་གྱི་རྫོགས་ཆེན་གྱི་ལྟ་བ་དང་། དཔལ་ལྡན་ས་སྐྱ་བས་བཞེད་པ་ལྟར་གྱི་མཐའ་བཞི་སྤྲོས་བྲལ་དུ་གྱུར་པའི་ཟུང་འཇུག་ཆེན་པོ་དང་། མཉམ་མེད་བཀའ་རྒྱུད་པའི་བཞེད་པ་ལྟར་གྱི་ཕྱག་རྒྱ་ཆེན་པོ་དང་། ཀན་མཁྱེན་དོལ་བུ་བས་བཞེད་པ་ལྟར་གྱི་གཞན་སྟོང་གི་དབུ་མ་ཆེན་མོ་རྣམས་རེ་རེ་ནས་ཡིན་པར་འདོད་རིགས་སམ། རིགས་པར་འདོད་ཐོག་ན། རྗེ་ཙོང་ཁ་པས་བཞེད་པའི་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་ཏུ་གྱུར་པའི་མེད་དགག་རྣམ་ཅན་གྱི་སྟོང་ཉིད་དེ་བོན་ཅན། དགག་སྒྲུབ་གཉིས་དང་བྲལ་བའི་བློ་འདས་བླ་མེད་ཀྱི་དགོངས་པ་ཡིན་པར་ཐལ། སྔ་འགྱུར་རྙིང་མ་བས་བཞེད་པའི་རྫོགས་ཆེན་གྱི་ལྟ་བ་ཡིན་པའི་ཕྱིར། ཡང་དེ་བོན་ཅན། ཡོད་པ་དང་མེད་པ་དང། དེ་གཉིས་ཀ་དང་གཉིས་མིན་སོགས་གང་ཡང་དམ་བཅའ་མི་རིགས་པའི་གནས་ལུགས་དོན་དམ་པའི་བདེན་པ་སྨྲ་བསམ་བརྗོད་ལས་འདས་པ་དེ་ཡིན་པར་ཐལ། དཔལ་ལྡན་ས་སྐྱ་བས་བཞེད་པ་ལྟར་གྱི་གནས་ལུགས་དོན་དམ་པའི་བདེན་པ་དེ་ཡིན་པའི་ཕྱིར། ཡང་དེ་བོན་ཅན། གཞན་སྟོང་ཡིན་ཀྱང་རང་སྟོང་མིན་པའི་རང་ངོས་ནས་བདེན་གྲུབ་ཀྱི་ཆ་དངབཅས་པ་དེ་ཡིན་པར་ཐལ། ཀུན་མཁྱེན་དོལ་བུ་བས་བཞེད་པ་ལྟར་གྱི་དབུ་མ་ཆེན་མོ་དེ་ཡིན་པའི་ཕྱིར། ཡང་དེ་བོན་ཅན། མ་བཅོས་མ་སླད་པའི་གཤིས་ཀྱི་གནས་ལུགས་བློ་བཅོས་མེད་པ་ཞིག་ཡིན་པར་ཐལ། དཔལ་རྒྱལ་བ་བཀའ་རྒྱུད་པས་བཞེད་པའི་ཕྱག་ཆེན་གྱི་ལྟ་བ་དེ་ཡིན་པའི་ཕྱིར། ཡང་དེ་བོན་ཅན། ལྷུན་གྲུབ་རྩལ་གྱི་ལེན་ཀ་བྲལ་བའི་བློ་བྱས་ཀྱི་སྟོང་པའི་མེད་དགག་དེ་ཁོ་ན་ཡིན་པར་ཐལ། རྗེ་ཙོང་ཁ་པས་བཞེད་པའི་དགེ་ལུགས་པའི་དབུ་མ་ཆེན་མོ་དེ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། དེ་རེ་རེ་ནས་ཡིན་པར་མི་རིགས་ན། རྩ་བའི་དམ་བཅའ་འབུད། ཤཀྱྭའི་རྗེས་འཛིན་གྱི་ཆོས་རྒྱུད་བཞིའི་གྲུབ་མཐའི་ལྟ་དོན་གྱི་སྙིང་པོར་གྱུར་པ་རྣམས་འགལ་མེད་དུ་བསྒྲུབ་པའི་རིགས་པ་གང་ཞིག་ཡོད། དེས་ན་ལྟ་བ་ལ་ཁྱད་བྱུང་བས། སྒོམ་པ་ལ་ཁྱད་མི་འབྱུང་བ་མི་སྲིད་ལ། སྒོམ་པ་ལ་ཁྱད་བྱུང་བས། མཐར་ཐུག་འབྲས་བུ་ལ་ཁྱད་མི་བྱུང་བ་མི་སྲིད་པའོ། དཀའ་བའི་གནད་འདི་རིགས་ལ་ལན་ཐོབ་དང་རང་གཞན་གཉིས་ཀ་ལ་བློ་བསྐྱེད་རགས་པར་གདོན་མ་ཟའོ། དེ་མིན་འདིར་ལོ་རྒྱུས་དང་བསྟན་འབྱུང་གི་རིགས་བཤུས་ནས་དྲྭ་ངོས་འདིར་སྤེལ་མ་སྤེལ་དེ་ཙམ་གྱི་དགེ་མཚན་མ་མཐོང་ངོ། འོན་ཀྱང་ཁྱོད་རང་ལ་ཐུགས་ཕན་གསོས་པ་འདྲ་ཡོང་གིས་འདུག་ན་སྐད་ཆ་ཁ་ཁ་རེད།
ཡང་བསྐྱར་ཞུ་འདོད་པ་ཞིག་ལ། ངས་ཁ་སེང་ལྷག་ཤེས་ལ། སངས་རྒྱས་པ་ལ་བཞི་པ་དང། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་པའི་དྲི་ཚིག་ལ་བཀའ་ལན་གནང་བར་ཞུས་ཀྱང། ཕལ་ཆེར་ཁོང་ལ་དེའི་སྐོར་གྱི་ཤེས་བྱའི་གནས་ཚད་མེད་པ་འདྲ། ད་ལན་སྐུ་ཉིད་ཀྱིས་ཁོང་གི་ངོ་ཚབ་བྱེད་ཡོང་དུས། ཁྱེད་ནས་ཀྱང་དེ་ལུགས་ཀྱི་དགོངས་བཞེས་གནང་ནས་བཀའ་ལན་ཡོད་པར་ཞུ།
Bonpo ནས་གོང་དུ་༼དང་པོ་མི་ལ་དགག་པ་རྒྱག་པར་བྱེད་པ་ལ་་་དགག་སའི་རྒོལ་བ་དེ་ཡི་་་་སྟོན་པའི་མཚན་དེ་ཚོ་གཞུང་ལུགས་དེ་ཡི་ནང་གང་ཡོད་པ་དེ་ཚད་ལྡན་བྱས་ནས་འབྲི་དགོས་པ་རེད། ༽ཅེས་བཤད་ཡོད་པ་རེད། འདི་ཤིན་ཏུ་བདེན་པ་ཞིག་རེད། འོན་ཀྱང་འདིར་རྗེ་ཙོང་ཁ་བའི་གཞུང་ལུགས་ན་གང་ཡོད་པ་དེ་མ་བཤད་པར་༼ཡང་ན་ཙོང་ཁ་པས་བཞེད་པ་ལྟར་ཆད་སྟོང་གི་མེད་དགག་ཞིག༽ཅེས་འགོད་བཞིན་པ་འདི་དག་རྗེ་ཙོང་ཁ་བའི་གཞུང་ལུགས་གང་དུ་འདུག་སྟོན་ཤིག དེ་མིན་ཤེས་ལ་མ་ཤེས་ལ། ཚོས་ལ་མ་ཚོས་ལ་ལུང་པ་གང་བཤད་བསྡད་ན་དེ་ནི་གད་སྙིག་རེད་འདུག་པས་ལག་པ་སུས་འཆང་གི་རེད།
༼ཡང་ན་ཙོང་ཁ་པས་བཞེད་པ་ལྟར་ཆད་སྟོང་གི་མེད་དགག་ཞིག༽ འདི་ལ་དོན་ལ་དོན་ལ་ཟེར་ནས་རང་གི་ལོག་རྟོག་གི་ངོས་ལ་ཤར་བ་འབྲི་ས་ཡོད་པ་མ་རེད། གང་ཡིན་ཟེར་ན། དང་པོ་ནས་ཙོང་ཁ་བས་བཞེད་པ་ལྟར་ཟེར་ནས་བྲིས་འདུག་པས་ཆད་སྟོང་མེད་དགག་ཞེས་རྗེ་ཙོང་ཁ་བས་གང་ན་བཞེད་འདུག་ད་སྟོན་ཤིག
སྟག་ར་ལགས། སྤྱིར་གྲུབ་མཐའ་བཞི་ལྟ་བའི་ཆ་ནས་འབྱེད་པ་དང་སྤྱོད་འཇུག་ལས། རྣལ་འབྱོར་བ་ཡང་བློ་ཁྱད་ཀྱིས།།གོང་མ་གོང་མ་རྣམས་ཀྱིས་གནོད།།ཞེས་པ་ལྟར་བློ་མཆོག་དམན་དབང་གིས་འབྱེད་པ་ཡིན། སྐུ་ཉིད་ཀྱིས་དྲི་བ།༼རྗེ་ཙོང་ཁ་པས་བཞེད་པའི་དབུ་མའི་ལྟ་དོན་མཐར་ཐུག་ཏུ་གྱུར་པའི་དབུ་མ་ཐལ་འགྱུར་པའི་དོན་དམ་པའི་བདེན་པ་དེ། སྔ་འགྱུར་རྙིང་མའི་བཞེད་པ་ལྟར་གྱི་རྫོགས་ཆེན་གྱི་ལྟ་བ་དང་། དཔལ་ལྡན་ས་སྐྱ་བས་བཞེད་པ་ལྟར་གྱི་མཐའ་བཞི་སྤྲོས་བྲལ་དུ་གྱུར་པའི་ཟུང་འཇུག་ཆེན་པོ་དང་། མཉམ་མེད་བཀའ་རྒྱུད་པའི་བཞེད་པ་ལྟར་གྱི་ཕྱག་རྒྱ་ཆེན་པོ་དང་། ཀན་མཁྱེན་དོལ་བུ་བས་བཞེད་པ་ལྟར་གྱི་གཞན་སྟོང་གི་དབུ་མ་ཆེན་མོ་རྣམས་རེ་རེ་ནས་ཡིན་པར་འདོད་རིགས་སམ། ༽དེ་ལྟར་འདོད་མི་རིགས། ངས་ཁྱོད་ལ་སྒྲུང་ཞིག་བཤད། བསྡུས་གྲྭའི་བཙུན་ཆུང་ཞིག་གིས་དགེ་བཤེས་ཤིག་ལ། ཕོར་བ་ཆོས་ཅན། ཁྱོད་རང་ལ་མེད་པར་ཐལ། ང་རང་ལ་ཡོད་པའི་ཕྱིར། ཞེས་རིགས་པ་གཏོང་སྐབས་དགེ་བཤེས་ཁ་གྲག་རྒྱུ་མེད་པར་བཟོས། ཁྱོད་ཀྱི་རིགས་པ་ཡང་དེ་དང་འདྲ། རྗེ་ཙོང་ཁ་པས་བཞེད་པའི་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་ཏུ་གྱུར་པའི་མེད་དགག་རྣམ་ཅན་གྱི་སྟོང་ཉིད་དེ་བོན་ཅན། དགག་སྒྲུབ་གཉིས་དང་བྲལ་བའི་བློ་འདས་བླ་མེད་ཀྱི་དགོངས་པ་མ་ཡིན་པར་ཐལ། མེད་དགག་ཡིན་པ་གང་ཞིག བློའི་ཡུལ་དུ་བྱ་རུང་བ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། འཕགས་པ་ལྷས། འདི་ནི་ཡོད་ཉིད་འགོག་པ་སྟེ།།མེད་ཉིད་ཡོངས་སུ་འཛིན་པ་མིན།།ནག་པོ་མིན་ཞེས་སྨྲ་བ་ན།།དཀར་པོ་ཡིན་ཞེས་མ་བརྗོད་བཞིན།། ཞེས་གསུངས་པ་ལྟར་མྱུ་གུ་ལྟ་བུ་ལ་དོན་དམ་པར་རང་བཞིན་མེད་དོ་ཞེས་སྨྲས་པ་ཡང་དོན་དམ་པར་རང་བཞིན་ཡོད་པ་བཀག་པ་ཙམ་སྒྲུབ་པ་ཡིན་གྱི། དེ་ལས་གཞན་པའི་བདེན་མེད་ཡོད་པར་སྒྲུབ་པ་མིན་ཞེས་རྗེ་རིན་པོ་ཆེ་རང་གིས་བཞེད་པའི་ཕྱིར།
རྗེ་རིན་པོ་ཆེས་སྟོང་ཉིད་མེད་དགག་ཏུ་འདོད་ཀྱང་ཆད་སྟོང་དུ་མི་འདོད་པའི་རྒྱུ་མཚན་ཤེས་དགོས། དུས་འཁོར་ལས། ཕུང་པོ་རྣམ་དཔྱད་སྟོང་བ་ཉིད།།ཆུ་ཤིང་བཞིན་དུ་སྙིང་པོ་མེད།།རྣམ་པ་ཀུན་གྱི་མཆོག་ལྡན་པའི།།སྟོང་ཉིད་དེ་ལྟར་འགྱུར་མ་ཡིན།།ཞེས་པ་འདིས་ཅང་མེད་དུ་བཟུང་བའི་ཆད་སྟོང་འགོག་པ་ཡིན། ཇོ་ནང་པས་ཤེར་ཕྱིན་གྱི་མདོ་ལས་ངོ་བོ་ཉིད་མེད་པར་གསུངས་པ་དག་ཀུན་རྫོབ་ལ་དགོངས་པ་ཡིན་གྱི་དོན་དམ་ལ་དགོངས་པ་མིན་ཞེས་ཀུན་རྫོབ་རང་སྟོང་དང་དོན་དམ་ཆད་སྟོང་དུ་འདོད།
རྗེའི་ལུགས་ལ་གཞི་གྲུབ་ན་སྤྲོས་བཅས་ཡིན་པས་ཁྱབ། སྤྲོས་བྲལ་མ་ཡིན་པས་ཁྱབ། དགག་བྱའི་སྤྲོས་བྲལ་ཡིན་པས་ཁྱབ་ཀྱང་དགག་བྱའི་སྤྲོས་བཅས་མ་ཡིན་པས་ཁྱབ། ཀུན་རྫོབ་ཡིན་པས་ཁྱབ་ཀྱང་། ཀུན་རྫོན་བདེན་པ་ཡིན་པས་མ་ཁྱབ་པའི་ཞིབ་ཆ་མང་། ཇོ་ནང་པས་དག་པ་ཡེ་ཤེས་ཀྱི་ཀུན་གཞི་དེ་ཉིད་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་བ་ལ་གཞན་སྟོང་ཟེར། གཙུག་ལག་ཁང་དགེ་སློང་གིས་སྟོང་བ་དང་གཅིག་ཐ་དད་པས་སྟོང་བ་སོགས་སྟོང་ཚུལ་བདུན་ཡོད་པའི་ནང་གི་ས་ཕྱོགས་བུམ་པས་སྟོང་བ་ལྟར་རྟེན་བརྟེན་པས་སྟོང་བ་དོན་གཞན་དུ་ཡོད་པ་ཁས་ལེན་པ་ཡིན། དེ་ནི་ཀུན་མཁྱེན་དོལ་བུ་བས་བཞེད་པ་ལྟར་གྱི་དབུ་མ་ཆེན་མོ་དེ་ཡིན་པའི་ཕྱིར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས།།དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཅེས་ས་སྙིང་ཀར་དགེ་རྣམས་དགོངས་པ་གཅིག་ཏུ་བསྒྲུབས་ཀྱང། པཎ་ཆེན་སྐུ་ཕྲེང་གསུམ་པས། དགོངས་པ་གཅིག་ཏུ་སྒྲུབ་ཐབས་མེད་པ་ཡང་གསུངས་འདུག གསུང་རབ་དགོངས་འགྲེལ་གཞི་བཞག་ནས་བརྩད་ན་མི་མཐུན་པ་ཡོད་པ་དང་ལྟ་བ་སྟོན་བྱེད་ཀྱི་ཚིག་ལ་རྩོད་པ་ཡོད་ཀྱང་ལྟ་བའི་ངོ་ཐོག་རང་ལ་རྩོད་པ་གང་ཡང་མེད་པ་ཤེས་དགོས། ལམ་ལ་ཁྱད་ཡོད་ཀྱང་འབྲས་བུ་ལ་ཁྱད་མེད་པ་རྗེ་རིན་པོ་ཆེའི་དགོངས་པ་རེད།།དཔེར་ན་སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འཇུག་པ་དང་འདྲའོ།།
ད་དངོས་གནས་ལྷག་ཤེས་སོགས་ཀྱིས་ངེད་བོན་པོ་ཚང་གིས་ད་བར་བོད་གངས་རིའི་སྐྱིད་སྡུག་དང་ལས་དབང་ལ་བསམ་ནས་བཟོད་པའི་གོ་ཆ་གྱོན་པ་དེ་ལ་བསམ་ཤེས་ཕར་ཞོག་མི་དཀར་པོའི་མགོ་ལ་ཞྭ་མོ། རྫ་ཁྲ་ཡག་མགོ་ལ་སྨུག་པ་ཞིག་བཙན་གྱིས་གཡོགས་བཞིན་འདུག་པ་ནི། རྐུན་མས་གཡག་མགོ་ཨོང་ཀྱག་བྱས་ནས། ནས་ཤག་རྭ་རྩེ་རྒྱག་ཅེས་པའི་དཔེ་ལས་མ་འདས་པས་ངེད་ཅག་ད་དུང་མི་སྨྲ་འི་རྟུལ་ཞུགས་བཟུང་ནས་འདུག་ཐབས་ཅི་ནས་ཀྱང་བྲལ་ཏེ་ལུང་ལས་བསྟན་པ་བཤིག་པའི་གྱི་གྲན་ལ་ཚར་ཐག་མ་བཅད་བྱམས་འཛིན་བཤགས་ཞེས་གསུངས་པས་ད་ཚར་ཐག་གཅོད་པའི་དུས་ལ་བབས་འདུག་པ་ལགས་ན། རེ་ཞིག་གླེང་འདི་དང་འབྲེལ་བ་མེད་པའི་དྲ་གྲོགས་མཐོ་བ་རྣམས་ཀྱི་དབུ་ཞབས་བསྐུམས་དམའ་བ་རྣམས་ཀྱི་དབུ་ཆོམ་ནས་བཞུགས་ཤིགས་ཞེས་རེ་བསྐུལ་ཞིག་སྔོན་གླེང་གི་ཚུལ་དུ་ཕུལ་བ་ཡིན།།
རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་པ་ལ་བཞི་པ་དང། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་སྤྱིར་ཐེག་པ་གསུམ་ལས་ལོགས་སུ་གྱུར་བའི་ཐེག་པ་བཞི་པ་དང་གྲུབ་མཐའ་བཞི་ལས་ལོགས་སུ་གྱུར་བའི་གྲུབ་མཐའ་ལྔ་པ་མེད་པར་གསུངས། ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་ལྟ་བས་མི་འབྱེད། ཐབས་ཀྱིས་འབྱེད་པ་ཡིན་པའི་ཕྱིར། གྲུབ་མཐའི་ཁྱད་པར་ལྟ་བས་འབྱེད་དགོས་པ་དང་། མདོ་སྔགས་ཀྱི་ཐེག་པའི་ཁྱད་པར་ཡང་ལྟ་བས་མི་འབྱེད་པར་ཐབས་ཀྱིས་འབྱེད་པ་ཡིན་པའི་ཕྱིར། རྙིང་མའི་ཐེག་པ་རིམ་པ་དགུའི་དང་པོ་གསུམ་ནི་རྒྱུའི་ཐེག་པ། ཀྲི་ཡ་ཨུ་པ་ཡོ་ག་གསུམ་ནི་ཕྱིའི་འབྲས་བུའི་ཐེག་པ། མ་ཧཱ་ཨ་ནུ་ཨ་ཏཱི་གསུམ་ནི་ནང་འབྲས་བུའི་ཐེག་པ་ཡིན་པས། དང་པོ་གསུམ་མདོ་ལུགས་དང་ཕྱི་མ་དྲུག་སྔགས་ལུགས་ཡིན་པའི་ཕྱིར། སྤྱིར་ཐེག་པ་གསུམ་དུ་འདུའོ།།
རྙིང་མ་བ་དང་དགེ་ལུགས་པའི་དབུ་མའི་ལྟ་བའི་ཁུངས་གཏུག་ས་ཡིག་ཆ་གཅིག་རེད། འགྲེལ་སྟངས་ཡང་གཅིག་རེད། ཡིག་ཆ་དེ་ནི་ཀ་མ་ལ་ཤཱི་ལའི་སྒོམ་རིམ་རེད། ལམ་རིམ་ལྷག་མཐོང་ཆེན་མོ་དང་འཇུ་མི་ཕམ་པའི་ངེས་ཤེས་སྒྲོན་མེ་གཉིས་ཀས་ཀྱང་ལྷག་མཐོང་གཏན་ལ་འབེབས་སྟངས་དེ་སྒོམ་རིམ་ལ་ཁུངས་གཏུག་ནས་གཏན་ལ་འབེབས་ཀྱིན་ཡོད་པ་རེད། མེད་མ་ཡིན་དགག་བཤད་སྐབས་རྙིང་མ་བས་ཀྱང་མེད་དགག་འདོད་པ་རེད། རྙིང་མའི་མཁས་པ་དང་དགེ་ལུགས་པའི་མཁས་པའི་བར་གྱི་རྩོད་པ་དེ་མེད་དགག་དང་མ་ཡིན་དགག་བར་གྱི་རྩོད་པ་མ་རེད། དེ་གཉིས་བར་གྱི་རྩོད་པ་དེ་སུ་ཞིག་མེད་དགག་གཙང་མའི་སྟེང་དུ་འགྲོ་ཐུབ་གི་ཡོད་མེད་ཀྱི་རྩོད་པ་རེད། དེ་ཡང་འཇུ་མི་ཕམ་པས་ཀྱང་མེད་ཅེས་བརྗོད་ལ་ཅི་ཞིག་ཚོམ་ཞེས་ཁ་གསལ་བོ་གསུངས་འདུག བོད་དུ་ཐོག་མར་བསྟན་པའི་སྲོལ་འབྱེད་མཁན་རྙིང་མ་པ་བྱུང་བ་རེད། རྗེས་སུ་ནང་བསྟན་གཞུང་ལུགས་ལ་བསྐྱར་ཞིབ་ཀྱིས་མཇུག་སྡོམ་རྒྱག་མཁན་དགེ་ལུགས་པ་བྱུང་བ་རེད། དེ་གཉིས་ཀས་མ་བཤད་པ་ཞིག་ཕལ་ཆེར་གཞན་ལ་ཡོད་མདོག་ཁ་པོ་མ་རེད།
དགེ་ལུགས་པ་དང་རྙིང་མ་བའི་ལུགས་ལ་རྫོགས་ཆེན་ཕྱག་ཆེན་ཟེར་བ་དེ་ཚོ་ནི་སྐལ་ལྡན་ཚོའི་སྙིང་གི་ནོར་བུར་ཉར་དེ་དབེནཔའི་རི་སུལ་དུ་སྒྲུབ་པའི་རྒྱལ་མཚན་འཛུགས་པ་ལས་ཆོས་གྲྭའི་སྟེང་དུ་རྩོད་པ་རྒྱག་སྲོལ་ཡང་མི་འདུག་པས་དྲ་སྟེང་འདིར་ཁ་རྒྱག་དང་མཉམ་དུ་བཤད་བསྡད་རུང་རྒྱུ་ཞིག་ཡིན་མིན་མ་ཤེས་པས་དེའི་སྐོར་དེ་ཁྱེད་རང་གིས་ཅི་འདོད་ཅིག་གསུངས་ན་མ་གཏོགས་ང་ཚོའི་ངོས་ནས་ཅང་ཞུ་རྒྱུ་མེད།
ཆེ་ས་ནས་ཉན་ཐོས་སྡེ་བ་བཅོ་བརྒྱད་དང་ཉེར་བཞི་སོགས་ཡིན་ན་ཡང་འདྲ། དེ་ནས་གྲུབ་མཐའ་སྨྲ་བ་བཞི་ཡིན་ན་ཡང་འདྲ། དེ་ནས་བོད་དུ་དར་བའི་ཆོས་རྒྱུད་ཆེན་པོ་བཞི། ཇོ་ནང་དང་ལྔ། ད་དུང་བོ་དོང་དང་ཞི་བྱེད་སོགས་སུ་ཡིན་ན་ཡང་ང་ཚོ་ལ་ཐུན་མོང་གི་འབབ་ས་གཅིག་ཡོད་པ་དེ་སྟོན་ཤཀྱཱ་ཐུབ་པ་ལ་སྐྱབས་སུ་འགྲོ་བ་དེ་རེད། སྟོན་པ་ཤཀྱཱ་ཐུབ་པ་ལ་སྐྱབས་སུ་འགྲོ་མཁན་དེ་ཚོར་ང་ཚོས་ནང་པ་ཞེས་འབོད། ནང་པ་ཟེར་བ་ནི་ནང་མི་ཞེས་པའི་དོན་ལྟ་བུ་རེད། རྒྱལ་བ་ཤཀྱཱ་ཐུབ་པ་ལ་སྐྱབས་སུ་མི་འགྲོ་མཁན་ཚོར་ང་ཚོས་ཕྱི་རོལ་པ་དང་ཕྱི་པ་སོགས་སུ་འབོད། དེ་ནི་ང་ཚོའི་ནང་མི་མ་ཡིན་པའི་དོན་རེད། དེ་ཚོ་སྡུག་ཅག་རེད་ཅེས་པའི་དོན་མ་རེད། ང་ཚོའི་ནང་མི་མ་རེད་ཅེས་པའི་དོན་རེད།
ངས་ནི་སྟོན་པ་ཤྰཀྱ་ཐུབ་པར་སྐྱབས་སུ་འགྲོ་དང་མི་འགྲོར་ནང་པ་ཞེས་འབོད་པ་ལས། མཁའ་ཁྱབ་ཀྱི་སེམས་ཅན་ཀུན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་འདི་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་ཕྱིན་ཆད་དེ་ལ་ནང་པ་ཞེས་འབོད་ཀི་ཡོད།
སྤོབས་པའི་མཆན་ཨང་༥༨པ་འདི་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
གནས་ལུགས་མཐར་ཐུག་ཏུ་གྱུར་པའི་སྟོང་ཉིད་དེ་མེད་དགག་དང་མ་ཡིན་དགག་གང་ཡིན་རྟོགས་པས་མྱང་བྱ་ཞིག་ཡིན་པ་ལས་ཚིག་གིས་ཤོད་པ་ཞིག་ཨེ་ཡིན་ནམ། ཡིན་ན་ནི་སྨྲ་བསམ་བརྗོད་མེད་ཅེས་པ་དེ་ཡང་སྐྱག་རྫུན་དུ་མི་འགྲོའམ།
དེ་ནི་ཀླུ་སྨྱོན་ཁྱེད་རང་གི་ལུགས་རེད། ཇོ་བོ་རྗེ་ང་ཚོའི་གྲས་ཀྱིས་ནང་པ་ཡིན་མིན་ནི་ཤཀྱཱ་ཐུབ་ལ་སྐྱབས་སུ་འགྲོ་མིན་ཙམ་གྱིས་འཇོག
འཚེ་མེད་ཞི་བའི་མཐར་སོན་པར་འདོད་པ་ནི་སྟོན་པ་མ་ཧཱ་ཝེ་རའི་ལུགས་ཏེ་ང་ཚོས་གཅེར་བུ་པར་འབོད་པ་དེ་ཡང་ཡིན། མཁའ་ཁྱབ་ཀྱི་སྙིང་རྗེ་སོགས་ཁོ་ཚོས་ཀྱང་འདོད་མོད་ང་ཚོས་དེ་ལ་ནང་པར་མི་འབོད་པ་ནི་རྒྱལ་བ་ཤཀྱ་ཐུབ་ལ་སྐྱབས་སུ་མི་འགྲོ་བས་རེད།
ཀླུ་སྨྱོན་ལགས། སངས་རྒྱས་ཀྱིས་སྨྲ་བསམ་བརྗོད་མེད་རེད། འདི་སུ་གཅིག་གིས་ཀྱང་རྟོགས་གི་མ་རེད་ཟེར་ཁ་བཙུམས་ནས་ནས་བཞུགས་ཐུབ་ཡོད་པ་མ་རེད། ཞག་བདུན་ཕྲག་བདུན་ཡིན་ནམ་ཅིག་འདས་ནས་སྟོང་ཉིད་རེད། བདག་མེད་རེད། འོད་གསལ་རེད་ཅེས་ཝ་ར་ཎ་སི་ལ་ཡོང་ནས་བཤད་རྒྱུའི་མགོ་བཙུགས་པ་རེད། ཅིག་བཤད་ད་ཐུབ་གི་ཡོད་ས་རེད་གོ།
སངས་རྒྱས་ཀྱིས་ཆོས་འཁོར་ཐོག་མ་དེ་ཝ་ར་ཎ་སིར་བསྐོར་བ་དེ་ཧ་ཅང་སྤོབས་པ་སྐྱེ་འོས་པ་ཞིག་རེད། གང་གི་ཕྱིར་ཞེ་ན། སྐབས་དེར་ཝ་ར་ཎ་སི་ནི་གྲོང་ཁྱེར་ཆེན་པོ། མཁས་པ་ཡོད་ན་མེད་ན་དེ་ཚོ་འདུ་ས་དེ་འདྲ་ཞིག་བདམས་ནས་ལྟ་གྲུབ་དེ་འཆད་སྤེལ་བྱས་པ་དེས་ནི་ཁོང་ལ་གདེངས་སྤོབས་ཧ་ཅང་ཆེན་པོ་ཞིག་པ་སྟོན་གྱི་འདུག
སྔོན་མར་ངས་རོ་བྷིར་ཐར་མན་ལ་དེང་སང་གི་བོན་པོ་འདི་ཚོས་མཐར་ཐུག་ཐེག་གཅིག་དང་བདེན་གཉིས། སྐྱབས་གསུམ་དང་བདེན་བཞི། སྐུ་ལྔ་དང་ཕར་ཕྱིན་དྲུག འཕགས་པའི་ནོར་བདུན་འཕགས་ལམ་ཡན་ལག་བརྒྱད། གསུང་རབ་ཡན་ལག་དགུ་དང་སྟོབས་བཅུ་སོགས་ཁས་ལེན་བཞིན་འདུག་པས། འདི་ཚོར་ནང་པ་ཞེས་བོས་ན་ཆོག་གི་ལབ་པར། ཁོས་དེ་ལོས་ཆོག དེང་སང་གི་བོན་པོ་འདི་ཚོ་སངས་རྒྱས་འོད་སྲུང་གི་བསྟན་པའི་ལྷག་མ་སྐྱོང་མཁན་གྱི་སྡེ་ཞིག་ཡིན་ན་ཐང་ཀི་ཟེར།
ཀླུ་སྨྱོན་ཁྱོད་ཀྱིས་བོན་མ་ཤེས་ཀྱང་བོན་ལ་དག་སྣང་ཡོད་པས་དགའ་ཡོད། སྙིང་རྗེ་ཁོ་ནས་བོན་ཆོས་བཞག་ན། འགྲིག་གི་མ་རེད། དགྱེས་རྡོར་གྱིས། སྔོན་བྱོན་ཉིས་སྟོང་ཕྲག་གི་གོང་རོལ་ཏུ། །སྤྱན་རིས་གཟིགས་ཀྱི་རྣམ་སྤྲུལ་རྗེ་བཙུན་པ། །སྙིང་རྗེ་ཆེན་པོ་ཡེ་ཤུ་རྒྱལ་སྲས་ཆེ། །གཞན་ཕན་བརླབ་ཆེན་མཛད་ལ་ཕྱག་འཚལ་ལོ། ཞེས་མུ་སྟེགས་པ་དང་ནང་པ་གཉིས་བསྲ་བསྲེས་བྱས་པ་ནང་བཞིན་རེད། གཅན་གཟན་སྟག་གཟིག་དོམ་དྲེད་ཚོ་ཡང་རང་གི་བུ་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་པ་རེད། དེ་ཙམ་གྱིས་དབྱེ་བསལ་མི་ཐུབ། བྱང་ཕྱོགས་ཀྱི་མིང་ཙམ་བགྲང་བ་ཡོད་པས་དེ་བས་ཀྱང་མིན་ནོ། འོ་ན་གང་ཡིན་ཟེར་ན་བོན་འདི་གཤིས་གདོད་མའི་ཆོས་ཞིག་ལ་གོ་ན་དེས་ཆོག །
ལྔ་རིགས་སྣང་བའི་ཉིན་བྱེད་ས་པཎ་གྱི།
གྲུབ་དོན་མཐར་ཐུག་བཞི་བྲལ་སྟོང་པ་སྟེ།
གཉིས་སྣང་ནུབ་པའི་རིག་པའི་ཡེ་ཤེས་ལས།
ཚོགས་སྦྱོར་ལམ་གྱིས་རྟོགས་པ་མེད་པ་མཚར།
མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པའི།
གྲུབ་དོན་མཐར་ཐུག་མེད་དགག་སྟོང་པ་སྟེ།
ལྷུན་གྲུབ་རྩལ་གྱི་ལེན་ཀ་ཟད་པ་དེ།
ཐོས་བསམ་རྟོག་པས་དྲངས་ནས་མངོན་དུ་གྱུར།
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པའི།
གྲུབ་དོན་མཐར་ཐུག་རང་འབྱུང་སྟོང་པ་སྟེ།
རང་རིག་རང་གསལ་ཡེ་རིག་ཁོ་ན་ལས།
རྟེན་འབྲེལ་བློ་ཡིས་སྤྱད་འཇོག་མེད་པ་མཚར།
དུས་རྐྱེན་གྱིས་ཁོམ་པོ་ཞིག་མི་འདུག་དེ་འགྲོ་ཞོར་འདུག་བཀའ་ལན་རེ་མ་ཞུས་རང་ཞུས་ཆགས་འདུག་སྙམ།
ཡང་མིག་བརྒྱད་པ་ནས། རྗེའི་ལུགས་ལ་གཞི་གྲུབ་ན་སྤྲོས་བཅས་ཡིན་པས་ཁྱབ། སྤྲོས་བྲལ་མ་ཡིན་པས་ཁྱབ། དགག་བྱའི་སྤྲོས་བྲལ་ཡིན་པས་ཁྱབ་ཀྱང་དགག་བྱའི་སྤྲོས་བཅས་མ་ཡིན་པས་ཁྱབ། ཀུན་རྫོབ་ཡིན་པས་ཁྱབ་ཀྱང་། ཀུན་རྫོན་བདེན་པ་ཡིན་པས་མ་ཁྱབ་པའི་ཞིབ་ཆ་མང་། ཞེས་ཤོད་ཁ་བྱས་འདུག་པ་འདི། རྗེ་བླ་མའི་ལུགས་དངོས་ཡིན་ནམ། ཡང་ན་མིག་བརྒྱད་པ་རང་ལ་རྒྱལ་འགོང་གིས་ལུང་བསྟན་བྱས་པ་གང་ཡིན། འོ་ན། རྗེ་བླ་མའི་ལུགས་གཞིར་བཞག བདེན་གྲུབ་བཀག་ཙམ་གྱི་སྟོང་པ་ཆོས་ཅན། ཀུན་རྫོབ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྟོང་ཉིད་དཔྱོད་བྱེད་ཀྱི་རིགས་ཤེས་ཆོས་ཅན། དོན་དམ་དཔྱོད་བྱེད་ཀྱི་རིག་པ་མ་ཡིན་པར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་དེ་དོན་དམ་བདེན་པ་མ་ཡིན་པའི་ཕྱིར། དེར་ཐལ། སྤྲོས་བཅས་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཡང་བདེར་གཤེགས་སྙིང་པོ་བོན་ཅན། སྤྲོས་བྲལ་མ་ཡིན་པར་ཐལ། སྤྲོས་བཅས་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཡང་ཤཀྱྭ་ཐུབ་པའི་རྒྱུད་ཀྱི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ཆོས་ཅན། མི་བདེན་ཞིང་བསླུ་བ་ཅན་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་པ་ཁས། མིག་བརྒྱད་པ་ཁྱོད་མིག་ལྡན་ཡིན་ན་འདི་ལ་ལྟོས། ཁྱོད་ལ་མིག་བརྒྱད་ལྟ་ཞོག་ཁྱོད་ལ་མིག་གཅིག་ཀྱང་ཚད་ལྡན་ཡོད་ཚོད་མི་འདུག་གོ
ཡ་སྤོབས་མཐའ།
ཡང་སྤོབས་མཐས། ཇོ་བོ་རྗེ་ང་ཚོའི་གྲས་ཀྱིས་ནང་པ་ཡིན་མིན་ནི་ཤཀྱཱ་ཐུབ་ལ་སྐྱབས་སུ་འགྲོ་མིན་ཙམ་གྱིས་འཇོག་ཟེར། འོ་ན་དེ་ལྟར་ན། སྟོན་པ་ཤཀྱྭ་ཐུབ་པ་ཆོས་ཅན། ཁྱོད་ཚོའི་གྲས་ཀྱི་ནང་པ་མ་ཡིན་པར་ཐལ། ཤཀྱྭ་ཐུབ་པ་ལ་སྐྱབས་སུ་འགྲོ་མཁན་མ་ཡིན་པའི་ཕྱིར། དེར་ཐལ། ཤཀྱྭ་ཐུབ་པས་ཤཀྱྭ་ཐུབ་པ་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དཔེར་ན་སྤོབས་མཐས་སྤོབས་མཐའ་ལ་སྐྱབས་མི་འཚོལ་བ་བཞིན་ནོ། ཡང་ཤཀྱྭ་ཐུབ་པ་ཆོས་ཅན། ཕྱི་པ་ཡིན་པར་ཐལ། ཁྱོད་རྒྱལ་བ་ཤཀྱཱ་ཐུབ་པ་ལ་སྐྱབས་སུ་མི་འགྲོ་བ་གང་ཞིག རྒྱལ་བ་ཤཀྱཱ་ཐུབ་པ་ལ་སྐྱབས་སུ་མི་འགྲོ་མཁན་ཚོར་ཁྱོད་ཚོས་ཕྱི་རོལ་པ་དང་ཕྱི་པ་སོགས་སུ་འབོད་པའི་ཕྱིར། རྟགས་ཁས། ཡ་སྤོབས་མཐའ། ཧ་ཧ་ཧ་ཧ་ཧ་་ཧ་ཧ།
ལྔ་རིགས་སྣང་བའི་ཉིན་བྱེད་ས་པཎ་གྱི།
གྲུབ་དོན་མཐར་ཐུག་གསལ་སྟོང་ཟུང་འཇུག་སྟེ།།
བཅོས་མིན་སེམས་ཀྱི་ལྷན་སྐྱེས་འོད་གསལ་བ།།
འཁོར་འདས་དབྱེར་མེད་ལྟ་བ་དེ་ལ་ཟེར།།
མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པའི།
གྲུབ་དོན་མཐར་ཐུག་བདེན་གཉིས་ཟུང་འཇུག་སྟེ།།
སྣང་ལ་རང་བཞིན་མེད་པའི་ཆོས་རྣམས་ཀུན།།
ཐ་སྙད་བློ་ཡི་སྣང་བ་ཙམ་ཞིག་འཇོག།
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པའི།
གྲུབ་དོན་མཐར་ཐུག་སྣང་སྟོང་ཟུང་འཇུག་སྟེ།།
ཆོས་ཅན་སྒྱུ་མའི་དཔེ་ལ་ལྟ་བ་དང་།།
ཆོས་ཉིད་མཁའ་ལྟར་སྟོང་བའི་རྩལ་སྦྱང་བྱེད།།
སྟག་ར་ལགས། ཉོན་ཅིག ཀུན་རྫོབ་ལ་དེ་ཁོ་ན་ཉིད་ལ་སྒྲིབ་པ་དང་། ཕན་ཚུན་བརྟེན་པ་དང་། འཇིག་རྟེན་གྱི་ཐ་སྙད་གསུམ་ཚིག་གསལ་ལས་གསུངས་པ་ཐལ་རང་གཉིས་ཀའི་ལུགས་ལ་ཁྱད་མེད་དུ་ཤེས་དགོས། དེ་ཡང་ཀུན་རྫོབ་ཀྱི་སྐད་དོད་སཾ་བྲི་ཏའི་སྟེང་ནས་བཤད་པ་ཡིན་ཞིང་། དེའི་འཇུག་ཡུལ་དེ་ཙམ་མ་ཟད། གཞན་ཡང་བསྡམས་པ་དང་། གདངས་པ་དང། བསྐྱངས་བ་དང་། དོག་པ་དང་། གནང་བ་དང་། ཟླུམ་པ་དང་། ཤོམ་པ་སོགས་མང་བས་སྐབས་དོན་སོ་སོའི་གོ་བ་མུ་མེད་པར་བསྐྱེད་ན་ལེགས།
ཀུན་རྫོབ་གསུམ་གྱི་དང་པོ་ནི། བདེན་འཛིན་གྱི་མ་རིག་པ་ལ་སོགས་པ་སྟེ། གནས་ལུགས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་རྒྱུ་མཚན་གྱིས་དེ་སྐད་བརྗོད་པ་ཡིན་ཏེ། ལང་གཤེགས་ལས། རང་བཞིན་མེད་ལ་འཁྲུལ་བ་གང་།།དེ་ནི་ཡང་དག་ཀུན་རྫོབ་འདོད།།ཅེས་དང་། འཇུག་པ་ལས། གཏི་མིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ།།ཞེས་གསུངས་པ་ལྟར་རོ།།
གཉིས་པ་ཕན་ཚུན་བརྟེན་པ་ནི། སྟོང་ཉིད་བཅུ་དྲུག་ལ་སོགས་པ་སྟེ། རང་རང་གི་གདགས་གཞི་བཏགས་ཆོས་དང་། གདགས་བྱ་འདོགས་བྱེད་དང་། ཆ་དང་ཆ་ཅན་སོགས་ཕན་ཚུན་བརྟེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཡིན་པའི་ཕྱིར།
གསུམ་པ་འཇིག་རྟེན་གྱི་ཐ་སྙད་ནི། གཟུགས་ཞེས་བརྗོད་པའི་སྒྲ་དང་གཟུགས་ཞེས་འཛིན་པའི་རྟོག་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ལ་དེ་དང་དེའོ་ཞེས་བརྗོད་པ་དང་བཟུང་བས་མིང་བརྡའི་ཡུལ་དུ་གྲགས་པའི་རྒྱུ་མཙན་གྱིས་དེ་ལྟར་ཟེར་བའི་ཕྱིར།
བདེན་འཛིན་ལ་ཀུན་རྫོབ་ཅེས་པ་དེ་ཁོ་ཉིད་ལ་སྒྲིབ་བྱེད་ཡིན་པའི་དོན་དང་། སྟོང་ཉིད་ལ་ཀུན་རྫོབ་ཏུ་ཡོད་ཅེས་བ་ཕན་ཚུན་བརྟེན་པར་ཡོད་པའི་དོན་དང་། བུམ་པ་ཀུན་རྫོབ་ཏུ་ཡོད་ཅེས་བ་འཇིག་རྟེན་གྱི་ཐ་སྙད་སྒྲ་རྟོག་གི་ཡུལ་དུ་ཡོད་པའི་དོན་ཡིན་པས་ཞིབ་པར་ཕྱེད་ན་སྟོང་ཉིད་ཀུན་རྫོབ་ཏུ་ཡོད་ཀྱང་ཀུན་རྫོབ་བདེན་པ་མ་ཡིན་པ་སོགས་བདེན་གཉིས་ཤེས་བྱའི་གནས་གནས་ཚུལ་ལ་རྗེའི་དགོངས་པ་རབ་གསལ་ལ་ཞིབ་ཏུ་གཟིགས་དང་ཤེས་བར་འགྱུར་རོ།།
སྟག་ར།
རྒྱལ་བ་ཤཀྱཱ་ཐུབ་པ་རང་གིས་རང་ལ་སྐྱབས་སུ་མི་འགྲོ་བ་རྟགས་མ་གྲུབ། བདག་ཉིད་བདག་གི་མགོན་ཡིན་གྱིས། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར་ཞེས་གསུང་མཁན་སངས་རྒྱས་ཁོ་རང་ཡིན་པའི་ཕྱིར།
འདིར་བོན་དུ་རློམ་པ་རྣམས་ཀྱིས་བན་ཆོས་བཤད་པ་དང་། ཡང་བན་དུ་རློམ་པ་རྣམས་ཀྱིས་བོན་ཆོས་བཤད་པ་དེ་ཚོ་དགེ་མཚན་མེད་པར་མ་ཟད། སྐྱོན་ཆེན་པོ་འདུག དེ་ལས་བོན་པོ་རྣམས་ཀྱིས་བོན་ཆོས་བཤད་པ་དང་བོན་ཆོས་ཉམས་སུ་བླངས། བན་དེ་རྣམས་ཀྱིས་བན་ཆོས་བཤད་པ་དང་བན་ཆོས་ཉམས་སུ་བླངས་ན་རང་གཞན་རོགས་གསུམ་རང་རང་གི་ལམ་ཁ་མ་ནོར་བར་སླེབས་ས་དེར་སླེབས་ཀྱི་རེད་བསམ། དེ་མ་གཏོགས་བོན་ཆོས་ལ་རྟེན་ནས་རྒྱལ་བ་ཤྰཀྱ་ཐུབ་པའི་ཞལ་གཟིགས་དང་། བན་ཆོས་ལ་རྟེན་ནས་སྟོན་པ་གཤེན་རབ་མི་བོའི་ཞལ་གཟིགས་འབྱུང་མི་སྲིད་པ་ཞིག་ཡིན་རྒྱུ་རེད་བསམ། སྐྱེས་ཆེན་དམ་པ་མང་པོས་གྲུབ་མཐའ་ཕར་བསྲེས་ཚུར་བསྲེས་བྱེད་མི་རུང་གསུངས་པ་ཡང་འདི་ལྟར་ལམ་ཁ་གཞན་དག་ཞིག་ལ་རྟེན་ནས་སོང་ན། སླེབས་ས་གཞན་དག་ཞིག་ལ་སླེབས་འགྲོ་བས་རང་རང་གི་དམིགས་ཡུལ་དེ་བརླགས་འགྲོ་བ་ལོས་ཡིན།
ང་ཚོའི་སྟོན་པ་ལ་ཁྱད་པར་གང་ཡང་མེད། སྐྱེ་ས་ལིམྦི་ནི་རེད། ཤི་ས་རྩྭ་མཆོག་གྲོང་རེད། ཆོས་ཐོག་མར་གསུངས་ས་ཝ་ར་ཎ་སི་རེད། ཁྱད་པར་གང་ཡང་མེད། མིང་ལ་སིདྷརྠ་ཟེར་བ་རེད། ཆེ་བསྟོད་ཀྱི་མཚན་གནས་ལ་སངས་རྒྱས་ཟེར་བ་རེད། ཕ་ཡི་མིང་ལ་ཤུདྡྷོ་དྷ་ན་ཟེར། མ་ཡི་མིང་ལ་མ་ཡ་དྷེ་ཝི་ཟེར། དེ་ཚོ་ཚང་མ་བཤད་སྟངས་གཅིག་ལས་མེད། མི་གཅིག་རང་རེད།
མིག་བརྒྱད་པ་ལགས་སུ་ཞུ་སྙིང། ཁྱེད་ནས་སེམས་ཀློང་མན་ངག་སྡེ་ཡི་སྐོར་རོབ་ཙམ་བཤུས་ཁུལ་བྱས་འདུག་ཀྱང། རྒྱལ་བ་ཀློང་ཆེན་པས་བཞེད་པ་ལྟར་ན་སེམས་ཀློང་མན་ངག་སྡེ་ཡི་ཁྱད་པར་ནི་འདི་ལྟར་ཏེ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་བྲལ་ལ་མན་ངག་གོ ཞེས་བསླུ་མེད་ལུང་གིས་བསྔགས་པ་ལྟར། སེམས་ཀྱི་སྡེ་ཞེས་པ་འདི་ནི། ངོ་བོ་སྣ་ཚོགས་སུ་སེམས་ཉིད་གཅིག་གིས་རོལ་པ་ལས་མ་འདས་པར་འདོད་དེ་མེ་ལོང་གི་ངོས་གཅིག་ལ་དཀར་དམར་སྣ་ཚོགས་སུ་ཤར་བ་བཞིན་ནོ། ཞེས་གསུངས། མདོར་ན་ལྷུན་གྲུབ་ཀྱི་སྣང་ཆ་གཙོ་བོར་སྟོན་པའི་སྡེ་ཞིག་ལ་གོ་དགོས་སོ། དེའི་དགོས་པ་ནི། ཕྱི་ནང་གི་ཆོས་རྣམས་དོན་གཞན་ནམ། དཀྱིལ་འཁོར་ལ་སོགས་པ་མཐའ་གཅིག་ཏུ་ཞེན་པ་རྣམས་ལ་གཉིས་འཛིན་རང་རྒྱུད་པ་སྤང་བའི་ཕྱིར། ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི་རོལ་པ་སྟེ། མ་དག་པ་སྣོད་བཅུད་དང་བཅས་པ་སེམས་ཀྱི་འཁྲུལ་སྣང། དག་པ་མྱང་འདས་ཀྱི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་དང་རོལ་པར་བསྟན་པས་གཉིས་མེད་མཐའ་བྲལ་ཆེན་པོར་དབྱིངས་སུ་སྡུད་པའི་དགོས་པ་ཡོད་དོ། ཀློང་གི་སྡེ་ཞེས་པ་ནི། རང་འབྱུང་ཡེ་ཤེས་དང་དེའི་ངང་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆེན་པོ་སྟེ། ཡོད་སྣ་ཚོགས་སུ་རང་ཤར་ཡང། མེད་འབྲས་བུ་ཡེ་དག་ཏུ་གྲོལ་བས། སེམས་དང་སེམས་གི་རོལ་པ་ཙམ་ཡང་བཞག་ཏུ་མེད་དོ། ཡེ་ཤེས་ཀྱི་སྣང་ཆ་ཐམས་ཅད་འཆར་ཙམ་ཉིད་ནས་རང་སྟོང་དང་རང་གྲོལ་ཡེ་སྟོང་ཁོ་ནའོ། དེའི་དགོས་པ་ནི། དེ་ནས་དེ་ལའང་སྟོང་ངོས་ཀ་དག་གི་ཆ་ནས་དེ་ལའང་ཞེན་པ་གྲོལ་བར་བྱེད་པའི་ཆོས་ཐམས་ཡོད་མ་མྱོང་མེད་མ་མྱོང་ཡེ་གྲོལ་ཡེ་རྫོགས་ཆེན་པོ། ཕྱམ་བརྡལ་བས་གཉེན་པོར་ཞེན་པའང་གྲོལ་ཏེ། དབྱིངས་དག་མཉམ་ཀ་དག་ཆེན་པོ་ལ་འཇུག་པའི་དགོས་པ་ཡོད་དོ། མན་ངན་གི་སྡེ་ཞེས་པ་ནི། སེམས་ཀློང་གཉིས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། སེམས་སྡེ་སེམས་ཡིན་པ་ལ་ལ་ལས་ཡིད་དཔྱོད་འཛིན་ལ། ཀློང་སྡེ་ཆོས་ཉིད་ལ་འཛིན་པས་ཡིད་དཔྱོད་དུ་སོང་བ་ལས། མན་ངག་གི་སྡེ་ནི་གནས་ལུགས་རང་གསལ་དུ་བྱེད་པས་འཕགས་སོ། དེའི་དགོས་པ་ནི། གཉེན་པོ་བླང་བྱ་ཆོས་ཉིད་མཐའ་གྲོལ་སྟོང་པར་ཞེན་པའི་ཕྱོགས་ཀྱང་གཞོམ་པ་དང། ལྷུན་གྲུབ་རང་གསལ་ཆེན་པོ་དག་པའི་དབྱིངས་ལ་ཇི་ལྟར་གནས་པ་ཐད་དྲང་དུ་སྟོན་པ་མན་ངག་གི་སྡེ་གསུངས་པས། མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་མཐོང་ནས་ཚེ་འདི་ཉིད་ལ་གྲོལ་བའི་དགོས་པ་ཡོད་དོ། ཞེས་པའི་ ཚུལ་འདི་དག་ནི་སྔ་འགྱུར་བསྟན་པའི་སྲོལ་འཛིན་ཆེན་པོ་རྒྱལ་བ་ཀློང་ཆེན་ཞབས་ཀྱི་དགོངས་བཞེད་འཁྲུལ་མེད་དུ་མཐོང་མོད། འོན་ཀྱང་སྐུ་ཉིད་ཀྱིས་བཞག་སྟངས་དེ་སྔ་འགྱུར་རྙིང་མའི་བསྟན་འཛིན་རྣམས་ཀྱི་སྤྱི་རྗེ་ཆེན་པོའི་དགོངས་བཞེད་དང་རྒྱབ་འགལ་སོང་འདུག་པས། ཁྱེད་ཀྱིས་རྫོགས་ཆེན་སྡེ་གསུམ་གྱི་ཁྱད་པར་བཞག་སྟངས་དེ་སྔ་འགྱུར་རྙིང་མའི་མཁས་གྲུབ་གང་གིས་བཞེད་པ་ཡིན། མཚན་དང་གཞུང་སྨོས་ཤིག ཡང་ན་རྒྱལ་བ་ཀློང་ཆེན་པའི་རིང་ལུགས་ལས་ཕྱི་རོལ་དུ་གྱུར་པའི་ཁ་གཅིག་གི་འདོད་གཞུང་བཀོད་པ་ཡིན་ནམ། དེ་ལྟར་ཡིན་ན་གདོང་དཀར་ནག་གི་དྲིས་ལན་ལ། གཤང་ལམ་ཁྲ་སྦོམ་གྱི་ལན་དང་མཚུངས་པ་མ་ཡིན་ནམ། མིག་བརྒྱད་པ་ལགས། ཧ་ཧ་
ཧ་ཧ། སྤོབས་མཐའ། ཤཀྱྭ་ཐུབ་པ་ཆོས་ཅན། ཁྱོད་ཁྱོད་ལ་སྐྱབས་སུ་མི་འགྲོ་བར་ཐལ། ཁྱོད་ཁྱོད་ལ་སྐྱབས་སུ་འགྲོ་བའི་དགོས་པ་མེད་པའི་ཕྱིར། དེར་ཐལ། སྐྱབས་བྱའི་འཇིགས་པ་མེད་པའི་ཕྱིར། མ་གྲུབ་ན། ཤཀྱ་ཐུབ་པ་ཆོས་ཅན། སངས་རྒྱས་མ་ཡིན་པར་ཐལ། ཁྱོད་སྐྱབས་བཅོལ་བ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྐྱབས་སུ་འགྲོ་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། སྐྱབས་འགྲོ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཡང་གསེར་ཐུབ་དང་འོད་སྲུང་འཁོར་འཇིག་གསུམ་རེ་རེ་ནས་བོན་ཅན། ནང་པ་སངས་རྒྱས་པ་མ་ཡིན་པར་ཐལ། ཤཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་བའི་གང་ཟག་མ་ཡིན་པའི་ཕྱིར།
བདེར་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་ལས། སྣང་སྟོང་ཟུང་འཇུག་གི་དབྱིངས་ཕྱོགས་མ་གོ་བ་དག་རྣམ་གྲངས་པའི་དོན་དམ་མེད་དགག་ཙམ་ལ་རིགས་དང་ཆོས་དབྱིངས་དང་སྟོང་ཉིད་དུ་བཟུང་ནས་ཡོན་ཏན་ཡེ་ལྡན་དུ་སྨྲ་བའི་གཞུང་ལ་འགལ་སྒྲུབ་པ་ནི་ཤིན་ཏུ་མི་རུང་སྟེ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་འདོད་མ་ཡིན་རྙེད་པ་དོན་གཉེར་བ། བསྡམས་པ་མིན་དག་བྱང་ཆུབ་སློབ་བོ་ཞེས། སྨྲ་འགྱུར་ཁ་གཅིག་ཕྱི་མའི་དུས་འབྱུང་སྟེ། སྨྲ་ལ་དགའ་ཞིང་ཐམས་ཅད་སྟོང་ཞིང་སྨྲ། ཞེས་དང། ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ཏེ། མཁས་པ་དབུས་ལ་གནས་ལ་ཡོངས་མི་བྱེད། ཅེས་དང། རིགས་པས་བརྟགས་ན་ཡང་བདེན་གྲུབ་བཅད་ཙམ་གྱི་མེད་དགག་གི་ལྡོག་ཆ་དེ་དགག་བྱ་བཅད་པ་འཛིན་པའི་རྟོག་བཅས་ཀྱིས་བཏགས་པ་ཙམ་ལས་གནས་ལུགས་སྒྲོ་འདོགས་དང་བྲལ་བའི་ཕྱོགས་སུ་མ་ཕྱིན་པར་གཏིང་རྙེད་སླ་བའི་ཕྱིར་འདིར་མང་དུ་བརྗོད་མི་དགོས་སོ། བདེན་སྟོང་མེད་དགག་གི་ཆ་ཙམ་ཆོས་དབྱིངས་དང་གནས་ལུགས་མཚན་ཉིད་པ་མིན་ཀྱང། ལས་དང་པོ་བས་དེ་ལ་འཇུག་པའི་སྒོ་ཙམ་དུ་ཡིད་ལ་བྱ་བར་འོས་པ་ཡིན་། ཞེས་ཀྱང་གསུངས་སོ།
སྟག་ར་ལགས། བོན་པོ་རྣམས་ཀྱིས་རྙིང་མའི་ཐེག་པ་རིམ་དགུ་ནས་དཔེ་བཤུས་ཏེ་རྩོམ་དུ་བསྡེབས་པ་ཅི་རིགས་གདའ་བས། ཁྱོད་ཀྱིས་ཀྱང་ཉ་དང་ཉུང་མ་བསྲེས་བའི་ལུགས་མང་པོ་དྲངས་ནས་ཡོང་དུས་རྒྱལ་བ་ཀློང་ཆེན་པའི་གསུང་ཡིན་མདོག་མདོག རང་ལུགས་གཏད་སོ་མེད་པར་ཡར་བཤད་དུས་མར་བཤད། འོ་ན་ངས་ཁྱོད་ལ་དྲི་བ་ཞིག་འདྲི། རྒྱལ་བ་ཀློང་ཆེན་པ་སྤྱི་ལོ་ནམ་ཞིག་ལ་འཁྲུངས་བ་དང་། ཁོང་གི་ཡབ་ཡུམ་གྱི་མཚན་དང་། རིགས་རུས། འཁྲུངས་ཡུལ། གནས་གང་དུ་སློབ་གཉེར་མཛད་ཚུལ་འདི་ཙམ་ཞིག་འབྲི་ཐུབ་ན་ཡག་བྱུང་།
ང་ཚོས་དེང་དུས་ལྷ་སྒྲུང་རྣམས་བཤད་ཀྱང་གནས་དུས་སྟོན་འཁོར་ཆོས་ཀྱི་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས་རྣམ་གྲངས་བཤད་རྒྱུ་དང་སྟོན་རྒྱུ་ཡོད། བོན་ལ་དེ་ལས་ལྡོག་སྟེ་གནས་དུས་ཙམ་ཡང་བསྟན་རྒྱུ་མེད་པར་མ་ཟད། ཉག་ཆད་བུ་ལོང་གི་གཏེར་མ་ཡིན་རབས་ལས། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་གཏན་ནས་གསལ་བཤད་རྒྱག་རྒྱུ་མི་འདུག དེས་ན་དེང་དུས་བོན་ནག་ཆོས་ཅན། །རྫུན་ཆོས་ཡིན་པར་ཐལ། ཤམ་ཐབས་སྔོན་པོ་ཅན་གྱིས་ནང་ཆོས་ལས་དཔེ་རྐུས་བྱས་པའི་ཕྱིར། ། སྒྲོ་བཏགས་ཀྱི་གཤིན་རབ་ཀྱི་ལོ་རྒྱུས་བཞིན་ནོ། །
ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། ལུགས་གཉིས་པ་འདི་ནི། རྗེ་ཙོང་ཁ་པ་སྔར་ཡོངས་འཛིན་དམ་པ་ལ་བརྟེན་ནས་གསུང་རབ་ཀྱི་དོན་ལ་སྦྱངས་པ་བྱས་པའི་དུས་སུ་མ་བྱུང་ལ། དུས་ཕྱིས་བླ་མ་དབུ་མ་པས། མདོ་ཁམས་ནས་གདན་དྲངས་པའི་འཇམ་དབྱངས་དང་མཇལ་ཕྱིན་ཆད་དབུ་མའི་གནད་ལ་ཡང་ཐུན་མོངས་མ་ཡིན་པའི་དམ་བཅའ་འདི་ཙམ་དང། གསང་སྔགས་རྡོ་རྗེ་ཐེག་པའི་གནད་ལ་ཡང། ཐུན་མོང་མ་ཡིན་པའི་གྲུབ་མཐའ་མང་པོ་བཅས་པ་ཡིན་ལ། དེ་དག་རང་ཉིད་ཀྱིས་ཀྱང་སྔོན་གྱི་མཁས་པ་སུས་ཀྱང་མ་ཐོན་པའི་གྲུབ་མཐའ་ཡིན་པར་སྒྲོགས་ཤིང། གཞན་གྱིས་ཀྱང་དེ་ལྟར་ཡིན་པར་མཐོང་ངོ། འོན་ཀྱང་ཡི་དམ་གྱི་ལྷས་བསྟན་པའི་གྲུབ་མཐའ་དེ་མདོ་རྒྱུད་ཀྱི་གནད་དང་མཐུན་ན་ཡི་དམ་གྱི་ལྷ་མཚན་ཉིད་པས་བསྟན་པ་ཡིན་པས་གང་ཟག་དེ་གང་དུ་བཞུགས་པའི་ས་ཕྱོགས་ཀྱང་མཆོད་པར་འོས་ཤིང་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱང་སྒྲུབ་ཐག་ཉེ་བ་ཡིན་ལ། མདོ་རྒྱུད་ཀྱི་གནད་དང་མི་མཐུན་ན་ཐབས་ལ་བསླུ་བའི་བདུད་ཡི་དམ་གྱི་གཟུགས་སུ་བརྫུས་ནས་ཆོས་ལོག་སྟོན་པར་གསུངས་ཏེ། ཇི་སྐད་དུ་མདོ་ལས། འདི་སྐད་སྨྲ་སྟེ། འདི་ནི་ཁྱོད་ཀྱི་ཕ་མ་དང། ཁྱོད་ཀྱི་བདུན་མེས་རྒྱུད་ཀྱི་བར་གྱི་མིང་ཡིན་ཞིང། གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། སྦྱངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་འགྱུར་ལ། ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ། ཞེས་བརྗོད་དེ། དེ་སྐད་གང་ཐོས་རློམས་སེམས་བྱང་ཆུབ་སེམས་དཔའ་ནི། བདུད་ཀྱིས་ཡོངས་སུ་བསླུས་ཤིང་བློ་ཆུང་རིག་པར་བྱ། ཞེས་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་ལས་མང་དུ་གསུངས་པས་དཔྱད་དགོས་སོ། ཞེས་གསུངས་སོ།
ཡང་མིག་བརྒྱད་པས། སྟོང་ཉིད་ཀུན་རྫོབ་ཏུ་ཡོད་ཀྱང་ཀུན་རྫོབ་བདེན་པ་མ་ཡིན་པ་སོགས་བདེན་གཉིས་ཤེས་བྱའི་གནས་ཚུལ་ལ་རྗེའི་དགོངས་པ་རབ་གསལ་ལ་ཞིབ་ཏུ་གཟིགས་དང་ཤེས་བར་འགྱུར་རོ།།ཞེས་བཤད་འདུག་མོད། ད་ལྟའི་ཁས་བླངས་འདི་ཅུང་ཙམ་རྣམ་པ་འགྱུར་བའི་བཟོ་འདྲ་བོ་མཐོང་གི་འདུག དེ་སྔོན་གཞི་གྲུབ་ན་ཀུན་རྫོབ་ཡིན་པའི་ཁྱབ་པ་ཁས་བླངས་བ་ཡིན་ལ། ད་ལྟ་ཀུན་རྫོབ་ཏུ་ཡོད་པའི་དམ་བཅའ་གསར་པ་ཞིག་མཛད་ཀྱི་འདུག་མོད། གང་ལྟར་བརྒྱ་བཤད་སྟོང་བཤད་ཅི་ཙམ་བྱེད་ཀྱང། ཀུན་རྫོབ་ཅེས་པ་འདི་ཀུན་ནི་སྣང་བ་ཇི་སྙེད་པ་ལ་གོ་བ་ཡིན་ལ། རྫོབ་ནི་མི་བདེན་ཞིང་བསླུ་བ་ཅན་ནམ་རྫུན་པ་གོ་བ་ཡིན་པས། དེ་ལྟར་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཅན། རྫུན་པ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། དེ་ལྟར་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཅན། ཤེས་བྱའི་གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ། བསླུ་བ་ཅན་ཡིན་པའི་ཕྱིར་རོ། ཡ་མིག་བརྒྱད་པ་ལགས། ད་ སྟོང་ཉིད་ཀུན་རྫོབ་ཏུ་ཡོད་པར་འདོད་ཀྱང། ཀུན་རྫོབ་ཡིན་པར་ཞལ་གྱི་བཞེས་རྒྱུ་མིན་ནམ། འདོད་ཐོག་ན། རྩ་བའི་དམ་བཅའ་འབུད་དོ།
སྟག་ར་ལགས། བརྒྱད་སྟོང་བ་ལས། འདི་ནི་བདེན་གྱི་གཞན་ནི་གཏི་མིག་གོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མཐའ་ལ་བརྟེན་པའོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས།།ཞུས་ན་རྒྱལ་བ་མི་གསུངས་བཞུགས།།ཞེས་པ་ལྟར་མུ་སྟེགས་པས་དྲི་བ་ལ་རྒྱལ་བས་ལན་མ་གསུངས་བ་ནི་འདི་ལྟ་བུའི་ཀུན་སློང་ངན་པས་དྲི་བ་ཡིན་པར་མཁྱེན་བཞིན་དུ་མ་གསུངས་པ་རེད། རྗེ་རིན་པོ་ཆེའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ནི་ཉི་ཤར་སྦར་མོས་མི་ཐེབས་པར་གྱུར་བ་ན་ཕྲག་དོག་གི་སྨྱོས་བའི་མཁས་མིང་འཛིན་པ་འགའ་རེས་ཉི་མའི་དཀྱིལ་འཁོར་ལ་སྲིན་བུ་མེ་ཁྱེར་གྱིས་ཅོ་འདྲི་བ་རང་ཡིན་པ་ལས་གཞན་གང་ཡང་མ་རེད།
http://www.sangdhor.com/blog_c.asp?id=4366&a=renbang
རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཅན། རྫུན་པ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར་ན། མ་ཁྱབ། ཀུན་རྫོབ་ཏུ་ཡོད་ན་ཀུན་རྫོབ་ཡིན་པས་ཁྱབ། ཀུན་རྫོན་བདེན་པ་ཡིན་པས་མ་ཁྱབ། དོན་དམ་དུ་ཡོད་ན་དོན་དམ་ཡིན་པས་མ་ཁྱབ།
སྣང་ཚུལ་དང་གནས་ཚུལ་མཐུན་པ་ལ་བདེན་པ་དང་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ལ་རྫུན་པ་ཟེར། འོ་ན། སངས་རྒྱས་ཀྱི་གསུང་རབ་ཆོས་ཅན། རྫུན་པ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། འདོད་ན། རྫུན་པ་མ་ཡིན་པར་ཐལ། བདེན་པ་ཡིན་པའི་ཕྱིར། དེར་ཐལ། མི་བསླུ་བ་ཡིན་པའི་ཕྱིར།
གོང་དུ་མཆན་ཨང་(༤༥)པའི་ནང་ལ་མིག་བརྒྱད་པས་༼འདི་ནི་བོདསྤྱི་ཡི་རྒྱལ་རབས་ཤུལ་མེད་དུ་བཏང་བའི་བོན་ནག་གི་བྱ་སྤྱོད་རང་རེད། བོན་ནག་རྣམས་ཀྱིས་རྒྱལ་པོ་ཁྲི་སྲོང་གི་སྐུ་སྲོག་བགྲོང་བར་ཆས་བས་མཐར་བོན་ནག་རྣམས་མཐར་སྤྱུགས་པའི་ལོ་རྒྱུས་ཡོད་པ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཚར་ཡོད་པ་དང་། མ་ཟད་རྒྱལ་པོ་གླང་དར་གྱིས་བོན་བློན་གྱི་ཁ་ལ་རྒྱུགས་ནས་མངའ་བདག་ཁྲི་རལ་ཅན་བགྲོངས་ནས་བོད་སྤྱི་ལ་དབང་བའི་རྒྱལ་རྒྱུད་ཆད། ད་བོན་ནག་གི་རྗེས་སུ་མ་འབྲངས་ན་ཡག་གི་རེད། ངས་འབོད་སྐུལ་ཞུ་བ་ཡིན། འདི་ལྟར་བསམ་ངན་སྦྱོར་རྩུབ་བསྟར་ན་རང་བསྟན་རང་གིས་བཤིག་པ་མ་གཏོགས། བོན་དཀར་ཚང་གི་མཚན་ཤས་རེད། བོན་ནག་རྣམས་ལ་ཅི་ཆ།༽ཞེས་པའི་ཚིག་འདི་ལ་བསམ་ན་ཁྱོད་མིག་བརྒྱད་པའི་ཨ་རུ་ར་ཡིས་རང་རྟགས་འདི་ཡིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྨྲ་བ་ཚོ་ལ་བཞད་གད་གནམ་སར་གང་བ་ཞིག་བསླངས་འདུག་མ་ཟད་། ད་དུང་ ཁྱེད་བན་ནག་ཚང་གིས་བསམ་ངན་སྦྱོར་རྩུབ་ཀྱིས་རང་བསྟན་རང་གིས་བཤིག་ཚུལ་གནའ་ནས་ད་བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལས་གསལ་གསལ་རྗེན་རྗེན་དུ་ཡོད་ན་ཡང་། ངེད་བོན་འབངས་རྣམས་ཀྱིས་ཕྱོགས་མང་པོ་ཞིག་ལ་མནོ་བསམ་བཏང་ནས་དུས་འདི་ལ་ཐུག་གི་བར་དུ་སྨྲ་ལྕེ་གསང་བའི་རྒྱར་བཏབས་ཡོད་མོད་ཀྱང་། དེ་རིང་འདི་ལྟར་སྨྲོས་ཤིག་ཅེས་པ་ལྟ་བུའི་དྲན་སྐུལ་ནན་མོ་ཞིག་གནང་འདུག་པས་ད་ལན་རྔ་ལ་དཔག་པའི་འཆམ་ཞིག་མ་འཁྲབ་རང་འཁྲབ་ཏུ་གྱུར་བས་བསྟན་གཉིས་དག་སྣང་ནོར་བུས་འོད་ཀྱིས་གདམས་པའི་གུ་ཡངས་རྣམ་དཔྱོད་ཀྱི་ཐུགས་བློ་མངའ་བ་དག་གིས་རེ་ཞིག་དགོངས་འཁྲོལ་མངའ་བར་མཁྱེན་ཞུ་རྒྱུ་དང་ཆབས་གཅིག་ཏུ་མིག་བརྒྱད་པ་ལ་ངས་འདི་ལྟར་སྨྲ་ནས་འདོད།།
དེ་རིང་ཁྱོད་ཀྱིས་བསམ་ཡས་ཀྱི་མཁན་ཐོགས་དགུ་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་རང་ཉིད་ཤག་ཐུབ་ཀྱི་རྗེས་འཛིན་དགེ་སློང་ཞིག་ཏུ་ཁས་འཆེ་བཞིན་དུ་གཞན་ནོད་གཞིར་བཅས་སྤང་བའི་ཚུལ་ཁྲིམས་བསླབ་པ་མཆིལ་མའི་ཐལ་བ་བཞིན་དུ་གཡུགས་ཏེ་ལྷ་སྲས་འུ་དུམ་བཙན་པོའི་སྐུ་སྲོག་མི་མངོན་དབྱིངས་སུ་རྒྱས་གདབ་པ་དེས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཤུལ་མེད་དུ་བཏང་ཞིང་བོད་ཁམས་སིལ་བུར་གཏོར་བ་དངོས་ཡོད་གནས་ཚུལ་ཡིན་པས་དེ་དག་ངེད་ཅག་ལ་དྲན་གསོ་བྱས་པ་ཡིན་ནམ། ཡང་ན་བོད་བཙན་པོའི་རྒྱལ་རབས་ལ་བཞི་ཤད་འཐེན་པའི་ལྷ་ལུང་དཔལ་རྡོར་ལ་བོན་ནག་ཞེས་འབོད་རྒྱུ་ཡིན། འོ་རེད་མ་གཞི་ནས་ཁྱེད་ཚོས་ག་དུས་ཡིན་ན་བོན་ནག་བོན་ནག་ཅེས་ཚིག་འདི་བེད་སྤྱོད་མང་དུ་བཏང་བཞིན་འདུག་པས་དེ་ཧ་ལམ་བོན་དང་མི་མཐུན་པའི་ནག་པོའི་སྤྱོད་པ་སྤྱོད་མཁན་ཞིག་ལ་བོན་ཞེས་འབོད་ཀྱི་ཡོད་ས་རེད་དེ་མིན་ངེད་བོན་པོ་ཚང་གི་མདོ་སྔགས་སེམས་གསུམ་དང་ལོ་རྒྱུས་ཡིག་ཆ་གང་ལས་ཀྱང་ཚིག་འདི་ལྟ་བུ་ཞིག་ཡོད་ཚོད་མི་འདུག གལ་སྲིད་དེ་ལྟར་བཞག་ལྷ་ལུང་དཔལ་རྡོར་བོན་ནག་ཡིན་པར་ར་སྤྲོད་གསལ་པོ་ཐུབ་སྙམ།
ཡང་ཉོན་དང་ཁྱོད་རང་གནས་ལུགས་བསམ་ནས་སྐད་ཆ་ཤོད་དགོས་པ་ལས་དེ་མིན་ཧམ་པ་རི་ཙམ་དང་བདེན་པ་གཡག་ཙམ་བྱས་ན་ཕན་ཐོགས་གང་ཡང་མེད་པ་ཁོ་ཐག་རེད། དཔེར་ན་གོང་དུ་ཁྱོད་ཀྱིས་༼རྒྱལ་པོ་གླང་དར་གྱིས་བོན་བློན་གྱི་ཁ་ལ་རྒྱུགས་ནས་མངའ་བདག་ཁྲི་རལ་ཅན་བགྲོངས་ནས་བོད་སྤྱི་ལ་དབང་བའི་རྒྱལ་རྒྱུད་ཆད་༽ཞེས་པ་འདི་ཅི་འདྲའི་བསམ་བློ་རྣལ་དུ་མ་ཕབས་པའི་སྐད་ཆ་ཞིག་མ་ཡིན་ནམ། གལ་སྲིད་དར་མས་ཁྲི་རལ་བསད་ནས་བོད་སྤྱི་ཡི་རྒྱལ་རྒྱུད་ཆད་པ་བདེན་པའི་དབང་དུ་བཏང་ཡང་། ལྷ་སྲས་དར་མ་བོད་སྤྱི་ལ་དབང་བའི་རྒྱལ་པོར་ཁས་ལེན་གྱི་མིན་ནམ། ཡང་ན་དར་མ་ཁྲི་རལ་གྱི་རྗེསུ་སུ་བྱུང་བའི་བོད་སྤྱི་རྒྱལ་རྒྱུད་མ་ཡིན་པར་འདོད་རྒྱུ་ཡིན་ལེགས་པར་སོམས་དང་། སྨྲ་བསམ་ན་རང་ཚིག་ནང་འགལ་གྱི་ཕུང་ཚོགས་དོར་ནས་གནས་ལུགས་དང་མཐུན་ཞིང་ལུང་རིག་དང་འབྲེལ་བའི་ཞིབ་མོ་རྣམ་འཐག་གི་བགྲོ་བྱ་རོགས།
མུ་འགོད་བྱ་རྒྱུ་ཡིན།
དོན་དམ་ཞེས་པ་ལ་དོན་དང་དམ་པ་གཉིས་ཀ་སྟོང་ཉིད་ལ་བྱེད་པ་དང་། དོན་སྟོང་ཉིད་དང་དམ་པ་སྟོང་ཉིད་རྟོགས་པའི་བློ་ལ་བྱེད་པ་དང་། དོན་དང་དམ་པ་གཉིས་ཀ་སྟོང་ཉིད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ཟག་བཅས་ལ་བྱེད་ཚུལ་གསུམ་ཡོད་པ་ཡིན། སྟོང་ཉིད་ཆོས་ཅན། ཀུན་རྫོབ་ཡིན་ཏེ། ཀུན་རྫོབ་ཀྱི་སྤྲོས་བ་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ལ་དམིགས་པའི་བདེན་འཛིན་ཡོད་པའི་ཕྱིར།
དགོངས་དག་བགྲོ་གླེང་ཞེས་བཅོས་རོགས།
སྨན་མོ་མཚོ། སྟག་མཆོང་སར་ཝ་མོ་མཆོང་ན་རྐེད་པ་ཆག་རྒྱུ་རེད། དཔེ་ཆ་མང་པོ་ལྟ་ཁོམ་མེད་ན་བོད་རྒྱ་ཚིག་མཛོད་ནང་དུ་བོན་པོ་ཞེས་པའི་མིང་གཅིག་བུའི་འགྲེལ་བཤད་ལ་བལྟོས་དང་ཧ་གོ་ངེས་རེད། བཀའ་ཐང་རྒྱས་འབྲིང་བསྡུས་གསུམ་རིམ་པ་བཞིན་དུ་ཀློགས་དང་བོན་ནག་རྣམས་ཀྱིས་ཇུས་ངན་ག་ཚོད་ཅིག་བཤམས་འདུག མ་གཞི་ནས་ཆོས་རྒྱལ་བཀའ་དྲིན་ཅན་དག་གིས་བོད་ལ་ནང་ཆོས་དར་སྤེལ་མཛད་པ་ལ་བོན་ནག་རྣམས་ཀྱིས་ཕྲག་དོག་གིས་མ་བཟོད་ནས་གླང་དར་ལ་ངན་སྐུལ་བྱས་ནས་མངའ་བདག་ཁྲི་རལ་བ་ཅན་བགྲོངས་བ་ཁྱེད་ཚོས་གཟི་བརྗིད་དམ་ཡོན་ཏན་དུ་སྒོམས་ཤིག། མགོ་རྭ་ཅན་གྱི་གླང་དར་བགྲོངས་དགོས་བྱུང་བ་དང་རྒྱལ་རྒྱུད་ཆད་པའི་རྐྱེན་རྩ་བོན་ནག་གིས་ནང་དཀྲུགས་བྱས་པའི་ཉེར་ལེན་ལ་ཐུག་ཡོད་པ་མ་རེད་དམ། བསམ་བློ་རྣལ་དུ་ཕོབས། ལོ་རྒྱུས་ནི་ལོ་རྒྱུས་རང་རེད། དེ་ལ་སུས་ཀྱང་བསྒྱུར་བཅོས་གཏོང་ཐབས་ཡོད་པ་མ་རེད། བོན་དཀར་པོ་སེམས་པ་དགེ་བ་ཅན་དག་གིས་རྗེས་སུ་འབྲངས་ན་ཡི་རངས་ཡོད། །
སྨན་མོ་མཚོ་ལགས། ཁྱོད་ཀྱི་སྐད་ཆ།༼བདེན་པ་གཡག་ཙམ་བྱས་ན་ཕན་ཐོགས་གང་ཡང་མེད་པ་ཁོ་ཐག་རེད༽འདིའི་དོན་དག་ཧ་གོ་མ་སོང་། ད་བལྟས་ནས་སོང་ན་སྐྱག་རྫུན་རྐྱང་རྐྱང་བཤད་དགོས་པ་འདྲ།
བན་ནག་ཟེར་བའི་ཐ་སྙད་འདི་དེ་རིང་མ་གཏོགས་ལོ་རྒྱུས་ནང་མཐོང་མ་མྱོང་།
བན་ཆོས་ཆོས་ཅན། རྫུན་ཡིན་པར་ཐལ། བོན་ལས་རྐུས་པའི་ཕྱིར། ཁྱབ་སྟེ་བུ་ལས་ཕ་སྔ་བའི་ཕྱིར། རྟགས་བསལ་ལ་ལན་མེད་དོ། ། འཁོར་གསུམ། ཚ་ཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚཚ
སྟག་ར། ཤཀྱ་ཐུབ་པ་རང་གིས་རང་ལ་སྐྱབས་སུ་སོང་བར་དགོས་པ་མེད་པ་རྟགས་མ་གྲུབ། ལྷག་མེད་མྱང་འདས་བསྒྲུབ་དགོས་པའི་ཕྱིར།
བོན། བོན་པོ་ཕ་ཡིན་པ་རྟགས་མ་གྲུབ། དུས་རབས་བཅུ་པའི་ཡན་ལ་ཡོད་པའི་ཁུངས་སྐྱེལ་མེད་པའི་ཕྱིར།
ཡང་འདིར་བོན་ནག་ཡིན་ན་གཅིག་ཟེར་གླེང་གི་འདུག་བ། མ་འངོས་པར་བོན་ནག་ཟེར་བ་དེ་ལ་ངེས་པར་དུ་རྒྱལ་ཁ་ཐོབ་ཀྱི་རེད་ད། དེ་ལས་ད་ལྟ་ཞེ་དྲག་མ་ལབ་ན་ཡག་ཡོང། བན་དེ་གང་ཞིག་གིས་མཐོང་ཚུལ་ལྟར་ཀྱི་བོན་ནག་དང་ཡང་བོད་ཀྱི་རྣལ་མའི་ལོ་རྒྱུས་ལྟར་བྱས་ན་་་གདོད་མའི་བོན་ལུགས་་ཅེས་སུ་འབོད་པ་དེ་ནི། དེང་སང་ཡར་རྒྱས་ཆེན་པོ་ཞེ་དྲག་འགྲོ་བཞིན་ཡོད་པ་རེད། བོད་ཡུལ་དུ་དམིགས་གསལ་བཤད་མ་དགོས་པར་བོད་ཀྱི་བོན་པོ་ཚོས་གང་ཐུབ་ཀྱིས་བདག་པོ་རྒྱབ་བཞིན་བཞུགས་ཡོད་པ་རེད། བོད་ཕྱི་ལོག་ལ་བསམ་ན་དཔེར་ན།
བལ་ཡུལ་རྒྱལ་ཁབ་ནང་་་གདོད་མའི་བོན་ལུགས་་ལ་དད་མོས་བྱེད་མཁན་མང་པོ་ཞེ་དྲག་འདུག། མི་རིགས་དེ་ཚོ་ནི་་་་་གུ་རུང་་་་ཏ་མང་་་དམང་སྒར་་་་ཐག་ཁ་ལི་་་་་ལིམ་བུ་་་་ར་ཡེ་་་་ལེབ་ཆ་་་་སོགས་མི་རིགས་འདི་ཚོས་་་་གདོད་མའི་བོན་ལུགས་་་ལ་ཤིན་དུ་དད་མོས་བྱེད་ཀྱིན་ཡོད་པ་མ་ཚད་་་ལོ་ཤས་སྔོན་བལ་ཡུལ་དུ་རྒྱལ་པོའི་རིང་ལུགས་མེད་པར་སོང་རྗེས་སུ་ཁོ་རང་ཚོས་སྔ་རབས་ཀྱི་རིག་གཞུང་གོམས་གཤིས་སླར་གསོ་བྱེད་ཆེད་་་ལོ་གསར་་་ཡང་གཏོང་འགོ་ཚུགས་ནས་ལོ་ལྟར་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་འདུག། སྔོན་ལོ་རབས་མང་པོ་ཞིག་ནང་ཧིན་རྡུའི་དབང་འོག་ཏུ་སོང་ནས་ཁོ་རང་ཚོས་རིག་གཞུང་ངོ་མ་ལ་ཉམས་ཆགས་ཆེན་པོ་བྱུང་བར་རྒན་གྲས་དེ་ཚོས་བློ་འགྱོད་ཚད་མེད་དང་བཅས་ལོ་རྒྱུས་མང་པོ་ཤོད་ཀྱིན་འདུག།
རྒྱ་གར་རྒྱལ་ཁབ་ནང་མཚོན་ན་བྱང་ཕྱོགས་ནས་་་་་ལ་དྭགས་་་་ཟང་དཀར་་་་ལ་ཧོར་་་པི་ཏི་་་་་གར་ཤ་་་་སོགས་དང་ཤར་ཕྱོགས་འབྲས་ལྗོངས་ནང་་་་ལེབ་ཆ་་་་གུ་རུང་་་་ཏ་མང་་་་ར་ཡེ་་་བོན་པོ་་་་སྦོ་ཀྲི་་་་སོགས་དང་ད་དུང་འབྲས་ལྗོངས་ནང་་་བོན་པོའི་་བརྒྱུད་པ་ནི་རིགས་བརྒྱུད་ཡག་ཤོས་དེ་བརྩི་སྲོལ་འདུག། ཨ་རུ་ན་ཅལ་མངའ་སྡེ་དང་་་་ན་ག་ལེན་ཀྲི་་་མངའ་སྡེ་་བཅས་སུ་་་གདོད་མའི་བོན་ལུགས་་་ཀྱི་ཆོ་ག་བྱེད་མཁན་མང་པོ་ཡོད་པ་རེད།
ར་ཤི་ཡའི་རྒྱལ་ཕྲན་ཁལ་མུག་་སོགས་ཀྱི་ནང་་་གདོད་མའི་བོན་ལུགས་་་ཀྱི་ཆོ་ག་བྱེད་མཁན་མང་པོ་ཡོད་པ་ཤོད་ཀྱི་འདུག།
འབྲུག་རྒྱལ་ཁབ་ནང་དུ་་་་གདོད་མའི་བོན་ལུགས་་་ཀྱི་ཆོ་ག་བྱེད་མཁན་མང་པོ་ཡོད་པ་ཤོད་ཀྱི་འདུག།
སོག་པོའི་རྒྱལ་ཁབ་ནང་་་་གདོད་མའི་བོན་ལུགས་་་ཀྱི་ཆོ་ག་བྱེད་མཁན་མང་པོ་ཡོད་པ་ཤོད་ཀྱི་འདུག།
རྒྱ་ནག་ནང་་ན་ཞི་་་འམ་་ལྗང་རིགས་དང་ལྡོང་རིགས་ཚོ་ནི་་་་་གདོད་མའི་བོན་ལུགས་་་ཀྱི་ཆོ་ག་བྱེད་མཁན་རེད་འདུག།
འདིར་ཧ་གོ་ཚོད་ཙམ་བྲིས་ཡོད་པས་རྒྱས་པར་མཁྱེན་འདོད་ན་ཞིབ་འཇུག་རྒྱ་ཆེ་ཙམ་གནང་གལ་ཆེ།
མི་རིགས་འདི་ཚོ་ད་བར་་བོད་མི་རིགས་དང་འབྲེལ་བ་མ་ཆད་ནས་གནས་པའི་རྒྱུ་མཚན་གཅིག་ནི་ཁོ་ཚོས་་་གདོད་མའི་བོན་ལུགས་་་རྒྱུན་སྐྱོང་བྱས་པ་ལ་བརྟེན་ནས་བྱུང་འདུག། ད་ཁྱེད་ཚོས་སོ་སོའི་མདུན་གྱི་ཕོར་བ་དེ་རང་མ་གཏོགས་མ་མཐོང་ནས་བཞུགས་གནང་ན་ཡང་་་སྔོན་གྱི་བདེ་བ་གཞུང་གི་ལོ་རྒྱུས་དེ་དང་འདྲ་བ་ཞིག་འབྱུང་ཉན་ཡོད་རེད་ད། གནས་ལུགས་རྒྱུ་མཚན་སོགས་ལ་་ལེགས་པར་བརྟག་ནས་གསུངས་བཤད་རེ་གནང་ན་མ་གཏོགས་བྱུང་རྒྱལ་དུ་གང་བྱུང་སྨྲས་ན་གྱོང་གུད་ཆེ་ཤོས་དེ་སུ་ལ་རགས་ཀྱི་ཡོད་པ་ཤེས་དགོས་པ་རེད་ད། ང་རང་ཚོས་ཤེས་རིག་གི་གཞི་རྩ་ངོ་མ་དེ་་་་གདོད་མའི་བོན་ལུགས་་ཡིན་པ་་་ཤེས་དགོས་པ་ནི་གལ་ཆེན་པོ་རེད་དོ། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒན་རབས་མང་པོ་ཞིག་གིས་སྐུ་ལས་ཀྱང་ཚད་མེད་སྐྱོན་གནང་འདུག། བྲེལ་བའི་ངང་བྲིས།་
བོན་གྱི་ལུགས་སྲོལ་དང་བོད་མིའི་མི་རིགས་ཀྱི་ཆ་དབྱིབས་འདྲ་བའི་མི་རིགས་ཤིག་ཐེ་ལན་ཊི་ལ་འདུག་། ། ང་རང་ལུང་པ་དེར་ལས་དོན་སྒྲུབ་པར་སྐྱོད་སྐབས། ཐེ་ལན་ཊིའི་བྱང་ཕྱོགས་ཡུལ་གྲུ་ཆང་མེ། ༼Changmai༽ཟེར་བ་དེར་བསྐྱོད། དེ་ནས་ཡང་སྐྱར་བྱང་ཕྱོགས་རི་ཁུལ་གྱི་མེ་ཧོང་ཕྱོགས་ཀྱི་ལུང་པ་དེ་ཚོར་སྐྱོད་ན། བོད་དང་ཡུན་ནན་ཞིང་ཆེན་གྱི་ས་མཚམས་ཁུལ་ལ་བསླེབས། དེ་གར་མི་རིགས་མི་འདྲ་བ་འགའ་ཤས་འདུག་པ་ལས། ཁག་གཅིག་ལ་རྒྱ་སྐད་ལ་མེའུ་ཟེར་ཞིང་ས་གནས་མི་དམངས་ཀྱིས་མེའུ་ཟེར་ན་ཤིན་དུ་མི་འགའ་བ་བྱེད་ཀྱི་འདུག། ས་གནས་ཀྱི་སྐད་དོད་ལ་མེའུ་ཟེར་ལ་ཀླ་ཀློ་ཟེར། མེ་ཧུང་སན་ཟེར་ན་འགྲིག་གི་འདུག
མི་རིགས་དེ་དག་གི་ཆོས་ལུགས་ནི་དོད་མའི་ཆོས་ལུགས་ཀྱི་ཆ་ལུགས་ཡོད་པ་དཔེར་ན། འདས་པོར་མཆོད་པ་འབུལ་བ། ཡུལ་ལྷ་གཞིས་བདག་ལ་གཏོར་མ་ལྟ་བུ་འབུལ་བ། ད་དུང་དམར་མཆོད་ཡང་ཏོག་ཙམ་བྱེད་ཀྱི་འདུག། ཤིན་དུ་ཡ་མཚན་པ་ཤིག་ལ། ཁྱིམ་ལ་གྲོང་ཆོག་འདོན་མཁན་དག་གིས་རྡོ་རྗེ་དང་དྲིལ་བུ་ཁྱེར་ཡོང་གི་འདུག། འདི་ཅི་རེད་ཟེར་སྐབས། རྡོ་རྗེ་དེ་གནོད་པ་འགོག་ཆེད་དང་དྲིལ་བུ་དེ་དྲེ་སྐྲོད་ཆེད་རེད་ཟེར། ད་དུང་ས་གནས་ཀྱི་མི་ཚོའི་མིང་ལ་བོད་པའི་མིང་ཟུར་ཡོད་པ་ལྟ་བུ་འགའ་ཤས་འདུག། དཔེར་ན། སྐར་མ་འདྲ་བོ་ལ་Gahma ལྟ་བུ་དང་། རྨོ་རྨོ་ལ་ཨ་མེར། གཅུང་པོ་ལ་ཆུང་ངེར་ལྟ་བུ་འདུག
ཁོང་ཚོའི་ལོ་རྒྱུས་འདྲི་སྐབས། ལོ་སྟོང་གི་སྔོན་ལ་ཁོང་ཚོ་རྒྱ་ནག་གི་ས་ཁུལ་ལ་དམག་འཁྲུག་ཆེན་པོ་བྱུང་ནས་བྲོས་ཡོང་བར་བཤད། རྒྱ་ནག་གི་ས་ཁུལ་ཟེར་སྐབས་ཡུན་ནན་ཕྱོགས་ལ་མཛུབ་མོ་བཙུགས། ད་དུང་ཁོང་ཚོའི་མི་རིགས་འདི་སྔགས་པའི་རིགས་ཡིན་ཟེར། སྔགས་པ་ཟེར་དགོས་དོན་ནི་ཁོང་ཚོ་གསང་བའི་གྲུབ་ཐོག་པ་དག་གི་རྒྱུད་པ་ཡིན་ཟེར།
བསམ་བློ་གཏོང་སྐབས་བོད་ཀྱི་མངའ་ཁོངས་ལ་ལ་གཏོགས་པའི་བོན་པོའི་རྒྱུད་པ་མིན་ནམ་བསྙམས། སྔོན་མ་ཡུན་ནན་གྱི་ཕྱོགས་ལ་བོད་ཀྱི་དེབ་ཐེར་ཁག་ནང་ལ་ཐ་སྙད་ཅི་འདྲ་ཡོད་དམ།
བདག་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གང་ཡང་བྱས་མ་མྱོང་བའི་འཇིག་རྟེན་མི་ནག་གི་གྲས་སུ་གཏོགས་པའི་སྤོབས་པའི་མིང་འཛིན་པ་དེས། ང་ཚོའི་སྟོན་པ་ལ་ཁྱད་པར་གང་ཡང་མེད། སྐྱེ་ས་ལིམྦི་ནི་རེད། ཤི་ས་རྩྭ་མཆོག་གྲོང་རེད། ཆོས་ཐོག་མར་གསུངས་ས་ཝ་ར་ཎ་སི་རེད། ཁྱད་པར་གང་ཡང་མེད། མིང་ལ་སིདྷརྠ་ཟེར་བ་རེད། ཆེ་བསྟོད་ཀྱི་མཚན་གནས་ལ་སངས་རྒྱས་ཟེར་བ་རེད། ཕ་ཡི་མིང་ལ་ཤུདྡྷོ་དྷ་ན་ཟེར། མ་ཡི་མིང་ལ་མ་ཡ་དྷེ་ཝི་ཟེར། དེ་ཚོ་ཚང་མ་བཤད་སྟངས་གཅིག་ལས་མེད། མི་གཅིག་རང་རེད། ཅེས་ཤོད་ཁ་བྱས་འདུག་མོད། གང་ལྟར་གཞན་ཕྱོགས་ལ་དགག་པ་རྒྱགས་ཤོར། སོ་སོའི་སྟོན་པ་ལ་ཡང་ཚིག་གི་དམའ་འབེབ་དེ་འདྲ་བྱེད་སྟངས་ལ་བལྟས་ན། རང་མགོ་ཆུ་བླུགས་ཀྱི་དཔེ་ལྟར་སོང་འདུག་པས། དེ་འདྲའི་་ཚོགས་ངན་མ་བསགས་ན་ལེགས། རང་གིས་རྐང་འདྲེན་རང་གིས་མ་བྱེད་ན་ལེགས། གལ་ཏེ་ཁྱོད་ཀྱིས་གཞན་ལ་དགག་པ་རྒྱགས་འདོད་ན། འདི་ལྟར་གླེང་ན་མི་མཛེས་སམ། སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ། སྐུ་མཆོག་མངོན་པར་བལྟམས་སའི་གནས་ནི་་ལིམ་བི་གནས་རེད། ཡབ་ཀྱི་མཚན་ལ་ཤུདྡྷོ་དྷ་ན་ཞུ་བ་རེད། ཡུམ་གྱི་མཚན་ལ་མ་ཡ་དྷེ་ཝི་ཞུ་བ་རེད། རང་གི་མཚན་ལ་སིདྷརྠ་ཞུ་བ་རེད། སྐུ་མི་རྟག་མྱ་ངན་ལས་འདས་སའི་ཞིང་ལ་རྩྭ་མཆོག་གྲོང་ཞུ་བ་རེད་ཅེས། བཟང་སྤྱོད་ཀྱི་ལམ་ནས་དགག་བཞག་བྱེད་ཐུབ་ན། བསོད་ནམས་ཀྱི་ཚོགས་འཕེལ་བའི་རྒྱུ་རུ་འགྱུར་ངེས། དེ་མིན་ཚོགས་ངན་འབའ་ཞིག་ལས་གཞན་ཅི་ཡང་མེད་དོ།
ཡ་སྤབས་མཐའ།
ཡང་སྤོབས་མཐས། སྟག་ར། ཤཀྱ་ཐུབ་པ་རང་གིས་རང་ལ་སྐྱབས་སུ་སོང་བར་དགོས་པ་མེད་པ་རྟགས་མ་གྲུབ། ལྷག་མེད་མྱང་འདས་བསྒྲུབ་དགོས་པའི་ཕྱིར།ཞེས་གཞུང་ལུགས་ཀྱི་འགྲོས་དང་མི་མཐུན་པའི་སྣང་བ་གང་ཤར་གྱི་འཆོལ་ལབ་འདི་ལྟར་སྤེལ་ནས་ཤོད་ཁ་བྱས་པ་འདི་དངོས་གནས་ཡ་ང་བའི་སྙིང་རྗེའི་གནས་ཁོ་ན་ལས་མ་འདས། གོང་བཤད་དེ་དག་ཁྱོད་ཀྱིས་ཤེས་པ་རང་ཚུགས་གནས་པའི་གཏམ་ཞིག་ཡིན་ན། འོ་ན། སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་ཆོས་ཅན། ལྷག་མེད་མྱང་འདས་སྒྲུབ་པ་ལ་བར་དུ་གཅོད་པའི་གེགས་བྱེད་དང་སྒྲིབ་བྱེད་ཁྱོད་ལ་ཡོད་པར་ཐལ། ཁྱོད་ལྷག་མེད་མྱང་འདས་སྒྲུབ་དགོས་ཡིན་པའི་ཕྱིར་རོ། རྩ་བར་འདོད་ན། རྫོགས་པའི་སངས་རྒྱས་མ་ཡིན་པར་ཐལ་ལོ། ཐེག་ཆེན་ལྷག་མེད་མྱང་འདས་ཀྱི་འཇོག་སྟངས་ཙམ་ཡང་མི་ཤེས་པའི་ཁར་དེ་ལྟར་སྒྲོ་སྐུར་འདེབས་ཕོད་པ་འདི་སྤོབས་མཐའ་ཁྱོད་མིན་པས་གཞན་སུས་ཀྱང་མི་ནུས་སོ། ཡང་སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་ཆོས་ཅན། ཁྱོད་ལྷག་མེད་མྱང་འདས་སྒྲུབ་དགོས་མ་ཡིན་པར་ཐལ། ཐེག་ཆེན་ལྷག་མེད་མྱང་འདས་སྒྲུབ་དགོས་མ་ཡིན་པ་གང་ཞིག ཐེག་དམན་ལྷག་མེད་མྱང་འདས་སྒྲུབ་དགོས་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཆོས་སྤོངས་ཀྱི་ལས་ངན་ཚན་པོ་ཆེ་མ་བསགས་ཤིག་ཅེས་ཀྱང་ཞུའོ། རྟགས་གཉིས་པ་མ་གྲུབ་ན། སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་ཆོས་ཅན། ཐེག་དམན་གྱི་སློབ་པ་ཡིན་པར་ཐལ། ཐེག་དམན་ལྷག་མེད་མྱང་འདས་སྒྲུབ་དགོས་ཀྱི་སློབ་པ་ཡིན་པའི་ཕྱིར། དེ་ལྟར་ན། ཐེག་ཆེན་སངས་རྒྱས་ཀྱི་གསུང་མ་ཡིན་པའི་ཤཀྱའི་རྗེས་འཛིན་འཁྲུལ་མེད་དུ་སྨྲ་བའི་སིང་ག་ལའི་དགེ་སློང་སེར་པོ་དག་གིས་གསུངས་པ་དེ་ཡང་དོན་ལ་གནས་པ་ཁོ་ནའོ། དེ་ལྟར་བྱས་ན་ཐེག་པ་ཆེན་པོའི་བཀའ་རྣམས་གཞན་ནས་གཡར་པོ་བྱས་པའམ་ཡང་ན་གཞན་ནས་རྐུ་བཤུས་བྱས་པ་ཤིན་ཏུ་ནས་ཀྱང་ར་འཕྲོད་གསལ་བའི་དན་རྟགས་ཤིག་གོ ད་ག་ལེར་རྩོད་ཡུན་རིང་ན་མེ་ཉག་སྐྱོན་དཔོན་གྱིས་སྒྲོལ་མ་འདོན་མི་ཤེས་པའི་འུ་ཐུག་གི་དམ་བཅའ་བྱས་མྱོང་བ་ཁག སླར་ཡང་སྤོབས་མཐས་དེའི་རྗེས་སུ་བཟུང་ནས་ལད་ཟློས་བྱེད་དགོས་མི་ཐུག་པའི་ངེས་པ་ཡང་མི་འདུག་གོ ཡང་བསྐྱར་རྩོད་ཡུན་རིང་ན་ཐུབ་དབང་སངས་རྒྱས་མ་ཡིན་པར་བཤད་ནས། ནང་པ་སངས་རྒྱས་པའི་རྐང་ཞབས་འདྲེན་མཁན་ཞིག་ཀྱང་མི་ཡོང་བའི་ངེས་པ་གཏན་ནས་མ་མཆིས་སོ། མདོར་ན་ཁྱོད་ནི་མ་རྐུབ་ཚ་བའི་གོ་ཆོད་མི་འདུག་གོ ཧ་ཧ་ཧ་ཧ་་ཧཧཧཧཧཧ
སྨན་མོ་མཚོ། སྐུ་ཉིད་ཀྱི་སྐད་ཆ།༼ད་ལན་རྔ་ལ་དཔག་པའི་འཆམ་ཞིག་མ་འཁྲབ་རང་འཁྲབ་ཏུ་གྱུར་བས་བསྟན་གཉིས་དག་སྣང་ནོར་བུས་འོད་ཀྱིས་གདམས་པའི་གུ་ཡངས་རྣམ་དཔྱོད་ཀྱི་ཐུགས་བློ་མངའ་བ་དག་གིས་རེ་ཞིག་དགོངས་འཁྲོལ་མངའ་བར་མཁྱེན་ཞུ་རྒྱུ༽སྔོན་སྟོད་གངས་རིན་པོ་ཆེའི་མདུན་དུ་རྗེ་མི་ལ་རས་པ་དང་ན་རོ་བོན་ཆུང་གཉིས་རྩོད་འགྲན་དང་རྫུ་འཕྲུལ་འགྲན་བསྡུར་བྱས་པའི་ལོ་རྒྱུས་ཨེ་དྲན་གི ན་རོ་བོན་ཆུང་གིས་རྔ་ལ་དཔག་པའི་འཆམ་ཞིག་འཁྲབས་ནས་མཐར་གཡང་ལ་ཟེགས་པ་རེད།
གོང་གི་མཆན་གོ་དྲུག་པ་བསམ་པ་ཟེར་བས་ཐེ་ལན་ཌིའི་ནང་སྔ་མོའི་བོད་རིགས་ཡོད་སྐོར་གསུངས་པ་བདེན་པ་རེད། ངས་ཀྱང་མཐོང་མྱོང་། changmai ནས་ད་དུང་མཐའ་མཚམས་ཕྱོགས་སུ་བསྐྱོད་ན་changraiཟེར་བའི་ས་ཁུལ་དེ་དག་ཏུ་ཡོད་ས་རེད། དེ་ཁུལ་ནི་ཡུན་ནན་དང་ས་འབྲེལ་ཆགས་འདུག དེང་སང་དེའི་ས་ཁུལ་ཁ་ཤས་ནང་ཡེ་ཤེས་ཆོས་སྤེལ་མཁན་ཚོ་སླེབས་ནས་ཡེ་ཤུ་བྱེད་མཁན་ཡང་གང་འཚམ་ཡོད་པ་འདྲ། ད་དུང་long neck ཟེར་བའི་བུད་མེད་སྐེ་ལ་ལྕགས་སམ་ཟངས་དཀྲིས་དཀྲིས་པའི་སྐེ་ཐུ་རིང་པོ་ཅན་དེ་ཚོ་དང་གཅིག་པ་གཅིག་རྐྱང་ད་ལྟའི་ཡུན་ནན་ཕྱོགས་སུའང་འདུག་སྙམ། སྐད་ཆ་འདྲི་སྐབས་བོད་རིགས་ནས་ཆད་པ་ཡིན་ཚུལ་ཁོ་རང་ཚོས་ལབ་ཀི་འདུག དགོངས་དག་ཁྱེད་རྣམ་པའིབན་བོན་གྱི་རྩོད་པ་ལ་བར་ཆད་བཟོས་སོང་།
གོང་གི་མཆན་ཨང་༼༨༧༽པར་མཐུད་ནས་ཀློག་རོགས།
མིག་བརྒྱད་པས་མཆན་ཨང་༼༩༠༽པའི་ནང་(ལོ་རྒྱུས་ནི་ལོ་རྒྱུས་རང་རེད། དེ་ལ་སུས་ཀྱང་བསྒྱུར་བཅོས་བཏང་ཐབས་ཡོད་མ་རེད་)གསུངས་པ་དེ་དངོས་གནས་ང་ལ་མོས་མཐུས་ཡོད་ཁྱོད་ཀྱིས་བདེན་པ་རང་རེད།
ད་ངས་སུས་ཀྱང་བསྒྱུར་བཅོས་བཏང་ཐབས་བྲལ་བའི་ལོ་རྒྱུས་ཀྱི་མེ་ལོང་ལས་གསལ་བ་ལྟར་གྱི་ཚིག་རྐང་ཉུང་ཤས་ཤིག་ཁྱེད་ལ་མཆོད་པ་འབུལ་གྱི་ཡིན། ད་གཟོད་གཞི་ནས་ཁྱོད་ཀྱིས་(འདི་ལྟར་བསམ་ངན་སྦྱོར་རྩུབ་རང་བསྟན་རང་གིས་བཤིག་)མཁན་ཞེས་ངེད་བོན་པོ་ཚང་ལ་སྡིག་མོ་བྱ་བའི་ཁུལ་བྱས་པ་དེ་དོན་དུ་རང་མགོ་ལ་སྟ་རེ་རང་གིས་ཞུས་པ་ཧ་གོ་ངེས་རེད་སྙམ།
སྲོང་བཙན་གྱིས་དྲག་ཐབས་ཀྱིས་བོན་རྣམས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་སྟོད་ལུང་ལྷ་ས་སོགས་མགོ་ཡི་ར་བ་དང་། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་པས་སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག ཁྲི་སྲོང་གིས་ཆོས་དཔེ་བསྒྱུར་རབས་ལ་བསྙད་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མི་འབྲུ་དུག་སྟེར་གྱི་ཆོས་ཁྲིམས་བཅས། ཁྱེད་ཅག་གིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་མཆོད་པའི་གནས་དང་བཀུར་བའི་ཞིང་དུ་བརྩི་བ་དེ་དག་གིས་བོད་ལ་བཀའ་དྲིན་འདི་ལྟར་བསྐྱངས་ཡོད།
ད་དུང་དེ་ལས་ག་ལ་ཚད་དེ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྐོར་གསུམ་གྱི་བོན་པོ་ཐམས་ཅད་བསྡུས་ཏེ་གསོན་པོར་མེར་བསྲེགས། གཞན་ཡང་བླ་བྲང་དབང་བསྒྱུར་གྱི་དུས་རབས་རྣམས་སུ་ཐོག་མར་ཕྱི་ལོ་༡༢༤༠ལོར་འབྲི་གུང་ལ་ས་སྐྱ་ཁྲི་སྐོར་བཅུ་གསུམ་གྱི་དམག་བསྐུལ་ནས་དབུས་ཕྱོགས་འབྲི་གུང་པའི་དགོན་ཡུལ་ཚང་མ་མེར་བསྲེགས། དགེ་འདུན་དང་མི་སྐྱ་ཤིན་ཏུ་མང་པོ་བསད། སྡེ་བ་སྐྱིད་ཤོད་པ་སོགས་ཀྱིས་དབུས་ཁུལ་གཙང་ལ་ཤོར་དོགས་ཀྱིས་དགེ་ལྡན་པའི་སེར་འབྲས་གཉིས་ཆབ་སྲིད་ཀྱི་ལག་ཆར་སྤྱོད་དེ་ཀར་སྤེལ་དགེ་འགོག་གི་ཇུས་ངན་ཡིན་ཚུལ་རྒྱུད་བསྐུལ་བྱས་ཏེ་ཀར་དགེའི་བར་དགེ་འདུན་གྱི་སྡེ་དཀྲུགས། སེར་འབྲས་ཀྱི་རྡོབ་རྡོབ་ཚོས་ཀརྨ་མ་ཆོས་འཁོར་གླིང་གི་གདན་ས་གཏོར་བཅོམ་བྱས་པ་མ་ཟད། ཀརྨ་མ་ཞྭ་དམར་བའི་སྐུ་སྲོག་ལའང་ཉེན་ཁ་བཟོས། དེའི་ལན་པས་རིན་སྤུངས་ནོར་བཟང་གིས་སེར་འབྲས་གཉིས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་འབོད་པ་དེ་མི་ལོ་བཅུ་དགུའི་རིང་འཚོགས་མ་བཅུག་པའི་རང་འབྲས་རང་སྨིན་ཏུ་གྱུར། དེའི་འཁོན་འཛིན་གྱིས་སྐྱིད་ཤོད་ཞབས་དྲུང་སོག་ཡུལ་དུ་སོང་ནས་པོ་ཏ་ལའི་ནང་བསྟན་དུ་གྱུར་པ་ཇོ་བོ་ལོ་ཀཻ་ཤྭ་ར་དམག་གི་སྡིག་གླར་སྤྲད་དེ་སོག་ཀླ་ཀློའི་མཐའ་དམག་དབུས་སུ་དྲངས་པས་བོད་ཁམས་ཁྲག་གི་གཡུལ་སར་བསྐྲུན། ཕྱི་ལོ་༡༦༢༡ལོར་ལྔ་པའི་ཕྱག་མཛོད་རྒྱ་ལེ་དང་སྐྱིད་ཤོད་ཞབས་དྲུང་གཉིས་ཀྱིས་སླར་ཡང་སོག་པོའི་ཇག་དཔུང་སྟོང་ཕྲག་གཉིས་ཙམ་དབུས་སུ་ཁྲིད་དེ། དབུས་གཙང་ཁུལ་གྱི་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་གོད་ཆག་བཟོས། དགའ་ལྡན་ཕོ་བྲང་པའི་ཇུས་ངན་དང་ལྐོག་གཡོའི་འོག་ནས་ཕྱི་ལོ་༡༦༣༨ལོར་སོག་པོའི་ཇག་དཔུང་ཁམས་སུ་བཙན་འཛུལ་བྱས་ཏེ། ཁམས་རྒྱལ་ཐང་གཅིག་པུར་ཀཾ་ཚང་བཀའ་རྒྱུད་པའི་གྲུབ་མཐའ་ཛིན་པའི་དགོན་སྡེ་༡༣༠ཙམ་རྩ་མེད་དུ་བཏང་བ་མ་ཟད། མི་བསད་ཁྲ་སྦྱོར་དང་མེར་བསྲེགས་རྒྱུ་འཕྲོག་གི་བྱ་ངན་རབ་དང་རིམ་པར་སྤེལ་ཏེ་ཇག་སྣེ་བེ་རི་ལ་ཐུག་པས། བོན་སྐྱོང་བེ་རི་བཙོན་འོག་ཏུ་བཅུག་པའི་ཉེར་ལེན་ལ་བརྟེན་ནས་མདོ་ཁམས་ཡོངས་རྫོགས་སོག་ཇག་གི་དབང་འོག་ཏུ་ཤོར། དེ་རྗེས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱང་འབུད་དུ་བཏང་བ་དང་། སངས་རྒྱས་རྒྱ་མཚོ་སྐེ་བཅད་པ་དང་། རྡོ་བྲག་རིག་འཛིན་ཆེན་མོ་དང་། སྨིན་གླིང་ལོ་ཆེན་དང་། རྣམ་གླིང་པཎ་ཆེན་སོགས་མཁས་གྲུབ་སྐྱེས་མང་པོ་གཙོས་པའི་བོད་འབངས་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་གོད་ཆག་བཟོས་ཤིང་། རྡོར་སྨིན་གཉིས་སོགས་སྙིང་དགོན་ཕར་ཆེར་གཏོར། ད་དུང་དེ་ཡི་ག་ལ་ཚད་དེ་གཙང་པ་སྡེ་སྲིད་དང་བློན་ཆེན་འོ་རློན་པ་གཉིས་ཀ་ཀོ་བཏུམ་རྒྱབ་ཏེ་གཙང་ཆུར་གཡུག་ཏེ་བསད། ཇོ་ནང་པའི་བསྟན་པ་རྣམ་དག་མིན་པའི་ཚུལ་ལ་ཁ་གཡར་ནས་ཇོ་ནང་ཏཱ་ར་ན་ཐའི་གདན་ས་གཙང་རྟག་བརྟན་བཤད་བསྒྲུབ་གླིང་ཞེས་རྒྱལ་བ་ཇོ་ནང་པའི་བཤད་བསྒྲུབ་དབྱར་མཚོ་བཞིན་རྒྱས་བཞིན་དུ་རྩ་གཏོར་བཏང་། གསུང་རབས་གླེགས་བམ་ཕལ་མོ་ཆེ་རྣམས་མེ་ཆུ་རླུང་གསུམ་གྱིས་མི་མངོན་དབྱིངས་སུ་རྒྱས་བཏབ་པས་མ་ཚད། གྲྭ་པ་སྟོང་ཕྲག་བདུན་ཙམ་དམར་མཆོད་དུ་ཕུལ། ལྷག་མ་ཡོངས་རྫོགས་བཙན་གྱིས་ཞྭ་སེར་ཏུ་བསྒྱུར། ཕྱི་ལོ་༡༦༤༣་ལོར་ཀརྨ་པའི་གདན་ས་སྟོད་ལུང་འཚུར་ཕུ་དགོན་དུ་དམག་དྲངས་ཏེ་ཉིན་གཅིག་ལ་གྲྭ་པ་བདུན་སྟོང་ཙམ་བསད་དེ་ཁྲག་གི་གཡུལ་སར་བསྐྲུན། གཞན་ཡང་རྒྱལ་དབང་སྐུ་ཕྲེང་དགུ་པ་དགུང་ལོ་བཅུ་གཅིག་པར་གཤེགས་པ་དང་། དེ་བཞིན་སྐུ་ཕྲེང་བཅུ་པ་དགུང་གྲངས་ཉེར་གཅིག་ལ་གཤེགས་པ་དང་། བཅུ་གཅིག་པ་དགུངས་གྲངས་བཅུ་བདུན་ལ་གཤེགས་པ་དང་། བཅུ་གཉིས་པ་དགུང་གྲངས་བཅུ་དགུ་པར་གཤེགས་པ་སོགས་ཀྱི་དོན་རྐྱེན་ལས་འཕྲོས་ཏེ་ཡ་མཚར་བའི་སྐད་ཆ་འགའ་བཤད་སྲོད་ཡོད་པ་བཅས། མདོར་ན་ས་འབྲིའི་དོན་རྐྱེན་ནམ་འབྲི་གུང་གླིང་ལོག་དང་། ས་སྐྱའི་ནང་འཁྲུག ས་ཕག་འཁྲུག་འཛིང་། སྟག་ལོའི་སྡེ་གཟར་ཆེན་མོ། གཙང་དགེའི་བར་གྱི་དམག་འཁྲུག སྡེ་སྲིད་སངས་རྒྱམ་དང་ལྷ་བཟང་བཟང་ཧན་བར་གྱི་འཐབ་རྩོད། ཞྭ་དམར་སེར་གྱི་འཐབ་རྩོད་དང་། དགའ་ལྡན་ཕོ་བྲང་བའི་དཀའ་བློན་ནང་འཁྲུག ད་དུང་ལུང་ཤར་གྱི་དོན་རྐྱེན་དང་། ར་སྟག་དོན་རྐྱེན་སོགས་སུས་ཀྱང་བཅོས་བསྒྱུར་བྱ་རུ་མེད་པའི་ལོ་རྒྱུས་སྐྱུར་མོ་དེ་དག་དེ་རིང་ཁྱེད་ལ་མཆོད་པ་འབུལ་ལོ་བཞེས་སུ་གསོལ་ཅིག་གྲོགས་མིག་བརྒྱད་པ་ལགས། ལྟོས་དང་ད་(བསམ་ངན་སྦྱོར་རྩུབ་ཀྱིས་རང་བསྟན་བཤིག་)མཁན་ངོ་མ་དེ་སུ་རེད་འདུག་ཧ་ཧཱ། ད་ང་གད་མོ་བྲོ་གི་ད་དུང་ཁྱོད་ཚོས་བོད་གངས་རིའི་ཁྲོད་ཀྱི་ཤག་ཐུབ་ཀྱི་རྗེས་འཛིན་དུ་གྱུར་པའི་ཆོས་རྒྱུད་ཚང་མ་ཐ་སྙད་བེད་སྤྱོད་སྟངས་ཁྱར་པར་ཅུང་ཡོད་པ་ཙམ་ལས་ལྟ་སྒོམ་སྤྱོད་འབྲས་ཚང་མ་གཅིག་པ་ཡིན་ཁུལ་བཤད་ཁ་བྱེད། ཧ་ཧ་ཐ་སྙད་ཙམ་གྱི་ཁྱད་པར་ལ་བརྟེན་ནས་ཐུབ་བསྟན་རིང་ལུགས་ནང་ཕན་ཚུན་མི་བསད་ཁྲག་སྦྱོར་དང་རྟེན་གསུམ་བཤིག་གཏོར་གནམ་སར་མི་ཤོང་བ་དེ་ལྟ་བུ་ཞིག་བྱེད་སྲིད་དམ། ཁ་སང་འགའ་ཞིག་གིས་ས་སྐྱའི་མཁས་པ་གཡག་རོང་གཉིས་དང་གོ་ཤག་སྟག་གསུམ་གྱིས་ཙོང་ཁ་པ་ལ་དགག་པ་རྒྱབ་ཚུལ་སོགས་དགག་པ་བསྐྱོན་རེས་ཀྱི་སྐོར་གླེང་སྐབས་དེ་ཅི་འདྲའི་བསྟན་པ་ལ་དག་ཐེར་ཞིག་ཡིན་རབས་བཤད་སོང། ད་དེ་རིང་ཡང་བླ་བྲང་པ་དང་དེའི་ཕྱོགས་གཏོགས་ཕན་ཚུན་གྱིས་བོད་ཀྱི་སྲིད་དོན་ཁ་ལ་ཁྱེར་ནས་སོག་པོ་དང་མན་འཇུ་རྒྱ་ནག་ཐ་ན་གོར་ཁ་སོག་ལ་མགོ་བཏགས་ཞུས་ཏེ་ཆོས་ལུགས་འཐེན་འཁྱེར་གྱི་འཐབ་རྩོད་འོག་དགེ་འདུན་སྟོང་མང་པོ་ཚེ་སྲོག་ལ་གོད་ཆག་བཟོས་ཤིང་། དགོན་གནས་སྟོང་ཕྲག་མོ་པོའི་བརྩིགས་རྨིང་རྩ་ནས་བཤིག སྡེ་བ་སྟོང་ཕྲག་མང་པོ་བྲན་གཡོག་དང་མནར་གཅོད་འོག་ཚེ་སྲོག་ཤོར་ཏུ་བཅུག་པ་འདི་དག་ཡང་བསྟན་པ་ལ་དག་ཐེར་བྱས་པར་འདོད་རྒྱུ་ཡིན་ནམ་ཧ་ཧཱ།
ད་དུང་ཐུང་ས་ནས་བཤད་ན་དེ་ལྟ་བུའི་ཁྱེད་ཅག་ནང་ཕན་ཚུན་ལྟ་སྤྱོད་ལམ་འབྲས་དབྱེར་མེད་ཡིན་ན། བླ་བྲང་ནང་འཁྲུགས་འབའ་ཞིག་གི་འོག་ཏུ་བོད་གངས་རིའི་རང་དབང་གཙང་མ་མི་ལག་ཏུ་ཤོར་ནས་མི་ཡུལ་ལ་སྐྱབས་ཏུ་འགྲོ་དགོས་པའི་དུས་རབས་ཀྱི་གཉན་འཕྲང་ཞིག་ལ་སླེབས་ན་ཡང་ཀརྨ་པས་དབུ་ཁྲིད་པའི་ཚོགས་པ་བཅུ་གསུམ་ཟེར་པ་ཞིག་བཙུག་དགོས་པའི་རྒྱུ་མཚན་གང་ཡིན་ཧ་གོ་གི་ཡོད་དམ།
ཡང་དེ་ཡང་ཐ་སྙད་ཙམ་ལ་རྩོད་ཕྱིར་དུ་འདོད་རྒྱུ་ཡིན་གྱི་རེད་ཧ་ཧཱ། ད་མདོར་ན་ངས་ཁྱེད་ཅག་ལ་ཤག་ཐུབ་ཀྱི་རྗེས་འཛིན་དུ་གྱུར་པའི་ཆོས་རྒྱུད་ཚང་མ་ཐ་སྙད་བེད་སྤྱོད་སྟངས་ཁྱད་པར་ཙམ་ལས་གཅིག་པ་ཡིན་ཚུལ་བཤད་པ་དེ་སྐྱག་རྫུན་ཁོ་ན་ཡིན་པ་དང་། མིག་བརྒྱད་པས་བོན་པོས་བོད་སྤྱི་ཡི་རྒྱལ་རྒྱུད་ཤུལ་མེད་བཏང་བ་དང་། བསམ་ངན་སྦྱོར་རྩུབ་ཀྱིས་རང་བསྟན་བཤིགག་པར་བཤད་པ་དེ་ཇི་ལྟར་རང་མགོ་ཆུ་བླུག་ཡིན་པའི་ཚུལ་དུ་དཔེ་མཚོན་ཙམ་ཞུས་པ་ལས་མཁན་སློབ་ཆོས་གསུམ་ནས་བཟུང་དགའ་ལྡན་ཕོ་བྲང་མཇུག་མ་བསྡུས་བར་གྱི་སྐྱོ་གར་མཐའ་དག་འདིར་འཁྲབ་སྟོན་བྱེད་པར་ས་མིག་གིས་སྟོང་པས་སོ།
དགོངས་དག་གོང་དུ་སྐྱབས་བཅོལ་ཞེས་བཅོས་རོགས།
དགོངས་དག་གོང་དུ་སྐྱབས་བཅོལ་ཞེས་བཅོས་རོགས།
སྨན་མོ་མཚོ། བོན་ནག་རྣམས་ཀྱིས་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཤུལ་མེད་དུ་བཏང་བའི་མཇུག་འབྲས་འཁོར་བ་རེད། བོད་ཀྱི་ཆོས་རྒྱལ་ཚོ་བཞུགས་རྒྱུ་ན་དེ་འདྲའི་ཆག་སྒོ་ཡོང་གི་མ་རེད། སྨོན་ལམ་ལོག་པའི་གདོན་གཟུགས་དེ་ཚོ་བོད་ཀྱི་འཚོ་བའི་ནང་དུ་ཞུགས་ནས་ཕུང་དཀྲུགས་བྱུང་བ་ལས་གཞན་གང་ཡང་མ་རེད།
ཡང་མིག་བརྒྱད་པས། སྤོབས་པ་ཆེན་པོས། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པར་ཐེ་ཚོམ་མེད་མོད། ཅེས་མི་ཤེས་ཤེས་མདོག་གི་ལྐུགས་པའི་རང་རྟགས་གསོན་པོ་སྟོན་ཀ་བྱས་འདུག་པ་འདི་ལ། དྲང་བདེན་གྱི་ར་སྤྲོད་གཅིག་མ་ཞུས་ན་གཤིས་ངན་རྒྱུན་འབྱམས་སུ་མི་འགྲོ་མི་སྲིད་པས། དེ་དོན་ཅུང་ཙམ་ཞིག་གླེང་ན། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པའི་གང་ཟག་མ་ཡིན་པར་ཐལ། དབུ་མ་ཐལ་འགྱུར་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་མ་ཡིན་པར་ཐལ། རྒྱུ་ཡི་ཐེག་ཆེན་པ་མ་ཡིན་པའི་ཕྱིར། དེར་ཐལ། འབྲས་བུའི་ཐེག་ཆེན་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་དགུའི་ལྟ་སྒོམ་ཀུན་གྱི་ཡང་རྩེ་བླ་མེད་རྗོགས་པ་ཆེན་པོའི་ལྟ་དོན་མངོན་དུ་གྱུར་པའི་རྫོགས་ཆེན་པ་ཡིན་པའི་ཕྱིར། དབུ་མ་པ་དང་རྫོགས་ཆེན་པ་གཉིས་ཀྱི་གཞི་མཐུན་གཏན་ནས་མི་སྲིད་པའི་ཕྱིར། དེར་ཐལ། གྲོལ་ལམ་པ་དང་སྤང་ལམ་པ་གཉིས་ཀྱི་གཞི་མཐུན་གཏན་ནས་མི་སྲིད་པའི་ཕྱིར། དཔེར་ན་གནམ་ས་གཉིས་ཀྱི་གཞི་མཐུན་མི་སྲིད་པ་བཞིན་ནོ། དཔེར་ན་ཐེག་ཆེན་ཐེག་དམན་གཉིས་ཀྱི་གཞི་མཐུན་མི་སྲིད་པ་བཞིན་ནོ། དཔེར་ན་རྟ་དང་བོང་བུ་གཉིས་ཀྱི་གཞི་མཐུན་མི་སྲིད་པ་བཞིན་ནོ། རྫོགས་ཆེན་པས་མར་གཟིགས་པའི་ཚེ། དབུ་མའི་གྲུབ་དོན་མཐར་ཐུག་ཏུ་གྱུར་པའི་ལྟ་བ་དེ་ཉིད་ནག་པོ་ཁ་འབྱམས་པའི་ལྟ་བ་རུ་གཟིགས་པའི་ཕྱིར།
སྨན་མོ་མཚོ། ཁྱོད་ཀྱི་སྐད་ཆ༼ཕྱི་ལོ་༡༦༤༣་ལོར་ཀརྨ་པའི་གདན་ས་སྟོད་ལུང་འཚུར་ཕུ་དགོན་དུ་དམག་དྲངས་ཏེ་ཉིན་གཅིག་ལ་གྲྭ་པ་བདུན་སྟོང་ཙམ་བསད་དེ་ཁྲག་གི་གཡུལ་སར་བསྐྲུན༽དེ་འདྲའི་ལོ་རྒྱུས་བྲིས་མཁན་སུ་ཡིན་དང་ལོ་རྒྱུས་ཡིག་ཆའི་ཁ་བྱང་ལ་ཅི་ཟེར། སྤྱི་ལོ་ནམ་ཞིག་ལ་བརྩམས་པ་སོགས་གསལ་ཁ་གང་ཡང་མེད་པར་རང་དགར་ངག་ནས་གང་ཐོན་དུ་བྲིས་ན་གཏམ་འཆལ་དང་ལོ་རྒྱུས་དངོས་ལ་དཀྱོགས་བཤད་ཙམ་ལས་གང་ཡང་མེད།
གོང་དུ་མཚུར་ཕུ་དགོན་དུ་དམག་དྲངས་མཁན་དང་ཉིན་གཅིག་ལ་གྲྭ་བ་བདུན་སྟོང་བསད་པའི་ལོ་རྒྱུས་གང་ན་འདུག་གསལ་བོར་སྟོན་ཤོག་དང་དེ་ནས་གསལ་བོ་ཆགས་ངེས་རེད། དེ་མིན་ལོ་རྒྱུས་རྫུན་མ་དང་གཏེར་རྫུན་སོགས་ཀྱིས་བོད་ཡུལ་ཁྱབ་པར་བྱས་པའི་བོན་ནག་རྣམས་ཀྱི་བྱ་སྤྱོད་ལ་སུ་ཞིག་ཡིད་ཆེས་བྱེད་ཐུབ། བོན་པོའི་སྲུང་མ་སྟག་ལ་མེ་འབར་དང་རྒྱལ་འགོང་སོགས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས་བོད་ཡུལ་འདིར་ཁྲག་གི་འཁོར་ལོ་བསྐོར་བ་ཡིན་རྒྱུ་རེད།
སྟག་ར་ལགས། ཁྱོད་ཀྱིས་དྲི་བ།༼སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་མ་ཡིན་པར་ཐལ། རྒྱུ་ཡི་ཐེག་ཆེན་པ་མ་ཡིན་པའི་ཕྱིར། དེར་ཐལ། འབྲས་བུའི་ཐེག་ཆེན་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་དགུའི་ལྟ་སྒོམ་ཀུན་གྱི་ཡང་རྩེ་བླ་མེད་རྗོགས་པ་ཆེན་པོའི་ལྟ་དོན་མངོན་དུ་གྱུར་པའི་རྫོགས་ཆེན་པ་ཡིན་པའི་ཕྱིར། དབུ་མ་པ་དང་རྫོགས་ཆེན་པ་གཉིས་ཀྱི་གཞི་མཐུན་གཏན་ནས་མི་སྲིད་པའི་ཕྱིར། ༽ངས་ཁྱོད་ལ་སྔར་ནས་བརྗོད་ཟིན། གྲུབ་མཐའ་བཞི་ལྟ་བས་འབྱེད་པ་དང་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་ཐེག་པའི་ཁྱད་པར་ལྟ་བས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་པ་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་དགོངས་པ་རེད། བྱེ་བྲག་སྨྲ་བ་ཡིན་པར་གྱུར་བའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཐེག་ཆེན་པ་མ་ཡིན་པར་ཐལ། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ལྟ་བའི་ཆ་ནས་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཡིན་ཀྱང་སྤྱོད་པའི་ཆ་ནས་ཐེག་ཆེན་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་པ་ཡིན་མིན་སྤྱོད་པ་སེམས་བསྐྱེད་རྒྱུད་ལ་ཡོད་མེད་ཀྱི་ཆ་ནས་བཞག་དགོས་པ་ཡིན་པའི་ཕྱིར། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བདག་སྒྲུབ་ཐབས་དང་། སློབ་དཔོན་ཤཎྟི་པའི་དཀྱིལ་མཆོག་བཞི་རྒྱ་ལྔ་བཅུ་བའི་འགྲེལ་བ་དང་། སློབ་དཔོན་ཨ་བྷྱ་ཀ་རའི་མན་ངག་སྙེ་མ་དང་། སློབ་དཔོན་མི་ཐུབ་ཟླ་བའི་བརྟག་གཉིས་འགྲེལ་བ་དང་། སློ་དཔོན་དཔལ་འཛིན་གྱི་དགྲ་ནག་གི་རྒྱུད་འགྲེལ་ལྷན་སྐྱེས་སྣང་བ་དང་། སློབ་དཔོན་སངས་རྒྱས་བའི་རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་སོགས་སུ་རྒྱུད་སྡེ་བཞི་གའི་ལུགས་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཐབས་ཀྱི་ཆ་ནས་འབྱེད་དགོས་པར་རྐང་འཛུགས་པར་མཛད་ཡོད། གྲུབ་མཐའ་བཞི་གང་དང་ཡང་མི་མཐུན་པའི་ལྟ་བའམ་དབུ་མ་ལས་ལྷག་པའི་ལྟ་བ་སྔགས་ལ་མེད་པའི་ཕྱིར། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་མ་ཡིན་པར་ཐལ། རྫོགས་ཆེན་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྒྱལ་བ་ཀློང་ཆེན་པས་སེམས་ཉིད་ངལ་གསོ་ན་རྒྱུད་སྡེ་བཞི་གྲུབ་མཐའ་སྨྲ་བ་བཞི་དང་སྒོ་བསྟུན་ནས་འབྱེད་དགོས་པར་གསུངས་ཡོད།
ཨ་རོ་ད་ཐང་ཆད་སོང་། ཅུང་ཟད་ངལ་གསོས་ན་ཡག་ས་རེད། ཟ་ཁང་ལ་ཇ་ཞིག་འཐུང་གི་འགྲོ་གི་ཡིན།
དེ་རིང་བོན་པོ་ལགས་ཀྱིས་མྱི་སྐད་ཅིག་བཤད་སོང་། གདོད་མའི་བོན་ཟེར་ན་འདྲ། གདོད་མའི་ཆོས་ཟེར་ན་འདྲ། དེ་མི་ལོ་ཆིག་ཁྲི་ཉིས་སྟོང་གི་སྔོན་ནས་དར་ཡོད་པའི་དཔང་རྟགས་རྙེད་འདུག སོག་པོར་དར་བའི་བོའི་ཟེར་བའི་གདོད་མའི་ཆོས་ལུགས་དེ་འཛམ་བུ་གླིང་གི་སྟེང་འདིར་དར་བའི་གདོད་མའི་ཆོས་ལུགས་ཀྱི་ལོ་རྒྱུས་རིང་ཤོས་ཡིན་ཚུལ་འདུག སྤྱིར་ན་ཁྱད་མཚར་བ་ཞིག་ལ་གདོད་མའི་ཆོས་ལུགས་ཟེར་བ་དེར་དབྱིན་སྐད་དུ་shamanismཟེར། གདོད་མའི་ཆོས་ལུགས་དེས་འཛམ་གླིང་ཐམས་ཅད་ལ་མ་ཁྱབ་པ་མེད་པ་དང་དེ་ལ་དབྱེ་བ་མང་དྲགས་ནས་འབྱེད་ཁག་པོ་ཡིན་འདུག དེ་སྲོལ་བཏོད་པ་པོ་འདི་རེད་ཟེར་བའི་སྟོན་པ་ལྟ་བུ་དམིགས་སུ་བཀར་ནས་འཇོག་རྒྱུ་དེ་ཚོ་ཚང་མར་འདྲ་བའི་ཁྱད་ཆོས་ཤིག་ཀྱང་ཡོད་འདུག གཅིག་བྱས་ན་ཏྲེ་ཧོར་བྲག་དཀར་སྤྲུལ་སྐུས་ཆོས་ལུགས་ཐམས་ཅད་ཀྱི་འབྱུང་ཁུངས་གཡུང་དྲུང་བོན་ཡིན་པར་གསུངས་པ་བཞིནསྟག་གཟིག་འོལ་མོ་ལུང་རིང་ནས་འཁྲུངས་པའི་སྟོན་པ་གཤེན་རབ་ཀྱི་ལུགས་དེ་འཛམ་གླིང་གང་སར་ཁྱབ་སོང་བ་མིན་ནམ། དེ་བཞིན་རང་རེའི་གཡུང་དྲུང་གི་རྟགས་འདི་ཡང་རྒྱ་གར་སྐད་དུ་སྭསྟིཊིཀ་ཟེར་ཞིང་དེ་ཡང་མི་ལོ་དྲུག་སྟོང་ཙམ་གྱི་སྔོན་ཆུ་བོ་སིན་དུའི་འགྲམ་རྒྱུད་ཀྱི་རིག་གནས་ཁྲོད་དུ་དར་སྤེལ་ཡོད་པའི་དཔང་རྟགས་རྙེད་འདུག ང་ཚོའི་གཡུང་དྲུང་གི་རྟགས་འདི་ང་ཚོར་སྔོན་མ་ཞིག་ནས་ཡོད་པ་ནི་མིང་ཚིག་དེ་བོད་རང་སྐད་ལ་ཡོད་པས་ཤེས་ནུས་པས་ང་ཚོའི་གདོད་མའི་ཆོས་ལུགས་དེ་ཡང་ཧ་ཅང་གི་ཡུན་རིང་པོ་ཞིག་གི་སྔོན་ནས་བྱུང་ཡོད་པར་ཡིད་ཆེས་བྱེད་ཆོག་པ་མིན་ནམ།
མགཞི་ང་རང་ཚོ་ཤར་ཕྱོགས་ཀྱི་མི་རིགས་དང་དེ་ལས་ཀྱང་སངས་རྒྱས་ཆོས་ལུགས་དང་ལྷག་པར་ཡང་གཅེར་བུ་པའི་ཆོས་ལུགས་ཀྱིས་གཡུང་དྲུང་འདི་བཀྲ་ཤིས་པའི་རྟགས་དང་བྱིན་རླབས་ཅན་ཞིག་ཏུ་བརྩི། ཡིན་ན་ཡང་ཡུ་རུབ་དུ་ཧི་ཁྲི་ལར་གྱིས་སྣེ་ཁྲིད་པའི་ན་ཟི་ཚོགས་པའི་དར་ཆའི་ངོས་སུ་གཡུང་དྲུང་གི་རྟགས་འཁོད་པའི་རྐྱེན་གྱིས་དེང་སང་གཡུང་དྲུང་གིརྟགས་འདི་ལ་མི་མང་པོ་ཞིག་མི་དགའ་བ་རེད། རྗུ་མི་རིགས་ཚོས་མཆིལ་ཞགས་ཀྱང་འཐེན་ངེས་རེད། ཡིན་ན་ཡང་གཡུང་དྲུང་གི་རྟགས་འདི་མི་ལོ་དྲུག་སྟོང་ཙམ་གྱི་སྔོན་ནས་ཆུ་བོ་སིན་དུའི་འགྲམ་གྱི་རིག་གནས་ཁྲིད་དུ་ཡོད་པའི་དཔང་རྟགས་རྙེད་འདུག
ཡང་མིག་བརྒྱད་པས། སྟོང་ཉིད་ཆོས་ཅན། ཀུན་རྫོབ་ཡིན་ཏེ། ཀུན་རྫོབ་ཀྱི་སྤྲོས་བ་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ལ་དམིགས་པའི་བདེན་འཛིན་ཡོད་པའི་ཕྱིར། ཞེས་ཟེར། འོ་དེ་ལྟར་ན། སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་ཆོས་ཅན། ཉོན་སྒྲིབ་དང་བཅས་པར་ཐལ། ཁྱོད་ལ་དམིགས་པའི་ཉོན་སྒྲིབ་ཡོད་པའི་ཕྱིར། ཁྱབ་པ་བསྒྲིགས། ཡང་སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་ཆོས་ཅན། ཤེས་སྒྲིབ་དང་བཅས་པར་ཐལ། ཁྱོད་ལ་དམིགས་པའི་ཤེས་སྒྲིབ་ཡོད་པའི་ཕྱིར། ཁྱབ་པ་བསྒྲིགས། སེམས་ཀྱི་རང་བཞིན་ཆོས་ཅན། ཁྱོད་དྲི་མ་དང་བཅས་པར་ཐལ། ཁྱོད་ལ་དམིགས་པའི་དྲི་མ་ཡོད་པའི་ཕྱིར། ཡང་སྟོང་ཉིད་ཆོས་ཅན། དོན་དམ་བདེན་པ་མ་ཡིན་པར་ཐལ། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར། ཡང་སྟོང་ཉིད་ཆོས་ཅན། སྤྲོས་བཅས་དང་སྤྲོས་བྲལ་གཉིས་ཀ་ཡིན་པར་ཐལ། ཡང་རི་བོང་ར་ཆོས་ཅན། ཁྱོད་བདག་འཛིན་དང་བཅས་པ་ཡིན་པར་ཐལ། ཁྱོད་ལ་དམིགས་པའི་བདག་འཛིན་ཡོད་པའི་ཕྱིར། སྟོབས་མཚུངས། ཡང་མིག་བརྒྱད་པ་ཆོས་ཅན། བཟའ་ཟླ་དང་བཅས་པ་ཡིན་པར་ཐལ། ཁྱོད་ལ་དམིགས་པའི་བཟའ་ཟླ་ཡོད་པའི་ཕྱིར། རྒྱུ་མཚན་མཚུངས། རྒྱུ་མཚན་མཚུངས་པའི་འགོ་སྙོམས་ཀྱི་རིགས་པ་ཟེར་ན་དེ་ལ་ཟེར་བ་རེད་དོ། ཡ་དྲྭ་གྲོགས་ལགས་བསམ་བློ་ཡག་པོ་མཐོང་ནས་ལན་རྒྱབ་ཤོག་ཨ། ཇ་འཐུང་དུས་ཟབ་ཟབ་བྱས་ན་མ་གཏོགས་ང་མིག་ལམ་དུ་ཤར་ནས་གྲེ་ཁུང་ཚིག་ན་ཁག་པ་བྱེད་ཡོང།
མཆན་གྱི་གྲངས་གནས་བརྒྱ་དང་བདུན་པའི་ནང་།།
མིག་བརྒྱད་མིག་ཟུང་བསྒྲད་དེ་ལན་བཏབས་པ།།
མཐོང་ཚེ་ཤིག་ལ་སྟ་རེ་མི་དགོས་པའི།།
ངེས་ཤེས་གདེང་སྤོབས་དེ་ཡིས་ཁོ་མོ་ཚིམས།།
འོན་ཀྱང་མིག་བརྒྱད་མིག་གི་བུ་ཆུང་སྟེང་།།
མ་རིག་ལིང་ཏོག་དེ་ཉིད་བསལ་བའི་ཕྱིར།།
རོབ་ཙམ་སྨྲ་བའི་ལས་ལ་འཇུག་པའི་ཚེ།།
མིག་བརྒྱད་མིག་ཟུང་ཧྲིག་ཧྲིག་བྱོས་ནས་ཉོན།།
ལྔ་པ་ཆེན་མོའི་ཕྱག་མཛོད་དྲིན་ཆེན་དེས།།
སོག་དམག་ཉིས་སྟོང་ལྷག་ཙམ་སྣ་དྲངས་ཏེ།།
སྟོད་ལུང་འཚུར་ཕུ་དགོན་ཆེན་གཏོར་ཤུལ་དུ།།
དགེ་འདུན་བདུན་སྟོང་བསད་པའི་གནས་ཚུལ་དངོས།།
ཤེས་པར་འདོད་ན་དུས་རབས་གསར་པའི་ནང་།།
ལོ་རྒྱུས་སྨྲ་བའི་སྤོབས་པ་ཆེར་ལྡན་པའི།།
ཆབ་མདོ་ཤེས་རབ་མདུན་ནས་དཔེ་ཁྲིད་ཞུས།
བེར་འཇིགས་ཧོར་འཇིགས་སོགས་ལ་བཀའ་འདྲི་བྱོས།།
རྡོར་དབང་བློ་ནོར་སོགས་དང་བགྲོ་གླེང་གྱིས།།
དེ་དག་ཁྱོད་དང་ཁ་ཐག་ཉེ་ས་རེད།།
དེ་དག་ཁྱོད་དང་བསྟན་པ་གཅིག་པ་རེད།།
དེ་དག་ཁྱོད་ལ་བསླུ་བ་མི་བྱེད་སྙམ།།
ད་དུང་དེ་ཡིས་ཚིམ་པར་མ་གྱུར་ན།།
ང་འོ་སྙམ་པའི་ང་རྒྱལ་རྒྱབ་ཏུ་དོར།།
གཞུང་ཐོས་པའི་འབད་པ་ལྷུར་ལེན་གྱིས།།
ད་གཟོད་བདེན་པའི་གནས་ལུགས་མཐོང་བར་ངེས།།
གངས་རིའི་ཁྲོད་དུ་དག་དང་དག་མིན་གྱི།།
ལོ་རྒྱུས་རྒྱལ་རབས་དེབ་ཐེར་མང་དྲགས་ནས།།
ཐམས་ཅད་ཐོས་པའི་ངལ་བ་མ་ཐུབ་ཅིང་།།
གར་འགྲོའི་ཁ་ཕྱོགས་མ་ཤེས་མགོ་འཁོར་ན།།
རྣམ་དཔྱོད་མཆོག་ལྡན་དུང་དཀར་བློ་འཕྲིན་གྱི།།
ཆོས་སྲིད་ཟུང་འབྲེལ་དཔྱད་དེབ་རྩ་བར་ཟུངས།།
རིས་མེད་མཁས་དབང་སྡེ་དགེ་ཐུབ་ཕུན་གྱི།།
སྤྱི་དོན་པདྨ་ར་ག་ཡིག་ཆ་བྱོས།།
རང་རྣམ་དུ་ཀཱུ་ལ་ཡི་གོས་བཟང་དང་།།
ཆོལ་གསུམ་ལོ་རྒྱུས་སྡེ་ཚན་ནས་བསྒྲིགས་པའི།།
བོད་ཀྱི་ལོ་རྒྱུས་བགྲོ་གླེང་ལ་སོགས་པ།།
ཞིབ་གསལ་ཟུར་བལྟ་ལན་གཅིག་བགྱིས་རོགས་གནོངས།།
དེ་ལས་ལྷག་པ་དྲ་ཐོགས་འདི་རང་ལ།།
དཔེ་ཁྲིད་བྱ་བའི་ལོངས་ཁོམ་ཁོ་མོར་མེད།།
སྐུ་རླུང་བཞེས་ཀྱང་སྐུ་ཆེ་ཞུ་འདོད་མེད།།
སྡིག་དམོད་བྱས་ཀྱང་སྡིག་པ་བསགས་རོགས་རེད།།
མ་གཞི་ཐོས་རྒྱ་སྣ་གཅིག་མེད་ན་ཡང་།།
མང་ཐོས་མཁས་པ་དུ་མའི་རྩོད་གྲྭ་རུ།།
ཆགས་སྡང་ལས་ངན་གསོག་པ་འདིར་བསམ་ཚེ།།
རྙིང་རྗེའི་གནས་སུ་བཏང་སྙོམ་བོར་ན་སྙམ།།
མིག་བརྒྱད་མིག་ཟུང་བསྒྲད་དེ་ཉན་ཤེས་ན།།
སྨན་མོས་སྨྲས་པ་སྨན་པའི་གདམས་ངག་ཡིན།།
སླད་ནས་ལུང་རིག་བགྲོ་གླེང་དང་བྲལ་བའི།།
ཆགས་སྡང་ཟུར་ཟའི་གཏམ་ལ་ལན་འདེབས་མེད།།
ཡང་མིག་བརྒྱད་པ་ནས། གྲུབ་མཐའ་བཞི་གང་དང་ཡང་མི་མཐུན་པའི་ལྟ་བའམ་དབུ་མ་ལས་ལྷག་པའི་ལྟ་བ་སྔགས་ལ་མེད་པའི་ཕྱིར། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་མ་ཡིན་པར་ཐལ། རྫོགས་ཆེན་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་དང། བྱེ་བྲག་སྨྲ་བ་ཡིན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཞེས་དང། ཡང་ལྟ་བའི་ཆ་ནས་བྱེ་སྨྲ་བ་དང་ཐབས་ཀྱི་ཆ་ནས་ཐེག་ཆེན་པ། ཞེས་རང་སྣང་གང་ཤར་གྱི་རྟོག་བཏགས་འབའ་ཞིག་གླེང་ཁུལ་བྱས་འདུག་པས། དེ་ལྟར་བདེན་ན། འོ་ན་ངས་ཁྱོད་ལ། ར་ཡིན་པར་གྱུར་པའི་ལུག་ཆོས་ཅན། ཁྱོད་ར་ཡིན་ཏེ། ཁྱོད་ལྟ་བའི་ཆ་ནས་ར་ཡིན་པའི་ཕྱིར། ཡང་ཁྱོད་ལུག་ཡིན་ཏེ། ཁྱོད་སྤྱོད་པའི་ཆ་ནས་ལུག་ཡིན་པའི་ཕྱིར། ཕོ་ཡིན་པར་གྱུར་པའི་མོ་ཆོས་ཅན། ཁྱོད་ཕོ་ཡིན་ཏེ། ལྟ་བའི་ཆ་ནས་ཕོ་ཡིན་པའི་ཕྱིར། ཡང་མོ་ཡིན་ཏེ། སྤྱོད་པའི་ཆ་ནས་མོ་ཡིན་པའི་ཕྱིར། བྱ་རོག་ཡིན་པར་གྱུར་པའི་འུག་པ་ཆོས་ཅན། བྱ་རོག་ཡིན་ཏེ་ལུས་ཀྱི་ཁ་མདོག་མི་སྡུག་པའི་ཆ་ནས་བྱ་རོག་ཡིན་པའི་ཕྱིར། ཡང་འུག་པ་ཡིན་ཏེ་མཚན་མོ་གསལ་བྱེད་ཀྱི་མིག་ཟུང་ལྡན་པའི་ཆ་ནས་འུག་པ་ཡིན་པའི་ཕྱིར། ཞེས་བརྗོད་ན་འཐད་པར་ཐལ་ལོ། དུས་ཕྱིས་ཀྱི་ཁྱེད་ཅག་གི་མཁས་མིང་འཛིན་པ་རྣམས་ལ་ཆ་བཞག་མང་པོ་སྦྱར་རྒྱུ་འདུག་པ་འདི་དངོས་གནས་ཡ་མཚན་ཆེན་པོ་འདུག་ག སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་གཏན་ནས་མ་ཡིན་ཏེ། རྫོགས་ཆེན་པ་ཁོ་ན་ཡིན་པའི་ཕྱིར། ཡང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་གཏན་ནས་མ་ཡིན་པར་ཐལ། ལྟ་སྤྱོད་གང་གི་ཆ་ནས་ཀྱང་མ་ཡིན་པའི་ཕྱིར་རོ། ཡང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། ལྟ་སྤྱོད་གང་གི་ཆ་ནས་ཀྱང་དབུ་མ་ཐལ་འགྱུར་བ་མ་ཡིན་པར་ཐལ། ལྟ་སྤྱོད་གཉིས་ཀའི་ཆ་ནས་རྫོགས་ཆེན་པ་ཡིན་པའི་ཕྱིར་རོ། ཡང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། ལྟ་བའི་ཆ་ནས་རྫོགས་ཆེན་པ་ཡིན་ཏེ། བློ་ལ་རགས་མ་ལས་པའི་བློ་འདས་བླ་མེད་ཀྱི་དགོངས་པ་མངོན་དུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཟིན་པའི་སྐྱེས་བུ་ཡིན་པའི་ཕྱིར། སྤྱོད་པའི་ཆ་ནས་རྫོགས་ཆེན་པ་ཡིན་ཏེ། དགག་སྒྲུབ་དང་བྲལ་བའི་འགག་མེད་ཤུགས་འབྱུང་གི་སྤྱོད་པ་རང་གྲོལ་དུ་སྨྲ་བའི་ཡེ་ཤེས་ཀྱི་ལུས་ཅན་ཡིན་པའི་ཕྱིར་རོ། ཡང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། ལྟ་བའི་ཆ་ནས་དབུ་མ་ཐལ་འགྱུར་བ་གཏན་ནས་མ་ཡིན་ཏེ། མེད་དགག་ཆད་སྟོང་གི་སྟོང་པ་ལ་དགོངས་པའི་ཕུག་གཏད་ནས་བློ་བྱས་ཀྱིས་སྒོམ་པ་གཙིགས་སུ་མི་འཛིན་པའི་ཕྱིར་རོ། ཡང་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། སྤྱོད་པའི་ཆ་ནས་དབུ་མ་ཐལ་འགྱུར་བ་གཏན་ནས་མ་ཡིན་ཏེ། དགག་སྒྲུབ་ཅན་གྱི་སྤྱོད་པ་རྒྱུ་རྐྱེན་ལམ་དུ་འཁྱེར་བའི་ཉམས་ལེན་གྱི་རིམ་པ་ལ་ཞེན་པ་གཏིང་ནས་ལོག་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ།
དགོངས་དག་གོང་དུ་གཞུང་མང་ཞེས་བཅོས་རོགས།
མིག་བརྒྱད་པ་ན་རེ།
རྫོགས་ཆེན་པ་རྣམས་ཀྱིས་དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་འདིའི་ནང་དུ་ཆོས་ཐམས་ཅད་རྫོགས་པས་རྫོགས་ཆེན་ཞེས་དེ་ལྟར་བཤད་མོད། ད་ལྟའི་རིག་པ་འདི་དྲི་བྲལ་ཡིན་མིན་དཔྱད་དགོས་སོ། །ཞེས་དང་། དེས་ན་རྫོགས་ཆེན་གྱི་སྒོམ་ནི་སེམས་ལ་དམིགས་པའི་སྒོམ་ཡིན་པར་གྲུབ་པོ། །
ཞེས་པར་ལན། རྫོགས་ཆེན་སྐབས་ཀྱི་རིག་པ་ཟེར་བ་ནི་འདུས་བྱས་ཡིན་པའི་སེམས་ལ་གོ་ན་ནོར་བ་རེད། དེ་ནི་གཞིར་གནས་རང་བྱུང་གི་ཡེ་ཤེས་ལ་གོ་བ་ལེན་དགོས། དེ་ལྟར་གོ་ན་དྲི་བྲལ་ཡིན་པ་གོ་ཐུབ་ལ། གཞན་ཡང་གཞི་ལས་གཞི་སྣང་བྱུང་ཚུལ་སོགས་ཤེས་ན་ད་གཟོད་ཆོས་ཐམས་ཅད་དེར་རྫོགས་པ་སོགས་གོ་ཐུབ། དེ་ན་རྫོགས་ཆེན་ངོ་མ་ནི་སེམས་ལ་དམིགས་པ་ཞིག་ག་ལ་ཡིན།
སྟག་ར་ན་རེ།
གཞན་སྟོང་ཡིན་ཀྱང་རང་སྟོང་མིན་པའི་རང་ངོས་ནས་བདེན་གྲུབ་ཀྱི་ཆ་དངབཅས་པ་དེ་ཡིན་པར་ཐལ། ཀུན་མཁྱེན་དོལ་བུ་བས་བཞེད་པ་ལྟར་གྱི་དབུ་མ་ཆེན་མོ་དེ་ཡིན་པའི་ཕྱིར།
ཞེས་པར་ལན། ཇོ་ནང་ཀུན་མཁྱེན་གྱིས་གསུངས་པའི་གཞན་སྟོང་ནི། གང་སྣང་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་ཡོད་པས་སྟོང་མི་ཐུབ་པའི་བདེན་གྲུབ་ཅིག་ཁས་ལེན་བྱས་མེད། སྣང་ཆ་དེ་ལ་ལེགས་པར་ཤན་ཕྱེས་ནས་དག་མ་དག་གི་ཆ་གཉིས་བཀར། མ་དག་པ་ཀུན་རྫོབ་ཀྱི་ཆ་དེ་བག་ཆགས་དབང་གིས་བཞག་པ་ཙམ་ཡིན་པས་དེ་ཡང་དོན་ལ་མ་གྲུབ་པར་རང་ངོས་ནས་སྟོང་བར་བཞེད། གཞི་བདེ་གཤེགས་སྙིང་བོ་མཐར་ཐུག་གི་དོན་ལ་གྲུབ་པའི་རང་ངོས་ནས་མི་སྟོང་བར་གསུང་ཀྱང་། དེ་ནི་སྣང་སྟོང་གི་བདེན་གཉིས་བཤད་པའི་སྐབས་མ་རེད། གནས་སྣང་གི་བདེན་གཉིས་བཤད་པའི་སྐབས་རེད། དེ་ལྟར་གོ་བ་ལེན་མ་ཐུབ་ན་ནོར་འཁྲུལ་མང་པོ་འབྱུང་སྲིད།
ཡང་མིག་བརྒྱད་མིག་ཟུང་བསྒྲད་ནས་ཉོན་དང་།
ངས་རྣམ་པ་ཀུན་ཏུ་ཐེག་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་རྒྱལ་རབས་ལོ་རྒྱུས་གང་ལས་ཀྱང་‘‘བོན་ནག་’’ཅེས་པའི་ཚིག་འདི་མེད་པས་ཁྱེད་ཚོས་རྟོག་བཟོ་འབའ་ཞིག་ཡིན་ཚུལ་གླེང་སྐབས་ཁྱོད་ཀྱིས་ཞྭ་དཔེ་ལྷམ་ལ་བཀབ་ཏེ་བོད་རྒྱ་ཚིག་མཛོད་ལས་ལྟས་ན་ཡོད་མདོག་བཤད་འདུག་མོད་ཀྱང་། བོད་རྒྱ་ཚིག་མཛོད་ནང་གསལ་ཚད་ཚང་མ་ཁོ་མོས་ཚད་མར་འཛིན་ཐབས་མེད་པས་ཁྱོད་རང་ངལ་བ་རང་རེད། ད་དུང་ཁྱོད་ཀྱིས་‘‘བོན་པོའི་སྲུང་མ་སྟག་ལ་མེ་འབར་དང་རྒྱལ་འགོང་སོགས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས་བོད་ཡུལ་འདིར་ཁྲག་གི་འཁོར་ལོ་བསྐོར་བ་ཡིན་རྒྱུ་རེད’’།’ཅེས་སོགས་ཟེར་བ་ནི་གྲོང་ནག་གི་སྐྱེས་དམན་དག་གི་འཁྲུགས་པ་རྒྱག་ཚུལ་ཙམ་ལས་ཤེས་ཡོན་པ་ཞིག་གི་སྐད་ཆ་རེད་དམ། མ་གཞི་ནས་བོན་པོ་ལ་སྲུང་མ་སྟག་ལ་མེ་འབར་ཞེས་པ་ཞིག་ཁྱོད་ལ་ལྷ་འདྲེས་ལུང་བསྟན་བྱུང་ཡོད་ན་མ་གཏོགས་ངེད་བོན་པོ་ཚང་ལ་ཡི་དམ་སྟག་ལ་མེ་འབར་ལས་སྲུང་མ་སྟག་ལ་མེ་འབར་ཞེས་པ་ཞིག་གོ་མྱོང་མེད། ད་དུང་༼‘སྨན་མོ་མཚོ། བོན་ནག་རྣམས་ཀྱིས་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཤུལ་མེད་དུ་བཏང་བའི་མཇུག་འབྲས་འཁོར་བ་རེད། བོད་ཀྱི་ཆོས་རྒྱལ་ཚོ་བཞུགས་རྒྱུ་ན་དེ་འདྲའི་ཆག་སྒོ་ཡོང་གི་མ་རེད། སྨོན་ལམ་ལོག་པའི་གདོན་གཟུགས་དེ་ཚོ་བོད་ཀྱི་འཚོ་བའི་ནང་དུ་ཞུགས་ནས་ཕུང་དཀྲུགས་བྱུང་བ་ལས་གཞན་གང་ཡང་མ་རེད།༽ཞེས་བཤད་འདུག་པ་དེ་ལ་ཁོ་མོས་གོང་དུ་བོད་སྤྱི་ལ་དབང་བའི་རྒྱལ་རབས་སུས་ཤུལ་མེད་དུ་བཏང་བ་དང་། བོད་ཀྱི་ཆོས་རྒྱལ་པོ་སྐུ་འཚོ་བཞུགས་བྱུང་བའི་ཉེར་ལེན་ལ་བརྟེན་ནས་བོད་གངས་ཅན་པའི་ལས་དབང་ལ་ཆག་སྒོ་ཇི་ཙམ་བྱུང་མིན་དང་། བོད་ཁམས་ཁྲག་གི་འཁོར་ལོ་བསྐོར་བ་དེ་ཕུང་དཀྲུགས་སུས་བྱས་པ་ལ་བརྟེན་ནས་བྱུང་མིན་སོགས་གང་འཚམ་ཞིག་ཞུས་ཁུལ་ཡིན་ཡང་། དེས་ཚིམས་མེད་ན་ད་དུང་དེ་ལས་གསལ་བ་ཞུས་ན་འགྲིག་གི་རེད་ཁྱེད་རང་ཨུ་ཚུགས་གཅིག་པུས་ལམ་འཁྱོལ་ཐབབས་ཁོ་རང་ཡོད་མ་རེད་ལོ། ད་ལྟ་དུས་རབས་ཉེར་གཅིག་པར་སླེབས་ཟིན་པ་ཧ་གོ་གི་ཡོད་དམ་གྲོགས་པོ། ད་དངོས་ཁྱོད་ལ་ཡོད་ན་ངས་གོང་དུ་མེས་དབོན་རྣམ་གསུམ་བཟུང་དགའ་ལྡན་ཕོ་བྲང་བར་གྱི་སྐྱོ་གར་དེ་དག་ལོ་རྒྱུས་ལས་གང་གསལ་བ་ལྟར་འཁབ་སྟོན་རགས་བསྡུས་ཙམ་བྱས་ཡོད་དེ་ལ་མི་འཐད་ཚུལ་འདུག་ན་ལན་ཐོབ། གལ་ཏེ་ངས་བཤད་པ་དེ་ག་རང་རེད་འདུག་ན་སྡུག་ཁ་བཙུམ་ནས་བཞུགས་ན་ཅིས་མི་ལེགས་སམ།
ཕོ་ལུས་མོ་མིང་བརྫུས་བའི་སྨན་མོ་མཚོས།།
རིགས་པའི་སྒྲུབ་བྱེད་མེད་པའི་ལུང་སྐམ་གྱིས།།
འུར་སྟོང་ལུང་བ་སྒྲོག་པའི་བྲག་སྐད་ལ།།
སྙིང་པོའི་དོན་གྱིས་དབེན་པ་ཡ་རེ་ང་།།
མ་རིག་གདོན་གྱིས་བསླུས་བའི་ལེ་ལན་ལ།།
རང་ལ་ཡིད་བརྟན་གང་ཡང་མེད་བཞིན་དུ།།
ང་རྒྱལ་རི་བོའི་གཏོས་དང་མཉམ་པ་འདི།།
གཤེན་རབ་མཆོག་གིས་གཟིགས་ན་ཡ་རེ་ང་།།
ཚུལ་དང་མཐུན་པའི་གནས་ཚུལ་བཤད་རྒྱུ་མེད།།
ལོ་རྒྱུས་ཡིག་རིགས་སྣ་གཅིག་སྟོན་རྒྱུ་མེད།།
དཔྱོད་ལྡན་མགུ་པའི་གཏམ་བཟང་གཅིག་ཀྱང་མེད།།
མེད་པ་གསུམ་གྱིས་ཁྱོད་ལ་སྲུང་གྱུར་ཅིག།
བོན་པོའི་གཞུང་ནས་གང་ཡང་མ་བརྙེད་པར།།
བེ་རི་ཧོར་འཇིགས་སོགས་ཀྱི་རྐུབ་ལ་རྒྱུགས།།
རང་ཁ་རང་གིས་གཅོད་པའི་གཏམ་ངན་འདི།།
གཤེན་རབ་མཆོག་གིས་གཟིགས་ན་ངོ་རེ་ཚ།།
ལེགས་བཤད་འཚོལ་བའི་མིག་དང་མི་ལྡན་ཞིང་།།
རང་གི་མདུན་གྱི་དོང་ཡང་མི་མཐོང་བའི།།
ལུས་ལས་མགོ་བོ་ཆེ་བའི་སྨན་མོ་མཚོ།།
གཤེན་རབ་མཆོག་གིས་གཟིགས་ན་ངོ་རེ་ཚ།།
གི་རྒྱབ་རྟེན་མེད་པའི་རིགས་འཆལ་གྱིས།།
སྨན་མོ་མཚོ། ལྔ་བ་ཆེན་པོའི་ཕྱག་མཛོད་ཀྱིས་སོག་དམག་ཉིས་སྟོང་སྣེ་དྲངས་ནས་མཚུར་ཕུ་དགོན་དུ་གྲྭ་བ་བདུན་སྟོང་བསད་རབས་ཀྱི་ཁུངས་བེ་རི་ཧོར་འཇིགས་སོགས་དང་ད་དུང་དེས་མ་ཚིམ་ན་རང་རྣམ་དུ་ཀཱུ་ལ་ཡི་གོས་བཟང་དུ་ཡོད་རབས་བཤད་མོད། གང་ན་ཡོད་ཁུངས་འགོད་པ་གལ་མི་ཆེའམ། མི་རེ་ཟུང་ཞིག་གི་མིང་དྲངས་ནས་ཅི་ཕན། དུ་ཀཱུ་ལའི་ལུང་གང་ན་ཡོད་སྟོན་ཤོག ཡིག་འབྲུ་རེ་རེ་ནས་་་་་་་་་་་་་་་་་་་་་་། ད་འོ་ན་ཡི་དམ་སྟག་ལ་མེ་འབར་གྱི་ཞབས་འོག་ཏུ་་་་་་་་་་་་་་་་་་་སུ་བཞུགས་པ་ཡིན། དེ་དྲི་བ་ཡིན།
སྟག་ར་ལགས། ཁྱོད་ཀྱི་༼ར་ཡིན་པར་གྱུར་པའི་ལུག་ཆོས་ཅན། ཁྱོད་ར་ཡིན་ཏེ། ཁྱོད་ལྟ་བའི་ཆ་ནས་ར་ཡིན་པའི་ཕྱིར། ༽འདི་ལ་གོ་རྒྱུ་ཅི་ཡང་མེད་གི། རྩོད་གཞི་གཞི་མ་གྲུབ། ༼སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། དབུ་མ་ཐལ་འགྱུར་བ་གཏན་ནས་མ་ཡིན་ཏེ། རྫོགས་ཆེན་པ་ཁོ་ན་ཡིན་པའི་ཕྱིར། ༽འོ་ན། སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ཆོས་ཅན། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་བོ་གང་རུང་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་གང་ཟག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཕགས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། གྲུབ་མཐའ་བཞི་གང་དང་ཡང་མི་མཐུན་པའི་ལྟ་བ་ཐུབ་པའི་དགོངས་པ་མ་ཡིན་པའི་ཕྱིར་ཏེ། རྡོ་རྗེས་སྙིང་འགྲེལ་ལས། ལྔ་བ་ཐུབ་པའི་དགོངས་པ་མིན།།ཞེས་གསུངས་པའི་ཕྱིར།།
སྟག་ར་ལགས། སེམས་ཅན་གྱི་རྒྱུད་ཀྱི་སེམས་བདེན་སྟོང་དེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སེམས་བདེན་སྟོང་དེ། དྲི་མ་དང་བྲལ་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད།།ཅེས་གསུངས་པའི་ཕྱིར།
མིག་གཅིག་སྔགས་ཀྱི་སྲུང་མས་མ་གཟིགས་པ། །མིག་གཉིས་མི་དང་དུས་འགྲོའི་མ་མཐོང་བ། །མིག་བརྒྱད་མིག་སྟོང་ལྡན་པས་མ་རིག་པའི། །གཤིན་རབས་རི་རྭ་བོན་ལུགས་གཞི་མི་སྲིད། །ཕོ་ལུས་མོ་རུ་རྫུ་བའི་སྨན་མོ་མཚོ། །མི་ལུས་སྟག་ར་འཕྲུལ་བའི་གཡོ་སྒྱུ་མཁན། །བན་ཆོས་བོན་དུ་འབོད་པའི་དམ་རལ་ཚོ། །འཁོར་འདས་ས་ལམ་འདོད་པར་ཤིན་ཏུ་འཁྲུལ། །བོན་ལུགས་གཤིན་འདྲེ་སྐྱབས་སུ་མཆི་བཞིན་དུ། །སྤངས་རྟོགས་ས་ལམ་རྩོད་པའི་རོ་ལོང་ཁ། །ཤིང་ཁ་ཤོག་ལྕེ་འབར་བའི་ན་རཀ་པ། །བོན་གཤིན་སྒྲོ་འདོགས་མ་ཆོད་སྙིང་རེ་རྗེ། མ་ཚད་བེ་རུ་སྤྱི་མཐུན་ནང་སྤྲུགས་དང། །ཧོར་འཇིགས་རྐུན་མའི་རྒྱབ་རྩ་ཇག་པ་ཁྲིད། །ཕ་ཆོས་དངུལ་ལ་བཙོང་པའི་ནོར་སྐྱོང་ལ། །དྲི་ལན་བྱི་སྟུག་གསེར་དུ་མ་སྒོམས་ཤིག །
ཀརྨ་དགེ་ལེགས་ན་རེ།
༼རྫོགས་ཆེན་སྐབས་ཀྱི་རིག་པ་ཟེར་བ་ནི་འདུས་བྱས་ཡིན་པའི་སེམས་ལ་གོ་ན་ནོར་བ་རེད། ༽ཟེར། ཚད་མའི་གཞུང་ན་བློ་དང་ཤེས་པ། རིག་པ་གསུམ་དོན་གཅིག བདག་གིས། རིག་པ་ཡིན་ན་འདུས་བྱས་ཡིན་པས་ཁྱབ་ཅེས་དམ་བཅའ་རྡོ་རྗེའི་བྲག་རི་ལྟར་འཇོག་གི་ཡིན། གནོད་བྱེད་ཡོད་ན་ཐོངས་དང་། ད་ལྟའི་རིག་པ་ཞེས་སྦྱོར་དོན་ཅི་ཡིན། སེམས་ཀྱི་ཆོས་ཉིད་ལ་གོ་ན་ད་ལྟའི་ཞེས་སྦྱོར་དོན་མེད་པའི་ཕྱིར། དེ་ལྟར་མིན་ན་རྒྱང་ཕན་གྱི་འབྱུང་བའི་ཚུལ་དང་མི་འདྲའམ། འཁོར་འདས་མ་ཕྱེ་བའི་སྔོན་དུ་གཞི་ལས་མ་གཡོས་བའི་རིག་པ་ནི་འཆི་བའི་དུས་སུ་འབྱུང་བ་ཐིམ་རིམ་གྱི་ལུས་སེམས་འབྲེལ་ཆད། རིག་པ་སྙིང་དཀྱིལ་ནས་ཐོན་ཏེ་གར་འཇམ་རྩའི་སྒྲོན་མེའི་ལམ་བརྒྱུད། རྒྱང་ཞགས་ཆུའི་སྒྲོན་མེའི་སྒོ་ནས་ཐོན་ཏེ། མེ་སྟག་ཡལ་བ་ལྟར་གྱུར་ཚེ་ནམ་མཁའི་འོད་གསལ་ལ་ཐིམ་ནས་ཐོ་རངས་ཀྱི་ནམ་མཁའ་ལྟ་བུའི་འོད་གསལ་དང་ཆོས་ཉིད་ཀྱི་བར་དོ་དུས་མཉམ་དུ་ཤར། དེ་ནི་སྤྱིའི་གཞིའི་རིག་པ་ཟེར། སྔར་གྱི་སྟོང་ཉིད་དེ་རིག་པར་ཇི་ལྟར་སོང་། ནམ་མཁའ་འོད་གསལ་ལ་ཇི་ལྟར་ཐིམ། དྲི་བ་ཡིན།
སྤོབས་པ་མཐའ་ཡས། གཡུང་དྲུང་གི་སྐོར་དེ་མང་ཙམ་ཤོད་དང་། རི་མོ་འདི་ཤིན་ཏུ་རྙིང་པ། ཆོས་ལུགས་སུ་བཀོད་པ། ཆབ་སྲིད་ཀྱིས་བཀོད་པ། རྟེན་འབྲེལ་དུ་བཀོད་པ། ད་དུང་ངས་རྙེད་པ་ལྟར་ན་ཤིན་ཏུ་སྔ་མོ་སྔ་མོ་ཞིག་ལ་འདི་བརྩེ་བ་མཚོན་བྱེད་ཀྱི་རི་མོ་ཞིག་ཡིན་པ་དེ་རེད། ཆེས་ཐོག་མར་རི་མོ་འདི་བརྩེ་བ་མཚོན་བྱེད་ཞིག་ཡིན་པ་རི་མོ་རང་དང་རི་མོའི་མིང་ལ་བརྟག་ན་ཤིན་ཏུ་གསལ།
སྲིན་འབུ་དབུགས་ཐོབ་ཙམ་གྱི།།
ཨ་ཆད་འུ་ལ་ཐུག་པས།
བེ་རི་ཧོར་འཇིགས་རྐུབ་ནས།།
བདུད་རྩིའི་བཏུང་བ་བཞེས་རོགས།།
བསམ་བཞིན་ཆག་སྒོ་བསླངས་ནས།།
སྨྱོ་ནག་ཧོལ་རྒྱུག་ཆེ་བའི།།
རང་སེམས་གདོན་གྱིས་ཁྱེར་བ།།
བསམ་ན་གད་མོ་ཤོར་གི།
ཚེ་གཅིག་འཚོ་བ་མ་གཏོགས།།
ངན་རྒྱབ་གདོན་འདྲེས་བྱས་པས།།
དགེ་སྡིག་བླང་དོར་མེད་པའི།།
ཉ་ཉོག་སྐད་ཆ་མང་གི།
གཏམ་ལ་ཨ་ལན་མེད་པའི།།
བློ་མིག་ཁབ་ཀྱི་བུ་ག།
དོན་གྱི་གནད་ལ་གཏུགས་ཚེ།།
མུན་ནག་འདོམ་འཇལ་བྱེད་གི།
རྫོགས་ཆེན་སྐབས་ན་རིག་པ་རང་བྱུང་ཡེ་ཤེས་ཞེས་རླུང་ལྟར་དུ་གྲགས་པ་མ་ཡིན་ནམ། ཆོས་ཀྱི་དབྱིངས་དང་། རང་བྱུང་གི་རིག་པ། དེ་གཉིས་གཟུང་དུ་འཇུག་པའི་ཕྱིར་ན་དབྱིངས་རིག་དབྱེར་མེད་དུ་གྲགས་པ་དང་།
དེར་མ་ཟད་མདོ་ལས་ཀྱང་། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་མ་གསུངས་སམ། དེ་ལྟ་བའི་རིག་པ་ནི་འདུས་བྱས་མིན་ནོ། །ད་ལྟའི་རིག་པ་ཞེས་སྦྱོར་དོན་ནི། སྣང་ཚུལ་མ་དག་པའི་ངོར་འདུས་བྱས་སུ་གྱུར་བའི་སེམས་དེ་ཀ་རང་གནས་ཚུལ་དོན་གྱི་ཐོག་ནས་བཤད་ན་ངོ་བོ་འདུས་མ་བྱས་ཡིན་ལ། དེ་ཡང་རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱེས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་ཅན། །སོགས་གསུངས་པ་མ་ཡིན་ནམ། གཞན་ཡང་རྙིང་མ་བ་རྣམས་ལ། རིག་པ་ངོ་སྤྲད་ཟེར་བ་དེ་ཡང་འདུས་བྱས་ཡིན་པའི་སེམས་དེ་ངོ་སྤྲད་པ་མ་རེད།
དེ་ན་རང་གི་དམ་བཅའ་བྲག་རི་ལྟ་བུ་དེ་འཇིག་མི་རུང་ན། ད་དུང་ཚོགས་མ་བསགས་པར་བཞུགས་དང་། འདུས་མ་བྱས་ཡིན་པའི་རིག་པ་རང་བྱུང་གི་ཡེ་ཤེས་ལ་མཇལ་བའི་གོ་སྐབས་ཡོད་མི་སྲིད་དོ། །རྩེད་མོ་ཡིན། དགོངས་པ་མ་ཚོམ།
དྲི་བ་ཡག་པོ་དྲིས་འདུག་ཀྱང་། ལན་ཡག་པོ་འདེབས་མི་ཤེས། དགོངས་པ་མ་ཚོམ།
1. མིག་བརྒྱད་པས་བྲིས་པའི་མཆན་ཨང་༼༡༡༩༽པའི་ལན་དུ་བྲིས་པ།།
2. འཁྲིས་ནག་ཅན་གྱིས་གཡས་འཁྱིལ་དུང་གི་མདོག།
3. སེར་པོར་སྣང་བར་བཤད་པའི་དཔེ་ཇི་བཞིན།།
4. མིག་བརྒྱད་མིག་ཟུང་བསྒྲད་པའི་སྣང་ངོ་ལ།།
5. མོ་ཡང་ཕོ་རུ་མཐོང་ན་ལོག་རྟོག་རེད།།
6.
7. གནའ་དེང་མཁས་དབང་གསེར་རིའི་ཕྲེང་བ་ཡི།།
8. རྒྱལ་རབས་ལོ་རྒྱུས་གསེར་གྱི་མེ་ལོང་ངོར།།
9. གསལ་བར་ཤར་བའི་གནད་དེ་མཇལ་གྱུར་ན།།
10. སྐྱོ་གར་དེ་དག་ཟུར་བལྟས་ལེབ་མཐོང་ཡིན།།
11.
12. མདོ་སྔགས་གཞུང་ཆེན་འཆད་རྩོད་བྱེད་པ་བཞིན།།
13. རིག་པའི་བསྒྲུབ་བྱེད་བཀོད་དགོས་མ་མཆིས་མོད།།
14. མ་གཞི་ཁྱོད་འདྲའི་བླུན་པོའི་རིགས་དག་ལ།།
15. ལུང་རིག་སྟ་རེ་ཡིས་ཀྱང་བསྲེ་ཐབས་དཀའ།།
16.
17. མ་རིག་གདོན་གྱིས་ཁྱོད་རང་བསླུས་འདུག་ཏེ།།
18. སྟོན་མཆོག་གཤེན་རབ་སྐྱེ་དགུའི་འགྲོ་བ་ཀུན།།
19. ཡ་ང་སྙིང་རྗེ་ཆེན་པོ་བསྐྱངས་ལགས་ན།།
20. ང་ལ་ཡ་རེ་ང་ན་ངོ་མཚར་ཅི།།
21.
22. ཚུལ་དང་མཐུན་པར་དྲ་ཐོག་བྲིས་ནས་ཡོད།།
23. ལོ་རྒྱུས་ཡིག་རིགས་མིང་ཡང་སྨོས་ནས་ཡོད།།
24. དཔྱོད་ལྡན་མགུ་སྟེ་དཔྱོད་དགོངས་པ་ཡིན།།
25. ད་དུང་ཚིམས་པ་མེད་ན་བླུན་གྲལ་བཞུགས།།
26.
27. ཟབ་རླིང་བོན་པོའི་གཞུང་ལས་མ་རྙེད་མིན།།
28. ཁྱོད་ཀྱི་དབང་པོར་འཚམ་པ་གོང་དག་རེད།།
29. བེར་འཇིགས་ཧོར་འཇིགས་རྐུབ་ལ་རྒྱུགས་མིན་གང་།།
30. བཙན་བྱོལ་སྤྱི་ཚོགས་ནང་གི་མཁས་དབང་རེད།།
31.
32. ལེགས་བཤད་འཚོལ་བའི་མིག་དང་ལྡན་མདོག་གིས།།
33. རང་མདུན་དོང་དེ་མཐོང་བཞིན་གཡང་མཆོངས་བའི།།
34. ཤེས་ལས་ང་རྒྱལ་ཆེ་བའི་མིག་བརྒྱད་པ།།
35. ཤག་ཐུབ་རྗེེས་འཛིན་ཀུན་གྱི་རྐང་འདྲེན་རེད།།ཧ་ཧཱ།
དྲྭ་གྲོགས་ཚོས་ལྟ་བའི་སྐོར་ནས་བགྲོ་གླེང་གནང་ན་ཡག་པོ་འདུག དེ་མིན་བན་བོན་གྱི་ཕྱོགས་ཞེན་དང་ཚིག་ངན་མི་གཙང་བའི་འདམ་དོང་ལྟ་བུ་འབའ་ཞིག་ལ་ཟུག་བསྡད་ན་ཕན་ལས་གནོད་ཆེ།
ཀརྨ་དགེ་ལེགས་ཉོན་ཅིག སོ་སྐྱེས་ལ་ཡིད་མངོན་ཤིན་ཏུ་ལྐོག་གྱུར་དུ་གསུངས་པས་སྐབས་དེར་རྟོག་པ་གང་ཡང་མེད་ན་སེམས་རྒྱུད་ཆད་དམ་མ་ཆད་བརྟག་དགོས་སོ། །རྙིང་མ་བ་ཁ་ཤས་ཀྱིས་སེམས་སྟོང་ཉིད་དུ་འདོད་པ་ནི། རྗེ་རོལ་བའི་རྡོ་རྗེས། ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།ཅེས་གསུངས་པ་ལྟར་དེ་ཙམ་གྱིས་ཀྱང་གོ་ནུས། རྣམ་འགྲེལ། དེ་དག་ཡུལ་ལ་མ་མཐོང་བས།།ཡིན་གྱི་ཕྱི་ཚུལ་དག་གིས་མིན།། ཞེས་པ་ལྟར་རང་རྒྱུད་ཀྱི་བློ་ཕྱིན་ཅི་ལོག་གི་འཛིན་སྟངས་སུན་ཕྱུང་ནས་འཁོར་རྩ་གཅོད་དགོས་འདུག་ཀྱང་མིག་ཟུམ་ཅེར་བལྟས་ཙམ་གྱིས་རྟོགས་པ་མཐོན་པོ་འོང་ན་སེམས་བཙལ་བའི་ངལ་བ་ཡང་མི་དགོས་སོ། །ཡང་ལ་ལས། མིག་གཡས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། གཡོན་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སྣང་བའི་ཚུལ་དུ་འཆར་ལ། དེ་ཡང་མིག་འབྲས་བཙིར་བའི་འོད་སྐོར་ལ་ངོས་བཟུང་ནས། དེ་ཡང་རིགས་དྲུག་ལ་མི་འདྲ་བ་ཡོད་ཀྱང་བླ་མའི་གདམས་ངག་དང་ལྡན་ན་མཐེབ་མཛུབ་ཀྱིས་མིག་ཕུང་དང་འགྲམ་པ་བཙིར་ན་གློ་བུར་དུ་མཇལ་ཟེར། འོ་ན་ཐུབ་པས་མིག་འབྲས་བཙིར་མ་ཕོད་པར་ལོ་དྲུག་དཀའ་བ་སྤྱད་པ་ཅི་ཡིན། དྲི་བ་ཡིན།
སྨན་མོ་མཚོ། དྲི་བ་འདི་ལ་ད་དུང་ལན་བརྒྱབ་མ་སོང་། ལྔ་བ་ཆེན་པོའི་ཕྱག་མཛོད་ཀྱིས་སོག་དམག་ཉིས་སྟོང་སྣེ་དྲངས་ནས་མཚུར་ཕུ་དགོན་དུ་གྲྭ་བ་བདུན་སྟོང་བསད་རབས་ཀྱི་ཁུངས་བེ་རི་ཧོར་འཇིགས་སོགས་དང་ད་དུང་དེས་མ་ཚིམ་ན་རང་རྣམ་དུ་ཀཱུ་ལ་ཡི་གོས་བཟང་དུ་ཡོད་རབས་བཤད་མོད། གང་ན་ཡོད་ཁུངས་འགོད་པ་གལ་མི་ཆེའམ། མི་རེ་ཟུང་ཞིག་གི་མིང་དྲངས་ནས་ཅི་ཕན། དུ་ཀཱུ་ལའི་ལུང་གང་ན་ཡོད་སྟོན་ཤོག ཡིག་འབྲུ་རེ་རེ་ནས་་་་་་་་་་་་་་་་་་་་་་། ད་འོ་ན་ཡི་དམ་སྟག་ལ་མེ་འབར་གྱི་ཞབས་འོག་ཏུ་་་་་་་་་་་་་་་་་་་སུ་གནོན་པ་ཡིན། དེ་དྲི་བ་ཡིན།
ང་ཡི་སྙིང་ནི་གནས་ལུགས་ཡིན།།
ཕོག་རྒྱུ་མེད་ལ་གནོད་རྒྱུ་མེད།།
མཐོང་རྒྱ་ཆེ་བའི་མིག་བརྒྱད་ཡོད།།
བསམ་རྒྱ་ཆེ་བའི་མགོ་བཞི་ཡོད།།
དཀོན་མཆོག་གསུམ་ལ་སྙིང་ནས་དད།།
གནས་ལུགས་ཤོད་ཚེ་ངོ་སྲུང་མེད།།
ཚུལ་གསུམ་རིགས་པ་དཔང་པོར་འཇོག།
འདུན་མ་མ་འཕྱུགས་ཨེ་མ་ཧོ།།
སྒལ་རིང་རྟ་བོང་ལ་སོགས་པར།།
རྣ་ཅོག་རིང་ཙམ་ཡོད་ན་ཡང་།།
གནས་ལུགས་ཤོད་ས་ཡེ་ནས་མེད།།
རྣ་ཅོག་ཆེ་ནོ་དོན་མེད་རེད།།
ལྷ་དང་སྲུང་མ་འདྲེ་ལ་བཅོལ།།
མི་དགེ་བཅུ་པོ་དང་དུ་བླངས།།
སྙིང་རྗེའི་བརླན་གྱིས་དབེན་ཙ་ན།།
སྟོན་པ་གཤེན་རབ་ཐུགས་རེ་སྐྱོ།།
ར་ཕོས་ཐེག་ཚོད་ཁུར་པོའི་དཔེ་མཚོན་བཞིན།།
ཁྱོད་ཀྱི་བློ་ལ་ངོར་འཚམ་པའི་ལན་ཡིན་གྱི།།
བེར་འཇིགས་ཧོར་འཇིགས་རྐུབ་ལ་རྒྱུགས་དགོས་མེད།།
ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཡོད།།
དོན་མེད་ཡིག་ཆ་རྩ་འཛིན་བྱེད་དགོས་མེད།།
མདོ་སྔགས་སེམས་གསུམ་གཏེེར་གྱི་བང་མཛོད་ཡོད།།
རྡོར་དབང་སོགས་ལ་བགྲོ་གླེང་བྱེད་དགོས་མེད།།
གྲོགས་ཀྱི་ཐུ་བོ་མཁས་པའི་སྟག་ཁྱུ་ཡོད།།
དཔེ་ཆའི་མིང་ནས་སྨོས་ཀྱང་ལྟ་རྟོགས་མེད།།
དགེ་རྒན་བློ་ལ་བཞག་ཀྱང་དོགས་འདྲི་མེད།།
རང་སེམས་གདོན་གྱིས་སྨྱོས་པ་ཁྱེད་རང་རེད།།
ཐོས་རྒྱ་ཆེ་བའི་བུ་མོར་མ་འགྲན་བཞུགས།།
ཐུགས་མི་འགྱུར་འོད་གསལ་དབྱིངས་རུམ་ནས།།
གསུང་མི་འགྱུར་ཚངས་བའི་དབྱངས་ཀྱིས་རོལ།།
སྐུ་མི་འགྱུར་ལྷམ་མེར་བཞུགས་པའི་མགོན།།
ཕ་བླ་མ་བསྟན་འཛིན་རྒྱ་མཚོར་མཆོད།།
རྩ་བདབ་བརྒྱད་སྙིང་གི་ཕོ་བྲང་ན།།
སྐྱབས་བླ་མ་ཡི་དམ་ཞི་ཁྲོ་དང་།།
ཡུམ་རྡོ་རྗེ་ཕག་མོ་སྒོམ་བྱས་པས།།
སེམས་དགའ་བ་རྒྱས་བའི་གླུ་ཆུང་ལེན།།
གནས་དབེན་པའི་བསམ་གཏན་རི་བོ་ནས།།
སེམས་གྱ་གྱུར་འབབ་པའི་ཉལ་འགྲོ་མ།།
ཡིད་བག་ཕེབས་ཉམས་དགའི་སྤང་ཐང་ན།།
ཆོས་མདོ་སྔགས་གཉིས་ཀྱི་ལྗང་མྱུག་འཕེལ།།
གནས་ས་འཛིན་དཀར་པོའི་འདབས་རོལ་ན།།
རྗེ་རྒྱལ་བ་གཉིས་པའི་མདོ་སྔགས་བསྟན།།
དཔལ་ཆོས་ཀྱི་རོལ་མོ་འབུམ་གྲོལ་བའི།།
ལྗོངས་དེ་ཡི་བཀོད་པ་འབྱམས་སུ་ཀླས།།
ས་མཐོན་པོ་གངས་རིའི་ཡུལ་ཁམས་སུ།།
སྔོན་ཆོས་རྒྱལ་ལོ་པཎ་བཀའ་དྲིན་མཐུས།།
ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་དར།།
མ་འགྲོ་བའི་བདེ་སྐྱིད་རབ་ཏུ་རྒྱས།།
སྤྲིན་ཕང་ཕུང་གཡོ་བའི་གདེངས་ཀ་ནས།།
ཆར་བདུད་རྩི་ཟེགས་མ་འཐོར་བ་ན།།
ལྗོངས་གཡུ་ལོ་བཀོད་པའི་མཛེས་ཉམས་དེ།།
མ་འགྲོ་བའི་སྙིང་གི་གཅེས་ནོར་ཡིན།།
གནས་ཚང་ཚིང་འཁྲིགས་པའི་དགའ་ཚལ་དང་།།
ཆུ་ཤག་ཤག་འབབ་པའི་བཞུར་སྒྲ་དང་།།
རྫ་མཐོན་པོ་བྲག་གི་ཕུག་པ་ནས།།
ལམ་མཐོན་པོར་གཤེགས་པའི་གྲུབ་ཐོབ་མང་།།
མ་རིགས་དྲུག་འགྲོ་བའི་རྒྱལ་ཁམས་སུ།།
ལས་དགེ་སྡིག་གོམ་སྟབས་འཁྱོར་བ་ན།།
ཆོས་ཟབ་མོའི་གནས་ལུགས་མ་ཐེག་པའི།།
ལམ་གོལ་བར་སོང་བའི་བྱོལ་སོང་མང་།།
དལ་འབྱོར་བཅུ་ཚང་བའི་མི་ལུས་འདི།།
ཆོས་ཟབ་མོ་སྒྲུབ་པའི་རྟེན་མཆོག་ཏུ།།
ཕ་བླ་མ་རྣམས་ཀྱིས་ཞལ་ནས་གསུངས།།
དེ་སེམས་ལ་བཞག་ན་དེ་རིང་ཡིན།།
ལས་རྒྱུ་འབྲས་བསླུ་བ་མེད་པ་དང་།།
བྱམས་སྙིང་རྗེ་འོད་སྣང་རྩ་བ་ཅན།།
ལམ་བདེན་པ་གཉིས་ཀྱི་དོན་རྟོགས་ཏེ།།
དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག།
གཞི་འཁོར་འདས་ཀུན་གྱི་རྩ་བ་རུ།།
སེམས་ཆོས་ཉིད་རང་གི་ཡིད་ངོ་ན།།
སྐུ་འཇའ་ལུས་ལྡང་བའི་སྒོམ་སྟོབས་དང་།།
ཐུགས་འོད་གསལ་འདྲེན་པའི་བཀྲ་ཤིས་ཤོག།
ཡིད་ཐ་མལ་གདོད་མའི་རླུང་སེམས་ལས།།
མཐོ་སྲིད་པའི་ཡོ་ལང་ཆམ་ལ་ཕབ།།
དཔལ་བདེ་སྟོང་འཇའ་འོད་ནང་ནས་ཤར།།
རྗེ་རིག་འཛིན་གྲུབ་པས་བཀྲ་ཤིས་ཤོག།
མགོན་སྤྱན་རས་གཟིགས་ཀྱི་ཡང་སྤྲུལ་དུ།།
དཔལ་སྟོན་པ་གཤེན་རབ་མི་བོ་དང་།།
དཔལ་སངས་རྒྱས་ཀུན་དངོས་པད་འབྱུང་རྗེ།།
ངེད་བོད་འབངས་རྣམས་ལ་བཀྲ་ཤིས་ཤོག།
གཞོན་ནུ་ཟླ་མེད་ལགས། གཡུང་དྲུང་རྟགས་འདི་ཁྱེད་ཀྱིས་གསུངས་པ་བཞིན་གནའ་བོའི་གྷི་རིག་གི་རིག་གནས་ལ་ཡང་དར་སྲོལ་ཡོད་འདུག ལྷག་པར་ཡང་རྒྱ་གར་གྱི་གདོད་མའི་རིག་གཞུང་ལྟ་བུ་ཆུ་བོ་སིན་དུའི་འགྲམ་གྱི་གནའ་གྲོང་ཁྱེར་ཧ་ར་ཕ་ཟེར་བའི་གནའ་ཤུལ་སྔོགས་འདོན་སྐབས་སུ་ཐོན་པ་དེ་མ་མཐའ་ཡང་ལོ་དྲུག་སྟོང་ལྷག་གི་སྔོན་ནས་ཡིན་པའི་དཔང་རྟགས་རྙེད་འདུག རང་རེ་ཤར་ཕྱོགས་རིག་གནས་ཁྲོད་དུ་ཧིན་དྷུ་དང་སངས་རྒྱས་པ། ལྷག་པར་ཡང་སྟོན་པ་མ་ཧ་ཝེ་རའི་ལུགས་ཏེ་ང་ཚོས་གཅེར་བུ་པར་འབོད་བཞིན་པ་དེར་ཚོའི་མཚོན་རྟགས་ལྟ་བུ་ཡིན་འདུག ང་ཚོ་བོད་ལ་གཡུང་དྲུང་གི་རྟགས་འདི་དུས་ནམ་ཞིག་ནས་ཡོད་མེད་ད་དུང་འདི་རེད་ཟེར་བ་ཞིག་ཤེས་མི་འདུག བོད་ནང་དུ་གནའ་ཤུལ་ཁ་ཤས་ཤིག་བསྔོགས་འདུག་མོད་གཡུང་དྲུང་རྙེད་ཚུལ་ནི་མི་འདུག ཡིན་ན་ཡང་གཡུང་དྲུང་གི་རྟགས་འདི་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་གོང་ནས་བེད་སྤྱོད་བྱེད་སྲོལ་ཡོད་པ་འདྲ། གང་ཡིན་ཟེར་ན་གཡུང་དྲུང་ཟེར་བའི་མིང་ཚིག་འདི་རྒྱ་གར་སྐད་ནས་བསྒྱུར་བ་ཞིག་གང་ཡང་མ་རེད། བོད་རང་ལ་སྔར་ནས་ཡོད་པའི་མིང་ཚིག་ཅིག་རེད་འདུག རྒྱ་གར་སྐད་ལ་སྭསྟི་ཊིཀ་ཟེར། འདི་བཀྲ་ཤིས་པའི་རྟགས་ལྟ་བུའི་དོན་མིན་ནམ། བོད་དུ་གཡུང་དྲུང་གི་རྟགས་འདི་གཙོ་བོ་མི་འགྱུར་བའི་དོན་ལྟ་བུ་ཞིག་རེད། ཡིན་ན་ཡང་ཆོས་ལུགས་ཀྱི་མཚོན་དོན་གལ་ཆེན་ཞིག་ནི་མེད་པ་འདྲ། གང་ཡིན་ཞེ་ན་བག་མའི་གདན་གྱི་སྟེང་དུ་བྲི་བ་སོགས་བྱེད་སྲོལ་འདུག ཐུད་ཀྱི་སྟེང་དུ་ཡང་རི་མོར་འགོད། ཀྲུམ་རྩེའི་སྟེང་དུ་ཡང་འགོད། ཆོས་ལུགས་ཀྱི་མཚོན་རྟགས་གནད་ཅན་ཚོ་རྒྱུན་དུ་གུས་བཀུར་གྱིས་མཐོ་སར་འཇོག་པ་ལས་གདན་གྱི་སྟེང་དུ་འགོད་པ་སོགས་མི་བྱེད་པ་རེད། ཧི་ཁྲི་ལར་གྱི་ཚོགས་པས་དར་ཆའི་ངོས་སུ་མཚོན་རྟགས་འདི་བཀོད་སྟབས་དེང་སང་ཧ་མི་གོ་མཁན་ཚོས་རྟགས་འདི་བཀྲ་མི་ཤེས་པ་ལྟ་་བུ་ཞིག་ལ་བརྩི་གི་འདུག ན་ནིང་ཞིག་ལ་ངས་ངོ་ཤེས་པ་ཁ་ཤས་ཤིག་གིས་ལུས་ཀྱི་སྟེང་ལ་གཙགས་རིས་ཀྱི་རི་མོ་ཞིག་དགོས་ཀྱི་འདུག་ཟེར། དེར་ངས་གཡུང་དྲུང་སོགས་ཁ་ཤས་ཤིག་སྤྲད་པ་ཡིན། ཕོ་གསར་དེས་གཡུང་དྲུང་ལ་བལྟས་ནས་ན་ཟི་ཚོགས་པའི་རྟགས་འདི་གཏན་ནས་མི་དགོས་ཟེར་ནས་ཧ་ལས་ལས་བྱས་སོང་། ཁྱད་མཚར་བ་ཞིག་ནི་ན་ཟི་ཚོགས་པས་རྟགས་འདི་ག་རེ་བྱས་ནས་བེད་སྤྱད་པ་ཡིན་ནམ་སྙམ་ནས་ངས་མི་མང་པོ་ཞིག་ལ་དྲིས་ཀྱང་གསལ་བོར་བཤད་མཁན་ནི་རག་མ་སོང་། ཁྱེད་ལ་དེའི་སྐོར་ག་རེ་གསུང་རྒྱུ་ཡོད་ན་གསུང་རོགས།
འོ་་་་ད་སྨན་མོ་མཚོ་ངར་ཀི་ཡ།
མིན་བརྒྱད་པ་དམ་ལ་བཏགས་ཚར་འདུག་ཧ་ཧཱ།
རྩེད་མོ་ཞུས་པ་ཡིན་དཱ། དངོས་གནས་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་བཤད་ཚེ་ངོས་ལེན་བྱས་ན་ཡག་ཤོས་རེད།།
དེ་མིན་དོན་མེད་ཀྱི་ཆགས་སྡང་སློངས་རེས་རྐྱང་གིས་ཕན་པ་ཡོད་མ་རེད། ད་ངས་མིག་བརྒྱད་སྨན་མོ་གཉིས་བཟང་ཚང་ཆགས་པའི་རེ་བ་ཡོད་དཱ། ཡིན་ན་ཡང་མིག་བརྒྱད་པས་སངས་རྒྱས་གཤེན་རབ་སྤྱན་རས་གཟaིགས་ཀྱི་སྤྲུལ་པ་ཡི་ཚུལ་བཤད་པ་ཅུང་ཁྲམ་གཏམ་ཞིག་ཏུ་མཐོང་བྱུང་། མ་གཞི་ནས་ད་ལན་མཐུན་སྒྲིལ་གྱི་སྐད་བཤད་པའི་ཁུལ་ཡིན་ས་རེད། གཅིག་བྱས་ན་འུ་ཐུག་ཡིན་འགྲོ་ཧ་ཧཱ། སྐུ་རྩེད་ཡིན།
ཡང་རེག་ཚོར་གྱིས་མ་ཟིན་པའི་ལྷག་པ་ཡེ་ཤེས་ཟེར་བ་དེས་བོན་ནག་ཟེར་ནས་ཅིག་ཅིག་མིག་མིག་ཤོད་ཀ་བྱས་འདུག་ཀྱང་དེ་ནི་གཞན་གྱིས་ལད་ཟློས་ཙམ་ལས་རང་སྟོབས་ཀྱིས་དཔྱད་རྩལ་གང་ཡང་མངོན་ཐུབ་མི་འདུག ད་ཁྱོད་རང་རྣ་བ་བླག་ཏེ་ཉོན་ཨ། གཞན་ཕྱོགས་དགག་པར་འདོད་ན་དགག་པའི་རིམ་པ་ལ་ཡང་མཁས་དགོས། དཔེར་ན་འདི་ལྟར། དང་པོ་རྒྱ་གར་གྱི་ནང་པའི་གདོད་མའི་ཆོས་ལུགས་སམ་རྒྱ་གར་གྱི་ནང་པའི་ཕ་མེས་ཀྱི་ཆོས་ལུགས་ནི། ད་ལྟའི་སིང་ག་ལ་ཡི་ཤཀྱའི་རྗེས་འཛིན་འཁྲུལ་མེད་རྣམས་ཀྱིས་སྤྱོད་བཞིན་པའི་ཉན་ཐོས་ཀྱི་སྡེ་པའི་ཆོས་ལུགས་འདི་ཁོ་ནའོ། དེ་ནས་རིམ་པ་གཉིས་པ་བསྒྱུར་ཆོས་ཞེས་པ་ནི། ཤཀྱའི་དགེ་སློང་གིས་གསུང་མ་མྱོང་བའི་ཐེག་པ་ཆེན་པོ་བཀའ་རྣམས་སོ། དེ་རྣམས་ལ་བསྒྱུར་ཆོས་ཞེས་འབོད་ན་མ་འགྲིག་པ་ཅི་ཡང་མེད་དོ། དེ་ནས་རིམ་པ་གསུམ་པ་བརྡོལ་ཆོས་ཞེས་སུ་གྲགས་པ་ནི། ཧིན་དྷུའི་ཆོས་ལུགས་ཀྱི་ལྷ་མོ་ཏ་ར་མ་ལས་བརྡོལ་བའི་སྒྲོན་མའི་དཀྱིལ་འཁོར་དང། ཧིན་དྷུའི་ཀ་ལི་དྲེལ་ཞོན་མ་ལས་བརྡོལ་པའི་དཔལ་ལྡན་མ་དང། ཧིན་དྷུའི་གསང་སྔགས་ལས་བརྡོལ་བའི་གཞན་ཡང་ནང་པའི་སྔགས་འགའ་ཞིག་ལྟ་བུའོ། ཐུབ་པའི་རྗེས་འཛིན་དུ་རློམ་པ་གང་ཞིག བདག་རྒྱལ་གཞན་ཕམ་གྱི་ལྟ་ངན་གྱིས་སླད་ཅིང་སྙོན་འཛུགས་ཁོ་ནའི་ལས་ལ་གཞོལ་བའི་དུན་ཙེ་དེ། བན་ནག་གི་མཚན་ཉིད་དོ། མཚན་གཞི་ནི། སྤོབས་མཐའ་དང་ལྷག་པ་ཡེ་ཤེས་ཀྱིས་མཚོན་པའི་མཆན་འགོད་པ་དེ་རྣམས་སོ། རང་ལྟ་ལ་མི་ཆགས་ཤིང་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་དབྱེ་འཇིགས་པ་ལ་བསྙེངས་པ་མི་མངའ་བའི་ཤཀྱའི་རྗེས་འཛིན་ངོ་མ་དེ། བན་དཀར་གྱི་མཚན་གྱི་ཉིད། མཚན་གཞི་ནི། སྔོན་བྱོན་གྱི་མཁས་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལྟ་བུའོ ཕྱིས་བྱུང་ལ་མཚོན་ན། མཚོ་བྱུང་མགྲིན་པའི་སྦུབས་སུ་ཞུགས་ཤིང་ཕྱོགས་མེད་བན་བོན་གཞུང་ལུགས་ཀུན་ལ་གསན་བསམ་ཚུལ་བཞིན་མཛད་པའི་་མཁས་དབང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་དང། རིས་མེད་གྲུབ་མཐའི་གནད་ལ་མཁྱེན་རྒྱ་རབ་ཏུ་ཡངས་ཤིང་དབྱངས་ཅན་སྙིང་ཁར་སིམ་པའི་གངས་ཅན་བོད་ཀྱི་སྨྱུག་ཐོག་དཔའ་བོ་དཔལ་ཀླུ་སྨྱོན་ཧེ་རུ་ཀ་མཆོག་དང་། ལྟ་བའི་རྒྱལ་པོ་དང། སྒོམ་པའི་ཁྱུང་ཆེན། སྤྱོད་པའི་སེང་ཆེན་དུ་གྲགས་པའི་ངེས་པ་དོན་གྱི་རྫོགས་ཆེན་གྱི་རྣལ་འབྱོར་ཆེན་མོ་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་དང་། གཞན་གྱི་གྲགས་ཚོད་ཀྱིས་རྗེས་སུ་མ་འབྲེང་ཞིང་རང་སྟོབས་ཀྱི་སྤྱོད་པའི་བློ་གྲོས་ཀྱི་མཁྱེན་རྩལ་འབུས་པའི་དྲྭ་གྲོགས་ཀར་མ་འཕྲིན་ལས་ལྟ་བུའོ།
ཧ་ཧ་ཧ།
མིག་ཡ་གཅིག་བཙུམས་ནས་གླིང་བཞི་ལ་བལྟ་ཁུལ་བྱེད་མཁན་དག་ལ་བལྟད་མོ་འདུག
བོན་སྲས་སྟག་ར་ཀླུ་གུང་ལགས། ཁྱོད་ཀྱི་རིས་མེད་བསྟན་འཛིན་ཞེས་པའི་ས་མཚམས་ཀྱང་ཤེས་མི་འདུག ཀླུ་སྨྱོན་ལྟ་བུ་འམ་ནམ་ནོར་ལ་ལྟ་སྒོམ་ཕུན་སུམ་ཚོགས་པར་ཡོད་ན་དབྱིན་ཇིའི་གསར་འགྱུར་བྷི་བྷེ་སི་དང་སེའི་ཨན་ཨན་དུ་ཆོས་ལུགས་པའི་ཞབས་འདྲེན་པ་ཆོས་རྗེ་ནམ་མཁའི་ནོར་བུ་ཞེས་པ་མ་མཐོང་ངམ། ཧ ཧ བན་བོན་སྐྱ་སེར་བསྲེས་མའི་ཆོས་ཚོགས། སྐྱག་པ་ཆེན་པོ་ལྟ་བུ་ཆོས་ལུགས་གསར་བཟོ་ཞིག་ལ་མིང་དུ་རྫོགས་པ་ཆེན་པོ་ཟེར་འདུག ནམ་ནོར་གྱིས། དེ་ན་ཡང་རྫོགས་ཆེན་ཀྱི་མིག་མང་རྩེ་ར། རྫོགས་ཆེན་འཁྲིག་སྤྱོད། རྫོགས་ཆེན་ཆང་ར། ལྟ་རྫུན་གྱི་རྒྱལ་པོ། རྒྱོ་རྒྱབ་ཀྱི་དཔོན་པོ། རང་དོན་ཁོ་ན་གཉེར་བ་བོད་པའི་བླ་བཙོང་འདི་ཚོ་ནི་ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད། སྒོམ་པ་གོ་ཡུལ་རུལ་སོང་། སྤྱོད་པ་འཆོལ་སྤྱོད། འབྲས་བའི་གྲུབ་མཐའི་གནད་མ་ཤེས་པའི་ཤེས་འཆལ། ལས་ཀྱི་མཐའ་ལོག་པའི་ཟེར་བ་དེ་རེད། ནང་ཆོས་ཁས་ལེན་པའི་དབང་དུ་བཏང་ན་རྔོན་པ་ཞིག་གི་མེ་མདའ་རིང་ཐུང་དུ་མ་གཉེར་ནས་མི་ཚེ་གང་བོར་སྲོག་གཅོག་བྱས་པ་ལས་ཆོས་ཚོང་དང་ཆོས་ལ་བརྟེན་ནས་སྡིག་བསགས་པ་འདི་ཉེས་ཆེ་གསུངས་པ་དེ་ཚོ་ལ་ཡིད་མ་ཆེས། མ་ཚད་ལྟ་བ་ནམ་ནམ་མཁའ་ལས་མཐོ་ན་ལས་འབྲས་བག་ཕྱེ་བས་ཞིབ་ཟེར་བ་དེ་ལས་ལྡོག་དེ་ནམ་ནོར་ལྟ་ལོག་གིས་དང་པོ་གྲྭ་བ་བྱས། དེ་ནས་སྤྲུལ་སྐུ་བཟོས། ས་སྐྱ་སྤོངས་ནས་རྙིང་མ་སྒྲུབ། རྙིང་མ་དོར་ན་བོན་པོ་བྱས། བོན་པོ་གཡུགས་ནས་ཡེ་ཤུ་ལྟ། ཡེ་ཤུ་འགལ་ནས་ནག་ཚོང་ཁོ་ནས་དུས་འདའ་བ་འདི་ཚོ་མཐོང་ཚེ། ཁྱེད་ཚོས་དགྲ་བཞིན་ལྟ་བའི་སྤོབས་པ་མཐའ་ཡས་འདི་འཕགས་པ་སྤྱན་རིས་གཟིགས་དང་འཇམ་དཔལ་དབྱངས་ཀྱི་མཁྱེན་བརྩེའི་དཀྱིལ་འཁོར་དབྱངས་གསལ་ཡི་གེའི་གཟུགས་སུ་སྤྲུལ་ཏེ་འཁོར་འདས་ཤེས་བྱའི་མཚན་ཉིད་གསལ་བར་མཛད་པའི་འགྲོ་བའི་མིག་གཅིག་ཡིན་པར་གདོན་མི་ཟའོ། ། བརྩེ་ཆེན་ཡེ་ཤེས་སྤོབས་པ་མཐའ་ཡས་པས། །སྟོང་ཆེན་གོ་ལ་ཟླུམ་པོའི་ཁྱོན་ཡོངས་སུ། །ཡང་དག་རིག་པའི་འཕྲིན་བཟང་འགྱེད་མཁས་པའི། །དོན་དམ་འཇམ་དཔལ་དཔའ་བོས་ཁྱོད་ལ་བསྔགས། །
མཁས་དབང་ནམ་མཁའིནོར་བུ་ལ་བཤད་རྒྱུ་གཞན་གང་ཡང་མེད། སྔོན་མ་གདོད་མའི་བོན་ལ་ཞིབ་འཇུག་བྱས། ཆོས་མིན་བོན་མིན་ལྟས་ངན་གཏམ་སོ་ཞེས།རིས་ཅན་འགའ་ཡི་ཐུགས་ལ་གཟན་སྲིད་མོད༎ལྟས་ངན་གཡང་དུ་ལེན་ལ་མཁས་པ་ཚོར་ཕན་ཐོགས་ཡོད་ཟེར་ནས་སྙན་རྩོམ་འདྲ་ཡང་བྲིས་སོང་། དེའི་རྗེས་ལ་གདོད་མའི་བོན་དེ་མ་རྙེད་ནས་དེང་སང་དེའི་སྐོར་ལ་ཁ་གཅིག་ཀྱང་མི་གྲག་པར་མ་ཧཱ་སིནྡྷ་ཟེར་བའི་ཆོས་ཚོགས་བཙུགས་ནས་ཆོས་ཀྱི་མཛད་སྒོ་སྤེལ་ནས་ཕེབས་ཀྱིན་འདུག
ཀླུ་སྨྱོན་ལགས་ལ་ནི་དེ་ལས་ཀྱང་བཤད་རྒྱུ་མེད། ཁོང་གིས་བན་བསྟོད་བོན་བསྟོད་གང་བྲིས་ཀྱང་ཁོང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་ངས་རྒྱབ་སྐྱོར་གང་ནུས་དང་བསམ་ཚུལ་འདོན་ཅི་ཤེས་བྱེད་ཀྱིན་ཡོད། གང་ལྟར་ཁོང་གིས་བན་བསྟོད་བོན་བསྟོད་གང་ཞིག་བྲིས་ཀྱང་མི་ལ་ཇེ་ཆུང་དང་གཡག་རྭ་ཇེ་ཆེ་ལ་འགྲོ་རྒྱུ་གང་ཡང་མེད་ཅེས་ངས་སྔོན་མ་ནས་བཤད་ཀྱིན་ཡོད།
ད་དུང་ངས་རྒྱུན་དུ་དོ་སྣང་ཆེན་པོ་བྱ་ས་གཅིག་ནི་མཁས་དབང་མཁར་རྨིའུ་བསམ་གཏན་ལགས་ཡིན། ཁོང་ལྟ་བུར་བོད་གནའ་རབས་ཀྱི་རིག་གནས་ཞིབ་འཇུག་གིས་སྐུ་ཚེ་བསྐྱལ་མཁན་མང་པོ་མེད་སྟབས་ངས་ཁོང་གི་གསུངས་ལ་ཡང་དོ་སྣང་བྱེད་ཀྱིན་ཡོད། ང་ཚོ་བཙན་བྱོལ་ནང་གི་སློབ་གྲྭ་ཚོར་ཡང་ཁོང་གདན་དྲངས་ནས་བཀའ་སློབ་རེ་གནང་ཐུབ་ན་བསམ་བཞིན་ཡོད། དམིགས་བསལ་བོན་གྱི་སྐོར་ཁོ་ན་ཡང་མ་རེད། སྤྱིར་བོད་ཀྱི་གནའ་བོའི་ཤེས་རིག་སྐོར་ལ་དྲི་བ་འདྲ་དྲིས་ན་གསུངས་རྒྱུ་ཡོད་ངེས་རེད། དེ་ཚོ་ཚང་མའི་ཐུགས་ལ་འཇོག་རོགས།
བྱང་ཕྲུག་ལགས། ཁྱོས་བཤད་ནོ་དི་མོ་ཟིག་མ་རེད། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་གསུང་ལས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།ཅེས་གསུངས་འདུག། བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ཤུལ་མེད་གཏོང་མཁན་བོན་ནག་རེད་མ་བོན་དཀར་མ་རེད། མི་གཅིག་ལ་མཛུབ་མོ་བཙུགས་ནས་མི་ཚང་མ་འདི་འདྲ་རེད་ལབ་ན་ཧ་ཅང་ཐལ་ཆེ་བའི་སྐད་ཆ་རེད།
ཡང་དག་པའི་སེམས་བོན་་ནམ་་བླ་མེད་རྫོགས་པ་ཆེན་པོ་ཞེས་བྱ་བའི་བསྟན་པ་འདི་ལས་འཕྲོས་པའི་གསལ་བཤད་གང་ཞིག་གླེང་འདོད་བྱུང། འོག་མའི་ཚད་མའི་གཞུང་ལུགས་ནང་བློ་དང་རིག་པ་ཤེས་པ་གསུམ་དོན་གཅིག་ཏུ་འདོད་པའི་རིག་པ་དེ་དང་་་རྫོགས་ཆེན་་གྱི་རང་རིག་པའི་ཡེ་ཤེས་ཅེས་བྱ་བའི་རིག་པ་གཉིས་པོ་དེ་་་གསལ་ཞིང་རིག་པ་ཙམ་ཡིན་པ་མཐུན་ཡང་འོ་ན་རྫོགས་ཆེན་གྱི་རང་རིག་པའི་ཡེ་ཤེས་དེ་ལ་འོག་མའི་ཚད་མའི་གཞུང་ལས་བཤད་པའི་རིག་པ་ཞེས་བྱ་བ་དེ་ལས་ཡོན་ཏན་དང་བྱེད་ལས་ཁྱད་དུ་འཕགས་ཤིག་མེད་པར་འདོད་ན་ནི་ནོར་བའོ། ཁྱད་པར་ཡོད་པའི་ཚུལ་གཅིག་ནི་མདོ་ལུགས་ཀྱི་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་སྣང་བ་ཡོངས་སུ་རྫོགས་པ་ནུབ་དགོས་པར་གསུངས་ཤིང་སྟོང་ཉིད་ཁོ་ན་རྟོགས་པའི་མཉམ་བཞག་ཡེ་ཤེས་སུ་འདོད་པ་དང། རྫོགས་ཆེན་རྣལ་འབྱོར་གྱི་མ་བཅོས་རང་བབས་སུ་བཞག་པའི་གནས་ལུགས་ཐིག་ལེ་ཉག་གཅིག་ཀྱི་ངོར་ཀུན་རྫོབ་ཀྱི་སྣང་བ་ཡོངས་སུ་རྫོགས་པ་ནུབ་མི་དགོས་ཤིང་སྣང་བའི་དཀྱིལ་འཁོར་བསམ་གྱི་མི་ཁྱབ་པས་རང་རིག་པའི་ཡེ་ཤེས་ལ་གནོད་པ་གང་ཡང་བྱེད་མི་ཐུབ་ཅིང་ཡོན་ཏན་གྱི་ཚོགས་ཀྱང་བསམ་གྱིས་མི་ཁྱབ་པ་བསྐྱེད་ནུས་པའོ། དེ་ཡང་དེ་ལྟར་ཡིན་པ་ནི་སྣང་བས་མི་གནོད་འཇིན་པས་གནོད་ཞེས་གསུངས་ཡོད་པས་སོ། རྫོགས་ཆེན་ལུགས་ལ་སེམས་ངོ་སྤྲོད་པ་ཞེས་པ་དེ་ནི་ལས་དང་པོ་བ་ལ་སེམས་ཅེས་བྱ་བའི་གནས་ལུགས་སེམས་ཉིད་དེ་ངོ་སྤྲོད་པ་ཡིན་པས་ངོས་བཟུང་ན་དེ་ལ་སེམས་ངོ་འཁྲོད་ཅེས་བརྗོད་པ་ལས་རྫོགས་ཆེན་གྱི་གནས་ལུགས་རྟོགས་ཚར་བ་རེད་ཅེས་བརྗོད་ཀྱི་མི་འདུག། དེ་ཡང་ལུང་ལས། བོན་ཉིད་སེམས་ཉིད་ནམ་མཁའི་དབྱིངས་ཉིད་གསུམ། སྐལ་ལྡན་སེམས་ལ་གཉིས་མེད་གཅིག་ཏུ་བསྒོམ། ཞེས་བྱུང་བས། དཔེ་ནམ་མཁའ་དང་དོན་བོན་ཉིད་དང་རྟགས་སེམས་ཉིད་ཐོག་ནས་ངོ་སྤྲད་པའོ། སྤྱིར་སེམས་ཅེས་བྱ་བ་འདི་ནི་ཉོན་མོངས་སྐྱེ་སྡུད་ཀུན་གྱི་རུ་མ་ཡིན་ཞེས་གསུངས་ཡོད་པས་སེམས་ཅན་ཞེས་པ་འཁོར་བར་གནས་པ་དང་དང་སངས་རྒྱས་ཅེས་པ་མྱ་ངན་ལས་འདས་པ་གཉིས་སུ་ཕྱེས་པ་ཡང་རྒྱུ་མཚན་འདི་ལ་བརྟེན་ནས་བྱུང་བ་རེད།
དབྱིངས་སྐྱེ་མེད་ཡུམ་ཆེན་ས་ཏྲིག་གི་ཀློང་ནས།
རྩལ་འགག་མེད་རིག་སྟོང་ཟུང་འཇུག་གི་སྒྱུ་འཕྲུལ།
དཔལ་རྣམ་འདྲེན་སྟོང་གི་སྤྱི་ཕུད་དུ་བྱུང་བ།
མཆོག་རྣམ་འདྲེན་སྟོན་པ་གཤེན་རབ་དེ་རྒྱལ་ལོ།
མགོན་དེའི་གསང་གསུམ་འཕྲིན་ལས་ཀྱི་ཞིང་ནས།
གསུང་མི་ཟད་རྒྱན་གྱི་འཁོར་ལོ་ཡི་རོལ་གར།
དཔལ་སེམས་དཔའ་སྟོང་གི་ཡང་ཁོལ་དུ་བྱུང་བ།
སྐྱབས་རྣམ་འདྲེན་བཞི་པ་ཤཀྱ་དེ་རྒྱལ་ལོ།
སྤྱིར་རྒྱ་ཆེ་ཡངས་པའི་ཁམས་གསུམ་གྱི་སེམས་ཅན།
སྒོས་ཞང་བོད་འགྲོ་བའི་རྟེན་སྐལ་དུ་ཤར་བ།
དཔལ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་གི་བོན་མཆོག
ཕ་མེས་པོའི་བོན་ལ་གུས་ཕྱག་གཅིག་འབུལ་ལོ།
མ་ཁམས་གསུམ་འཁོར་བའི་བློ་ཚོད་དང་འཚམས་ཤིང།
བློ་རབ་འབྲིང་ཐ་མའི་རྟོགས་ཚད་དང་རན་པ།
མ་རིགས་དྲུག་འགྲོ་བའི་བགོ་སྐལ་གྱི་ནོར་བུ།
ལམ་སྤང་བསྒྱུར་གྲོལ་གསུམ་གངས་ཅན་གྱི་མཆོད་ཡུམ།
སྐྱབས་རྣམ་འདྲེན་སྟོན་པའི་བཀའ་དམ་ལ་གནས་པའི།
གནས་ཞང་བོད་སྐྱོང་བའི་ཡེ་སྲིད་ཀྱི་བོན་སྐྱོང།
དཔུང་སྡོང་གྲོགས་གནམ་ལྕགས་ཐོག་ཆར་དེ་ཕབས་ནས།།
བོན་བསྟན་པའི་གཤེད་མ་རྨིང་མེད་དུ་གཞིལ་ཞིག
གོང་གི་བན་དཀར་གྱི་མཚན་ཉིད་ཀྱི་ཁོངས་གྲུབ་མཐའི་རྣམ་དབྱེ་འཇིགས་པ་ལ་ཞེས་པ་དེ། གྲུབ་མཐའི་རྣམ་དབྱེ་འབྱེད་པ་ལ་ཞེས་སུ་བཅོས་རོགས།
ཧུ་ཧུ་ཧུ་། ཧི་ཧི་ཧི། ཧ་ཧ་ཧ། ཡང་ལྷག་པ་ཡེ་ཤེས་ནས་ཁོ་རང་མི་ནག་གཅིག་ཡིན་པའི་རང་རྟགས་གསོན་པོ་སྟོན་ཚར་སོང། བཟོད་སྲན་ཁྱོན་ནས་མི་འདུག་པ། དུག་སྦྲུལ་དུག་སྦྲུལ་རང་རེད། སྡིག་པ་ར་ཙ་མངོན་སུམ་རེད། ཁྱོད་རང་གིས་ཁ་ངན་ག་ཚོད་བརྒྱབ་རྒྱུ་ཡོད་ན་ང་ལ་རྒྱོབ། དོན་མེད་ཁ་སྡིག་བསགས་ནས་ཆོས་རྒྱལ་ནམ་མཁའི་ནོར་བུ་ལ་འགྲན་སེམས་མ་འཆང་ན་ལེགས། ཆོས་རྒྱལ་ནམ་མཁའི་ནོར་བུ་ནི། ཉི་ཟླ་ནང་བཞིན་རེད། ཁྱོད་རང་ནི་སྲིན་བུ་མེ་འཁྱེར་ནང་བཞིན་རེད། ཆོས་རྒྱལ་ནམ་མཁའི་ནོར་བུ་ནི། རྒྱལ་མཚོའི་སྦལ་པ་རེད། ཁྱོད་རང་ཁྲོན་པའི་སྦལ་པ་རེད། ད་གང་ལྟར་ཡང་ངས་ཁྱེད་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཞུ་རྒྱུ་ཞིག་ལ། ད་ལྟ་རང་སྨན་ཁང་དུ་ཕེབས་ནས་ཨེམ་ཇི་ལ་བརྟག་དཔྱད་ཡག་པོ་བྱོས། ཁྲག་ཤེད་འདྲ་ཡོད་ན་སྨན་ཡག་པོ་བཟོ། རླུང་ནད་ཡིན་ན་རུས་ཁུ་ཡག་པོ་འཐུང། ཏོག་ཙམ་ལྷོད་ལྷོད་བྱས་ནས་མལ་སྟན་ཐོག་ལ་ཉལ་ནས་སྡོད། མཐའ་དག་སྤྱི་འབྱིན་གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་འདྲ་སྒོམ་མ་ཐུབ་ན་ཡང། སོ་སོ་སྒོ་གནོན་གྱི་གཉེན་པོ་ཞེ་སྡང་གི་གཉེན་པོ་ལ་བཟོད་པའི་གོ་ཆ་བགོ་སྟངས་ཁ་ནས་བཤད་པ་ཙམ་མིན་པར་ཉམས་ལེན་ལ་གཏིང་ནས་འབད་བརྩོན་གནང་ཐུབ་ན་དེ་ཡག་གི་རེད་ཨོ། ད་རྒྱུགས་ད་རྒྱུགས།
སྨན་མོ་ཚོ་ཞུ་བ་འདི་ལ་གཞན་དང་མ་འདྲ་བའི་རྣམ་དཔྱོད་ཀྱི་མཁྱེན་རྩལ་ཞིག་འདུག་པས། གུས་པས་སྙིང་ནས་ཡིད་རངས་ཞུ།
མིག་བརྒྱད་པ་ཨ་ཙི་་་་་་་་་་་
ལྷ་སྲས་འུ་དུམ་བཙན་བོན་ཅན། བོན་ནག་ཡིན་ཏེ།། ཁྲི་རལ་བཀྲོངས་པའི་ཕྱིར། ཟེར་རྒྱུ་ཡིན་ནམ།དེ་ཡིན་ན་ངས་ཀྱང། མཁན་པོའི་མིང་འཛིན་ལྷ་ལུང་དཔལ་རྡོར་བོན་ཅན། བན་ནག་ཡིན་པ་ཐལ། ལྷ་སྲས་འུ་དུམ་བཙན་པོའི་སྐུ་སྲོག་ལ་བཞི་ཤད་རྒྱབ་ནས་བོད་བཙན་པོའི་རྒྱལ་རྒྱུད་བཅད་པའི་ཕྱིར།། ཞེས་ཐལ་བ་འཕེན་རྒྱུ་ཡིན། གཞན་བོན་ནག་ཅེས་ཞིག་པ་ཕྱོགས་ལྷུང་གདོན་གྱིས་མྱོས་པའི་འཁྲུལ་བློའི་ངོ་ལས་མ་དམིགས་ཕྱིར་རོ།།
ཉོན་དང་ལྷ་ཤེས་ད་ག་རེ་ཡིན་པའི་ཁུལ་ཡིན། ཐོག་མར་མཆན་ཨང་(༥)པའི་ཐོག་ཁྱོད་ཀྱིས་སྤུན་ཟླའི་མི་སྤྱོད་ལས་འདས་ཤིང་། ལུང་རིག་རྣམ་དག་དང་འགལ་བའི་ཆགས་སྡང་རུ་ཏྲའི་གཏམ་འཆལ་དེས་དྲ་ཐོག་གི་སྤུན་ཟླ་ནང་ཁུལ་འཁྲུགས་རྐྱེན་བསླངས་སོང། དེ་རྗེས་མཆན་ཨང་(༤༠)པ་དང་(༡༢༣)པ་སོགས་ནས་ཆགས་སྡང་གི་གཏམ་གང་ཐོན་ཅི་ཐོན་བྲིས་སོང་ད་དུང་ཡང་ཚིམས་པ་མི་འདུག་གམ། ངས་ཁྱོད་ལ་བཤད་དགོས་ཉོན་ཨཱ་་་་་།
དྲིན་ཅན་ལ་དྲིན་ལོག་གཡང་དཀར་ལ་རྡོ་ལོག་རྒྱག་མཁན་དངོས་གནས་དེ་ངེད་བོན་པོ་ཚང་མ་རེད་ཁྱེད་རང་ཚོ་རེད་ལཱོ་་་། ཧ་ཧཱ།ཁྱེད་རང་ཚོས་སློབ་དཔོན་ཀླུ་གྲུབ་དང་ཀླུ་ཡུལ། བྱམས་མགོན་དང་དགའ་ལྡན་ལྷ་གནས། སློབ་དཔོན་པདྨ་དང་སྡེ་བརྒྱད་མཁའ་འགྲོའི་གསང་མཛོད་སོགས་དང་འབྲེལ་བའི་སྒྲུང་གཏམ་ག་ཚོད་བཟོས་ཀྱང་། རྒྱ་བཤད་སྟོང་ལ་བཏུག་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པའི་དཔེ་ལྟར་དེང་གི་དུས་འདིར་ཉི་མ་རྒྱབ་ཤར་ལག་པས་མོ་ཁོབ་པ་ལྟར་མིག་མཐོང་ལག་ཟིན་དུ་གྱུར་པའི་ཤཀྱཱའི་རྗེས་འཛིན་ངོ་མ་རྒྱ་གར་ནང་གི་དགེ་སློང་སེར་པོར་འབོད་པ་དག་དང་། དེ་བཞིན་སེང་གྷ་པུར་དང་། འབར་མ། ཐ་ལན་ཌ་སོགས་ཤར་ནུབ་རྒྱལ་ཁབ་གང་སར་སིམ་འཛུལ་དུ་གྱུར་པའི་ཐུབ་པའི་རྗེས་འཇུག་གཞན་སུ་ལའང་མ་གྲགས་པའི་ཕྱག་རྫོགས་དབུ་གསུམ་ལྟ་བ་གཅིག་མིན་སོགས་ཁྱེད་ཅག་གིས་དར་ཕྱར་ཕྱར་དང་དུང་འབུད་བྱེད་བཞིན་པའི་ཐེག་ཆེན་གྱི་གཞུང་དེ་དག་ངེད་ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན་ཀྱང་། མཁན་སློབ་ཆོས་གསུམ་ནས་བཟུང་ད་ལྟ་ལྷག་ཤེས་ཁྱོད་ཀྱི་བར་མི་ངན་ལ་ཤས་ཀྱིས་དྲིན་ཆེན་ལ་དྲིན་ལོག་བཟོ་བཞིན་པ་འདི་ཀ་ལགས།། དེའི་ཚུལ་གསལ་པོར་འབྲི་དགོས་ཚེ་སྐབས་བསྟུན་གྱིས་འབྲི་རྒྱུ་ཡིན་པས་ཐུགས་བྲེལ་མ་ལངས་ལོ། ད་རིག་པའི་རྣམ་དཔྱོད་ཡོད་ན་དེ་དག་ལུང་རིག་དང་མཐུན་པའི་ལན་རྒྱོབ་དང་། དེ་མིན་དམོད་མོ་དང་ཚིག་ངན་ཁོ་ནས་དུས་ཚོད་འཁྱོལ་ཐབས་བྱས་ན་རང་གཞན་གང་ལ་ཡང་ཕན་པ་ཏིལ་ཙམ་ཡོད་མདོག་ཁ་བོ་མ་རེད་སྙམ།
སྟག་རའི་སྐུ་ལ་སྟག་གི་མཆེ་སྡེར་འདུག །
ལྷ་ཤེས་ལྷག་མེད་ཐལ་བར་བརླག་ངེས་རེད།།
སྨན་མོའི་གསུང་ལ་སྨན་གྱི་བདུད་བརྩི་འདུག །
མིག་བརྒྱད་མིག་གི་ལིང་ཏོག་བསལ་ངེས་རེད།།
བོན་པོའི་ཐུགས་ལ་བོན་གྱི་དངོས་གྲུབ་འདུག །
སྤོབས་མཐའ་སྤོབས་པ་ཞུམ་དུ་བཅུག་ངེས་རེད།།
འདི་གསུམ་བོན་གྱི་བསྟན་སྲུང་རྣམ་གསུམ་ཡིན།།
ཇི་ཙམ་བསྟེན་ན་དེ་ཙམ་སྡོང་གྲོགས་འོངས།།
རྩེད་མཚར་གྱི་ཚུལ་དུ་བྲིས།།
མགོན་རྒྱལ་བའི་རྒྱལ་ཚབ་མཁན་ཆེན་ལ་འདུད་ནས། །
བུ་ལྷག་པའི་ཡེ་ཤེས་ལུང་རིགས་ཀྱི་གནམ་ལྕགས། །
བོན་མུ་སྟེགས་དགའ་བའི་ཀླད་རྙིང་ལ་རྒྱབ་པས། །
གཤེན་གཤིན་བོན་འཆི་བའི་ཤི་སྐད་ཅིག་ཤོར་ཐལ། །
གཤིན་མི་རྟག་རྫུན་ཆེན་ས་ཏྲིག་གི་ཀློང་ནས།
དོན་གཞི་མེད་སྒྲོ་བཏགས་གཡུང་དྲུང་གི་རི་རྭ། །
དཔལ་རྣམ་འདྲེན་སྟོང་གི་གཤེད་མ་རུ་བྱུང་བས། །
བོན་རྫུན་ཆོས་རྐུན་ཇག་གཡུལ་ངོ་ལས་རྒྱལ་ལོ། །
སྨན་བུ་མོ་དམར་འཛག་མེ་མཆོད་ལ་འབུལ་ནས། །
གཡག་ར་ལུག་གསོན་པོ་གསོན་བསྲེག་གི་སྡུག་བསྔལ། །
འདྲེ་བོན་གཤིན་དགའ་པའི་འཚེ་ཆོས་ལ་འབད་པས། །
བོད་གངས་ཅན་མགོ་ནག་སྲིན་པོ་ཞེས་འབོད་སྐད། །
ལྷ་ཆོས་རྒྱལ་དམ་པའི་སྐུ་དྲིན་ལ་བརྟེན་ནས། །
ཆོས་ཐེག་དགུའི་བསྟན་པ་གངས་ཅན་ལ་སྤེལ་ཀྱང་། །
མགོན་དཔོན་རྗེ་བསད་ཅིང་བོན་ཆོས་སུ་རློམ་པའི། །
འབངས་བསོད་ཟད་འགའ་རེའི་བྱ་ངན་ལ་སུན་ཐལ། །
ཕ་མེས་པོས་དཀའ་སྤྱད་དོན་མེད་དུ་བཟོས་ནས། །
རྗེ་མཁན་སློབ་ཆོས་གསུམ་དགྲ་བོ་རུ་བཟུང་བའི། །
བོན་གཤིན་རབ་མགོན་དེའི་རྗེས་འཇུག་དག་མཐོང་ཚེ། །
འདྲེ་སྲིན་པོ་ཟེར་བ་གཞན་དག་ཞིག་མ་མཐོང་། །
གཞི་མ་རིག་དུག་ལྔའི་གཞན་དབང་དུ་སོང་ནས། །
རྫུན་གཡོ་སྒྱུ་འཁོར་ལོ་སངས་རྒྱས་ལ་གཡོག་ནས། །
སྔོན་རྒྱ་བོད་པན་གྲུབ་སྐྱག་རྫུན་ལ་སྨྲ་བ། །
ལས་རྒྱུ་འབྲས་མེད་པའི་བོན་ལུགས་འདི་མཐོང་ངམ། །
ཕ་བསད་པས་མི་ཚད་ཕ་མགོ་ཡི་ཤོམ་ར། །
རྐུ་བྱས་པས་མི་ཚད་རྐུན་ཆོས་ཀྱི་ངོ་སོ། །
ལྷ་བླ་མའི་སྐུ་སྲོག་བོད་དོན་ལ་ཕུལ་ཡང་། །
རྫུན་ཕུག་མེད་བཤད་པ་བོན་ནག་གི་གཤིན་ཆོས། །
མགོན་རྒྱལ་ཀུན་ཡེ་ཤེས་སྒྲིབ་མེད་དུ་མངའ་བས། །
སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་གྱིས་ཕྲིན་ལས། །
ལྷ་ཆོས་སྐྱོང་སྲུང་མས་བདེན་དཔུང་གི་སྟོབས་ཀྱིས། །
བོན་གཤིན་རབ་རྫུན་རྐུབ་དབང་མེད་དུ་བུད་ཐལ། །
མགོན་རྒྱལ་བའི་རྒྱལ་ཚབ་མཁན་ཆེན་ལ་འདུད་ནས། །
བུ་ལྷག་པའི་ཡེ་ཤེས་ལུང་རིགས་ཀྱི་གནམ་ལྕགས། །
བོན་མུ་སྟེགས་དགའ་བའི་ཀླད་རྙིང་ལ་རྒྱབ་པས། །
གཤེན་གཤིན་བོན་འཆི་བའི་ཤི་སྐད་ཅིག་ཤོར་ཐལ། །
གཤིན་མི་རྟག་རྫུན་ཆེན་ས་ཏྲིག་གི་ཀློང་ནས།
དོན་གཞི་མེད་སྒྲོ་བཏགས་གཡུང་དྲུང་གི་རི་རྭ། །
དཔལ་རྣམ་འདྲེན་སྟོང་གི་གཤེད་མ་རུ་བྱུང་བས། །
བོན་རྫུན་ཆོས་རྐུན་ཇག་གཡུལ་ངོ་ལས་རྒྱལ་ལོ། །
སྨན་བུ་མོ་དམར་འཛག་མེ་མཆོད་ལ་འབུལ་ནས། །
གཡག་ར་ལུག་གསོན་པོ་གསོན་བསྲེག་གི་སྡུག་བསྔལ། །
འདྲེ་བོན་གཤིན་དགའ་པའི་འཚེ་ཆོས་ལ་འབད་པས། །
བོད་གངས་ཅན་མགོ་ནག་སྲིན་པོ་ཞེས་འབོད་སྐད། །
ལྷ་ཆོས་རྒྱལ་དམ་པའི་སྐུ་དྲིན་ལ་བརྟེན་ནས། །
ཆོས་ཐེག་དགུའི་བསྟན་པ་གངས་ཅན་ལ་སྤེལ་ཀྱང་། །
མགོན་དཔོན་རྗེ་བསད་ཅིང་བོན་ཆོས་སུ་རློམ་པའི། །
འབངས་བསོད་ཟད་འགའ་རེའི་བྱ་ངན་ལ་སུན་ཐལ། །
ཕ་མེས་པོས་དཀའ་སྤྱད་དོན་མེད་དུ་བཟོས་ནས། །
རྗེ་མཁན་སློབ་ཆོས་གསུམ་དགྲ་བོ་རུ་བཟུང་བའི། །
བོན་གཤིན་རབ་མགོན་དེའི་རྗེས་འཇུག་དག་མཐོང་ཚེ། །
འདྲེ་སྲིན་པོ་ཟེར་བ་གཞན་དག་ཞིག་ན་མ་མཐོང་། །
གཞི་མ་རིག་དུག་ལྔའི་གཞན་དབང་དུ་སོང་ནས། །
རྫུན་གཡོ་སྒྱུ་འཁོར་ལོ་སངས་རྒྱས་ལ་གཡོག་ནས། །
སྔོན་རྒྱ་བོད་པན་གྲུབ་སྐྱག་རྫུན་ལ་སྨྲ་བ། །
ལས་རྒྱུ་འབྲས་མེད་པའི་བོན་ལུགས་འདི་མཐོང་ངམ། །
ཕ་བསད་པས་མི་ཚད་ཕ་མགོ་ཡི་ཤོམ་ར། །
རྐུ་བྱས་པས་མི་ཚད་རྐུ་ཆོས་ཀྱི་ངོ་སོ། །
ལྷ་བླ་མའི་སྐུ་སྲོག་བོད་དོན་ལ་ཕུལ་ཡང་། །
རྫུན་ཕུག་མེད་བཤད་པ་བོན་ནག་གི་གཤིན་ཆོས། །
མགོན་རྒྱལ་ཀུན་ཡེ་ཤེས་སྒྲིབ་མེད་དུ་མངའ་བས། །
སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་གྱིས་ཕྲིན་ལས། །
ལྷ་ཆོས་སྐྱོང་སྲུང་མས་བདེན་དཔུང་གི་སྟོབས་ཀྱིས། །
བོན་གཤིན་རབ་རྫུན་རྐུབ་དབང་མེད་དུ་བུད་ཐལ། །
མཁན་ཆེན་རྒྱོས་རྡོར་གྱི་གནག་སྤྲུལ་ལྷག་པ་ཡེ་ཤེས་ཀྱིས་འབྲི་འདོད་པ་ཚང་མ་བྲིས་ནས་བཀོད་འདུག་པས། ད་ང་ཚོ་བོན་པོ་ཚོས་གོང་མཚུངས་ལྷག་ཡེས་ཀྱིས་བྲིས་པ་ལྟར་འབྲི་མགོ་བཙུགས་ན་ཁ་བརྡ་ཚང་གིས་མཆན་སྒོ་རྒྱག་ཉེན་ཡོད། གལ་ཏེ་ཁ་བརྡས་ང་ཚོ་ལའང་འདི་འདྲ་བ་འབྲི་སྐལ་བྱིན་ན། ཁུངས་མེད་ཀྱི་སྨོད་ཚིག་འདི་འདྲ་བ་ཞིག་འབྲི་བ་ལ་ང་ཚོའང་ངལ་བ་མེད་དོ། །
ཤཱཀ་ལྡང་། ཁྱོད་སྨྱོས་བཏང་ནི་མིན་ནམ། ལྷག་ཡེ་འདི་མཁན་པོ་དཔལ་དགྱེས་མ་རེད། རང་གིས་རང་ལ་ངོ་ཚ་གཏད་ནས་ཕན་ཐོག་ཨེ་ཡོང་།
མི་ཤེས་ཤེས་མདོག་བྱས་ན་མ་མཐའ་ཡང་མཁན་པོ་དཔལ་དགྱེས་དང་། ང་ཚོ་ཤེས་མཁན་ཚོའི་སྔུན་ནས་ངོ་མི་ཚའམ། རང་གིས་རང་ས་ལ་མ་གཡུག་ན་བཟང་ས་རེད། ངོ་ཚ་ཉོ་དགོས་རུང་ཚད་ཅིག་ཡོད་ན་མི་བཟང་ངམ། ཨ་དྲིན་ཅན་པོ། ད་ར་བཟི་ཞིག་གི་རྟགས་སྟོན་གྱི་མ་འདུག
བོན་བསྟན་ལ་དབྱེན་ཕྲ་བསྟོད་སྨད་ཀྱི་ཚིག་སྦྱོར་སྒྲིག་ཚུལ་ལ་བལྟས་ན་དྲི་ལྷག་དང་པ་གེ་དང་སྨན་མོ་དགྱེས་རྡོར་ལྷག་ཡེ་སྟག་ར་མིག་བརྒྱད་ཤཀ་མི་ཁྱེད་སྤོབས་པ་ཀླུ་སྨྱོན་ཁྱེད་ཚོ་མིང་ཁ་ཁ་ལས་དོན་བབས་ས་གཅིག་ཡིན་པ་འདྲ་ཞིག་འདུག །གང་ལྟར་ཆགས་སྡང་གི་སྐད་ཆ་རེད། རྒྱལ་ལ་སོགས་ལ་ཆགས་པ་་་་་་་་་་་
དྲང་པོར་བཤད་ན་ཁ་བརྡ་ཚང་གི་ནང་དུ་ཡོད་པའི་བན་བོན་གྱི་རྩོད་པ་འདི་ནི། བསམ་མེད་ཨ་མདོ་བ་ཁ་ཤས་ཀྱིས་བསླངས་པ་ཡིན་ཞིང་། ཁོ་ཚོའི་ཕ་ཡུལ་དུ་དར་ཆེ་བའི་བན་བོན་གྱི་རྩོད་པ་དུག་དྲི་ཅན་དེ་བོད་སྤྱི་བའི་ནང་དུ་སྤེལ་འདོད་པ་རེད། ཡིད་མི་ཆེས་ན་རྩོད་པ་སློང་མཁན་གཏེ་བོ། རྒྱོས་པའི་རྡོ་མཇེ་དང་། སྤོབས་པ་མཐའ་ཡས། མིག་བརྒྱད་པ། གཏུམ་ཆེན། བོན། ད་དུང་ཨ་རིར་ཡོད་པའི་རྙིང་མའི་སློབ་དཔོན་སྟག་གསོད་འབྲོང་འདུལ་ཟེར་བ་ཞིག་བཅས་ཁ་ཤས་ལས་མེད་པ་དེ་ཚོར་ལྟོས་དང་ཤེས། དྲི་མེད་ལྷག་བསམ་དང་། ལྷག་པ་ཡེ་ཤེས། རིག་པའི་ཡེ་ཤེས། པད་མ་གེ་སར། ཤྲི་སྨྱོན་སོགས་ནི་མི་གཅིག་རང་རེད། རྩོད་ངན་དེའི་ནང་ཁམས་པ་དང་དབུས་གཙང་རྣམས་མི་འཛུལ་བ་དེས་ཀྱང་གནད་དོན་གསལ་དུ་བཏང་ཡོད། རྩོད་པ་འདི་བོད་སྤྱི་བའི་དོན་དང་མཁས་པའི་བྱ་བ་ཞིག་ཡིན་ན་ཁམས་དང་དབུས་གཙང་དུ་མཁས་པ་སོགས་མེད་པ་ཞིག་ག་ལ་ཡིན།
ཡང་ཤཱཀྱ་མི་བོས་བཟི་གཏམ་བཤད་ཀྱི་འདུག ཁ་བརྡ་ཚང་གི་ནང་དུ་ཡོད་པའི་བན་བོན་གྱི་རྩོད་པ་འདི་དགྱེས་པ་རྡོ་རྗེ་སོགས་བསམ་མེད་ཨ་མདོ་བ་ཁ་ཤས་ཀྱིས་བསླངས་པ་རེད་ཟེར། དགྱེས་པ་རྡོ་རྗེ་ཨ་མདོ་མ་རེད། དེ་བཞིན་དུ་དེ་རིང་ཟླ་༨ཚེས་༢༢ཉིན་ཀྱི་མཆན་འདི་ཚོ་མ་གཏོགས་ང་སྟག་གསོད་ཀྱིས་བོན་པོ་ལ་རྩོད་པ་བསླངས་པ་ཞིག་ཡོད་ན་ཁྱོད་ཀྱིས་ཁུར་ཤོག་དང་ཆོག དེ་རིང་ངས་འདི་ལྟར་འབྲི་དོན་ནི་BONPOཟེར་བ་ཞིག་གིས་དོན་མེད་དུ་ཀླུ་སྨྱོན་ལ་དམར་མདོག་ཕུད་ཞོགས་ཟེར་གྱི་འདུག་པ་དང་། ཁྱོད་ཀྱིས་ལྷག་པ་ཡེ་ཤེས་དགྱེས་རྡོར་རེད་ཟེར་བ་ལ་དགོད་ཁ་ཤོར་ནས་བྲིས་པ་ཡིན། བན་བོད་ཀྱི་རྩོད་པ་དེའི་མགོ་སུས་བསླངས་ཡོད་མི་ཤེས། རྙིང་པ་ཚོ་ལ་བལྟ་རྒྱུ་མ་བྱུང་། ཁྱོད་ལ་བཤད་རྒྱུ་ཡོད་ན། བོན་པོ་དང་། BONPO གཉིས་ལ་ཅིག་བཤད་དགོས་ས་རེད། ཆོས་བརྒྱུད་ཅིག་གི་སྤྱི་མིང་ཁུར་ནས་རྩོད་པ་བསླངས་པ་དེ་གཞན་ལས་ལྡབ་མང་པོས་ཚབས་ཆེན་ཡིན་པ་ཨེ་ཤེས། ཡང་ན་ བོན་པོ་དང་། BONPO འདི་གཉིས་ཀྱིས་བོན་པོ་སྤྱིའི་མགྲིན་ཚབས་བྱས་རྩོད་པ་བྱེད་ཀྱི་ཡོད་ནི་ཨེ་རེད། བཤད་བསམ་ན་དང་པོ་རང་ཕྱོགས་ལ་ཤོད། དེ་ནས་སྐྱག་རྫུན་མེད་པ་ཞིག་ཤོད། མཆན་ཡིག་ཕྲེང་ཁ་ཤས་ཤིག་གི་ནང་དུ་བརྒྱ་ཆ་བརྒྱད་ཅུ་སྐྱག་རྫུན་ཡིན་ན་རང་བརླ་བཙོང་བྱེད་དང་། ཕ་རོལ་པོའི་སྔུན་ནས་ཁྲེལ་དགོད་ཉོ་བྱེད་ཅིག་མ་གཏོགས་ཅི་ཡང་ཡོད་ནི་མ་རེད།
ཁོ་རེ་་་་ཤིག་གསོད་ཁྱི་འདུལ་ལགས། ཁྱོད་ཀྱིས་་་་་༼དེ་རིང་ངས་འདི་ལྟར་འབྲི་དོན་ནི་BONPOཟེར་བ་ཞིག་གིས་དོན་མེད་དུ་ཀླུ་སྨྱོན་ལ་དམར་མདོག་ཕུད་ཞོགས་ཟེར་གྱི་འདུག་པ་དང་།༽ བྲིས་འདུག་པས་་་་ཁྱོད་ངོ་མ་གསོད་འདུལ་བྱེད་ག་ཐལ་ནས་སྨྱོ་འགྲོ་གི་ཡོད་ས་རེད། BONPO ངས་ཀླུ་སྨྱོན་ལ་དམར་མདོག་ཕུད་ཞོགས་ཟེར་ག་བ་ལབ་འདུག་མཆན་ཨང་དང་བཅས་པ་སྟོན་ཤོག། ད་ལྟ་རང་སྟོན་ཤོག།
འོ་བདེན་ཀི BONPO ཁྱོད་བདེན་ཀི ངས་བོད་ཡིག་གི་མིང་ཅན་གྱི་བོན་པོ་དང་། དབྱིན་ཡིག་གི་མིང་ཅན་གྱི་བོན་པོ་གཉིས་ནོར་སོང་བ་རེད། བོད་ཡིག་ཅན་གྱི་བོན་པོས་བྲིས་པ་གཤམས་ཀྱི་དེ་རེད། བཤད་ན་མི་འདོད་པའི་བདེན་གཏམ།–བོད་ཀྱི་ལོ་རྒྱུས་ཀྱི་ས་ཁྲ་རལ་བོ་ཞེས་པའི་འོག་གི་མཆན་རེད། གལ་ཏེ་ཁྱོད་གཉིས་མི་སོ་སོ་ཡིན་ན་ཁྱོད་དབྱིན་མིང་ཅན་གྱི་བོན་པོ་མ་རེད་ཀོ དེ་ཁྱོད་བདེན། ཁྱོད་ཀྱིས་ང་ལ་མིང་ཡག་པོ་ཞིག་བཏགས་བྱུང་། ཤིག་ནི་བོད་མིང་ཅན་གྱི་བོན་པོ་དང་། ཁྱི་ནི་ཅོལ་ཆུང་རང་མིང་ཡང་དབྱིན་ཡིག་གིས་འདོག་ཁུལ་བྱེད་པ་ཁྱོད་ཡིན་པས། དོན་ལ་བོད་གསོད་BONའདུལ་ཟེར་བ་འདྲ་བོ་འདུག ང་མིང་འདི་ལ་དགའ་སོང་།
༡༨༽ བོན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༢ གི་ཆུ་ཚོད་ ༡༠ སྐར་མ་ ༤༦
ཨ་རོ་ཀློ་སྨྱོན་ཧ་ ར་ཀ་བོད་ཀྱི་བདེན་གཏམ་བཤད་པར་མ་འདོད་ནས་ཆགས་གཏམ་རྫུན་གཏམ་ཁོ་ནས་ཁ་བརྡ་དྲ་བ་ ཁ་བསྐངས་ཟིན་པ་ཁྲེལ་མེད་རེད། བོད་ཀྱི་ལོ་རྒྱུས་ཁས་ལེན་པའི་དབང་དུ་བཏང་ན་དམར་ཆས་འདྲ་བོ་ཕུད་ན་མི་དགའ་འམ། ཧོར་འཇིགས་དང་འཇམ་དབྱངས་ནོར་བུ་ཚོ་སྐྱ་བོ་སྐྱ་ནག་གི་སྐད་ཆ་རེད་གདའ།
བོན་གསོད་BONའདུལ།
སྤོབས་པ་མཐའ་ཡས་ནས་གཡུང་དྲུང་སྐོར་གསལ་བཤད་གནང་པ་ཐུགས་རྗེ་ཆེ། ངའི་བསམ་པ་ལ་གཡུང་དྲུང་མི་འགྱུར་བའི་དོན་དུ་འགྲེལ་བ་བོན་ལུགས་དང་། གཡུང་དྲུང་བཀྲ་ཤིས་པའི་དོན་དུ་འགྲེལ་བ་མན་ལུགས་མིན་ནམ་བསམ། བན་ལུགས་ལ་མངོན་རྟོགས་རྒྱན་གྱི་དཔེ་བྱེད་བརྒྱད་ཅུའི་གྲངས་འགྲན་སྐབས་སུ། དཔལ་གྱི་བེའུ་དང་བཀྲ་ཤིས་ནི།། གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ།། སངས་རྒྱས་དཔེ་བྱད་བཟང་པོར་བཞེད།། གསུངས་པ་དེ་འགྲེལ་བ་རྣམས་ན་བཀྲ་ཤིས་པའི་དོན་དུ་བཀྲལ་འདུག འོན་ཀྱང་རྩ་བ་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ།། ཟེར་བའི་ཚིག་རྐང་འདི་དེང་སང་གདན་ས་གསུམ་སོགས་དགེ་ལུགས་པའི་དཔེ་ཆ་དང་ཚོགས་འདོན་ན་མི་འདུག ག་འདྲས་སེ་ཆད་སོང་པ་ཡིན་མིན་མི་ཤེས།
དེ་ནས་གཡུང་དྲུང་གི་རི་མོ་འདི་ན་ཙེ་ཅི་ལྟར་ཚོགས་རྟགས་སུ་སྦྱར་བ་ཡིན་མིན་ཡི་གེ་གསལ་བོ་མཐོང་མ་མྱོང་། འོན་ཀྱང་རྣ་ཐོས་ལ། བོད་པའི་བླ་མ་ཞིག་གིས་འགྲེལ་བཤད་གཡུང་དྲུང་ལ་འགྲེལ་བཤད་བསྐྱོན་སྐབས། དེ་ནི་ཐོག་མར་རུས་སྦལ་གྱི་རི་མོ་རེད། དེ་ཡང་སེམས་ཅན་མང་པོ་ཡོད་པའི་ནང་ནས་རུས་སྦལ་ནི་ལྷན་སྐྱེས་སུ་རང་སྲུང་ལྐོག་ཤུབ་ཁས་ཡོད་པ་དང་། ཚེ་ཤིན་ཏུ་རིང་པོར་བཤད། རི་མོ་དེས་མི་འགྱུར་བའམ་རྟག་པ་བརྟན་པར་འགྲེལ་བཤད་བརྒྱབ་པ་ཞིག་བཀྲལ་བ་ན་ཙེ་ཚོགས་པའི་ལག་ཏུ་ཐོབ་ནས། དེ་ནི་ཤིན་ཏུ་བློར་བབས་པ་ལ་རྟེན་ནས་ཚོགས་པའི་ལས་རྟགས་འདྲ་བོར་སྦྱར་བ་རེད་ཟེར།
འོན་ཀྱང་ངས་མཐོང་པའི་འཛམ་གླིང་རུམ་གདན་གྱི་ལོ་རྒྱུས་ནང་དུ། གཡུང་དྲུང་དེ་སྦྲུལ་གྱི་ཆགས་པ་སྦྱོད་སྐབས་ཀྱི་རི་མོ་རེད་ཟེར་ནས་བྲིས་འདུག ཁྱོད་ཚོས་རི་མོ་དེ་ལ་ལྟོས་དང་། སྦྲུལ་གྱི་ཆགས་པ་སྦྱོད་སྐབས་ཀྱི་རི་མོ་འདྲ་བོ་ཡོད་པ་རེད། འོན་ཀྱང་བོད་ཀྱིས་རི་མོ་དེ་ལ་ཟ་ཟུར་དོད་ནས་བྲིས་པ་མ་གཏོགས། སྦྲུལ་གྱི་ཆགས་པ་སྦྱོད་སྐབས་ཕན་ཚུལ་བསྣོལ་ནས། ཡར་ལངས་བསྡད་པ་དེ་གཡུང་དྲུང་དང་ཨ་ན་མ་ན་ཡིན། དེ་ནི་རྒྱ་གར་ལྷོ་ཕྱོགས་ནས་རྒྱུན་རིང་པོར་སྡོད་མཁན་ཞིག་ཡིན་ན་མཐོང་མྱོང་ཡོད་ཀྱི་རེད།
རྒྱ་ནག་གིས་ཆང་ས་རྒྱག་དུས་འབྲི་བཞིན་པའི་ཧྥང་ཤིས་ཡིན་ན་དེ་ཡི་གེ་ཆེན་པོ་ཉིས་བརྩེགས་ཡོད་པ་འོག་མ་དེ་གྲུ་བཞི་བཟོ་བཞག་པ་མ་གཏོགས་ཡང་གཡུང་དྲུང་གི་རི་མོ་རེད། འདི་ཆོས་ལུགས་དང་སྲོལ་ལུགས་མང་པོ་ཞིག་ན་བཀྲ་ཤིས་པའི་མཚན་མར་བཀོད་ཀྱི་ཡོད་ཁོ་ཐག
ཨོ་ད་གཞོན་ནུ་ཟླ་མེད་ཀྱིས་གསུང་པ་ལྟར་ན་བོན་པོ་སང་གི་སྟོན་པའི་སྙིང་ཀ་ན་ཡོད་པའི་རི་མོ་དེ་སྦྲུལ་གྱིས་ཆགས་པ་སྤྱོད་པའི་རི་མོ་རེད་འདུག་ག ད་བོན་ནག་ཚོའི་ཁ་ལ་དེ་ཆུགས།
BONPO ནས་བཏབ་པའི་མཆན་ཨང་༡༤༢༽འདི་ཤིན་ཏུ་ཡག་པོ་འདུག འདི་ལྟར་བྱེད་དགོས་པ་རེད། རང་ཉིད་ཀྱི་ཆོས་དང་ལྟ་གྲུབ་ཕྱིར་མངོན་དགོས་པ་རེད། རང་ཉིད་ཀྱི་ཆོས་དང་ལྟ་གྲུབ་ཀྱི་ཁྱད་ཆོས་འབུར་དུ་དོད་ནས་བཤད་དགོས་པ་རེད། དེ་ནི་རང་ཉིད་ཀྱི་སྦྱང་ཡོད་ལ་གཞན་ལ་ཡང་ངོ་སྤྲོད་བྱེད་དགོས་པ་རེད། དེ་ལྟར་བྱས་ན་ད་བཟོད་ཕན་ཚུན་གོ་བརྡ་སྤྲོད་བདེ་པོ་རེད། དེ་མིན་རང་གི་མ་སྦྱང་པའི་གཞན་ཞིག་ལ་ཁ་རྐྱང་རྐྱང་བཏང་བསྡད་ན། བསམ་བཞིན་རྙོག་དྲ་བཟོ་བ་ཞིག་རེད། ང་ལ་མཚོན་ན་བོན་པོ་ཕར་བཞག རྙིང་མའི་སྐོར་ཡང་བཤད་ཀྱི་མེད། གང་ཡིན་ཟེར་ནས་རང་གིས་དེ་དག་ལ་སྦྱང་པའི་ཉམས་མྱོང་མེད། གོང་གི་སྟག་རས་བྲིས་པ་བལྟས་ན། ཁོང་ལས་རྙིང་མའི་ཆོས་ངས་མང་པོ་ཀློག་མྱོང་ཡོད་ས་རེད། དྲང་མོར་ཡིན། འོན་ཀྱང་སྟག་ར་ལ་ཁྱད་ཆོས་ཞིག་ཡོད་པ་ནི། ངས་མི་ཤེས་ཟེར་བ་ཞིག་བསམ་པའི་རྒྱུད་ལ་དྲན་རྒྱུ་མེད་པ་དེ་རེད། བོད་ཀྱི་ཆོས་བརྒྱུད་ཡོངས་སུ་རྫོགས་པ་ལ་ཐོག་མ་མེད་པ་འདྲ་བོ་ཞིག་བསྟན་ཡོང་གི་འདུག འོན་ཀྱང་འདིར་རྫོགས་པ་ཆེན་པོའི་སྐོར་མང་པོ་ཞིག་དྲ་གྲོགས་གཞན་དག་གིས་བཤད་སོང་། སྟག་རས་རྩལ་འདོན་རྒྱུ་ཡོད་ན་དེ་ལ་རྩལ་བཏོན་ན་རང་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། དེ་ཡང་སྤུས་དག་པོ་ཞིག་བཤད་ཐུབ་ཀྱི་མི་འདུག ད་བྱས་ཡ་ཡོད་པ་མ་རེད། ཆུ་བོ་ཆུང་ཆུང་ཀུ་ཅོ་ཆེ་ཟེར་བ་ཞིག་དྲན་གི་འདུག དེ་ཡིན་རྒྱུ་རེད།
གཞོན་ནུ་ཟླ་མེད་ཀྱིས་བན་དེ་ཚང་གི་གསང་བ་གཅིག་ཤོར་འདུག་བ། ལྟོས་དང་་་མངོན་རྟོགས་རྒྱན་གྱི་དཔེ་བྱེད་བརྒྱད་ཅུའི་གྲངས་འགྲན་སྐབས་སུ་་་་་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ་་་་་ཞེས་པའི་ཚིག་དེ་ནི་བོན་པོའི་ཚིག་རེད་་་དེར་མ་ཟད་་་ཚིག་རྐང་འདི་དེང་སང་གདན་ས་གསུམ་སོགས་དགེ་ལུགས་པའི་དཔེ་ཆ་དང་ཚོགས་འདོན་ན་མི་འདུག ག་འདྲས་སེ་ཆད་སོང་པ་ཡིན་མིན་མི་ཤེས་གསུངས་འདུག་བ། ཆད་སོང་བ་ཡིན་གྱི་མ་རེད་བོན་རྟགས་ཡིན་པ་ཧ་གོ་ནས་བཏོན་སོང་བ་ཡིན་འགྲོ།
མངོན་རྟོགས་རྒྱན་དང་དབུ་མ་བདེན་གཉིས་ནི་སྦས་དོན་དངོས་རྟོགས་ཀྱི་རིམ་དང་དངོས་བསྟན་སྟོང་ཉིད་རིམ་པ་གསལ་བར་སྟོན་བྱེད་ཀྱི་གཞུང་རེད་བ། རྩ་བ་ཐུག་ས་དེ་ཡུམ་དུམ་པ་༡༢་ལ་ཐུག་ཡོད་པ་རེད་བ། ཡུམ་དུམ་པ་༡༢་ཀྱི་རྩ་བ་དེ་བོན་པོའི་ཁམས་ཆེན་ལ་ཐུག་ཡོད་རེད་བ། མདོར་ཙམ་མོ།
ཨ་རོགས། BONPO ངས་ཁྱོད་ལ་གཅིག་འདྲི། ཡུམ་དུམ་པ་༡༢་ཀྱི་རྩ་བ་དེ་བོན་པོའི་ཁམས་ཆེན་ལ་ཐུག་ཡོད་ན་ད་སྐབས་བལ་ཡུལ་གཞུང་གི་འགྲེམ་སྟོན་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱི་ཕྱག་དཔེ་དངོས་ཡིན་པའི་ལོ་རྒྱུས་ཁུངས་ལྡན་དང་བཅས། རྒྱས་པ་འབུམ་གྱི་ལེགས་སྦྱར་གྱི་རྒྱ་དཔེ་དངོས་སུ་འདུག་པ་དེ་ཅི་ཞིག་རེད། དེའི་ཁུངས་ཡང་ཁམས་ཆེན་ཨེ་རེད། ད་ཁྱེད་ཚང་གི་བོན་དེ་ཡེ་ཤུ་དང་དང་ཧིན་རྡུ་སོགས་འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ཀྱི་ཁུངས་ཡིན་རྒྱུ་རེད་ཀོ ཐ་ན་མི་ལོ་སྟོང་གི་རིང་ལ་བཙལ་ཡང་གཤེན་རབ་སྐྱེ་ས་འདི་རེད་ཟེར་བའི་འོལ་མོ་ལུང་རིང་ཙམ་ཡང་ངོས་འཛིན་མི་ཐུབ་ན། ངོ་ཚ་ཁྲེལ་མེད་ཀྱི་ཚིག་ཆེན་པོ་དེ་ཙམ་བཤད་རྒྱུའི་ཐོབ་ཐང་ཨེ་ཡོད་ན།
འོ་ལགས་སོ་བོན་པོ་ལགས། མངོར་རྟོགས་རྒྱན་དེ་རྗེ་བཙུན་བྱམས་པས་གསུངས་འདུག རྒྱ་འགྲེལ་ཉེར་གཅིག་རྒྱ་གར་བ་རྐྱང་རྐྱང་གིས་བྲིས་འདུག ཡུམ་དུམ་པ་བཅུ་གཉིས་རྒྱ་གར་ནས་བསྒྱུར་འདུག ད་འོ་ན་དེ་ཚོ་ཚང་མ་སྔར་གྱི་ལོ་ཙྰ་བ་ཚོ་རྒྱ་གར་ལ་འགྲོ་བའི་ལམ་ནོར་ནས་ཞང་ཞུང་འོར་མོ་ལུང་རིང་དུ་སླེབས་པ་ཡིན་ས་རེད། དེ་འདྲ་འེ་རེད། ཧཧཧ
གཡུང་དྲུང་བོན་རྟགས་རྐྱང་པ་མ་རེད། གོང་དུ་སྤོབས་པ་མཐའ་ཡས་ནས་གསུངས་འདུག་པ་དེ་བདེན་པ་རེད། དེ་འཛམ་གླིང་གི་ཆོས་ལུགས་མང་པོས་བེད་སྤྱོད་བཏང་འདུག ལར་བོན་པོ་ཟེར་བ་དེ་རྒྱ་གར་གྱི་ཆོས་ལུགས་རེད་ཟེར་བའི་བཟོ་འདྲ་བོ། ཡང་ཞང་ཞུང་གི་ཆོས་ལུགས་རེད་ཟེར་བའི་བཟོ་འདྲ་བོ། ཁྱོད་ཚོ་འདིར་ཡོད་པའི་བོན་པོ་དག་གིས་དག་དག་ཅིག་བཤད་ཀྱི་མེད་དུས་ང་ཚོ་མགོ་འཐོམ་འགྲོ་གི་འདུག
ངོ་ནས་བཤད་ན་སྔར་རྒྱལ་བོ་ཚོའི་སྐབས་སུ་དེང་སང་བོན་པོའི་གཞུང་ལུགས་དེ་འདྲ་ཡོད་མེད་ལ་དོག་པ་ཟ་ས་གཅིག་འདུག བན་བོན་གཉིས་ཀ་གདན་ཐོག་གཅིག་ལ་བསྡད་ནས་རྩོད་པ་བྱས་འདུག ༼རྒྱལ་བོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ༽འདི་འདྲ་འདུག་ཀ གལ་སྲིད་དེང་སང་ལྟར་རྣམ་བཞག་ཆོས་དང་གཅིག་པ་བཤད་ཀྱི་ཡོད་ན་རྒྱལ་བོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ་དགོས་དོན་མི་འདུག་ཡ།
དེང་སང་སྡེ་བོན་པོ་ཚང་ལ་ཡང་བཀའ་འགྱུར་དང་བསྟན་འགྱུར་བན་དེ་ཚང་དང་ཨང་གྲངས་ཕལ་ཆེར་འདྲ་མཉམ་འདུག་ཀ གལ་སྲིད་བཀའ་བསྟན་དེ་དག་བོན་པོ་ནས་བསྒྱུར་བ་རེད་ཟེར་ན། སྐབས་དེ་དུས་ཆོས་རྒྱལ་ཚོ་དང་ལོ་ཙྰའི་སྡེ་ཚང་མས་ཞང་ཞུང་ནས་བསྒྱུར་དགོས། རྒྱ་གར་གྱི་ལོ་པན་མི་དགོས་སོ། འོན་ཀྱང་དེ་དག་བསྒྱུར་མཁན་དང་བསྒྱུར་གཞི་ཚང་མ་དེང་སང་གི་བོན་པོ་ཚོས་དགྲ་རུ་བལྟ་མཁན་རྐྱང་རྐྱང་རེད་འདུག
ཡང་གལ་བཀའ་བསྟན་ཚང་མ་བོན་ནས་བླངས་པ་ཡིན་ན། ཡག་ཐོག་རྒྱན་བརྩེགས་རེད་འདུག རྒྱལ་བློན་ལོ་པན་ཚོས་བོན་མ་བསྣུབས་པར་འཛིན་སྐྱོང་སྤེལ་གསུམ་བྱས་འདུག་ཀ དེ་ལས་བཟང་ཅིག་བོན་ལ་བྱ་བ་ཅི་བྱེད། དེ་ནས་ཆོས་རྒྱན་ལོ་པན་ཚོའི་བཀའ་དྲིན་དྲན་ནས་གསོལ་བ་འདེབས་དགོས་པ་མ་རེད་དམ། བོད་ཀྱི་ཆོས་བརྒྱུད་བཞི་བོ་དོན་ལ་བོན་རེད་འདུག་ཀ དེ་ནས་ཁྱོད་ཚོས་བཤད་པ་ལྟར་ཤྰཀྱ་ཐུབ་པ་ལ་འབྲེལ་བ་མི་འདུག་པས། ཁྱོད་ཚོས་དགྲ་རུ་བརྩི་དགོས་པ་མི་འདུག་གོ།
འོ་དགོངས་དག བསྟན་འགྱུར་ཟེར་ཆོག་ནི་མ་རེད། བསྟན་འགྱུར་ཟེར་ནས་བན་ཆོས་ཆགས་འགྲོ་གི་ཡོད་པ་རེད། ཡིན་གཅིག་མིན་གཉིས་ཁ་བསྒྱུར་ནས་བརྟན་འགྱུར་ཟེར་དགོས་ནི་རེད་མ་རེད་དམ། བཀའ་འགྱུར་གྱི་མིང་བརྗེས་བོ་ཅི་ལྟར་བརྒྱབ་ཡོད་མེད་མ་ཤེས།
ཨ་ཁུ་འཇིགས་མེད་བོར་བརླག་ཤོར་བའི་གཏམ་ནག་རྣ་ཡི་ཚེར་མ།
བླ་བྲང་ཨ་ཁུ་འཇིགས་མེད་ལགས། ཉིས་སྟོང་བཅུ་གཅིག་པའི་སྤྱི་ཟླ་བརྒྱད་པའི་ཚེས་པ་ཉི་ཤུ་ཉིན་གྱི་སྔ་དྲོར། གཙོད་གྲོང་ཁྱེར་གྱི་མགྲོན་ཁང་ག་གེ་མོ་ཞིག་ཏུ་གློ་བུར་གར་སོང་ཆ་མེད་དུ་གྱུར་སོང་སྐད།
ཨ་ཁུ་ཁོང་ཉིད་སོས་དལ་བག་ཕེབས་སྐབས་བདག་ལ་འབྲེལ་འདྲིས་དང་ཁམས་འདྲི་གང་རིགས་གནང་མཁན་གྱི་མི་ཞིག་ཡིན་འདུག ཏག་ཏག་ཁོང་གི་དབུ་ཐོག་ཏུ་གནམ་རྡོ་མགོ་ལྷུང་གི་ཆག་སྒོ་བྱུང་སྐབས། སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་ཞེས་པའི་བོད་པའི་ཁ་དཔེ་ལྟར། རྟ་བོར་ལ་ར་མདའ་དང་མི་བོར་ལ་བཙལ་ཞིབ་ཀྱི་ཚུལ་དུ་ཚིག་འགས་རོགས་ར་མདའ་ཡང་མ་བཏང་བ་ཡིན་ན་ནི། རང་གི་རྒྱུ་འབྲས་བློ་མིག་གིས་ཀྱང་ཇི་ལྟར་བཟོད་ཨང་།
ཨ་ཁུའི་གནས་ཚུལ་གསལ་ཁ་ཐོན་པ་ཤེས་མཁན་འདྲ་བྱུང་ན། དུས་ལྟར་བརྡ་ལན་རེ་ཅིས་ཀྱང་སྤྲོད་གནང་ཡོད་པར་མཁྱེན།
འཇམ་དབྱངས་སྐྱིད་ཀྱི་ཟིན་བྲིས་ལས་བཤུས། http://www.sangdhor.com/blog_c.asp?id=4381&a=menzhu
ང་ནི་དྲྭ་བ་འཛུལ་བ་ཐོག་མ་ཡིན་ང་ནི་སྦྱོང་ཡོན་ལ་ཞན་ཅིང་རྩོམ་པ་པོ་ཡང་མིན་ལ་ཡི་གེའི་དག་ཆ་ཙམ་ཡང་མི་ཤེས་པས་དགོང་ཡོང་སྟོང་ཞུ་ དྲ་རྒྱ་ཁ་ཤེས་ནང་ཚན་རིག་པས་འབར་གས་ཆེན་པོ་བཤད་ཀྱིས་འདུག་ལོ་གྲང་མང་པོ་དེ་འདྲ་ཐབས་གང་ལ་བསྟན་ནས་ཤེས་པ་རེད་ཞུ་རྒྱུ་ བེ་རི་རྒྱལ་པོ་ཤི་ནས་ལོ་ག་ཚོད་རེད་ སོག་རྒྱང་དཀར་ཁམ་ལ་ཡུང་ནས་དགོན་པ་མང་པོ་གཤེག་འདུག་དེ་དུས་བེ་རི་རྒྱལ་པོ་དུས་ཡི་ནམ་སུས་ཤེས་ན་དྲ་རྒྱ་འདིར་འགོད་རོ་ཞུ་ཐུ་རྗེ་ཆེ་།
རྣ་བ་བརྒྱད་པ་དང་། ཀརྨ་དགེ་ལེགས་གཉིས་ཀས་གནད་དོན་ཞིག་གླེང་གིན་འདུག བརྗོད་དོན་འདི་ལྟ་བུ་དྲྭ་ངོས་ནས་ཡོངས་གྲགས་ལྟ་བུའི་གླེང་ན། གསང་སྔགས་ཁྲོམ་བསྒྲགས་སུ་འགྲོ་བས་གཟབ་དགོས་མོད། ང་ཡང་འདི་སྐོར་ལ་ཤེས་འདོད་ཧ་ཅང་ཆེན་པོ་ཡོད་པས། ཁ་ནས་ཚིག་ཁ་ཤས་ཤིག་ཤོར་སོང་། མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ། སྐབས་འདིར་མདོ་སྔགས་གཉིས་ཀྱི་བཞེད་མཚམས་མ་བསྲེས་པར་སོ་སོར་གླེང་དགོས་པ་རེད། དེ་ལྟར་མིན་ན། འདོད་ཡོན་ཆགས་བྲལ་དུ་གསུངས་པའི་རྒྱུའི་ཐེག་པ་དང་། དེ་ལམ་ཁྱེར་དུ་དགོངས་པའི་སྔགས་ཀྱི་ཐེག་པ་གཉིས། གཞི་གཅིག་གི་ཐོག་ཏུ་ཕབ་ནས་འགྲེལ་བཤད་བརྒྱབས་ན། འགལ་འདུའི་ཕྲེང་ལས་ཐར་དུས་ཤིག་ཡོད་པ་མ་རེད། རྫོགས་ཆེན་ལྟར་ན། གོང་ན་ཀརྨ་དགེ་ལེགས་ཀྱིས་བཤད་པ་ལྟར།
སེམས་དང་རིག་པ་ལ་ཤན་ཕྱེ་བ་ཞེས་གནད་དོན་སོ་སོ་བ་རེ་རེའི་ཐོག་འགྲེལ་བཤད་གནང་གི་ཡོད་པ་རེད། དེའང་སེམས་ཞེས་པ་ནི་འཁོར་བ་རེད། རིག་པ་ཞེས་པ་ནི་མྱང་འདས་རེད། སེམས་ཞེས་པ་ནི་འདུས་བྱས་ཀྱི་རྣམ་རྟོག་རེད། རིག་པ་ཞེས་པ་ནི་འདུས་མ་བྱས་ཀྱི་ཡེ་ཤེས་རེད། ད་ལྟ་ང་ཚོའི་རྒྱུད་ན་ཡོད་པའི་ཐ་མལ་གྱི་རྣམ་རྟོག བདེ་སྡུག རེ་དྭོགས། བཟང་ངན་སོགས་ཀྱི་རྣམ་པ་ཆུ་གཉེར་ལྟར་འགྱུར་བཞིན་འདི་ནི་སེམས་ཞེས་པ་དེ་རེད། འདི་མི་རྟག་པ་རེད། འདུས་བྱས་རེད། ལས་རླུང་གི་བཞོན་པ་ཅན་རེད། རིག་པ་ཞེས་པ་ནི། རྒྱུད་སྡེ་ན། གཉུག་སེམས། གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འདུས་མ་བྱས་ཀྱི་ཡེ་ཤེས། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས། ཕར་ཕྱིན་གྱི་རང་བཞིན་གནས་རིག་དང་། ཁམས་བདེ་གཤེགས་སྙིང་བོ་སོགས་ལ་གོ་དགོས་པ་འདྲ། འདི་ལ་ཞིབ་ཆ་དགོས། དེ་ཡང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་འཁོར་བ་དང་། མྱ་ངན་འདས་པའང་ཡོད་པ་ཡིན།། ཞེས་དང་། རང་གཞན་འོད་གསལ་འདོད་ནས་དག་པའི་སེམས།། གློ་བུར་ཉོན་མོང་གསུམ་གྱིས་བསྒྲིབས་པ་ཡིས།། ཞེས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད།། འོན་ཀྱང་གློ་བུར་དྲི་མས་བསྒྲིབས།། དེ་ཉིད་བསལ་ན་སངས་རྒྱས་ཉིད།། ཅེས་དང་། རིག་པ་འོད་གསལ་ཁ་མིག་རྣ་བ་ཅན།། ཞེས་སོགས་དང་། རྫོགས་ཆེན་གྱི་གཞུང་། སྒྲ་རྩ་བའི་ཐལ་འགྱུར་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད། རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་སོགས་ལ་གཟིགས་ན་གོ་རྒྱུ་ལྷག་མ་ཞིག་ཡོད་པར་འདོད།
ལ་དྭགས་འཇམ་དཔལ་ལགས། ངའི་དྲི་བ་ལ་ལྗགས་ལན་གནང་བར་ཐུགས་རྗེ་ཆེ།
སྤྱོད་འཇུག་ལས། གཡུང་དྲུང་ཆོས་ཀྱང་འཇིག་པར་བྱེད། །ཅེས་འབྱུང་བས་དཔྱད་འཚལ།
གླང་དར་གྱི་རྗེས་འབྲངས་པ་སྨན་མོ་མཚོ། དྲི་བ་འདི་ལ་ད་དུང་ལན་བརྒྱབ་མ་སོང་། ལྔ་བ་ཆེན་པོའི་ཕྱག་མཛོད་ཀྱིས་སོག་དམག་ཉིས་སྟོང་སྣེ་དྲངས་ནས་མཚུར་ཕུ་དགོན་དུ་གྲྭ་བ་བདུན་སྟོང་བསད་རབས་ཀྱི་ཁུངས་བེ་རི་ཧོར་འཇིགས་སོགས་དང་ད་དུང་དེས་མ་ཚིམ་ན་རང་རྣམ་དུ་ཀཱུ་ལ་ཡི་གོས་བཟང་དུ་ཡོད་རབས་བཤད་མོད། གང་ན་ཡོད་ཁུངས་འགོད་པ་གལ་མི་ཆེའམ། མི་རེ་ཟུང་ཞིག་གི་མིང་དྲངས་ནས་ཅི་ཕན། དུ་ཀཱུ་ལའི་ལུང་གང་ན་ཡོད་སྟོན་ཤོག ཡིག་འབྲུ་རེ་རེ་ནས་་་་་་་་་་་་་་་་་་་་་་། ད་འོ་ན་ཡི་དམ་སྟག་ལ་མེ་འབར་གྱི་ཞབས་འོག་ཏུ་་་་་་་་་་་་་་་་་་་སུ་ཞིག་གནོན་པ་ཡིན། དེ་དྲི་བ་ཡིན།
ཆོས་ལུགས་གྲུབ་མཐའ་ཁག་མཐུན་སྒྲིལ་ཡོང་རྒྱུ་ནི་ནང་བསྟན་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།
བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པ་ཁོང་གིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་གང་ཡིན་པ་དེ་ཉིད་གཟིགས་ཤིང་མངོན་དུ་མཛད་པ་གང་ཡིན་པ་དེ་ཉིད་ཇི་ལྟ་བ་བཞིན་ཐུགས་བརྩེ་བའི་དབང་གིས་སེམས་ཅན་རྣམས་ལ་འདོམས་པར་མཛད་པ་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ཡིན་ལ། ངེད་ཅག་སྟོན་པའི་རྗེས་འཇུག་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་གནས་ཐབས་ ལ་བསམ་གཞིག་དང་འགན་ཁུར་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། དེའི་ཕྱིར་སངས་ རྒྱས་ཀྱི་བསྟན་པ་འཕེལ་རྒྱས་ཡོང་བའི་རྩ་བ་གང་ཡིན་པ་དེ་ཉིད་ཞིབ་ཏུ་བཤད་ན་མཐའ་ཡས་པ་ཞིག་ཡོད་ཅིང་། གཙོ་བོ་གཉིས་སུ་འདུས་ཡོད་པར་བསམ།
ནང་ཆོས་ཡིན་ན་ཡང་འདྲ། དངོས་པོ་གང་ཞིག་ཡིན་ཀྱང་རང་ཉིད་འཇིག་རྟེན་དུ་འཚོ་བསྡོད་བྱེད་པ་ལ་རང་ཉིད་འཚོ་ཐུབ་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་དང་བྲལ་བ་ཞིག་ངེས་པར་ཏུ་དགོས་པ་རེད། དེའི་ཕྱིར་ནང་བསྟན་གནས་འཕེལ་རྒྱས་ཡོང་བ་ལ། གཅིག་ནི་མཐུན་རྐྱེན་དང་གཉིས་པ་ནི་འགལ་རྐྱེན་དང་བྲལ་བ་ཟེར་བ་འདི་གཉིས་རེད།
དང་པོ་མཐུན་རྐྱེན་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྒར་བ་དང་དགོན་སྡེ་ཁག་ན་སངས་རྒྱས་ཤཱཀྱ་ཐུབ་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་ཤིན་ཏུ་རྒྱས་པོ་དང་གཏིང་ཟབ་མོ་བྱས་ནས་ཡོང་དགོས་པ་གཞིར་བཞག་གི་ཐོག་ནས་དད་ལྡན་མང་ཚོགས་ཀྱི་ནང་དུའང་ཆོས་ཀྱི་སློབ་གསོ་བསམ་པ་བཟང་པོའི་ཕྱོགས་འདི་ཉིད་དར་སྤེལ་གཏོང་རྒྱུ་དེ་རེད་ཅེས་མདོར་བསྡུས་ནས་ཞུས་པ་ཡིན།
གཉིས་པ། འགལ་རྐྱེན་དང་བྲལ་བ་ནི། སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པའི་འགལ་རྐྱེན་དེ་ལ་ཆོས་ལུགས་གྲུབ་མཐའ་ཁག་བར་མ་མཐུན་པའམ་ཡང་ན་རྒྱལ་བོ་དང་མ་མཐུན་པའམ་བློན་པོ་དང་མ་མཐུན་པ་དེའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་གནས་མི་ཐུབ་པའི་གནས་ཚུལ་འདི་འབྱུང་དང་འབྱུང་བཞིན་པ་རེད།
སྔོན་ཆད་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན་གྲུབ་མཐའ་ཁག་བར་ཕྱོགས་རེས་ཕྲག་དོག་གི་དབང་གིས་མཐུ་རྒྱག་པ་དང་དམོད་མོ་བྱེད་པ་སོགས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་གཅིག་གིས་གཅིག་ལ་གནོད་འཚེ་གཏོང་རེས་བྱས་པ་དེ་ཆེ་ས་ནས་བཤད་ན་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་དར་རྒུད་ ལ་འགྱུར་བ་ཐེབས་ཡོད། ལྷག་པར་ཏུ་ཆོས་ལུགས་མི་གཅིག་པའི་ཁ་ཆེ་དམག་གིས་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་དཀྱིལ་སྙིང་དཔལ་ན་ལེནྡྲ་རྨེག་མེད་དུ་བཅོམས་པ་དེ་ནི་རྒྱ་གར་ནས་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་མཇུག་རྫོགས་པའི་གནས་ཚུལ་ཞིག་ཀྱང་ཡིན། དེ་དུས་ན་ལེནྡྲའི་པཎ་ཊི་ཏ་མང་པོ་སྲོག་དང་བྲལ་བ་དང་སྲོག་མགོ་ཐོན་ཙམ་བྱུང་བ་རྣམས་ཀྱང་དཔལ་ན་ལེན་དྲ་ལྷག་མེད་དུ་གྱུར་ནས་བོད་ལ་སོགས་པའི་ས་ཕྱོགས་གཞན་དུ་བྲོས་བྱོལ་དུ་སོང་བ་རེད།དེ་དང་ཆབ་གཅིག་པཎ་ཊི་ཏ་དེ་དག་གིས་སྣེ་དྲངས་ནས་བོད་ལ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་བའི་དབུ་བཙུགས་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་ནས་ནང་བསྟན་གྱི་འཕོ་འགྱུར་ལ་བལྟས་པ་ཡིན་ནའང་། ས་སྐྱ་ནས་ཕག་གྲུ་བར། དེ་ནས་ རིན་སྤུངས་དང་། གཙང་བ་སྡེ་སྲིད་ནས་དགའ་ལྡན་ཕོ་བྲང་བར་གྱི་གཅིག་ལ་གཅིག་ གནོད་པའི་འཐབ་རྩོད་དེ་དག མཚམས་རེར་གྲུབ་མཐའི་དབང་གིས་ཡིན་སྙམ་པ་དང་མཚམས་རེར་ཆབ་སྲིད་ཀྱི་དབང་གིས་རེད་སྙམ་པ་སྣ་ཚོགས་ཤིག་འཆར་ཡང་། གང་ལྟར་གྲུབ་མཐའི་མིང་ཐོག་ནས་བྱུང་བའི་ལོ་རྒྱུས་ཀྱི་འགལ་འདུ་དེ་དག་མི་དང་མིའི་བར་དང་། ཡང་ན་ཚོགས་པ་དང་ཚོགས་པའི་བར་མ་མཐུན་པ་དང་ཕྱོགས་རེས་སུ་མཆེད་ནས་བྱུང་བ་ནི་ཤ་སྟག་རེད། ང་ཚོས་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་ཀྱི་བསླབ་བྱ་དེ་དག་དང་དུ་བླངས་ནས་ཕྱོགས་སྡོམ་བྱས་པ་ཡིན་ན། ཆེས་མ་མཐའ་ཡང་ཆོས་ལུགས་གྲུབ་མཐའ་ཁག་དང་མཐུན་སྒྲིལ་བྱེད་དགོས་པ་འདི་ཤེས་དགོས་པ་མ་ཟད་ལག་ལེན་དུ་ལྟར་ཐུབ་པ་བྱེད་དགོས་པ་འདི་ལོ་རྒྱུས་གཅིག་པུའི་ངོས་ནས་ཀྱང་ང་ཚོ་ལ་གོ་བརྡ་འདི་སྤྲད་ཡོད་པ་རེད།
ཡང་སངས་རྒྱས་ཆོས་གཞུང་གི་དགོངས་དོན་གྱི་ངོས་ནས་བསམ་པ་ཡིན་ན་ཡང་མདོ་ལས། དགེ་འདུན་མཐུན་པ་བདེ་བ་སྟེ།། མཐུན་པ་རྣམས་ཀྱིས་དཀའ་ཐུབ་བདེ།།ཞེས་ དང་། ཀུན་དང་མཐུན་པ་བདེ་བ་ཡིན།། ཞེས་གསུངས་པ་ལྟར་དགེ་འདུན་རྣམས་ཐུགས་མཐུན་དགོས་པ་དེ་སངས་རྒྱས་ཀྱི་བསྟན་པའི་གནས་དོན་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཡིན་པ་ནི་བསྟན་ཡོད་པ་རེད། མ་མཐའ་ཡང་སངས་རྒྱས་ཀྱི་རྗེས་འཇུག་པ་ཞིག་ ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་ལ་མ་ལྟར་བྱམས་ཤིང་བརྩེ་བའི་བྱང་ཆུབ་ཀྱི་ སེམས་རིན་པོ་ཆེ་རྒྱུད་ལ་བསྐྱེད་དགོས་པ་དང་། དེ་མ་ཐུབ་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ ཆེ་བསྒོམ་དགོས་པའི་གནས་ལུགས་རྒྱུ་མཚན་དེ་ཚོ་ཤེས་དགོས་པ་དང་ཁས་ལེན་དགོས་ པའི་རྩ་དོན་འདིའི་སྟེང་ནས་ང་ཚོ་སེམས་ཅན་གཞན་དང་མཐུན་པོ་ཡོད་པ། གྲུབ་མཐའ་གཞན་དང་མཐུན་པོ་ཡོད་པ། ཆོས་ལུགས་གཞན་དང་མཐུན་པོ་ཡོད་པ། དེ་མ་ཚད་རང་ བྱུང་ཁམས་དང་མཐུན་པོ་ཡོང་བ་བྱེད་དགོས་རྒྱུ་འདི་གོ་ཐུབ་པ་ཞིག་ཡིན།
དེ་ལྟར་ཉམས་ལེན་དང་ལག་བསྟར་བྱེད་ཐུབ་པ་ཡིན་ན་རང་ཉིད་བདེ་སྐྱིད་ཡོད་པའི་ཐོག་ནས་འཚོ་གནས་བྱེད་ཐུབ་པ་དང་། རང་ཉིད་ཀྱི་ཆོས་ལུགས་དང་ལྟ་གྲུབ་ཡང་འགལ་རྐྱེན་མེད་པའི་ཐོག་ནས་འཚོ་གནས་བྱེད་ཐུབ་པར་འདོད་དོ།ང་ཚོས་ནམ་རྒྱུན་ཉི་མ་རེ་རེའི་ཁ་འདོན་ནང་དུ།སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ གྱུར་ཅིག ཅེས་ཆག་མེད་དུ་འདོན་བཞིན་ཡོད་ལ།མི་ཚེ་གང་བོའི་ཉམས་ལེན་གྱི་ནང་ དུའང་ཁ་འབྲལ་མི་རུང་བ་ཞིག་ཡིན་པ་ལས་གཞན་དུ་སྟོན་པ་སངས་རྒྱས་ཀྱི་མཚན་སྙན་གྲགས་ཀྱི་ཆེད་དུ་དང་། སངས་རྒྱས་ཀྱི་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཆེད་དུ། ཡང་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ཆེད། རྒྱལ་བ་བློ་བཟང་གྲགས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཆེད་གང་རུང་ལ་དམིགས་ནས་ཉེ་རིང་ཆགས་སྡང་བྱེད་ཆོག་པ་དང་།ཕྱོགས་རེས་འཐེན་འཁྱེར་བྱེད་ཆོག་པ། བྱང་ཆུབ་ཀྱི་སེམས་འདོར་ཆོག་པ་དེ་ལྟ་བུའི་དམིགས་བསལ་དེ་འདྲ་སྟོན་པ་སངས་རྒྱས་ཀྱིས་གནང་བ་བྱིན་མེད་ལ།ང་ཚོས་ཀྱང་ལག་ལེན་དུ་བསྟར་ཆོག་པ་མེད།
གལ་ཏེ་རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་ཕྱོགས་རེས་དང་ཆགས་སྡང་གི་ལྟ་བ་ དང་སྤྱོར་བ་བརྩམས་པ་ཡིན་ན། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པའི་ཉམས་ལེན་དང་ཡང་འགལ་བ་རེད། དངོས་ཤུགས་ བརྒྱུད་གསུམ་གང་རུང་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་དར་རྒྱས་ཡོང་བ་ལ་མི་འདོད་པའི་འགལ་རྐྱེན་གྱི་ས་བོན་བསྐྲུན་པར་ངེས། མུ་སྟེགས་ཅན་ལ་སྨོད་མི་ བྱ།། ཞེས་པའི་གསུང་དང་ཡང་འགལ་བ་རེད།
སངས་རྒྱས་ཐུགས་རྗེ་ཅན་གྱི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་བྱེད།།རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་པ་ལྟར། ང་ཚོ་ལྟ་བ་དང་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་མོ་འདི་ ལྟ་བུ་ལ་སློབ་གཉེར་བྱེད་མཁན་གྱི་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་མི་དང་རང་བྱུང་ཁོར་ཡུག་ཕན་ཚུན་མཉམ་གནས་བྱེད་ཐུབ་པ། མི་དང་སྲོག་ཆགས་ཕན་ཚུན་མཉམ་གནས་བྱེད་ཐུབ་པ། ཆོས་ལུགས་དང་སྲིད་གཞུང་ཕན་ཚུན་མཉམ་གནས་བྱེད་ཐུབ་པ། རང་གི་ལྟ་གྲུབ་དང་གཞན་གྱི་ལྟ་གྲུབ་ཕན་ཚུན་མཉམ་གནས་བྱེད་ཐུབ་པ། རང་གི་ཆོས་ལུགས་དང་གཞན་གྱི་ཆོས་ལུགས་ཕན་ཚུན་མཉམ་གནས་བྱེད་ཐུབ་པ།
མདོར་ན། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་མེད་པའི་ཆོས་ལུགས་འདི་ཉིད་ཚུལ་ལུགས་འདི་ལྟར་དུ་དར་སྤེལ་དང་ཡུན་རིང་དུ་གནས་ཐུབ་པའི་སྨོན་ལམ་དང་སྐྱབས་འཇུག་ཞུ་བ་ཡིན། བཀྲ་ཤིས་པར་གྱུར་ཅིག །
ཡིན་ཡང་ལྟ་སྒོམ་ཕྱི་རོལ་ཏུ་སོང་བ་དག་ལ་ཤེས་རབ་ཀྱི་མིག་འབྱིན་པ་མི་མ་གཏོགས་སོ། ཕ་རོལ་པོའི་ལོག་རྟོག་ལྡོག་པའི་ཕྱིར་རོ། ། དེས་ན་བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དེ་ཉིད་ཀྱི་ལུང་གིས་ཟིན་ཅིང་། འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་དུ་གྱུར་པ་གངས་ཅན་གྱི་ལྗོངས་ཞེས་པ་འཛམ་གླིང་གི་སའི་ཡང་རྩེར་སོན་པའི་གནས་འདིར་མི་ལོ་སྟོང་ཕྲག་དུ་མའི་སྔོན་ནས་དཔའ་མཛངས་བརྟུལ་ཕོད་དང་ལྡན་ཞིང་། བྱམས་བརྩེ་དྲང་བདེན་ཅན། ཡ་རབས་ཀྱི་སྤྱོད་པ་ལ་ངང་གིས་གནས་པའི་ཆོས་ལྡན་གྱི་མི་རིགས་ལོ་རྒྱུས་དང་ལྡན་པ་ཞིག་ཆགས་ཡོད་པ་ལ་ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཞེས་ཡོངས་གྲགས། དེ་ཡང་རང་རེའི་མེས་པོ་སྲོང་བཙན་གྱི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མང་དུ་དར་བར་མཛད། ཁྲི་སྲོང་གི་སྐུ་རིང་ལ་ནུབ་ཀྱི་ཆུ་བོ་གང་གྰའི་འགྲམ་ནས་ཤར་རྒྱ་ནག་ཁྲང་ཨན་ཡན་ལ་དབང་བསྒྱུར་ཏེ་ཆབ་སྲིད་མངའ་ཐང་སྟོབས་འབྱོར་གྱིས་ཁམས་ཀྱི་གཙུག་རྒྱན་དཔལ་མར་མེ་མཛད་ཡེ་ཤེས་བོད་དུ་བྱོན་སྐབས་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ཀྱི་སྐུ་རིང་ལ་བོད་དུ་ཆོས་དར་བ་ཙམ་ནི་རྒྱ་གར་དུའང་དར་ཡོད་ཚོད་མི་འདུག་ཅེས་བསྔགས་བརྗོད་མཛད་པ་ལྟར་བོད་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་སྨོན་པའི་གནས་སུ་གྱུར་བ་ཞིག་བྱུང་སྟེ།
དེ་དག་ཀྱང་ཆོས་རྒྱལ་སྐུ་དྲིན་ཅན་དེ་རྣམས་དང་བོད་རྒྱ་ཆེའི་མང་ཚོགས་ཀྱི་འབད་པ་རང་ལ་བརྟེན་ནས་བྱུང་སྟེ། དེ་སོགས་ང་རྒྱལ་དང་སྤོབས་པ་གཉིས་ཀ་སྟེར་བའི་ལོ་རྒྱུས་ཀྱི་དན་དཔང་འདི་དག་གི་ཐོག་ནས་ང་ཚོའི་མི་རིགས་འདི་ནི་རང་གིས་རང་བསྟོད་པའི་ངན་གཡོ་ཙམ་མ་ཡིན་པར་རླབས་ཆེན་གྱི་ལོ་རྒྱུས་དང་ལྡན་པའི་མི་རིགས་ཤིག་དངོས་གནས་ཡིན་པ་ཤེས་པར་བྱ་དགོས་པ་ཞིག་གོ །དེ་ནས་རིམ་བཞིན་དུས་ཀྱི་འཕོ་འགྱུར་གྱིས་བོད་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་སྟེ། ད་ལྟའི་དུས་རབས་གསར་བའི་ནང་དུ་ནི་ང་ཚོ་སྔོན་ཐོན་གྱིས་མི་རིགས་ཀྱི་གྲལ་དུ་ཚུད་ཡོད་མེད་ཀུན་གྱིས་ཤེས་པ་དེ་རེད། དུས་རབས་འདིའི་ནང་མིའི་བསམ་བློའི་འཁྱེར་སོ་དང་ཕྱི་རོལ་གྱི་དངོས་པོ་འཛུགས་སྐྲུན་སོགས་ལ་འཕོ་འགྱུར་ཅི་རིགས་ཤིག་འོང་རྒྱུ་ནི་དངོས་པོའི་ཆོས་ཉིད་རེད། འཕོ་འགྱུར་དེའི་ཁྲོད་ནས་ང་ཚོ་བོད་མི་རིགས་ཀྱི་བསམ་བློའི་དགེ་མཚན་དང་། ཐུན་མིན་གྱི་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་ཕ་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་མི་ནུབ་པར་རྒྱུན་འཛིན་བྱ་རྒྱུ་དང་།
དེང་རབས་ཀྱི་རིགས་པ་གསར་བ་འཕྲལ་ཕུགས་གཉིས་ཀར་ཕན་པའི་ཆ་རྣམས་ལ་བདག་གིར་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་རིགས་འདྲ་འདྲའི་ནང་ནས་རྗེས་ལུས་སུ་མི་འགྱུར་བའི་ཐབས་ལ་བསམ་བློ་ཞིབ་ཚགས་ཤིག་གཏོང་རྒྱུ་ནི་བོད་མི་རེ་རེས་ཀྱང་མི་བྱེད་དུ་མི་རུང་བ་ཞིག་རེད། དཔེར་ན་དུད་ཁྱིམ་དབུལ་བོ་འབུ་ཚང་ལྟ་བུ་ཞིག་ལས་མེད་པ་དག་གིས་ཀྱང་ངེད་ཚང་གིས་མ་འོངས་པ་ན་འདི་འདྲ་ཞིག་མ་བྱས་ན་ཉམས་རྒུད་འདི་དང་འདྲ་ཞིག་འོང་གིས་ཞེས་ཁྱིམ་མི་ཡོངས་ཀྱིས་བསམ་བློ་ཆིག་སྒྲིལ་བྱེད་པ་ཡིན་ན། ང་ཚོ་རླབས་ཆེན་གྱི་ལོ་རྒྱུས་ལྡན་པའི་མི་རིགས་འདི་འདྲ་བ་ཞིག་གིས་འཛམ་གླིང་ཧྲིལ་པོར་ཕན་པ་ཡོད་པའི་རིག་གཞུང་སོགས་གང་ལའང་བསམ་བློ་མི་གཏོང་བར་རང་གི་ལྟོ་གོས་ཙམ་གྱིས་ཆོག་ཤེས་པར་བྱེད་པ་ནི་བླུན་པོ་ཐ་ཤལ་བ་ལང་གི་ངང་ཚུལ་གསལ་བར་བྱེད་པ་སྟེ་ཤིན་ཏུ་སྨད་པའི་གནས་སོ། དེས་ན་བྱ་བ་འདི་ནི་གཙོ་བོ་བོད་མི་རིགས་སྤྱི་ལ་ཕན་སེམས་ཆེ་ཞིང་བློ་དཀར་གཞུང་དྲང་གི་རྒན་པོ་ཉམས་མྱོང་ཅན་རྣམས་དང་། གནའ་དེང་ཟུང་དུ་སྦྲེལ་ཏེ་བཟང་ལེན་ངན་འདོར་བྱེད་ནུས་པའི་གཞོན་ནུ་བློ་གྲོས་ཅན་རྣམས་དང་། ཆོས་སྲིད་གཉིས་ཀ་ལ་ཤེས་རྒྱ་ཆེ་ཞིང་མི་སེམས་ལེགས་པའི་ལམ་དུ་སྒྱུར་བའི་ནུས་པ་དང་ལྡན་པའི་བླ་སྤྲུལ་བཅས་ལ་མ་བསྐོས་ལས་ཀྱི་བགོ་སྐལ་དུ་བབ་འདུག་པས་སོ་སོ་ནས་འོས་བབ་ཀྱི་ནུས་པ་རྩལ་དུ་འདོན་རྒྱུ་དང་། གཞན་བོད་རྒྱ་ཆེའི་དམངས་ཚོགས་རྣམས་དེ་དག་གི་རྗེས་སུ་འབྲངས་ཏེ་བློ་སེམས་གཅིག་སྒྲིལ་གྱིས་མ་འོངས་པའི་མདུན་ལམ་ལ་འབད་རྩོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནས་སོ།
༢༠༡༡ ལོའི་ ཟླ ༨ ཚེས ༢༣ ཉིན་རང་ཤག་ནས་དཔེ་ཀློགས་ནས་ཟིན་བྲིས་སུ་ཕབས།
རྔ་བ་རྒྱལ་ཁམས་པ་ལགས། གསང་སྔགས་ཁྲོམ་སྒྲག་ཟེར་བ་རྒྱ་གར་གྱི་གྲུབ་ཆེན་ཚད་ལྡན་དག་གི་གསུང་རེད། བོད་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་གསང་སྔགས་གླེགས་བམ་དུ་བསྡེབས་པ་ནས་བཟུང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་། ཁག་གཅིག་གིས་མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་འཛིན་པ་དང་ཕན་ཚུན་ཅ་འབྱིད་བྱེད་པ་སོགས་མང་པོ་བྱུང་བ་ན་རྗེ་བླ་མས་སྔགས་རིམ་ཆེན་མོ་ལས་མདོ་སྔགས་ཀྱི་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར་བའི་སྒོ་ནས་གསལ་བར་མཛད་ཡོད་པས་དེར་གཟིགས་རོགས། བོད་ཀྱི་བླ་མ་རྣམས་ཀྱིས་དབང་བསྐུར་གྱི་ཚེ་སློབ་མའི་གྲངས་ཚད་ངེས་པ་ཅན་མ་ཡིན་པ་དང་། དྭ་རི་ཀ་པས་གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ།།ལྔའམ་ཡང་ན་བདུན་དག་གམ།།ཉི་ཤུ་རྩ་ནི་ལྔ་ཡི་བར།།ཟུང་དུ་མ་གྱུར་ཡོངས་སུ་བཟུང་།།ཞེས་པ་ལྟར་ཉི་ཤུ་རྩ་ལྔ་མན་ཆད་ཟུང་དུ་མ་གྱུར་བར་སློབ་མའི་གྲངས་ཚད་ངེས་བཟུང་མཛད་པ་སོགས་ལ་འགལ་འདུ་མེད་པ་པན་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས།
སྔགས་བླ་མེད་སྐབས་སུ་ལུས་ལ་ཕྲ་རགས། སེམས་ལ་ཕྲ་རགས་ཡོད་པ་ཤེས་དགོས། འབྱུང་བ་དང་འབྱུང་འགྱུར་གྱི་ལུས་ནི་རགས་པ། རྩ་རླུང་ཐིག་ལེ་གསུམ་ནི་ལུས་ཕྲ་བ། སྟོང་བ་བཞིའི་བཞོན་པར་གྱུར་བའི་རླུང་ནི་ལུས་ཤིན་ཏུ་ཕྲ་བ་ཡིན། སྒོ་ལྔའི་རྣམ་ཤེས་ནི་སེམས་རགས་པ། རང་བཞིན་བརྒྱད་ཅུའི་རྟོག་པ་དང་མཚུངས་ལྡན་གྱི་སེམས་ནི་སེམས་ཕྲ་བ། སྟོང་བ་བཞིའི་ངོ་བོ་གྱུར་བའི་སེམས་ནི་སེམས་ཤིན་ཏུ་ཕྲ་བ་ཡིན། སྔ་འགྱུར་རྙིང་མ་དག་གིས་འདོད་པའི་རིག་པ་ནི་དེ་དང་མཚུངས་ལ་ད་ལྟའི་རིག་པ་ཞེས་སྦྱར་ན་སེམས་རགས་པ་ལས་གཞན་ན་འགྲོ་ས་མེད། གཉིད་མཐུག་པོ་ལོག་པ་དང་རྨི་ལམ་དང་འཆི་བའི་དུས་སུ་ཤིན་ཏུ་ཕྲ་བའི་སེམས་མངོན་དུ་གྱུར་བར་བཤད་ན་ཡང་དོན་ལ་ཤེས་པ་ཡིན་པ་ལས་གཞན་གང་ཡང་མིན། ཐེག་ཆེན་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་ཕྱེ་བ་ནི། མཐར་ཐུག་གི་ཡོངས་དག་བཞིའི་རྒྱུ་ཙམ་ལམ་དུ་བྱེད་པ་ལ་རྒྱུའི་ཐེག་པ་ཟེར། འབྲས་བུ་ཡོངས་དག་བཞི་ལམ་དུ་བྱེད་པས་ན་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་ཀྱི་ཆ་ནས་འབྱེད་དོ། །རྫོགས་ཆེན་ལ་རླུང་དབུ་མར་མི་སྡུད། རྒྱང་ཞགས་ཆུ་སྒྲོན་གྱི་ལམ་ནས་ཐོན་པའི་སྣང་བ་དེ་སྒོམ། རིག་པ་དང་བསྲེས་ན་བརྡོས་བཅས་ཀྱི་ལུས་དག་ནས་ཀ་དག་གི་ས་ལ་གཤེགས་པ་ཡིན་ཟེར། དེ་བསྒོམ་ཆོག་མོད། འོ་ན་མདུན་དུ་ཐུབ་དབང་བསྒོམ། དེ་ལ་རང་སེམས་བསྟིམ། དེ་དང་རང་སེམས་དབྱེར་མེད་པའི་སྣང་བ་བསྒོམ་ན་ཀ་དག་གི་སར་གཤེགས་པ་ལ་མི་གནོད་དམ། དྲི་བ་ཡིན།
ལམ་རིམ་ཆེན་མོའི་ནང་ན་བོན་དགག་ཡོད་པ་དེ་རིང་མ་གཏོགས་མཐོང་ཡང་མ་མྱོང་། དེ་རིང་སྐྱབས་འགྲོའི་སྐོར་ཞིག་ཀློག་དགོས་བསམ་ནས་མར་ཀློག་སྐབས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་བོན་སོགས་སྐྱབས་སུ་འགྲོ་མི་རུང་ཚུལ་དངོས་སུ་གསུངས་འདུག
ལམ་རིམ་ཆེན་མོ་བླ་མའི་མདུན་ནས་ཀྱང་ཞུས་མྱོང་། རང་གིས་ཀྱང་དཔེ་ཀློག་ཐེངས་མང་པོ་བྱས་ཁུལ་ཡིན་མོད་བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་དེ་ཚོར་དོ་སྣང་གཏན་ནས་བྱུང་མི་འདུག་པས་ངའི་དཔེ་ཆ་ལྟ་སྟངས་དེ་གང་ལ་ཡང་སླེབས་མི་འདུག་ག་སྙམ་པ་ཞིག་བྱུང་།
སྤོབས་པ་མཐའ་ཡས་ཀྱིས་མཁས་པའི་སྟིངས་ཚིག་རེད་མ་གཏོགས། རྫུན་ལ་སྐྱབས་འགྲོ་མི་ཉན་པ་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སུ་ཡིན་མི་ཤེས་པ་ཞིག་བོད་ཕྱི་ནང་གཉིས་ཀ་ལ་ཕལ་ཆེར་མེད་པར་སྣང་ངོ་། །
དང་པོར་གྲིབ་ནག་འདྲེ་རུ་མཐོང་ནས་སུ།།
རྩོད་ངན་རྩ་བ་སྦྱོར་བའི་དུག་རིགས་བཤམས།།
བར་དུ་ཆགས་སྡང་ནད་ཀྱིས་རྒྱུད་འཁྲུགས་ཏེ།།
སྒྲོ་སྐུར་ཉེས་པའི་ཕུང་ཚོགས་རི་བཞིན་བསགས།།
ཐ་མར་གཏམ་ལན་གཏམ་གྱིས་འཇལ་མ་ནུས།།
བསླབ་བྱའི་ཁུལ་གྱིས་ཉོག་བཤད་ལུང་གང་བྲིས།།
ཁ་བཤད་དོན་དང་འགལ་བའི་གཏམ་ཉོབ་དེར།།
ཞག་གསུམ་ཟས་གཉིད་བཅག་ཀྱང་སྡུག་གྱོང་རེད།།
ཞེས་སྙན་ཚིག་ཉམས་བརྒྱད་འདྲེས་མའི་གཏམ་གྱིས་མདུན་བསུས་ཏེ་སྐབས་སུ་གླེང་བར་བྱ་བ་ནི། གོང་དུ་ལྷག་ཤེས་དང་ཕ་གསོད་མ་འདུལ་ལ་སོགས་ཁ་ཤས་ཤིག་གིས་ངེད་བོན་པོ་ཚང་ལ་དུས་རབས་བདུན་པའི་ཉི་ནག་སླར་ཡང་ཤར་བའམ། ཡང་ན་ང་བཅུ་ལྔ་དགུ་ལོའི་རྒྱ་བོད་འཁྲུགས་ཟིང་སླར་ཚེས་པ་པ་ལྟ་བུའི་སྡིག་དམོད་དང་གཞི་མེད་ཀྱི་སྒྲོ་སྐུར་སྣ་ཚོགས་བྱས་འདུག་མོད་ཀྱང་། དེ་དག་ནི་བྱིས་པའི་ཁ་རྩོད་སྐབས་ཕྲུ་གུ་གཅིག་གིས་ཁྱོད་ཀྱི་ཕ་ཤི་ལབ་ན། གཞན་དེས་ཀྱང་ཚུར་ལ་ཁྱོད་ཀྱི་ཕ་ཤི་ཞེས་ལབ་རྒྱུ་ཉག་གཅིག་ཡིན་པ་དཔེ་དེ་ལྟ་བུའི་ཕན་ཚུན་ཆགས་སྡང་གི་གཏམ་ངན་སུས་ཀྱང་བསྐྱོན་ཤེས་ཚོད་རེད་དེ། དེ་ཚོ་ནི་འཇིག་རྟེན་གྱི་ཆ་ནས་བཤད་ན་སྤྱིར་མི་རིགས་མཐུན་སྒྲིལ་དང་དགོས་སུ་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཡང་སྒོས་སུ་དེང་སྐབས་བོད་མིའི་གནས་སྟངས་སོགས་གང་ལ་བསམ་ཀྱང་ཆེས་འོས་སུ་མ་མཆིས་པ་ཞིག་ཡིན་པ་མ་ཟད། ཆོས་ཀྱི་ཆ་ནས་བསམ་ན་ཡང་དེ་བས་ཀྱང་ཚེ་རབས་ཕྲེང་བ་དུ་མར་ཐར་མེད་འཁོར་བའི་རྒྱུ་རུ་འགྲོ་བའི་ཚོགས་ངན་ཟད་མི་ཤེས་པ་ཞིག་བསག་པ་ཡིན་པས་ཅིས་ཀྱང་བཏང་སྙོམས་སུ་འབོར་བའི་ཐབས་ལ་འབད་རྒྱུ་ཡིན།། གལ་སྲིད་ད་དུང་རབས་དང་རིམ་པས་ཁྱེད་ཅག་གིས་ཚོད་བཟུང་མེད་ན་ཚུར་གནམ་གང་དང་ཕར་ཚེས་གཅིག་གི་དཔེ་ལྟར་ང་ཡང་དུག་ལྔའི་ཁོལ་པོར་གྱུར་པའི་སྐྱེ་བོ་ཕལ་པ་ཞིག་ཡིན་པས་གང་ལ་གང་འདུལ་དང་དེ་ལ་དེར་འཚམ་གྱི་ལན་རྒྱག་ངེས་ཡིན།།
དེ་རིང་ངས་ཆེད་དུ་ཞུ་འདོད་པ་དངོས་ནི་ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་ངེད་ཅག་ལ་སྟོན་པ་གཤེན་རབ་མི་བོ་འཁྲུངས་ཡུལ་བསྟན་རྒྱུ་མེད་ཚུལ་སོགས་ཟེར་བཞིན་འདུག སྟོན་གཤེན་རབ་མི་བོ་ནི་ཡབ་དམུ་རིགས་འཕྲུལ་གྱི་རྒྱལ་པོ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་མ་གཉིས་ཀྱི་སྲས་སུ་དག་པའི་ཞིང་མཆོག་རྟག་གཟིགས་འོལ་མོ་ལུང་རིང་དུ་འཁྲུངས་པར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་རྒྱལ་རབས་ལོ་རྒྱུས་ཀུན་བཞེད་པ་གཅིག་མཐུན་ཡིན། དེཁྱེད་ཚོས་ཤེས་ཚོད་རེད་འོན་ཀྱང་ཁྱོད་ཚོས་བཤད་འདོད་པ་ནི་མདོར་བསྡུས་ན་དེང་དུང་ང་ཚོས་ཆུ་བུརར་མིག་གིས་མཐོང་དུ་མེད་པའི་རྒྱུ་མཚན་ཙམ་ཡིན་ཚོད་རེད། གལ་ཏེ་དེ་ལྟར་ཡིན་ཚེ་ངས་བསམ་ན་དེ་ལྟ་བུའི་དག་པའི་ཞིང་མཆོག་དེ་ནི་ཉོན་མོངས་དུག་ལྔའི་ཁོལ་པོར་གྱུར་པའི་སོ་སྐྱེ་ཕལ་པ་དག་གི་སྤྱོད་ཡུལ་དུ་གལ་ལ་གྱུར་ཏེ་འཇིག་རྟེན་གྱི་གནས་ལས་ཆེས་ཁྱད་པར་དུ་འཕགས་ཚུལ་བཤད་མོད། འོན་ཀྱང་དེང་དུས་དངོས་གཙོ་སྨྲ་བ་གཙོས་པའི་མང་པོ་ཞིག་གི་བློར་ཤོང་གི་མེད་པ་དེ་ཁ་ཡོད་ལག་ཡོད་ཡིན། ཁྱེད་ཅག་ཀྱང་ཆུང་ནས་ཆོས་ཀྱི་བསླབ་བྱ་སྙིང་དབུས་སུ་སིམ་ཞིང་ཆོས་ཀྱི་གོ་བ་ཅུང་ཟད་ལོན་པའི་གྲལ་ཡིན་ཚུལ་གླེང་བཞིན་འདུག་ཀྱང་དེ་དག་ཡང་བློར་ཤོང་གི་མེད་པ་འདྲ།
བསམ་བློ་ཞིབ་ཏུ་བཏང་དང་ངེད་ཅག་བོན་བན་གཉིས་ཀྱི་བཞེད་པ་གཅིག་མཐུན་དུ་གྱུར་པའི་ཚ་དམྱལ་དང་གྲང་དམྱལ་དེ་དག་གང་ལ་ཡོད་དམ་ཞེས་དངོས་གཙོ་སྨྲ་བ་ཞིག་གིས་དྲིས་ཚེ་ལན་གང་རྒྱག་དགོས་སམ། དེ་བཞིན་དེང་དུས་ཕྲ་མཐོང་ཆེ་ཤེལ་གྱི་ལག་ཆ་མངའ་བའི་ཚན་རིག་པའི་ངོར་བསྟུན་པ་ཡིན་ན། ༼ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་༽དང་༼ཆོས་མངོན་པ་མཛོད་༽སོགས་ལས་གསལ་བའི་རི་རབ་དང་རི་བདུན་རོལ་མཚོ། ཐ་ན་ཉིན་མཚན་གོ་ལྡོག་ཏུ་བཤད་པའི་ཤར་ནུབ་གཉིས་དང་། ལྷོ་ནུབ་གཉིས་སོགས་ཀྱི་གླིང་དང་གླིང་ཕྲན་དེ་དག་གི་འགྲེལ་བཤད་ཅི་ལྟར་རྒྱག་དགོས་སམ།།
ད་དུང་དེ་དག་ལས་ཆེས་ཚབ་ཆེ་བ་ཞིག་ལ་ཁྱེད་ཅག་གིས་ཆོས་ཐེག་པ་ཆེན་པོའི་བྱུང་ཁུངས་སུ་བཤད་པའི་དཔལ་མགོན་ཀླུ་གྲུབ་ཀྱིས་ཀླུ་ཡུལ་ནས་ཡུམ་དུམ་པ་བཅུ་གཉིས་གདན་དྲངས་པར་བཤད་པའི་ཀླུ་ཡུལ་དེ་ད་ལྟ་འཛམ་གླིང་གི་ས་ཆ་གང་ལ་ངོས་འཛིན་དགོས་མིན་དང་། བྱམས་མགོན་དགའ་ལྡན་ལྷ་ཡུལ་དུ་སོང་ནས་ཆོས་ཞུས་པར་གྲགས་པའི་ལྷ་ཡུལ་དང་། སློབ་པདྨ་མས་རྒྱ་གར་ན་དར་མ་མྱོང་པའི་ཐེག་ཆེན་པོ་གསང་སྔགས་ཀྱི་ཆོས་མང་པོ་ཞིག་སྡེ་བརྒྱད་མཁའ་འགྲོའི་གསང་མཛོད་ནས་བླངས་བར་བཤད་པའི་སྡེ་བརྒྱད་མཁའ་འགྲོའི་གསང་མཛོད་སོགས་ནི་གང་ལ་ངོས་འཛིན་དགོས་མིན་སོགས་བཤད་ཚེ་ཧ་ལམ་ངེད་ཅག་གཅིག་པ་ཆགས་རྒྱུ་ཉག་གཅིག་རེད་བསམ་བཞིན་འདུག ངས་ནི་དེ་མེད་པའི་རྒྱུ་མཚན་ཞིག་ལ་ངོས་འཛིན་པ་རྩ་བ་ནས་མིན། རྒྱུ་མཚན་ནི་ཡོད་ན་སོ་སྐྱེ་ཕལ་པའི་ཆུ་བུར་མིག་གིས་མཐོང་ཡུལ་དུ་གྱུར་པར་འདོད་པ་ནི་ཆོས་ཀྱི་ཟབ་མོའི་གནད་ཧ་མ་གོ་བའི་དན་རྟགས་སུ་མངོན་སྙམ།།
མ་གཞི་དངོས་གནས་བཤད་པ་ཡིན་ང་ལ་དོགས་གཞི་ཆེན་པོ་ཞིག་ཡོད་པ་ནི་༼སྡེ་སྣོད་གསུམ་པོ་བཀའ་བསྡུས་ཚར་ནའང་། ཐམས་ཅད་པོ་ཏི་གླེགས་བམ་བཀོད་པའི་སྐབས་སུ། ལྷ་མ་སྲིན་སྡེ་བརྒྱད་པོས་གསུང་རབས་ཀྱི་ཞབས་ཏོག་དང་། བདག་འཛིན་ལ་མ་འཆམ་པར་ཐོབ་ཁྱེར་བྱས་པས། ཁྲི་བརྒྱད་སྟོང་ལྷས་ཐོབ། ཤེསས་རབ་ཁྲི་པ་ལྷ་མི་གཉིས་ཐོབ། ཉི་ཁྲི་མིས། ལང་ཀར་གསེགས་པ་སྲིན་པོས། ཏོག་གཟུངས་བདུད་ཀྱི། གཟུངས་མ་མོས། འབུམ་ཀླུས་ཐོབ་སྟེ། ཁྱབ་འཇུག་སྐལ་པ་ཆད་པས། ཁོས་འཐབ་རྩོད་བྱས་པས་གཞན་ཐམས་ཅད་མི་ཡུལ་དུ་ལུས། འབུམ་ཀླུ་ཡུལ་ནས་མ་ལོན་པའི་སྐབས་སུ། ཀླུ་ཡི་རྒྱལ་པོ་ཤཀྱཱ་བྱ་བ་ནད་ཙི་ཙི་ཛྭ་ལ་ཐེབས་པས་སུས་ཀྱང་འཆོས་མ་ཐུབ་སྟེ། སྨན་པ་འཚོ་བྱེད་གཞོན་ནུའི་བུ་སློབ་དཔོན་ཀླུ་གྲུབ་ཀྱིས་བཅོསས་པའི་གཏོང་རགས་ལ། འབུམ་ཕུལ་ནས་མི་ཡུལ་རྒྱ་གར་ལྷ་ཕྱོགས་སུ་རིམ་པར་དར་ཏེ་ཞེས་སོགས་དང་། ༼འབུམ་བོད་ཡུལ་དུ་བསྒྱུར་པ་པོ་སྔ་མ་ནི། མཁས་པ་བཻ་རོ་ཙ་ན་ཡིན་ནོ། ད་ལྟ་ཤོ་ལོ་ཀ་འབུམ་མ་ཚང་བ་ནི། མཐའ་དུམ་ཀླུ་ཡི་ཡུལ་དུ་ལུས་པར་བྱེད་ནའང་༽ཞེས་སོགས་ཀྱི་སྒྲུང་ཐུང་འདི་དག་ཡིན། རྒྱུ་མཚན་ནི་གོང་དྲངས་པའི་ལུང་དེ་དག་ལས་མཐའ་དུམ་ཀླུ་ཡུལ་དུ་ལུས་པ་དང་བསྒྱུར་པ་པོ་བཻ་རོ་ཙ་ན་ཡིན་ཚུལ་དེ་དང་། བོན་གྱི་ལོ་རྒྱུས་ཁག་ལས་ཆོས་རྒྱལ་ཁྲི་སྲོང་གི་བཙན་བཀའི་འོག་ནས་བཻ་རོས་ཁམས་ཆེན་དུམ་པ་བཅུ་དྲུག་ཡུམ་དུམ་པ་བཅུ་དྲུག་དུ་བསྒྱུར་བར་བརྩམས་པའི་ཚེ་ལྷ་ཡི་བཀའ་ཆད་བྱུང་ནས་བསྒྱུར་འཕྲོ་ལུས་པར་བཤད་པ་སོགས་དང་། ཤག་ཐུབ་ཀྱི་རྗེས་འཛིན་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཏུ་གནས་པའི་དགེ་སློང་སེར་པོ་གཙོས་པའི་ཤར་ནུབ་ཀྱི་ཐུབ་བསྟན་འཛིན་པ་གཞན་གྱིས་ཐེག་ཆེན་ཤག་ཐུབ་ཀྱི་བཀར་མི་འདོད་པ་མ་ཟད། སྔར་ཀླུ་གྲུབ་ལ།
སྡེ་སྣོད་གསུམ་དུ་མ་བསྡུས་པའི།།
ལམ་གཞན་ཉེ་བར་སྟོན་ཕྱིར་དང་།།
ཐེག་ཆེན་སངས་རྒྱས་བཀའ་མ་ཡིན།།
རིག་བྱེད་མཐའ་ཡི་ལྟ་བ་བཞིན། ཞེས་སོགས་ཟེར་ནས་ཀླུ་གྲུབ་ལ་བསྐུར་པ་ཚད་མེད་བཏབས་ཚུལ་སོགས་གང་ལ་བསམ་ཡང་དོགས་གཞི་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་པས་འདིའི་ཐད་གསལ་བཤད་འདྲ་ཡོད་ན་བྱེད་རོགས་ཞུ།།
འོ་ད་དུང་རྒྱུ་མཚན་གཞན་ཞིག་ནི། སྔོན་རྒྱ་གར་པབྷཎ་ཊི་ཏ་ཤམ་ཐབས་སྔོན་པོ་ཅན་བོད་དུ་སླེབས་དུས་བོད་ཀྱི་ཐེག་པ་ཆེན་པོ་གསང་སྔགས་གཞུང་གི་ལྡེམ་དགོངས་ཀྱི་དོན་མ་གོ་ནས་སྦྱོར་སྒྲོལ་སྒྲ་ཇི་བཞིནན་བྱས་པས་བོད་ཆོས་སུ་སྨོས་ནས་དམར་མཆོད་ཐེངས་དང་པོ་དེ་དེ་དུས་བྱས་ཡོ། དེ་དུས་ར་ལུག་སོགས་སྲོག་ཆགས་ཕོན་ཆེན་ཞིག་དམྱལ་ཐག་བཅད་པར་བློས་མ་བཟོད་ནས་ལྷ་བླ་མ་ཡེ་ཤེས་འོད་དང་ཕོ་བྲང་ཞི་བ་འོད་སོགས་ཀྱིས་སྔ་ཕྱིར་བཀའ་ཤོག་བརྫངས་པར་བཤད་ཡོད།། དེ་རྒྱུ་མཚན་ཆེན་པོ་འདུག་སྙམ།།
རིག་པ་བུམ་ནང་གི་ནམ་མཁའ་ལྟ་བུ་ལུས་ཀྱི་ནང་ན་སྟོང་གསལ་དུ་གནས་པ་ལ། བུམ་པ་ཆག་པས་ནམ་མཁའ་ཕྱི་ནང་བར་གསུམ་ལ་དབྱེ་བ་མེད་པ་ལྟར། འབྱུང་ལུས་ཞིག་དུས་སེམས་ཉིད་དོན་གྱི་ནམ་མཁའ་དང་དབྱེར་མེད་དུ་ཐིམ་ནས་གདམས་ངག་གིས་ཐོབ་པའི་རིག་པ་ཡེ་ཤེས་ཀྱི་ནམ་མཁའ་དང་རྣམ་དབྱེ་མེད་པར་འདྲེས་ཏེ་ཆོས་ཟད་ཀ་དག་གི་གཞི་ལ་རང་གྲོལ། ཞེས་གསུངས་པ་དང་། རྣམ་བཤད་སྙིང་པོའི་རྒྱན་ལས། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་འདུས་བྱས་ཀྱི་ཡོན་ཏན་ཅུང་ཟད་མེད་པར་སྨྲ་བ་ནི་བློ་ཟད་ཆོས་ཟད་དུ་འདོད་པ་གཞན་གྱི་ལུགས་སོ། །ཞེས་དང་། རྒྱལ་བ་ཀློང་ཆེན་པའི་གསུང་ལའང་རྙིང་མ་ཡོངས་དང་མཐུན་པར་གསུངས་པ་དང་། རྒྱ་བོད་ཀྱི་མཁས་མང་དང་མཐུན་པར་གསུངས་པ་དང་། དེང་དུས་ཀྱི་རྙིང་མ་དག་ལ་བཀའ་བཀྱོན་གྱི་སྒོ་ནས་མི་མཐུན་པར་གསུངས་པ་ཡང་ཡོད་པས། གྲུབ་མཐའ་མཛོད་ལས། དེང་སང་གཏི་མིག་ཅན་རྣམས་རྫོགས་པ་ཆེན་པོ་སྣང་བ་སེམས་སུ་འདོད་པ་ཡིན་ཟེར་རོ། །ཤིན་ཏུ་མི་འཐད་དེ། སེམས་ཁ་དོག་ཕྱོགས་ཆ་དང་བཅས་པར་ཐལ་ལོ། །ཡིད་བཞིན་མཛོད་ཀྱི་ལེའུ་ཉི་ཤུ་བ་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར།།རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངས་བཅས་ཏེ།།རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་།།གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན།།ཞེས་པ་ནས། དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས།།ཐར་བ་འདོད་ན་རིང་དུ་སྤང་བར་བྱ།། ཞེས་པ་སོགས་མང་ངོ། །
ཐེག་ཆེན་པའི་ལུགས་ལ་མཆོག་གི་སྤྲུལ་སྐུ་ཡིན་ན་མ་དག་པའི་ཞིང་ལ་ཕེབས་ནས་མཛད་པ་བཅུ་གཉིས་སོགས་ཀྱིས་མིག་དཔེ་བསྟན་ནས་སངས་རྒྱ་པ་ཞིག་དགོས་པ་རེད། དེ་ཡང་མིའི་སྟོན་པ་ཡིན་ན་མིའི་ཡུལ་དུ་ཕེབས་པ་ཞིག་དང་། མིའི་རྣམ་པར་ཕེབས་པ། དུས་དེའི་མིའི་ལོ་ཚད་དང་མཐུན་པ། མིའི་ལུས་བོང་དང་མཐུན་པ་སོགས་དགོས་པ་རེད། དེ་མ་ཡིན་པར་མཆོག་གི་སྤྲུལ་སྐུའི་བྱོན་ཡུལ་དེ་དག་པའི་ཞིང་དང་སྦས་པའི་ཡུལ་སོགས་གླེང་ཡོང་དུས་དངོས་གཙོ་སྨྲ་བ་ཕར་ཞོག ཐེག་ཆེན་ཆོས་ལུགས་རང་གི་ལྟ་གྲུབ་དང་མི་མཐུན་པ་རེད།
དམྱལ་བ་དང་དག་ཞིང་སོགས་ནི་དེ་དང་ག་ལ་འདྲ། ཆོས་ལུགས་རང་གི་ནང་ན་ཡང་དམྱལ་བ་འདི་མིའི་ཡུལ་གྱི་ཆ་ཤས་ཤིག་ཡིན་པར་བཤད་མེད་ལ་མི་སུ་ཡང་རུང་བ་འགྲོ་ནུས་ས་ཞིག་ཡིན་པར་ཡང་བཤད་མེད། དེ་ཡིན་དུས་འོལ་མོ་ལུང་རིང་དང་བསྡུར་རྒྱུ་མི་འདུག་སྙམ། ཤམ་བྷ་ལ་འདི་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན་པར་བཤད་འདུག་མོད་དུས་འཁོར་རང་ལུགས་ཀྱི་བཞེད་པ་ཞིག་ལས་སངས་རྒྱས་གསུང་སྤྱིའི་བཞེད་ལུགས་ཤིག་མ་རེད། དུས་འཁོར་སངས་རྒྱས་ཀྱི་གསུང་ཡིན་མིན་གཉིས་ལས་མིན་པར་ཤས་ཆེ་བ་འདྲ་ཞིག་འདུག
མདོར་ན་ཀླུ་ཡུལ་དེ་ངས་སྔོན་མ་ནས་བཤད་ཡོད། ཀླུའི་ཡུལ་ཟེར་བ་དེ་གཅིག་བྱས་ན་མི་མངོན་པའི་ཀླུའི་ཡུལ་ཞིག་ཡོད་སྲིད་པ་རེད། དེ་དངོས་གཙོ་སྨྲ་བས་ཁས་ལེན་གྱི་མ་རེད། གཅིག་བྱས་ན་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་སྲིད་པ་རེད། དཔེར་ན་དེང་སང་ཡང་རྒྱ་གར་ན་ན་གྷ་ལན་ཌི་ཟེར་བ་ཞིག་ཡོད་པ་རེད། དེ་བོད་སྐད་དུ་བསྒྱུར་ན་ཀླུ་ཡུལ་ཟེར་བ་མ་གཏོགས་བསྒྱུར་ཐབས་ཅི་ཡོད། དེ་ལྟ་བུའི་ས་ཆའི་མིང་ཞིག་ཡིན་སྲིད། དགའ་ལྡན་ལྷ་ཡུལ་ལ་ཊུ་ཤི་ཏ་ཟེར། དེ་ནི་དེང་སང་རྡ་རམ་ས་ལའི་ཐོད་ན་ཡང་ཊུ་ཤི་ཏ་གཅིག་ཡོད་ཡོད་པ་རེད། སྤྱིར་ན་བཀའ་བསྟན་པོད་སུམ་བརྒྱའི་ནང་གི་ས་མིང་ཡོད་ཚད་ད་ལྟ་འཚོལ་ཤོག་ལབ་ན་བཀའ་བཙན་དྲགས་པ་རེད། མ་མཐའ་ཡང་རང་གིསྟོན་པའི་སྐྱེས་ཡུལ་ཤི་ཡུལ་ཚང་མ་བརྗེད་ནས་ཤར་ལྷོ་ནུབ་བྱང་གི་ཕྱོགས་གང་ཞིག་ཡིན་པ་ཡང་བཤད་རྒྱུ་མེད་དུས་ཕལ་ཆེར་རྫུན་ནག་གི་ཁོངས་སུ་གཏོང་རྐྱང་བྱེད་ཆོག་པ་འདུག་སྙམ་པ་ཡིན།
སྟོན་པ་གཤེན་རབ་འཁྲུངས་ཡུལ་ནི་སྟག་གཟིག་འོལ་མོ་ལུང་རིང་ཞེས་བཤད་པ་དང་། ཞང་ཞུང་འོལ་མོ་ལུང་རིང་ཞེས་བཤད་པ་སྟེ་མི་འདྲ་བ་གཉིས་འདྲ་ཞིག་འདུག བོན་གྱི་ཡིག་ཆ་མང་པོ་ཞིག་ཁ་གཅིག་གྲག་གིས་བོད་ཀྱི་ནུབ་ཕྱོགས་སུ་ཡོད་པ་ཞིག་ཡིན་ཚུལ་འདུག སྟག་གཟིག་ཞེས་པ་འདི་ཏ་ཟིག་དང་སྒྲ་འདྲ་མོད་དེ་ཡང་མཚམས་རེར་སྟག་དང་གཟིག་གི་དོན་ལ་འཇུག་པ་ཡང་ཡོད་པ་འདྲ། དེ་ཡང་བོན་གྱི་ལོ་རྒྱུས་ལས་ཡུལ་གྱི་མིང་དེ་ཚོ་བགྲང་སྐབས་ནུབ་ན་སྟག་སྡེ་དང་གཟིག་འཕེན་ཞེས་འབྱུང་བས་ཡུལ་གཉིས་ཀྱི་བསྡུས་མིང་ལ་སྟག་གཟིག་ཅེས་པ་མིན་ནམ་ཡང་སྙམ། སྤྱིར་ན་བོན་གྱི་ཡིག་ཆ་ལས་སྟག་བུ་དང་གཟིག་བུ་ཞེས་པ་ལྟ་བུ་སྟག་དང་གཟིག་གི་མིང་དེ་མང་པོ་ཞིག་ཡོང་གིན་འདུག་པ་དང་། གླིང་སྒྲུང་ལས་ཀྱང་། ཁྲོ་ཐུང་དཔོན་འདི་བོན་པོ་ཡིན་ཚུལ་དང་། དེ་ཡང་སྟག་རོང་བ་ཡིན་ཚུལ། ཁོང་གི་བུའི་མིང་ལ་ཡང་སྟག་རོང་གཟིག་འཕེན་ཞེས་སོགས་སྟག་དང་གཟིག་ཟེར་བ་འདི་བོན་དང་འབྲེལ་བ་ཆེན་པོ་ཞིག་འདུག དེ་བཞིན་དུ་བོད་ཀྱི་གནའ་བོའི་དུས་ནས་བརྒྱུད་ཡོང་བའི་ཆ་ལུགས་ལ་སྟག་གཟིག་གི་པགས་པ་རྒྱན་གོས་སུ་སྤྱོད་པ་ནི་ད་དུང་ཡང་ཡོད་པས་གནའ་བོའི་བོད་དང་། སྟག་གཟིག་དང་། བོན་གསུམ་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པ་མིན་ནམ་ཡང་སྙམ། འདི་ཚོའི་སྐོར་འདི་སྐུ་ཞབས་མཁས་དབང་མཁར་རྨིའུ་བསམ་གཏན་ལྟ་བུ་ལ་ཅིག་ཡག་པོ་རེ་བཤད་རྒྱུ་མེད་ན་གཞན་ལ་ཁག་པོ་རེད། ད་ཁྱོད་ཚོ་ཚང་མས་རྫུན་བཤད་རྒྱུ་ཅི་རག་མ་ལྟ་བར་བདེན་པ་ཞིག་བཤད་རྒྱུ་གང་ནས་རག་ལྟ་རོགས།
དགོངས་དག། ཉེ་ཆར་རྒྱལ་བ་རིན་པོ་ཆེས་སྟག་གཟིག་གི་པགས་པ་གྱོན་མི་ཚུལ་བཀའ་ཕེབས་ཡོད་པས་ངས་འདིར་ཡང་སྟག་གཟིག་དང་། བོད། བོན་གྱི་འབྲེལ་བ་བཤད་སྐབས་སྟག་གཟིག་གི་པགས་པ་གྱོན་སྲོལ་འདི་བོན་གྱིས་བཟོས་པ་རེད་ཅེས་བཤད་པ་གཏན་ནས་མིན། དེང་སང་བརྒྱབ་པའི་ཁ་ལ་མ་ཕོག མ་བརྒྱབ་པའི་སྣ་ལ་ཕོག་ནས་དགོས་མེད་ཀྱི་གོ་བ་ལོག་པ་ལེན་མཁན་མང་བས་དེ་འདྲ་གཏན་ནས་མ་དགོངས་རོག
གྲོགས་བཟང་ངན་ཀུན་པོས་རྟོན་པ་བཞི་བོ་གོ་མ་ལོག་པར་ཐོས་བསམ་སྒོམ་པར་གནང་བར་འཚལ། བདག་རང་ངོས་ནས་བསམ་འཆར་རམ་བསྔོ་སྨོན་སེམས་བསྐྱེད་དེ་འདི་འདྲ་ཞིག་ཡིན། གཟིགས་དང་།
༄༅། །དཔལ་དགྱེས་པ་རྡོ་རྗེའི་སྨོན་ལམ་ཀུན་བཟང་རྒྱལ་པོ། །
ན་མོ་གུ་རུ་རཏྣ་བྷྱཿ
ཐུགས་རྗེས་གཞན་དོན་རབ་བསྒོམས་པས། །ཉིད་ཀྱི་སྐུ་སྲོག་གཏོང་བ་ལ། ། འགུམས་པ་སོས་ལྟར་རབ་དགྱེས་པ། །དཔལ་དགྱེས་རྡོ་རྗེ་ལ་ཕྱག་འཚལ། ། ཕྱོགས་དུས་རྩ་གསུམ་རྒྱལ་བ་དང་། །ཆོས་སྐྱོང་གེ་སར་རྒྱལ་པོ་ལ། ། ཕྱག་འཚལ་ཡན་ལག་བདུན་པའི་ངང་། །མི་ཕྱེད་སྒོ་གསུམ་དད་པས་མཆོད། ། རབ་འབྱམས་སྲས་བཅས་རྒྱལ་བ་དང་། ། ནམ་མཁའ་མཉམ་པའི་སེམས་ཅན་ལ། ། དད་དང་སྙིང་རྗེའི་སྨོན་འཇུག་གིས། །བསྟན་འགྲོར་ཕན་བདེས་སེམས་བསྐྱེད་དོ། ། མཁའ་ཁྱབ་མ་གྱུར་འགྲོ་བ་ཡི། །སྡིག་སྡུག་མ་ལུས་བདག་ལ་སྨིན། །བསོད་ནམས་ཡེ་ཤེས་རྒྱ་མཚོའི་ཚོགས། །འགྲོ་ཀུན་རྒྱུད་ལ་སྨིན་གྲོལ་ཤོག ། ལས་ངན་བག་ཆགས་རབ་དག་ཅིང་། །ཉོན་མོངས་མི་ཤེས་རྨོངས་པ་སེལ། ། ལོག་ལྟའི་བདུད་དང་མུ་སྟེགས་བོན། །བཟང་པོ་སྤྱོད་ལ་འགོད་པར་ཤོག ། ཁྱད་པར་གངས་ཅན་བསྟན་པའི་དགྲ། །དམ་སྲི་རྒྱལ་འགོང་དོལ་འདྲེའི་ཚོགས། ། ཐབས་མཁས་ཆེན་པོས་བྱིན་རླབས་ཀྱིས། ། མྱུར་ཏུ་ཞི་ཞིང་དུལ་གྱུར་ཅིག ། བསོད་ནམས་དགེ་བསགས་ཇི་སྙེད་པ། །མ་གྱུར་འགྲོ་ལ་བསྔོ་བའི་མཐུས། ། ཀུན་ཀྱང་སྒྲིབ་བྱང་ཚོགས་རྫོགས་ནས། མྱུར་དུ་སངས་རྒྱས་ས་ཐོབ་ཤོག །བླ་མེད་བྱང་ཆུབ་སེམས་མཆོག་གི །མཐའ་ཡས་འགྲོ་ཁམས་རྒྱུད་ཕྱུག་ནས། ། ཀུན་ཀྱང་ཞི་བདེ་ཐེག་པའི་ཆོས། །སྒོ་གསུམ་དགེ་བར་རྟག་རོལ་ཤོག ། འཇིག་རྟེན་འཁོར་བར་ཞེན་ལོག་གིས། །མྱང་འདས་ཉན་ཐོས་རང་རྒྱལ་གྱི། ། བདེན་བཞི་རྟེན་འབྲེལ་བྱང་ཆུབ་ནས། །གནས་བརྟན་དགྲ་བཅོམ་ཐོབ་པར་ཤོག ། ལྷག་བསམ་དྲི་མེད་གཞན་ཕན་སེམས། །འཇིག་རྟེན་ཡ་རབ་ལྟ་སྤྱོད་རིགས། ། ཆོས་དཔལ་རིག་པའི་གཞུང་ལུགས་ལ། །ཐབས་ཤེས་ཡོན་ཏན་རྒྱས་པར་ཤོག ། ཕ་མའི་དྲིན་ལན་འཇལ་བ་དང་། །སྤུན་ཟླའི་མདུན་ལམ་ཆིག་སྒྲིལ་ནས། ། ལ་རྒྱའི་རྒྱལ་མཚན་རིན་པོ་ཆེ། །ཆོས་སྲིད་དར་རྒྱས་བརྟན་པར་ཤོག ། རྒྱལ་ཁབ་མཐུ་དཔལ་མཐའ་ནས་རྒྱས། །འཇིག་རྟེན་བདེ་ཞིང་སྐྱིད་པ་ཡི། ། དཔལ་འབར་བཀྲ་ཤིས་བདེ་ལེགས་ཤིང་། །ཚེ་རིང་ནད་མེད་ཕུན་ཚོགས་ཤོག ། ས་ཆུ་མེ་རླུང་འབྱུང་བ་དང་། །ནམ་མཁར་རྟེན་པའི་སེམས་ཅན་ཀུན། ། ལུས་བདེ་སེམས་སྐྱིད་དམ་པའི་ཆོས། །གེགས་མེད་ཡིད་བཞིན་ལྷུན་འགྲུབ་ཤོག ། དལ་འབྱོར་རྙེད་དཀའི་རིན་ཆེན་ལུས། །དོན་ལྡན་སྲིད་ལས་ཐར་པའི་ཕྱིར། ། ཉིན་མཚན་གཡེལ་བ་མེད་པ་ཡི། །ཐོས་བསམ་བསྒོམ་ལ་འབད་པར་ཤོག ། དགྲ་གྲོགས་མ་ངེས་སོ་སོར་འབྲལ། །ནོར་རྫས་མི་རྟག་ཟད་པའི་རྒྱུ། ། སྒྱུ་ལུས་འཇིག་པའི་འཁྲུལ་བ་ཀུན། །འདུས་བྱས་རང་མཚན་མཐོང་བར་ཤོག ། རང་ཕྱོགས་ཞེན་ཆགས་འདོད་པ་དང་། །གཞན་ཕྱོགས་སྡང་ཞིང་ཁྲོ་བ་ཀུན། ། བླང་དོར་རྨོངས་པའི་མ་རིག་པའི། །དུག་གསུམ་རྩ་ནས་སྤོང་བར་ཤོག ། སྟོན་པའི་རྒྱལ་ཚབ་དགེ་བའི་བཤེས། །མི་ཟད་ལོངས་སྤྱོད་ཡོན་ཏན་གཏེར། ། འབྱུང་གནས་བླ་མ་རིན་ཆེན་ལ། །མཉེས་པ་གསུམ་གྱིས་བསྟེན་པར་ཤོག ། བསླུ་མེད་གཏན་གྱི་སྐྱབས་གནས་མཆོག །དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། ། དང་འདོད་ཡིད་ཆེས་མི་ཕྱེད་པའི། །དད་གུས་ངེས་ཤེས་སྐྱེ་བར་ཤོག ། བདེ་སྡུག་ལས་ཀྱི་རྣམ་གྲངས་ཀུན། ། རྒྱུ་འབྲས་རྟེན་འབྲེལ་མི་བསླུ་ཕྱིར། ། སྲོག་ལ་བབ་ཀྱང་སྡིག་པའི་ལས། །ཀུན་གྱིས་ནམ་ཡང་མི་བྱེད་ཤོག ། སྲིད་གསུམ་བདེ་ལ་མི་ཆགས་པར། །ཐར་པའི་གོ་འཕང་རིན་ཆེན་ལ། ། ངེས་འབྱུང་རྣམ་དག་བསམ་པ་ཡིས། །བློ་གྲོས་ནམ་ཡང་མི་ཉམས་ཤོག ། འཇིག་རྟེན་འཁོར་བར་ཞེན་ལོག་གིས། །མྱང་འདས་ཉན་ཐོས་རང་རྒྱལ་གྱི། ། བདེན་བཞི་རྟེན་འབྲེལ་བྱང་ཆུབ་ནས། །གནས་བརྟན་དགྲ་བཅོམ་ཐོབ་པར་ཤོག ། བླ་མེད་བྱང་ཆུབ་སེམས་མཆོག་གི །མཐའ་ཡས་འགྲོ་ཁམས་རྒྱུད་ཕྱུག་ནས། ། ཀུན་ཀྱང་ཞི་བདེ་ཐེག་པའི་ཆོས། །སྒོ་གསུམ་དགེ་བར་རྟག་རོལ་ཤོག ། སྡུག་ཀུན་བདག་བདེ་འདོད་ལས་བྱུང་། བདེ་ཀུན་གཞན་ཕན་ལས་བྱུང་ཕྱིར། ། བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །ཀུན་གྱིས་རྒྱུད་ལ་འཁྲུངས་པར་ཤོག ། བསྟན་འགྲོའི་ཆོམ་རྐུན་ཇག་པ་ཡིས། །བདག་གི་ཆོས་ནོར་ལོངས་སྤྱོད་ཀུན། ། འཕྲོག་ཅིང་བསད་པར་བྱས་ན་ཡང། །བདག་གཞན་དགེ་བས་སྨིན་པར་ཤོག ། འགའ་ཞིག་བདག་ལ་ཉེས་མེད་བཞིན། །གཞི་མེད་སྒྲོ་བསྐུར་མི་སྙན་ཚིག ། མཚང་བྲུ་དམོ་ངན་བདོ་ན་ཡང་། །གདམས་ངག་མཆོག་ཏུ་མཐོང་བར་ཤོག ། སྨྱོས་ནད་གནར་བཞིན་འགྲོ་བ་དག །བདག་གི་སྙིང་བཞིན་གཅེས་ན་ཡང་། ། དགྲ་བཞིན་བདག་ལ་གནོད་བྱས་ཀྱང་། །དགེ་སྦྱོར་སྙིང་བརྩེ་སྐྱེ་བར་ཤོག ། མཐོ་དམན་མཉམ་པའི་སྐྱེ་བོ་ཡིས། །ང་རྒྱལ་བརྙས་ཐབས་བྱས་ན་ཡང་། ། འབྱོར་རྒུད་མི་རྟག་ཆོ་འཕྲུལ་ལ། །ཞུམ་མེད་བློ་སྦྱོང་ཡོང་བར་ཤོག ། རྙེད་བདེ་གྲགས་བསྟོད་རབ་རྒྱས་ཀྱང་། །དོན་མེད་འཇིག་རྟེན་ཆོས་བརྒྱད་ལ། ། ཞེན་མེད་ཁེངས་པ་ཀུན་བྲལ་ནས། །བྱ་བྲལ་སྤྱོད་པ་གཤེགས་པར་ཤོག ། ཞི་བདེ་འབྱུང་བའི་ཐབས་ཤེས་མཆོག །བྱམས་དང་སྙིང་རྗེའི་རྩ་བ་བརྟན། ། རང་རྒྱུད་དྲན་ཤེས་ཞི་དུལ་ངང་། །ཆོས་དང་འདུལ་བ་བཞིན་དུ་ཤོག ། གཟུགས་སྒྲ་དྲི་རོ་རེག་བྱ་ལ། །སྲེད་ལེན་ཞེན་པའི་སེམས་ཅན་ཀུན། ། མི་རྟག་སྟོང་པ་བདག་མེད་པའི། །གཉེན་པོ་ཚུལ་བཞིན་བརྟེན་ནུས་ཤོག ། སྣང་བ་དཀར་དམར་སེམས་ལས་འཁྲུལ། །སེམས་ཉིད་སྤྲོས་པའི་རྩ་བ་ཆོད། ། གཟུང་འཛིན་མཚན་མ་བྲལ་བ་ཡི། །དམིགས་མེད་ངང་དུ་གནས་པར་ཤོག ། དམ་པའི་ཆོས་ཀྱི་དོན་སྟོན་ཅིང་། །དཔལ་འབྱོར་འདོད་དགུའི་ལོངས་སྤྱོད་སྟེར། ། མི་འཇིགས་སྲོག་གི་སྦྱིན་པ་དང་། །བསྡུ་དངོས་བཞི་ཡིས་སྨིན་པར་ཤོག ། སོར་བྱང་སྔགས་སྡོམ་པ་ལེགས་གནས་ཞིང་། །སྦྱོར་དངོས་རྗེས་གསུམ་ཚང་བ་ཡིས། ། སེམས་ཅན་དོན་སྒྲུབ་བྱ་བ་ལ། །དྲན་ཤེས་བག་ཡོད་བརྟེན་པར་ཤོག ། ཆོས་དང་འཇིག་རྟེན་གནོད་པའི་ཚོགས། །སྒོ་གསུམ་མི་མཐུན་ཉེས་ཀུན་ལ། ། བཟོད་པའི་དཀའ་ཐུབ་ལེགས་བརྟེན་ནས། །ཀུན་ལ་ཞེ་འགྲས་མེད་པར་ཤོག ། ལེ་ལོ་ངན་ཞེན་བདག་ཉིད་བརྙེས། །དོན་མེད་མི་ཚེ་མི་འདའ་བར། ། མངོན་མཐོ་ངེས་ལེགས་བྱང་སེམས་ལ། །རྟག་ཏུ་བརྩོན་འགྲུས་བྱེད་པར་ཤོག ། འདུ་འཛི་ངན་པ་རབ་སྤངས་ནས། །དབེན་པའི་རི་ལ་དགེ་བར་སྦྱོར། ། འཇིག་རྟེན་འདས་པའི་ཞི་ལྷག་གི །ཏིང་འཛིན་རྩེ་གཅིག་སྒོམ་པར་ཤོག ། ཀུན་རྫོབ་བདེན་པར་རྒྱུ་འབྲས་ཞིབ། །དག་གཟིགས་བདེན་པར་དག་སྣང་ཐོབ། ། དོན་དམ་འཁོར་གསུམ་མི་རྟོག་པའི། །ཤེས་རབ་ཕ་རོལ་ཕྱིན་ཐོབ་ཤོག ། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི། །ཀུན་བཟང་རྒྱལ་བའི་ས་ལམ་མཆོག ། རིག་འཛིན་རྣམ་བཞི་གོ་འཕང་ཉིད། །འབད་མེད་ལྷུན་གྱིས་གྲུབ་པར་ཤོག ། བརྟག་དཔྱད་ཚད་མས་ཆོས་དང་ནི། །ཆོས་མིན་རིགས་པས་ཚར་གཅོད་ནས། ། མ་རིག་ལོག་པའི་འགྲོ་བ་རྣམས། །ཆོས་བཟང་ཤེས་རབ་འབྱེད་པར་ཤོག ། སོ་སོར་ཡང་དག་རིག་པ་བཞིས། ། བདེན་བཞིའི་བླང་དོར་ལེགས་བསྟན་ནས། ། ཉོན་མོངས་མེད་པའི་ཐེག་ཆེན་ལམ། །རབ་ཏུ་གཅེས་འཛིན་བྱེད་པར་ཤོག ། བློ་དོན་བསམ་པ་ཆོས་སུ་འགྲོ། །ཆོས་ལམ་བར་ཆད་མེད་པ་དང་། ། ལམ་གྱི་འཁྲུལ་པ་རབ་སེལ་ནས། །ཆོས་སྐུའི་དགོངས་པ་རྟོགས་པར་ཤོག ། མདོར་ན་སྤྱོད་ལམ་ཅི་བྱེད་ཀྱང་། །དྲན་ཤེས་བག་ཡོད་མ་ཉམས་པར། ། རང་སེམས་དག་པའི་དགེ་བ་ཡིས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག ། འདིར་སྨྲས་དགེ་བས་བདག་གཞན་ཀུན། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་། ། སྐལ་བ་དག་དང་རབ་མཉམ་ནས། །དག་རྫོགས་སྨིན་གྲོལ་མཐར་ཕྱིན་ཤོག །
ཅེས་པའང་རབ་རྒྱན་སྣྲོན་ཟླའི་དབང་ཕྱོགས་རྫོགས་པ་གསུམ་པའི་སྐབས་སུ་དྲ་ཐོག་ནས་རྒྱུ་འབྲས་མེད་པའི་སྐད་ཆ་དང་དབྱེན་སྦྱོར་རིགས་སྣ་ཚོགས་པ་དག་དོན་ལ་མི་གནས་པའི་བསྟོད་སྨད་འགའ་མཐོང་བའི་རྐྱེན་ལས་རང་བློ་ལྷག་བསམ་དྲི་མེད་གཞན་ལ་སྟོན་པའི་བརྡ་ཙམ་དང་སྙིང་ཁུངས་རུས་པས་སྨོན་ཚིག་འདི་དག་གང་དྲན་དུ་ཝ་ལེལ་རི་ཁྲོད་ནས་སྔ་འགྱུར་རིག་འཛིན་བརྒྱུད་པའི་གྲལ་མཐའ་བ་དཔལ་དགྱེས་པ་རྡོ་རྗེས་སྨོན་ལམ་ འདེབས་པར་དགེ་ལེགས་འཕེལ། ། དགེའོ། ། དགེའོ། །དགེའོ། །
མིག་བརྒྱད་པ་ལགས།
སྔོན་དགེ་ལུགས་པའི་ནང་ནའང་རྫོགས་ཆེན་སེམས་ཕྲ་བ་ཞིག་ཡིན་པར་གསུང་མཁན་བྱུང་བ་དང་། དེ་ལ་འཇུ་མི་ཕམ་གྱིས་གཉུག་སེམས་སྐོར་གསུམ་ན་ཆེད་དུ་དགག་ལན་ཡང་འདུག རིག་འཛིན་དགའ་རབ་རྡོ་རྗེ་སོགས་ནས་བརྒྱུད་པའི་རྫོགས་ཆེན་དེ་འདྲ་མིན་ཚུལ་གསལ་བོར་གསུངས་འདུག དྲང་མོ་བཤད་ན་རྫོགས་ཆེན་ནི་རྙིང་མ་བ་རང་གི་སྐྱེས་བུ་དམ་པ་དག་གི་གསུང་ལས་ཤེས་དགོས། དེ་བཞིན་ཇོ་ནང་བའི་ལྟ་བ་བཤད་ན་ཇོ་ནང་བའི་གཞུང་རང་ལ་ལྟ་དགོས།
རྒྱ་གར་གྱི་གྲུབ་ཆེན་ཚད་ལྡན་མིན་ཡང་བོད་ན་གསང་སྔགས་ཁྲོམ་བསྒྲགས་མི་བྱེད་མཁན་ཤིན་ཏུ་མང་ངོ་། །རྙིང་དགོན་དག་ན། སྔོན་འགྲོའི་ཆོས་སྐོར་འབུམ་ལྔ་སོགས་སྔོན་དུ་མ་སོང་ན་རྫོགས་ཆེན་ས་ཁྲིད་རྡོ་ཁྲིད་བྱེད་པའི་ལུགས་མེད་པ་འདྲ། ལྷག་པར་རིག་པ་རྩལ་དབང་སོགས་མི་བསྐུར་ལ། དབང་དེ་མ་ཐོབ་ན། ཁྲེག་ཆོད་ཐོད་བརྒལ་གྱི་ཁྲིད་མི་གནང་བ་འདྲ།
རྗེ་བླ་མས་སྔགས་རིམ་མ་གསུངས་གོང་ནས་མདོ་སྔགས་གཉིས་འགལ་མེད་གྲོགས་སུ་ཁྱེར་མཁན་ཆེས་མང་པོ་བྱུང་ཡོད། ཁ་ཅིག་གིས་ནི། རྗེ་བླ་མས་སྔགས་རིམ་གསུངས་བའི་རྗེས་སུའང་ཡོད་སྲིད།
ཧ་ཧཱ་་་་། དངོས་གནས་སྤོབས་པ་མཐའ་ཡས་རང་རེད་འདུག་གཱ། ང་ལ་དེ་དགོས་ཀྱི་ཡོད་ད་ཁྱོད་ཀྱི་ལན་དེ་མཐོང་མ་ཐག་ངས་སྙན་ཚིག་འདི་ལྟར་རང་བཞིན་གྱིས་ཤར་མར་དྲན་བྱུང་།
རྨ་མེད་ཐེག་ཆེན་གཡུང་དྲུང་བོན་ལུགས་ལ།།
གདུལ་བྱེད་སྟོན་པ་གཟུགས་སྐུ་རྣམ་གཉིས་ལས།།
མཆོག་གི་སྤྲུལ་སྐུ་མ་ངེས་ལྔ་ལྡན་ཞེས།།
མདོ་སྔགས་སེམས་གསུམ་ལུང་གིས་བསྔགས་མོད་ཀྱང་།།
མཆོག་སྤྲུལ་འཁྲུངས་ཡུལ་མ་དག་ཡུལ་ངེས་པ།།
རྒྱ་གར་ཉན་ཐོས་སྡེ་བའི་ལུགས་ཡིན་ནམ།།
ཡང་ན་སྤོབས་མཐའ་སྤོབས་པ་ཆེ་དྲགས་ནས།།
དོན་མེད་འཁྱལ་བའི་གཏམ་ཡིན་འཕྱང་མོ་ཉུག །
དགའ་ལྡན་ལྷ་ཡུལ་ལྷ་ཡི་ཞིང་ཡིན་ཕྱིར།།
རྒྱ་གར་རྡ་རམ་ས་ལཱའི་ཐོད་དུ་བསྒྲུབས།།
དམྱལ་བའི་ཁམས་ནི་དུ་ཁའི་གནས་ལགས་པས།།
མི་ཡུལ་ལས་གཞན་འདས་ཕྱིར་མ་མཐོང་མདོག །
དམྱལ་གནས་མཐོང་དུ་མེད་པའི་བསྒྲུབ་བྱེད་དུ།།
མི་ཡུལ་ཆ་ཤས་མིན་པར་བཀོད་པ་དང་།།
དགའ་ལྡན་ལྷ་གནས་རྡ་སའི་ཐོད་ཡོད་པར།།
བཤད་པའི་གཏམ་གཉིས་ནང་འགལ་མ་གྱུར་རམ།།
ལེགས་ཕྱོགས་ཕར་ཆེར་རྒྱ་གར་དང་སྦྱར་ཞིང་།།
ངན་པའི་མཚང་དག་བོད་ལ་རྫོང་བ་ཡི།།
ཐུབ་བསྟན་རིང་ལུགས་པ་ཡི་གཤིས་ངན་འདི།།
བཅོས་སུ་མེད་ན་བོད་ཁམས་ཕུང་ཉེས་འདུག །
ཤམ་བྷ་ལ་དེ་ཤར་ནུབ་མ་ངེས་ཤིང་།།
ཀླུ་གྲུབ་ཀླུ་ཡུལ་ཐེ་ཚོམ་རྒྱ་རུ་ཚུད།།
ད་དུང་དུས་འཁོར་ཤཀྱཱས་གསུངས་མིན་མདོག །
འགྲེལ་ཆེན་དྲི་མེད་འོད་དང་མ་འགལ་ལམ།།
དུས་འཁོར་རང་ལུགས་ཙམ་གྱི་བཞེད་པ་ལས།།
སངས་རྒྱས་སྤྱི་ཡི་དགོངས་པ་མ་ཡིན་ཞེས།།
ལུང་ལ་ཁྱུར་མིད་བྱེད་པ་འདི་མཐོང་ཚེ།།
སྤོབས་མཐའི་སྤོབས་བཤད་བླུན་པོའི་ཨུ་ཚུགས་ཙམ།།
འོལ་གླིང་མི་མངོན་ཞིང་ལ་ཡོད་ཟེར་དུས།།
གྲོགས་ཁྱོད་མགོ་བོ་ཚལ་པར་འགའ་སྐད་ཅིག །
ཀླུ་ཡུལ་མི་མངོན་གནས་ལ་ཡོད་སྲིད་ན།།
ཁྱོད་ཀྱི་བློ་ལ་འཐད་མདོག་འཚམ་མདོག་ཅིག །
དེ་དག་ཆགས་སྡང་བློ་ཡི་འཛིན་སྟངས་ལས།།
གཞན་གྱི་ཁྱད་པར་མཁས་པའི་བློ་ཡིས་མིན།།
དེ་དང་དེ་འདྲའི་བླུན་པོའི་བབ་ཅོལ་ཀུན།།
ལན་དུ་སྨྲས་བར་དུས་ཀྱི་ལོངས་ཁོམ་མེད།།
སྟག་སྡེ་གཟིག་ཕན་སྟག་རོང་ཁྲོ་ཐུང་སྒྲ།།
རྟག་གཟིགས་འོལ་གླིང་མཚན་ལ་སྦྱར་ནས་སུ།།
ཞྭ་དཔེ་ལྷམ་ལ་འགེབ་པ་འདི་བསམ་ཚེ།།
ཆེད་དུ་གཉེར་ནས་བཞད་གད་སློང་ངམ་སྙམ།།
ཁྱོད་ཀྱི་བློ་ཡི་ནུས་རྩལ་དེ་ཙམ་རེད།།
ད་ནས་བཟུང་སྟེ་མཁས་དབང་མཁར་རྨེའུ་ཡི།།
གསུང་གི་བདུད་རྩིའི་ཐིགས་པ་སྒུག་ནས་སྡོད།།
ཁྱོད་ཉིད་ཤམ་བྷ་ལ་རུ་བསྐྱལ་ངེས་རེེད།།
ཡ་སྤོབས་མཐའ་ད་ཡིན་དཱ། ཨ་ལེ་དང་པོ་ཐེག་ཆེན་གྱི་བཀའ་ཡི་བྱུང་ཁུངས་སྐོར་ཞིབ་མོ་རྣམ་འཐག་གི་བགྲོ་གླེང་ཞིག་བྱས་ན། གཞི་ནས་ད་གཟོད་གཤེན་རབས་མི་བོའི་སྐོར་གྱི་དཀའ་རྙོག་དེ་རང་བཞིན་གྱིས་སེལ་རྒྱུ་ཉག་གཅིག་རེད་སྙམ། དེ་མིན་ང་ཚོས་གཅིག་གིས་གཅིག་ལ་མེད་རབས་བཤད་མ་བཤད་ཚོགས་ངན་གསོག་པ་ལས་ཕན་པ་གང་ཡང་མེད་སྐོར་གོང་དུ་ཞུས་ཟིན་པ་ཡིན།
སྤོབས་པ་ཁྱོད་དེ་འདྲའི་བོན་ལ་སྡང་དགོས་དོན་ཅི་ཡིན།
ཡང་མིག་བརྒྱད་པས་འདི་ལྟར། རྒྱལ་བ་ཀློང་ཆེན་པ་སྤྱི་ལོ་ནམ་ཞིག་ལ་འཁྲུངས་བ་དང་། ཁོང་གི་ཡབ་ཡུམ་གྱི་མཚན་དང་། རིགས་རུས། འཁྲུངས་ཡུལ། གནས་གང་དུ་སློབ་གཉེར་མཛད་ཚུལ་འདི་ཙམ་ཞིག་འབྲི་ཐུབ་ན་ཡག་བྱུང་། ཞེས་མ་ཤེས་ན་ཡང་ཤེས་མདོག་དང། སྤོབས་སེམས་ཀྱི་རལ་ཀླུང་མཁའ་ལ་བཏེགས་ཏེ་འདི་ལྟར་གླེང་བར་བྱས་འདུག་པ་འདི། དོན་ལ་བླུན་པོའི་རང་རྟགས་གསོན་པོར་སྟོན་པ་དང་གཉིས་སུ་མ་མཆིས་པའི་ཁར། རང་ལ་ཡང་ཡོན་ཏན་གྱི་འཕེལ་ཁ་སྟེར་བ་ལ་གེགས་བྱས་པ་ཡིན་པས། དེ་དོན་སྐུ་ཉིད་ནས་མ་ཤེས་པ་ཁག་་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས་མཁས་པའི་མཛངས་སྤྱོད་ངོམ་ཏེ་ཁོ་བོར་འདྲི་བའི་ཞུ་ཚིག་འདྲ་གླེང་ཐུབ་ན་ཁྱོད་རང་གི་མངོན་འདོད་བསྒྲུབ་པ་ལ་ཕན་པར་གདོན་མི་ཟའོ། ཇི་སྐད་དུ། ཡོན་ཏན་གོང་ནས་གོང་དུ་ནི། འཕེལ་དུ་མི་སྟེར་ང་རྒྱལ་ཡིན། དགེ་བའི་རྩ་བ་ཐམས་ཅད་ཀྱི། བར་དུ་གཅོད་པ་ཞེ་སྡང་ཡིན། ཞེས་དུས་གསུམ་སངས་རྒྱས་རྣམས་ཀྱིས་གདམས་པའི་ལེགས་བཤད་འདི་ལ་ཐུགས་དམ་གྱི་ཉམས་ལེན་གནང་ནུས་ན་རང་གི་ཉམས་རྩ་མི་འཆོར་བའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་ཡིན་པས་ཐུགས་དབུས་སུ་འཛིན་གལ་ཆེ། རིམ་བརྒྱད་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་ཚོགས་རྣམས་ཀྱང་ལྟ་ཅི་སྨོས། བླ་མེད་བཞུགས་པའི་སྐྱེས་བུ་སྟོང་གིས་དཔག་པར་མི་ནུས་པའི་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའི་ཞུན་ཐིག་འདི་ཉིད་བདེ་བླག་ཏུ་རྟོགས་ཤིང་ཚུལ་བཞིན་འཆད་པ་ལ། ཆེས་ཕུལ་དུ་བྱུང་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བློ་འདས་ཀློང་ཆེན་དགོངས་པའི་མཛོད་ལ་དབང་བསྒྱུར་པའོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཞེས་མཐའ་ཡས་གོ་ལའི་ཁྱོན་འདིར་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་འདི་ཉིད་ཀྱི་རྣམ་པར་ཐར་པ་དང། མཆོག་གིས་གདམས་པའི་གཞུང་ལུགས་ཁག་ལ་སྒོ་གསུམ་མི་ཕྱེད་དད་འདུན་དྲག་པོས་ཐོས་བསམ་ཟུང་འབྲེལ་གྱིས་ཉམས་ལེན་གནང་ནུས་ན། ཚེ་འདིར་མི་ལུས་ཐོབ་པ་དོན་ཡོད་དུ་གྱུར་བ་མ་ཟད། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་སྟོང་ཟད་དུ་མི་འགྲོ་བའི་དགོས་པ་ཆེན་པོ་དང་ལྡན་ལ། ཕྱི་མ་ཡང་ལྷག་པའི་ལྷ་ཡི་གྲལ་དུ་ཚུད་དེ་གནས་ངན་རིགས་དྲུག་གི་སྐྱེ་སྒོ་དང་བར་དོའི་འཕྲང་ལམ་སོགས་བརྒྱུད་མི་དགོས་པའི་དགོས་པ་ཆེན་པོ་དེ་དག་ཡོད་པས། དེས་ན་ད་ལན་མིག་བརྒྱད་པ་ཁྱོད་རང་ཡང་དད་འདུན་དྲག་པོས་རི་དྭགས་རྣ་བ་སྒྲ་ལ་ཉན་པ་ཇི་བཞིན་ཡེངས་མེད་དུ་ཉན་པའི་སྟོབས་བསྐྱེད་ནུས་ན་གོང་བཤད་དེ་བཞིན་བདེ་བླག་ཏུ་འགྲུབ་ནུས་པ་ཡང་ཁོ་བོས་དམ་བཅའ་ཡིན་ནོ། དེས་ན་མགོན་པོ་མཆོག་གི་སྐུ་མཆོག་མངོན་པར་བལྟམས་པའི་ཡུལ་ནི། བོད་ཁ་བ་ཅན་ན་ཡུལ་དབུས་གཙང་ཁམས་གསུམ་ཡོད་པའི་ནང་ཚན་དབུས་ན་དབུས་རུ་གཡོ་རུ་གཉིས་ལས་གཡོ་རུ་ཁྲ་ཕུ་སྟོད་གྲོང་སྡེ་ཞེས་བྱ་བར་ཡབ་སློབ་དཔོན་པད་མའི་དངོས་སློབ་དཔལ་རྟ་མགྲིན་གྱི་གྲུབ་ཐོབ་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རྒྱུད་མི་རབས་ཉེར་ལྔ་པ་ཨ་མྱེ་ལྷ་སྲུང་ཞེས་བགྱི་བ་བདུད་རྩི་སྨན་གྱི་གྲུབ་ཐོབ་དགུང་ལོ་བརྒྱ་དང་ལྔ་ཐུབ་པ། ཡུམ་མཁའ་འགྲོའི་སྤྲུལ་པ་འབྲོ་བཟའ་བསོད་ནམས་རྒྱན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ནང་ས་སྤྲེལ་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་སྐུ་བལྟམས། མགོན་པོ་འདི་ཉིད་ 1308ལོར་སྐུ་བལྟམས་པ་དང་1363ལོར་ཐོད་བརྒལ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཏེ་གདོད་མའི་གཞོན་ནུ་བུམ་སྐུའི་ཀློང་དུ་དེངས་པར་གྱུར་པའོ། དགུང་ལོ་ལྔ་པའི་དུས་སུ་འབྲི་མཐའ་དག་ལ་ནང་བྱན་ཆུབ་ཅིང་མཁྱེན་རྩལ་གྱི་འོད་སྣང་འབར། དགུང་ལོ་བདུན་པའི་དུས་སུ་ཡབ་ལས་གསང་སྔགས་ཀྱི་བོན་རྣམས་ལ་གསན་བསམ་མཛད། དགུང་ལོ་བཅུ་གཉིས་པ་ས་ལུག་བཞེས་དུས་བསམ་ཡས་སུ་མཁན་པོ་བསམ་རིན་པ་དང། སློབ་དཔོན་ཀུན་དགའ་འོད་ཟེར་གཉིས་ལས་རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། དེ་ནས་དགུང་ལོ་བཅུ་དྲུག་བཞེས་སྐབས་སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་སོགས་ཀྱིས་མཚོན་པའི་གསང་སྔགས་ཀྱི་དབང་དམ་དང། སློབ་དཔོན་དབང་ཡེ་ལས་དུས་འཁོར་གསར་མའི་རྒྱུད་འབུམ་སོགས་རྒྱུད་སྡེ་མང་པོ་ལ་གསན་བསམ་ཚུལ་བཞིན་གནང། གཞན་ཡང་ཟ་ལུང་རིན་པོ་ཆེ་ལས་ཞང་ཚལ་པའི་ཆོས་སྐོར་རྒོད་ཚང་བའི་ལམ་ཁྲིད། མ་ཅིག་གི་གཅོད་རྣམ་དྲུག དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ་རྣམས་གསན། དེ་ནས་དགུང་ལོ་བཅུ་དགུ་པ་ས་སྟག་ལོར་གསང་ཕུར་བྱོན་ནས་མཁས་པ་ཆེན་པོ་བླ་བྲང་པ་ཆོས་དཔལ་རྒྱ་མཚན་དང། ཆོས་གྲགས་གཉིས་ཀྱི་དྲུང་དུ་བྱམས་ཆོས་སྡེ་ལྔ་ཚད་མ་རྣམ་འགྲེལ། ཚད་མ་ཀུན་བཏུས་བཅས་གསན་ནས་མཁས་པ་ཕུལ་དུ་ཕྱིན་པར་མཛད། གཞན་ཡང་ལོ་ཙཱ་བློ་གྲོས་བརྟན་པའི་དྲུང་དུ། ཚད་མ་སྡེ་བདུན་གྱི་རྣམ་བཤད་དང། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་གྱི་བཤད་པ་དང། ཏིང་འཛིན་རྒྱལ་པོ་ལ་སོགས་ཟབ་མོ་མདོ་ལྔའི་བཤད་པ། སྙན་ངག་མེ་ལོང་མའི་གཞུང་འགྲེལ། སྒྲ་རིག་ཀ་ཙན་དབྱངས་གསུམ། མངོན་བརྗོད་ཀྱི་སྐོར་རྣམས་མང་དུ་གསན་ནས་བྱང་ཆུབ་པར་མཛད། སློབ་དཔོན་གཞོན་ནུ་དོན་འགྲུབ་ལས། རྙིང་རྒྱུད་འདུས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་ལ་སོགས་པ་མང་དུ་གསན། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས། གཏམ་ཚོགས་ཀྱི་རྩ་འགྲེལ་སྐོར་རྣམས་དང། དབུ་མ་རིགས་ཚོགས་དྲུག་སོགས་ཀྱི་མཚོན་པའི་ཤེར་ཕྱིན་གྱི་བོན་སྡེ་རྣམས་གསན། གཞོན་ནུ་རྡོ་རྗེ་ལས། སྤྱོད་འཇུག བསླབ་བཏུས། ཇོ་བོའི་ལུགས་བཀའ་གདམས་སྐོར་དང་སྙན་བརྒྱུད་སྐོར་རྫོགས་པར་གསན། མཁན་པོ་ལས་ཁྲོ་ཕུའི་ཆོས་སྐོར་ཡོངས་རྫོགས་རྣམས་གསན། ཆོས་རྗེ་རང་འབྱུང་རྡོ་རྗེ་ལས། སྦྱོར་དྲུག་གི་སྐོར་གགས་སེལ་དང་བཅས་པ། ན་རོ་ཆོས་དྲུག་སོགས་ཀྱིས་མཚོན་པའི་གསང་སྔགས་ཀྱི་ཟབ་ཆོས་རྒྱ་ཆེར་གསན། གཞན་ཡང་སློབ་དཔོན་དབང་ཡེ་དང། ཤུགས་གསེབ་རིན་ཆེན། སློབ་དཔོན་སྟོན་ཚུལ། ས་སྐྱ་པ་བླ་མ་དམ་པ། ཁྲོ་ཕུ་པ། བླ་མ་ཚོགས་འདུས་པ། བླ་མ་གསང་འདུས། ཁང་དམར་པ། གཉོས་འཐིང་པ་སོགས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་དྲུང་ནས། རྫོགས་ཆེན་སངས་རྒྱས་མཉམ་སྦྱོར། ཐུགས་ཆེན་ཡང་འདུས། འཁོར་བ་དུང་དཀྲུགས་སོགས་ཀྱིས་མཚོན་པའི་ཟབ་ཡངས་སྔགས་རྫོགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་ཚུལ་བཞིན་མཛད་དེ། དཀའ་གནད་ལྷུག་པར་སྟོན་པའི་མཁྱེན་རབ་ཀྱི་རྩལ་ཆེན་ཡོངས་སུ་རྒྱས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཞེས་སུ་གྲགས་པའི་མཚན་གྱི་ཅོད་པཎ་བདག་གིར་བཞེས། གསང་ཕུ་ལ་སོགས་ཆོས་གྲྭ་ཆེན་མོ་རྣམས་སུ་གྲྭ་སྐོར་མཛད་པས་བསམ་ཡས་ལུང་མང་མ་ཞེས་མཁས་པའི་གྲགས་པས་ས་སྟེང་ཡོངས་ཁྱབ་མཛད། འདིའི་དུས་སུ་རིག་གྲྭ་པ་རྣམས་ཀྱི་ངག་རྒྱུན་ལ། བསམ་ཡས་ངག་གི་དབང་པོ་བྱ་བ་དེས། ཁྲོམ་ནས་ཆོས་བཤད་གངྒའི་ཆུ་རྒྱུན་འདྲ། རིག་གྲྭར་རྩོད་དུས་འབྲུག་སྒྲ་སྒྲོགས་པ་འདྲ། བསྟན་བཅོས་རྩོམ་དུས་རི་གཟར་འབབ་ཆུ་འདྲ། མཉམ་པར་འཇོག་དུས་རྣལ་འབྱོར་མངོན་སུམ་འདྲ། ཞེས་ཀྱང་གྲགས་སོ། གསར་ཕྱོགས་ཀྱི་མཁས་པའི་དབང་པོ་དག་གིས་ཁོང་ལ་བསྟོད་པ་འདི་ལྟར། ངག་གིས་དབང་པོས་འཆད་ལུགས་མཐོང་ཙ་ན། སྐུ་མཆེད་གསུམ་པོས་ཆོས་འཆད་དིག་དིག་པོ། ཀློང་ཆེན་རབ་འབྱམས་རིག་སྨྲ་མཐོང་ཙ་ན། ཕྱྭ་གཙང་དན་གསུམ་རྩོད་པ་རྐྱང་རྐྱང་པོ། ཀུན་མཁྱེན་ཆེན་པོས་རྩོམས་པ་མཐོང་ཙ་ན། བུ་དོལ་ཤར་གསུམ་རྩོམ་པ་མོག་མོག་པོ། སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུ་ཡུ་པོ། འཕན་པ་བཟང་པོའི་མཛད་སྤྱོད་མཐོང་ཙ་ན། ཆེན་པོར་འདོད་པའི་སྤྱོད་པ་དམན་དམན་པོ། པད་མ་ལས་འབྲེལ་ཡོན་ཏན་མཐོང་ཙ་ན། རྟོགས་ལྡན་མིང་བཏགས་རྣམས་ཀྱང་བླུན་བླུན་པོ། གུ་ཡངས་བློ་བདེའི་བྱ་བྲལ་མཐོང་ཙ་ན། བཟང་པོ་ཞིག་པོའི་སྤྱོད་པ་ཙམ་ཙམ་པོ། དྲི་མེད་འོད་ཟེར་གཞན་དོན་མཐོང་ཙ་ན། གཞན་དོན་བྱེད་རློམས་རྣམས་ཀྱང་ལད་མོ་འདྲ། ཞེས་གསུངས་པ་རྣམས་ཀྱང་བློ་གྲོས་ཤིན་ཏུ་གཟུ་བོར་གནས་པའི་གསུང་དྲང་པོ་མཁས་རྣམས་དགའ་བ་སྐྱེད་པའི་གནས་སུ་འོས་སོ། བདག་ཉིད་ཆེན་པོ་འདིའི་བརྩམས་པའི་བསྟན་བཅོས་ཀྱང་སྤྱིར་ཁ་བ་ཅན་དུ་བཀའ་བརྟེན་ཡོངས་གྲགས་བྱུང་ངོ་ཅོག་ཕལ་ཆེ་བ་ཞིག་ལ་ཡིག་ཆ་མ་བཞག་པ་མེད་ཅེས་གྲགས་ཀྱང་དེ་དག་ནི་བྱུང་སྔ་བ་དང་བདག་པོ་བྱེད་མཁན་མེད་པ་སོགས་ཀྱི་རྐྱེན་ལས་ཕལ་ཆེར་འཐོར་བརླག་ཏུ་སོང་ཞེས་དང། ད་ལྟ་ཉུང་ཤས་བཞུགས་པ་རྣམས་ཀྱི་ནང་ནས་རིན་ཐང་བྲལ་བའི་བསྟན་བཅོས་ཆེན་པོ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་འགྲེལ་བའི་ལྡེའུ་མིག་ལྟར་གྱུར་པ། གདུལ་བྱའི་ཁམས་དང་མོས་པ་དང་འཚམས་པ། བློ་རབ་འབྲིང་མཐའ་གསུམ་གང་གིས་ཀྱང་རང་གི་ཐབས་ཤེས་ཀྱི་མཁར་བ་གྲོགས་སུ་སྦྲེལ་ནུས་ན། ཕྱི་སྤང་ལམ་པས་བསྐལ་ཆེན་གྲངས་མེད་གསུམ་གྱི་ལམ་ནས་མི་གནས་མྱང་འདས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་ནུས་པ། ནང་བསྒྱུར་པ་རྣམས་ཀྱིས་མི་ཚེ་གཉིས་དང་གསུམ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་ཁྲི་འཕངས་འཛེགས་ཏུ་ཡོད་པ། ནང་གྲོལ་ལམ་པ་རྣམས་ཀྱིས་ཚེ་གཅིག་ལུས་གཅིག་ལ་ལམ་ཐོད་བརྒལ་གྱི་ཉམས་ལེན་ལ་བརྟེན་ནས་འཇའ་ལུས་འཕོ་བ་ཆེན་པོའི་གཏན་ས་ཟིན་དུ་ཡོད་པ། དེ་ལས་ཅུང་ཟད་དམན་པར་གྱུར་པ་རྣམས་ཀྱིས་ཁྲེག་ཆོད་ཀྱི་ཉམས་ལེན་ལ་བརྟེན་ནས་སེམས་འོད་གསལ་དང་ལུས་རྡུལ་ཕྲན་དུ་དེངས་ཏེ་གཞོན་ནུའི་བུམ་པའི་སྐུར་གྲོལ་དུ་ཡོད་པ་བཅས། མདོར་ན་དོན་གྱི་སྙིང་པོ་རེ་རེ་རང་རང་གི་བགོ་སྐལ་ཕྱིར་ལེན་དུ་ཡོད་པའི་ཀློང་ཆེན་མཛོད་བདུན་དུ་གྲགས་པ་འདི་ཉིད་དོ། སླར་སྨྲས་པ། ཀློང་ཆེན་དགོངས་པའི་གཏེར་མཛོད་ཀློང་ཆེན་པའི། ཟབ་ཡངས་་རྣམ་ཐར་དད་པའི་འཇུག་ངོགས་འདི། ཉམས་ལེན་སྙིང་པོར་བསྒྲིལ་བའི་སྟག་མིང་པས། མིག་བརྒྱད་སྙེམས་པ་གཞོམ་པའི་གསོས་སུ་སྤེལ།
ཡང་སྤོབས་མཐས་ཅིག་ཅིག་མིག་མིག་བཤད་ཡོང་སྟངས་ལ་བལྟས་ན། ཨ་ཙི་ཨ་ཙི།
རིག་པ་བུམ་ནང་གི་ནམ་མཁའ་ལྟ་བུ་ལུས་ཀྱི་ནང་ན་སྟོང་གསལ་དུ་གནས་པ་ལ། བུམ་པ་ཆག་པས་ནམ་མཁའ་ཕྱི་ནང་བར་གསུམ་ལ་དབྱེ་བ་མེད་པ་ལྟར། འབྱུང་ལུས་ཞིག་དུས་སེམས་ཉིད་དོན་གྱི་ནམ་མཁའ་དང་དབྱེར་མེད་དུ་ཐིམ་ནས་གདམས་ངག་གིས་ཐོབ་པའི་རིག་པ་ཡེ་ཤེས་ཀྱི་ནམ་མཁའ་དང་རྣམ་དབྱེ་མེད་པར་འདྲེས་ཏེ་ཆོས་ཟད་ཀ་དག་གི་གཞི་ལ་རང་གྲོལ། ཞེས་གསུངས་ཞེས་མིག་བརྒྱད་པས་བཀོད་གནང་འདུག་པ་འདི་ནི། གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་གསང་ཆེན་སྔགས་ཀྱི་རྒྱུད་ལས་གསལ་བ་འདི་དང་གཅིག་མཚུངས་སུ་སྣང། དཔེར་ན་འདི་ལྟར། སྔོན་ནས་གོམས་པའི་ཡེ་ཤེས་བུམ་ནང་གནམ། རང་བཞིན་ཤི་བའི་ནམ་མཁའ་མུ་མེད་གནམ། བར་གྱི་བུམ་པ་ཞིག་པས་ནམ་མཁའ་འདྲེས། ནམ་མཁའ་མ་བུ་འཕྲོད་པ་ངོ་མཚར་ཆེ། སངས་རྒྱས་ཐོབ་ནས་སེམས་ཅན་ལུས་མི་ལེན། འབད་མེད་ཆེ་བའི་ཡོན་ཏན་གཞན་སྣང་ལ། ཐུགས་རྗེ་སྨོན་ལམ་དབང་གིས་འབྱུང་བར་འགྱུར། ཞེས་སུ་གྲགས་པ་འདིའོ ལུང་འདི་ཡི་དོན་ནི། རྣམ་སྨིན་གྱི་ལུས་རྒྱ་མ་ཞིག་པའི་གནས་སྐབས་སུ་གོམས་པའི་འོད་གསལ་གྱི་ཉམས་ལེན་བུམ་ནང་གི་ནམ་མཁའ་ལྟ་བུ་དེ་དང་། རྣམ་སྨིན་གྱི་ལུས་རྒྱ་ཞིག་ནས་འཆི་བའི་འོད་གསལ་གྱི་རིག་པ་མུ་མེད་ཀྱི་ནམ་མཁའ་ལྟ་བུ་དེ་གཉིས། ཆུ་ཡུར་བ་ནས་དེད་པ་ལྟར་ཉམས་ལེན་གྱི་ངང་ཐག་སྦྲེལ་ནས་མ་དཔང་བུ་རྒྱུགས་ཀྱི་ཚུལ་དུ། མ་ཀུན་གཞི་བདག་མེད་ཀྱི་ཀློང་དུ་བུ་རིག་པའི་ཡེ་ཤེས་ཉི་མ་ལྟ་བུ་དེ་གཉིས། ནམ་མཁའ་ནང་འཕྲད་ཀྱི་ཚུལ་དུ་གཞི་ཐོག་ཏུ་གྲོལ་བ་ལ་ཟེར་བའོ། འདི་ཡང་དྲྭ་གྲོགས་མིག་བརྒྱད་པའི་མཁྱེན་རྟོགས་ཀྱི་འོད་སྣང་འབར་བའི་ཆེད་དུ་ཁོ་བོ་སྟག་མིང་པས་བཀོད་པའོ། ཐ་ཚན་མུ་ཙུག་སྨར་རོ།
སྔོན་ཆད་རྒྱ་གར་དང་བོད་དུ་ཡོད་པའི་ཐུབ་བསྟན་པ་དག་ཐེག་ཆེན་གྱི་བཀའ་སྤྱི་དང་ལྷག་པར་དུ་རྫོགས་པ་ཆེན་པོ་དང་གསང་སྔགས་ཀྱི་ཆོས་སྐོར་ལ་རྩོད་པ་ཤིན་ཏུ་མང་པོར་བྱུང་ཡོད་པ་མ་ཟད། ཐ་ན་ཧ་ཤང་དང་མུ་སྟེགས་སོགས་ཀྱི་ལུགས་ཡིན་ཚུལ་སོགས་སྨྲས་པའང་ཡོད།། ཐེག་དམན་གྱི་གཞུང་ལུགས་ཁག་རྒྱ་གཞུང་རྩོད་མེད་རྣམས་སུ་གསལ་ཡོད་པས་མ་ཚད་འཛམ་གླིང་གང་སར་སིམ་འཛུལ་དུ་བྱས་ནས་ཡོད་པས་ཉི་མ་རྒྱབ་ཤར་ལག་པས་མི་ཁོག་པའི་དཔེ་ལྟར་གྱུར་ཡོད།། ཐེག་ཆེག་ཆེན་འདི་དེ་ལས་ཟློག་སྟེ་ཤཀྱཱས་གསུངས་རྒྱུ་ལྟ་ཅི་སྟེ། རྒྱ་གར་ཡུལ་ལས་བོད་དུ་དར་ཁྱབ་ཆེ་བ་བྱུང་ཡོད་མ་ཟད་ད་དུང་རྫོགས་ཆེན་དངོས་རྒྱ་གར་དུ་དར་མྱོང་མེད་སྐོར་བཤད་ཡོད། དེའི་སྐོར་བཤད་སྐབས་
“སྡེ་སྣོད་གསུམ་དུ་མ་བསྡུས་དང་།
ལམ་གཞན་ཉེ་བར་སྟོན་ཕྱིར་དང་།
ཐེག་ཆེན་སངས་རྒྱས་གསུང་མ་ཡིན།
རིག་བྱེད་མཐའ་ཡི་ལྟ་བ་བཞིན།།” ཞེས་དང་།
“རྫོགས་པ་ཆེན་པོའི་ཆོས་སམ་དེ།
རྒྱ་གར་ཡུལ་འདིར་མིང་ཡང་མེད།
ཆོས་མིན་བསྟན་པ་ཡིན་ནོ་གསུངས།” ཞེས་དང་ཡང་།
“རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ།
ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད།
དེ་དག་བོན་པོའི་གཞུང་ལའང་ཡོད།
འོང་ཀྱང་ཚིག་དོན་ནོར་བ་མང་།”
“ཟོང་དུ་བོང་ཤ་འཚོང་བ་ལ།
རི་དྭགས་རྔ་མ་བསྟན་དང་མཚུངས།
སངས་རྒྱས་གསུང་རབ་མ་ཡིན་ཞེས།
བློ་དང་ལྡན་པས་འཕྲལ་དུ་ཤེས།” ཞེས་སོགས་དང།
“སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།” ཞེས་དང་ཡང་།
“སྤྱིར་ན་གསར་རྙིང་གཉིས་ཀ་ལ།
རྫུན་རྒྱུད་ཡོད་པར་གྲགས་མོད་ཀྱི།” ཞེས་སོགས་དང་།
“བོད་འདིར་རྫོགས་པ་ཆེན་པོ་བྱ་བ་དང་གསང་སྔགས་སོགས་མིང་གིས་བཏགས་པ། རྒྱ་གར་ལ་ཁུངས་བཙལ་ཞིང་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨ། བི་མ་མི་ཏྲ་སོགས་ལ་རྫུན་ཁག་བཀལ་ནས་རང་བཟོས་བྱས་པའི་རྒྱུད་དང་གཞུང་མང་པོ་བྱུང་བ་དེ་ཡང་རང་དགར་གྱུར་ཅིང་འགོག་མཁན་མེད་པ་དང་།” ཞེས་པ་དང་། ད་དུང་བེེ་རོ་ཙ་ནས་རྒྱ་གར་ཁུངས་བཙལ་ནས་རྫོགས་པ་སྤྱི་གཅོད་དང་རིག་པ་ཁུ་བྱུག་སོགས་སེམས་ཕྱོགས་ཀྱི་ཆོས་འགའ་ཞིག་བརྩམས་ཚུལ་དང་། དེ་བཞིན་“འགྲེལ་པ་དང་སྒྲུབ་སྐོར་སོགས་བོད་ཀྱིས་བྱས་པ་རྒྱ་གཞུང་ལ་སྙད་བཏགས་པ་”མང་ཚུལ་དང་། ཇོ་བོ་རྗེ་བོད་དུ་ཕེབས་དུས་སྔོན་ཆད་རྒྱ་གར་ན་དར་མ་མྱོང་བའི་ཆོས་ཟབ་མོ་འདི་འདྲ་འདུག་ཅེས་ཧ་ལས་ནས་དཔེ་རྒྱ་གར་བསྐུར་ཚུལ་དང་། དེ་བཞིན་སྔོན་ཆད་རྒྱ་གར་དུ་ཉན་ཐོས་སེནྡྷེ་པས་ཐེག་ཆེན་ཐུབ་པའི་བཀའ་མ་ཡིན་པར་བསྒྲགས་ནས་ཀླུ་གྲུབ་ལ་སྐུར་འདེབས་ཚན་པོ་ཆེ་བྱས་པ་སོགས་ཀྱིས་མཚོན་འདྲ་མིན་སྣ་ཚོགས་ཤིག་བཤད་སྲོལ་འདུག ད་ལན་ངེད་ཅག་ལྷོད་ལྷོད་བྱ་ནས་དེའི་སྐོར་དཔྱད་ཞིབ་ཞིག་བྱས་པ་ཡིན་ན་ས་སློག་ན་རྡོ་ཐོན་རྒྱུ་མེད་དམ་སྙམ་བཞིན་འདུག
སྔོན་ཆད་རྒྱ་གར་དང་བོད་དུ་ཡོད་པའི་ཐུབ་བསྟན་པ་དག་ཐེག་ཆེན་གྱི་བཀའ་སྤྱི་དང་ལྷག་པར་དུ་རྫོགས་པ་ཆེན་པོ་དང་གསང་སྔགས་ཀྱི་ཆོས་སྐོར་ལ་རྩོད་པ་ཤིན་ཏུ་མང་པོར་བྱུང་ཡོད་པ་མ་ཟད། ཐ་ན་ཧ་ཤང་དང་མུ་སྟེགས་སོགས་ཀྱི་ལུགས་ཡིན་ཚུལ་སོགས་སྨྲས་པའང་ཡོད།། ཐེག་དམན་གྱི་གཞུང་ལུགས་ཁག་རྒྱ་གཞུང་རྩོད་མེད་རྣམས་སུ་གསལ་ཡོད་པས་མ་ཚད་འཛམ་གླིང་གང་སར་སིམ་འཛུལ་དུ་བྱས་ནས་ཡོད་པས་ཉི་མ་རྒྱབ་ཤར་ལག་པས་མི་ཁོག་པའི་དཔེ་ལྟར་གྱུར་ཡོད།། ཐེག་ཆེག་ཆེན་འདི་དེ་ལས་ཟློག་སྟེ་ཤཀྱཱས་གསུངས་རྒྱུ་ལྟ་ཅི་སྟེ། རྒྱ་གར་ཡུལ་ལས་བོད་དུ་དར་ཁྱབ་ཆེ་བ་བྱུང་ཡོད་མ་ཟད་ད་དུང་རྫོགས་ཆེན་དངོས་རྒྱ་གར་དུ་དར་མྱོང་མེད་སྐོར་བཤད་ཡོད། དེའི་སྐོར་བཤད་སྐབས་“སྡེ་སྣོད་གསུམ་དུ་མ་བསྡུས་དང་།
ལམ་གཞན་ཉེ་བར་སྟོན་ཕྱིར་དང་།
ཐེག་ཆེན་སངས་རྒྱས་གསུང་མ་ཡིན།
རིག་བྱེད་མཐའ་ཡི་ལྟ་བ་བཞིན།།” ཞེས་དང་།
“རྫོགས་པ་ཆེན་པོའི་ཆོས་སམ་དེ།
རྒྱ་གར་ཡུལ་འདིར་མིང་ཡང་མེད།
ཆོས་མིན་བསྟན་པ་ཡིན་ནོ་གསུངས།” ཞེས་དང་ཡང་།
“རྫོགས་པ་ཆེན་པོའི་རྒྱུད་གཞུང་ལ།
ཕྱག་རྒྱ་གསུམ་དང་བསླབ་གསུམ་ཡོད།
དེ་དག་བོན་པོའི་གཞུང་ལའང་ཡོད།
འོང་ཀྱང་ཚིག་དོན་ནོར་བ་མང་།”
“ཟོང་དུ་བོང་ཤ་འཚོང་བ་ལ།
རི་དྭགས་རྔ་མ་བསྟན་དང་མཚུངས།
སངས་རྒྱས་གསུང་རབ་མ་ཡིན་ཞེས།
བློ་དང་ལྡན་པས་འཕྲལ་དུ་ཤེས།” ཞེས་སོགས་དང།
“སངས་རྒྱས་པ་ལ་བཞི་པ་དང་།
ལྔ་པ་ཐུབ་པའི་དགོངས་པ་མིན།” ཞེས་དང་ཡང་།
“སྤྱིར་ན་གསར་རྙིང་གཉིས་ཀ་ལ།
རྫུན་རྒྱུད་ཡོད་པར་གྲགས་མོད་ཀྱི།” ཞེས་སོགས་དང་།
“བོད་འདིར་རྫོགས་པ་ཆེན་པོ་བྱ་བ་དང་གསང་སྔགས་སོགས་མིང་གིས་བཏགས་པ། རྒྱ་གར་ལ་ཁུངས་བཙལ་ཞིང་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨ། བི་མ་མི་ཏྲ་སོགས་ལ་རྫུན་ཁག་བཀལ་ནས་རང་བཟོས་བྱས་པའི་རྒྱུད་དང་གཞུང་མང་པོ་བྱུང་བ་དེ་ཡང་རང་དགར་གྱུར་ཅིང་འགོག་མཁན་མེད་པ་དང་།” ཞེས་པ་དང་། ད་དུང་བེེ་རོ་ཙ་ནས་རྒྱ་གར་ཁུངས་བཙལ་ནས་རྫོགས་པ་སྤྱི་གཅོད་དང་རིག་པ་ཁུ་བྱུག་སོགས་སེམས་ཕྱོགས་ཀྱི་ཆོས་འགའ་ཞིག་བརྩམས་ཚུལ་དང་། དེ་བཞིན་“འགྲེལ་པ་དང་སྒྲུབ་སྐོར་སོགས་བོད་ཀྱིས་བྱས་པ་རྒྱ་གཞུང་ལ་སྙད་བཏགས་པ་”མང་ཚུལ་དང་། ཇོ་བོ་རྗེ་བོད་དུ་ཕེབས་དུས་སྔོན་ཆད་རྒྱ་གར་ན་དར་མ་མྱོང་བའི་ཆོས་ཟབ་མོ་འདི་འདྲ་འདུག་ཅེས་ཧ་ལས་ནས་དཔེ་རྒྱ་གར་བསྐུར་ཚུལ་དང་། དེ་བཞིན་སྔོན་ཆད་རྒྱ་གར་དུ་ཉན་ཐོས་སེནྡྷེ་པས་ཐེག་ཆེན་ཐུབ་པའི་བཀའ་མ་ཡིན་པར་བསྒྲགས་ནས་ཀླུ་གྲུབ་ལ་སྐུར་འདེབས་ཚན་པོ་ཆེ་བྱས་པ་སོགས་ཀྱིས་མཚོན་འདྲ་མིན་སྣ་ཚོགས་ཤིག་བཤད་སྲོལ་འདུག ད་ལན་ངེད་ཅག་ལྷོད་ལྷོད་བྱ་ནས་དེའི་སྐོར་དཔྱད་ཞིབ་ཞིག་བྱས་པ་ཡིན་ན་ས་སློག་ན་རྡོ་ཐོན་རྒྱུ་མེད་དམ་སྙམ་བཞིན་འདུག
དགོངས་དག་ཚར་གཉིས་སླེབས་འདུག
སྤོབས་པ་མཐའ་ཡས་འདིས་ཐ་སྙེད་དངོས་ཡོད་གནས་ཚུལ་དང་མཐུན་པ་ག་འདྲ་ཡག་པོ་བཤད་འདུགབོན་ནག་རྫུན་པ་རང་རེད། སོལ་བ་དཀྲུས་ཀྱང་དཀར་ནི་མ་རེད། ཁྱད་པར་དུ་མོ་ནག་བོན་ངན་ཁ་རྩོད་དང་ལུས་འདྲིས་ན་ངན་སོང་གསུམ་དུ་སྐྱེ་ལས་གཞན་ན་འགྲོ་ས་མེད་ཅེས་པ་ཅི་མ་བདེན། མིང་སྨན་མོ་མཚོ་བརྟགས་ཀྱང་གཏམ་དུག་མོ་མཚོ་ག་འདྲ་བཤད་འདུག གཉིད་མ་ཁུག་འཆི་སོང་རུང་བདེན་པ་རྫུན་དུ་བསྒྱུར་ཐུབ་ནི་མ་རེད། བདེན་ལུང་བ་གཉིས་ཕུ་ཐག་རིང་ཟེར་བ་གོ་མྱོང་ཤེས་མྱོང་ཨེ་ཡོད། ལོ་རྒྱུས་བཤད་སྐབས་སུ་ཐེག་ཆེན། ཐེག་ཆེན་བཤད་དུས་ཉན་ཐོས། ཉན་ཐོས་གླེང་དུས་རྫོགས་ཆེན། རྫོགས་ཆེན་བཤད་དུས་འཇིག་རྟེན་པའི་རྫུན་ཆེན། མགོ་མ་ཚོས་གོང་གི་ལྕེ་ཟ། མདོ་རྒྱུད་བཤད་དུས་རང་སྣང་གར་ཤར་ལབ་པ་དག་ལ་ཡ་བྱས་ན་ཆོ་ཡོད་ནི་མ་རེད་སྤོབས་པ་མཐའ་ཡས་ལེགས་སོ།
སྟག་ར་ལགས། ངེད་ཀྱི་དྲི་བ་ལ་ཁྱོད་ཀྱིས་ལན་བརྒྱབ་རྒྱག་ཁུལ་བྱས་པ་ལ་ནང་འགལ་རི་བོ་ལྟར་འཛིངས་པ་འདུག་མོད། ད་རེ་ངས་ཁྱོད་ལ་དྲི་བ་གཞན་ཞིག་འདྲི་ཆོག་པ་བྱོས། ཆོ་ག་ཞིག་ཏུ། པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། ་་་་་་་་་་་་་་་་་་སྟག་ལ་མེ་འབར་བཞུགས།། ཞེས་པའི་དགོངས་པ་ཇི་ལྟར་འགྲེལ།
ཤྰཀ་མི་དང་སྟག་རས་ཉོན་དང་། ངས་ཁྱོད་ཚོས་རྩོད་པ་ནང་བཞིན་བརྗོད་ན། ཆོས་རྒྱོ་ནམ་མཁའི་ནོར་བུ་ཁོ་རང་དེང་སང་རྙིང་མ་པ་ཡིན་ཟེར་ནས་ཡེ་ཤེས་མཚོ་རྒྱལ་མཇལ་སོང་ཞེས་མི་ཆོས་བླ་མའི་རྫུན་ཆེན་བཤད་ནས་ཨིས་ཏ་ལན་ན་ཡེ་ཤེས་མཚོ་རྒྱལ་ཆོས་ཚོགས་བཙུགས་ནས་འཁོར་ངན་བཟུང་ནས་ནག་ཚོང་གི་དུས་འདས་ནས་བསྡད་འདུག ། ཧ ཧ
མཁར་རྨེའུའི་མི་ཚེ་ཆུད་ཟོས་སུ་སོང་བའི་ལམ་ཁ་ནས་རྙེད་པའི་བོད་ཡིག་མ་ཡིན་པའི་བོན་ཡིག་ཅེས་ཁོས་རྙེད་མི་འདུག མ་ཚད་ཐོན་མི་རྒྱ་གར་ལ་སོང་མེད་ལ་སོང་ན་དུས་ཚོད་མེད་ཚུལ་གཏམ་ཉོག་ལུང་པ་གང་བཤད་འདུག
མདོར་བསྡུས་ན་ཁོས་བཤད་པ་ལྟར་ན་ང་ཚོས་ཐོན་མི་སམྦྷོ་ཊའི་ཡར་སྔོན་དུ་ཡི་གེ་ཞིག་ཡོད་པ་གཞིར་བཞག་ནས་ཁོང་གིས་དེ་ཡར་རྒྱས་སུ་བཏང་བར་ཆ་འཇོག་བྱས་ཆོག་གི་རེད་སྙམ། འདི་འདྲ་སྐད་ཆ་མང་བོ་ཡོད་པ་རེད། བོན་པོ་ཚོས་ཀྱང་མ་བཅོས་མ་སླད་པའི་ཡི་གེ་ཡོད་ཅེས་ཟེར་ཡང་ཡི་གེ་དེ་དངོས་གནས་གང་འདྲ་ཞིག་ཡིན་པའི་སྐད་ཡིག་དེ་ཚོའི་ཐོག་ཏུ་བྲིས་པའི་དཔེ་ཆ་གཅིག་ཀྱང་ད་བར་མཐོང་མ་སོང་། ཡིན་ནའང་མ་འོངས་པར་ས་བརྐོ་རྡོ་སློག་བྱས་ནས་སྨར་ཆེན་སྨར་ཆུང་ཟེར་བའི་དཔེ་ཆའི་རིགས་ཀྱང་རྙེད་འོང་བ་ཆ་མ་འཚལ་བས་ཐག་གཅོད་པ་ངལ་བའི་རྒྱུ། ཞེས་བཤད་བཞག སྡུག་ཐུག་གི་སྐད་ཆ་ངན་ཤོར་འདུག
སྨན་མོ་མཚོ། ཁྱོད་ཀྱིས་ཉ་ཉོག་མང་པོ་ཞིག་བཤད་མོད་གནད་ལ་འཁེལ་བའི་དོན་དག་གཅིག་ལ་ལན་མི་རྒྱག་གི ད་རེ་ངས་ཁྱོད་ལ་དྲི་བ་གཞན་ཞིག་འདྲི་ཆོག་པ་བྱོས། བོན་པོའི་ཆོ་ག་ཞིག་ཏུ། པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། ་་་་་་་་་་་་་་་་་་སྟག་ལ་མེ་འབར་བཞུགས།། ཞེས་པའི་དགོངས་པ་ཇི་ལྟར་འགྲེལ།
སྟག་ར་ལགས། ཁྱོད་ཀྱིས་ཉོག་གཏམ་ལུང་བ་གང་བསྒྲགས་ནས་ངའི་རྣ་བ་འོན་པར་བཏང་སོང་། ངས་ཁྱོད་ལ་དྲི་བ་ཞིག་འདྲི། མགོན་པོའི་ཆོ་གར། བོན་པོའི་རྟ་ཟོར་འཕེན་པ་ཟློག།ཅེས་པའི་བོན་པོའི་རྟ་ཟོར་འཕེན་སྟངས་ཇི་ལྟར་ཡིན་ནམ།
ཤྰཀ་ཐུབ་པད་འབྱུང་བསྣོལ་བའི་གདན་སྟེང་ན། །
ཆོས་རྒྱོ་ནམ་ནོར་ཆགས་སྡང་མེ་འབར་བཞུགས། །
བན་བོན་ལྟ་ལོག་སྒྲོ་ལོ་སྔོན་པོ་འབྱེད། །
འཁོར་དུ་གཞོང་ཚོང་སྟག་ར་ཀློ་སྨྱོས་བསྐོར། །
སངས་རྒྱས་བསྟན་པ་རྨིང་ནས་བཤིག་པར་བྱེད། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ།
ཤྰཀ་ཐུབ་པད་འབྱུང་བསྣོལ་བའི་གདན་སྟེང་ན།
དབལ་སྲས་སྟག་ལྷ་མེ་འབར་བཞུགས་སུ་གསོལ་།
ཞེས་པའི་འདོན་ཆ་ཞིག་དངོས་ནས་ཨེ་ཡོད་ན་དེ་ཡོད་མེད་བོན་པོ་ཚོས་བན་དེ་རྣམས་ལ་གསལ་བཤད་ཞིག་གནང་རོག
.ཀྱེ་མ། ཕྱོགས་རེ་མིག་ཅན་འབྱུང་བྱའི་ཟླ་བོ་དག །རྟོག་གེ་ལམ་གྱི་དགག་སྒྲུབ་སྟུགས་པོ་ལས། །ནམ་ཡང་ལྡང་མེད་རེ་དོགས་འདམ་དུ་བྱིངས། །ད་དུང་འཁོར་འདས་སོ་མཚམས་འབྱེད་དོ་ལོ། །ལུང་རིགས་མེད་པར་བྱིས་པའི་ངག་གིས་སྨད། །མདོ་སྔགས་ལྟ་བའི་ཟབ་ཁྱད་མ་ཤེས་པར། །རང་བློས་རྟོག་པས་བཞག་པའི་་གྲུབ་མཐའ་ལ། །ཚད་མར་འཛིན་པའི་་ཕྱི་བརྟོལ་ཡ་སོ་ཅན། །བདེན་གཉིས་འགལ་འདུ་སྨྲ་བཞིན་མི་ཚེ་འཛད། །མེད་པར་དགག་དང་གཞན་གྱིས་སྟོང་ངོ་ཞེས། །རྒྱལ་བའི་དགོངས་པ་ཕྱི་རོལ་སྨྲ་བ་དག །ཐར་བ་ཡོད་ཀན་གཟུགས་མེད་རྣམ་ཤེས་ཙམ། །སོད་སོད་རྒྱོབ་རྒྱོབ་སྒྲ་ཆེན་འཇིག་རྟེན་འགེངས། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ཞེས། །དམ་ཆོས་ལས་གསུང་སྙིགས་མ་བཞིན་དུ་འདོར། །ཡིད་ངོར་མཛེས་མའི་ཞལ་རས་གསལ་བཞིན་དུ། །ངུར་སྨྲིག་བསྒོས་ཙམ་རབ་བྱུང་ག་ལ་ཡིན། །ངེས་པར་འབྱུང་བའི་ཚུལ་ཁྲིམས་མེད་གྱུར་ན། །མགོ་རེག་ཙམ་ལ་གུས་པ་ནམ་ཡང་མེད། །ལྟར་སྣང་ཆོས་གོས་རྣམ་གསུམ་བསྒོས་ཁུལ་གྱིས། །མིག་ཀྱང་གཉའ་ཤིང་གང་ལས་མ་མཐོང་ཁུལ། །དོན་ལ་ཟ་འདོད་འཐུང་འདོད་བཅོམ་འདོད་གསུམ། །ཡིད་ཀྱི་རྒྱན་དུ་བརྟེན་པ་བསྟན་པའི་དགྲ། །ཉེསབྱས་སོ་དྲུག་མིང་ཙམ་མ་ཐོས་པའི། །དགེ་ཚུལ་མིང་ལ་འཆེལ་བའི་གྲྭ་བཙུན་དང་། །ཕམ་ལྷག་བཅུ་བདུན་གྲངས་བགྲང་མི་ཤེས་པའི། །སྒྲིག་ལ་འཇིགས་པའི་དགེ་སློང་འཆང་བུ་དག །ད་དུང་བསྟན་པའི་རྩ་བ་ཡིན་ནོ་ལོ། །ང་ཚོ་མེད་ན་བསྟན་པ་ནུབ་བོ་ལོ། །རང་ཁེ་གཞན་ཕམ་ཁོ་ན་བསམ་བཞིན་དུ། །བསྟན་པ་འཛིན་ཟེར་ངོ་ཚ་མེད་པའི་རྟགས། །ལུང་གི་བསྟན་པ་མེ་རོ་ཙམ་ཞིག་ལས། །སྙིང་པོའི་བསྟན་པ་མོ་གཤམ་བུ་བཞིན་གྱུར། །ད་དུང་སྟོན་པའི་དམ་ཆོས་རྣམ་གཉིས་དེ། །རྒྱུད་ལ་ཡོད་མདོག་སྟོན་པའི་ཤོམ་ར་ཅན། །གང་ནས་བལྟས་ཀྱང་གད་མོ་འཆོར་བའི་རྒྱུ། །བསམ་ཞིང་བསམ་ན་སེམས་པ་གཏིང་ནས་ན། །རྟགས་ཙམ་འཛིན་པའི་དགེ་སྦྱོང་ཤ་གཟུགས་དག །དགག་སྒྲུབ་བསླབ་བྱ་ཞེས་པ་ཐོས་ཡོད་དམ། །མེད་ན་འདུལ་ལུང་སྡེ་བཞིའི་དགོངས་པའི་བཅུད། །ཕྱོགས་གཅིག་དྲིལ་བ་འདུལ་བ་མདོ་རྩ་དང་། །མེ་ཏོག་ཕྲེང་རྒྱུད་མཚོ་ཆེན་མཚོ་ཆུང་སོགས། །རིམ་གྱིས་ཡིད་ཀྱི་རྒྱན་དུ་བསྟེན་ཅིག་ཀྱེ། །
.
ད་ཁྱོད་ཚོས་སྟོན་པ་གཤེན་རབ་འདི་ནས་འཁྲུངས་པ་རེད་དང་འདི་ནས་འདས་པ་རེད་ཟེར་བའི་ས་ཕྱོགས་བསྟན་རྒྱུ་མེད་ཐོག་ལྷ་ཡུལ་ཡིན་དང་། ཀླུ་ཡུལ་ཡིན། མི་ཡུལ་ཡིན་ཟེར་བ་ཙམ་ཡང་ཐག་ཆོད་ཀྱི་མི་འདུག་ག ཁྱེད་ཚང་གི་སྟག་ལྷ་གང་ནས་བྱུང་ལབ་ན་ང་མ་དྲང་བ་རེད། བྱམས་མ་གང་དུ་ཡོད་ལབ་ན་ང་མ་དྲང་བ་རེད༎ སྟག་ལྷ་དང་བྱམས་མ་སོགས་ནི་མི་ཡུལ་དུ་སྐྱེས་ཚུལ་བཤད་མི་འདུག ཡིན་ན་གཤེན་རབ་ཀྱང་དེ་འདྲ་ཞིག་བཟོས་ན་ང་ལ་ནི་བསམ་འཆར་གང་ཡང་མེད་མོད་ཁྱོད་ཚོར་དཀའ་ལས་འཕྲད་ཀྱི་རེད། ངས་བསམ་བཟང་གི་སྐད་ཆ་ཡིན།
ང་ཚོས་གཤེན་རབ་འཁྲུངས་ས་འདས་ས། ཆོས་འཁོར་བསྐོར་ས། རྒྱལ་སྲིད་བཟུང་ས། དགོན་པ་བཏབ་ས་ཚང་མ་ངོས་ཟིན་དགོས་ལབ་ཀྱིན་མེད། མི་ལོ་ཆིག་ཁྲིའི་སྔོན་ནས་བྱུང་བ་ཞིག་དེང་སང་ཚང་མ་ངོས་མི་ཟིན་པར་ཁག་ཅི་ཡོད། ཡིན་ན་ཡང་ཁོང་གི་བསྟན་པ་ངོ་མ་ཞིག་ད་ལྟ་ཡོད་པ་བདེན་ན་སྟོན་པ་གཤེན་རབ་འཇིག་རྟེན་འདིར་བྱུང་བའི་དཔང་རྟགས་རེ་ཟུང་ཞིག་ངེས་པར་དུ་བསྟན་རྒྱུ་ཡོད་དགོས་པ་འདྲ་ཞིག་རེད། རླབས་ཆེན་གྱི་ཆོས་ལུགས་གང་ཡིན་ན་ཡང་མི་རབས་ནས་མི་རབས་བརྒྱུད་དེ་གཅིག་གི་གཅིག་ལ་བརྒྱུད་སྤྲོད་བྱས་ནས་ཡོང་དགོས་པ་རེད། ཆོས་ལུགས་གང་ཡིན་ན་ཡང་རང་རང་གི་སྟོན་པ་དང་འབྲེལ་བའི་གནས་ཆེན་དེ་ཚོར་མཇལ་སྐོར་དུ་འགྲོ་སྲོལ་མེད་མཁན་གཏན་ནས་མེད་པ་ལྟ་བུ་ཞིག་རེད། མཚམས་ཞིག་ནས་ས་ཕྱོགས་ཡུལ་ཕྱོགས་དང་བཅས་པ་གཏན་བརླགས་གཏིང་བརྗེད་དུ་གྱུར་སོང་ལབ་ན་ཁྱད་མཚར་རེད། སྟོན་མི་དགོས་ལབ་ན་ཡང་ཁྱེད་རང་ཚོས་མཁྱེན། ཡིན་ན་ཡང་ཁྱེད་རང་ཚོར་དཀའ་ངལ་འཕྲད་ཀྱི་རེད། ང་ཚོའི་ཟངས་མདོག་དཔལ་རི་དང་། རི་པོ་ཏཱ་ལ་སོགས་དང་འདྲ་གི་མ་རེད། དེ་ཚོ་ནི་རྣལ་འབྱོར་པ་སྒེར་གྱི་དག་སྣང་གི་ཞིང་ཁམས་མ་གཏོགས་ནང་པ་སྤྱིའི་ལོ་རྒྱུས་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་མིན་སྟབས་ནང་པ་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་གང་ཡང་མ་རེད། ཟངས་མདོག་དཔལ་རི་ཟེར་བ་ཞིག་འཛམ་གླིང་གི་ནང་པ་སྤྱི་ཕར་ཞོག བོད་ཀྱི་ནང་པའི་ཁྲོད་ན་ཡང་ཟངས་མདོག་དཔལ་རི་དགོས་མཁན་བརྒྱ་ཆ་བཅུ་ཙམ་མ་གཏོགས་ཡོད་པ་མ་རེད། དེང་སང་ཤམ་བྷ་ལ་ཡོད་མེད་ལ་དོག་སློང་དང་དུས་འཁོར་སངས་རྒྱས་ཀྱི་བཀའི་གྲས་ནས་ཕྱིར་ཕུད་གྲབས་བྱེད་ཅིང་ཡོད་པ་དེ་ཡང་ཤམ་བྷ་ལ་འཛམ་གླིང་འདིའི་ཆ་ཤས་སུ་བཤད་པ་དེང་སྐབས་བསྟན་རྒྱུ་མེད་པ་དང་རྒྱ་ནག་བོད་ཀྱི་བྱང་དུ་ཡོད་ཚུལ་སོགས་བཤད་པས་མངོན་སུམ་གྱི་བསྟན་དོན་ལ་མངོན་སུམ་གྱི་གནོད་པ་བབ་སོང་བ་སོགས་ཀྱང་རྐྱེན་གཅིག་རེད། མ་གཞི་དུས་འཁོར་གྱི་སྐོར་དེ་ཁྱོད་ཚོ་བོན་ལ་ཡང་ཡོད་སྙམ། ཤམ་བྷ་ལ་བསྟན་མི་ཐུབ་པའི་དཀའ་ངལ་དེ་ཁྱོད་ཚོས་ཀྱང་མི་དགོས་བཞིན་དུ་སྡུག་ཐོད་ལ་བླངས་ཚར་ཡོད་སྙམ། གཅིག་བྱས་ན་དུས་འཁོར་འདི་ང་ཚོ་བན་དེ་ཚོས་ཁྱེད་ཚོ་བོན་གྱི་ས་ནས་བརྐུས་ཡོང་བ་ཡིན་ན་ཡང་ཅི་ཤེས། ཧ་ཧ། རྡོ་རྗེ་གདན་དང་རྩ་མཆོག་གྲོང་ལྟ་བུ་ཡིན་ན་རང་གི་སྟོན་པའི་སྐུ་ཚེ་དང་འབྲེལ་བའི་གནས་ཆེན་ཡིན་དུས་ནང་པ་ཚང་མ་ལ་དགོས་མཁོ་ཡོད་པ་རེད། དེ་བསྟན་རྒྱུ་མེད་ན་ང་ཚོ་ལ་ཕུགས་མེད་པའི་རྐུབ་བུད་པ་རེད། སངས་རྒྱས་པ་ཡིན་ན་ཡང་ལོ་རྒྱུས་ཀྱི་ཆ་ནས་ཞིབ་ཆ་སྐད་གྲགས་ཡོད་མཁན་ཚང་ཞིག་གང་ཡང་མ་རེད། ཡིན་ན་ཡང་སྟོན་པ་རང་ཉིད་ཀྱི་སྐུ་ཚེའི་མཛད་པ་གླེང་སྐབས་ཆོས་འཁོར་བསྐོར་བའི་ལོ་ནས་སྐུ་མ་གཤེགས་བར་གྱི་དབྱར་གནས་བཞུགས་ས་ཚང་མ་ད་ལྟ་རེརེ་ནས་བསྟན་ཐུབ་པ་ལྟ་བུ་ཞིག་རེད།
ཐེག་པ་ཆེན་པོ་བཀའ་ཡིན་མིན་གྱི་དོགས་སློང་དེ་སྔོན་ནས་ཡོད་པ་རེད། ངས་ཀྱང་དུས་བབ་དྲ་བའི་ཟིན་བྲིས་སྟེང་ལ་བཤད་མྱོང་། ཡིན་ན་ཡང་ད་ལྟ་བར་དུ་ལན་འདེབས་མཁན་བྱུང་མ་སོང་། དེའི་སྐོར་ལ་གླེང་མོལ་བྱས་ན་ཕན་ཐོགས་འདུག་སྙམ་ན་ཐོག་མར་ཁྱེད་རང་ཚོའི་རང་ལུགས་ཞོག་དང་དེ་ནས་ངས་དགག་བཞག་སྤོང་གསུམ་གང་འོས་བྱེད་ཆོག དེ་ལ་ངས་དགའ་བསུ་ཞུ་རྒྱུ་ཡིན། དེའི་སྐོར་ལ་ངས་བཤད་འདོད་པ་མང་ཙམ་ཡོད།
འོལ་མོ་ལུང་རིང་གང་དུ་ཡོད་མེད་སྐོར་ཞིག་ངས་སྔོན་མ་བོན་གྱི་ཡིག་ཆ་ཞིག་ལས་འདི་འདྲ་ཞིག་བཀླགས་མྱོང་། དེ་ཡང་གནས་སྐོར་བ་ཞིག་གིས་ཁ་ཆེའི་ཡུལ་ནས་ཕར་བལྟས་སྐབས་འཇའ་ཚོན་ཐིབས་སེ་ཡོད་པ་རེད། ས་ཕྱོགས་དེ་འོལ་མོ་ལུང་རིང་ཡིན་པ་རེད། ཡིན་ན་ཡང་གངས་རིའི་རྩ་བར་གྲོག་མ་འབྲོང་ལྟ་བུ་ཤ་སྟག་འགྲོ་བཞིན་པ་མཐོང་བས་འགྲོ་མ་ཕོད་པ་རེད་ཟེར་བ་ཞིག་བཀླགས་མྱོང་།
ཁ་ཆེ་ཟེར་བ་ཀ་ཤི་མིར་རེད། དེར་ང་ཡང་འགྲོ་མྱོང་། དེ་ནས་ཕར་བལྟས་ན་འཇའ་ཚོན་ཐིབས་ཡོད་པ་ནི་མཐོང་མ་སོང་ལ་གྲོག་མ་འབྲོང་འདྲ་བ་ནི་ག་བ་ག་བ། ཁྱེད་ཚོ་ཀ་ཤི་མིར་ཡས་མས་ལ་ཕེབས་ནས་རི་མཐོན་པོ་ཚོའི་རྩེ་ནས་ཕར་ལྟོས་དང་། སྟེང་ན་འཇའ་ཚོན་ཐིབས་སེ་ཡོད་པ་དང་། གངས་རིའི་རྩ་ན་གྲོག་མ་འབྲོང་འདྲ་བ་མཐོང་ན་ཤར་རྒྱག་གིས་སོང་དང་དེ་འོལ་མོ་ལུང་རིང་རེད་འདུག གྲོགས་པོ་ཚོ།
སྟག་རས་སྤྲུལ་མིང་ཉི་མ་རྒྱལ་མཚན་གྱི་མཛད་པའི་ཀློང་ཆེན་མཛད་རྣམ་ཇི་བཞིན་དྲངས་འདུག་པ་དེའི་མཇུག་གི་ཚིག་བཅད་རིམ་པ་བཞིན་དུ་བཀོལ་ན། ༼ངག་གིས་དབང་པོས་འཆད་ལུགས་མཐོང་ཙ་ན། སྐུ་མཆེད་གསུམ་པོས་ཆོས་འཆད་དིག་དིག་པོ། ༽འདིའི་སྐུ་མཆེད་གསུམ་ནི་ཐོགས་མེད་སྐུ་མཆེད་ཡིན་ནམ། ༼ཀློང་ཆེན་རབ་འབྱམས་རིག་སྨྲ་མཐོང་ཙ་ན། ཕྱྭ་གཙང་དན་གསུམ་རྩོད་པ་རྐྱང་རྐྱང་པོ། ༽ཕྱྭ་བ་ཆོས་སེང་དང་གཙང་དན་གཉིས་ཧ་གོ་སོང། ༼ཀུན་མཁྱེན་ཆེན་པོས་རྩོམས་པ་མཐོང་ཙ་ན། བུ་དོལ་ཤར་གསུམ་རྩོམ་པ་མོག་མོག་པོ། ༽བུ་སྟོན་དང་དོལ་བུ་བ་ཤེས་རབ་རྒྱལ་མཚན། ཐ་མ་ཤར་ཙོང་ཁ་བ་ཡིན་ན་ལོ་ཚིགས་དང་མི་མཐུན། ༼སྣ་ཚོགས་རང་གྲོལ་ལྟ་དགོངས་མཐོང་ཙ་ན། ཆེན་པོ་གསུམ་གྱི་གྲུབ་མཐའ་ཡུ་ཡུ་པོ། ༽ས་སྐྱ་བཀའ་བརྒྱུད་བཀའ་གདམས་པ་གསུམ་ཡིན་ནམ་སྙམ། ༼འཕན་པ་བཟང་པོའི་མཛད་སྤྱོད་མཐོང་ཙ་ན། ཆེན་པོར་འདོད་པའི་སྤྱོད་པ་དམན་དམན་པོ། ༽ཇོ་བོ་རྗེ་དང་། ༼པད་མ་ལས་འབྲེལ་ཡོན་ཏན་མཐོང་ཙ་ན། རྟོགས་ལྡན་མིང་བཏགས་རྣམས་ཀྱང་བླུན་བླུན་པོ། ༽ རྗེ་མི་ལ་རས་པ་སོགས་ཡིན་ནམ།
བུམ་པ་ཆོས་ཅན། བུན་པ་བོན་ཅན། སྟག་ལ་མེ་འབར་ཆོས་ཅན། སྟག་ལ་མེ་འབར་བོན་ཅན། བོན་པོའི་ལུགས་སྲོལ་ལ་ཆོས་ཞེས་པའི་ཚབ་ཏུ་ཀུན་ལ་བོན་ཞེས་སྦྱོར་བ་ཡིན། ང་རང་བོན་པོའི་གྲྭ་ཆུང་ཞིག་དང་མཉམ་དུ་གྲོང་གསེབ་ཅིག་ཏུ་སྡོད་སྐབས། གྲྭ་ཆང་དེས་ཁ་འདོན་དུ། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།ཞེས་པ་ནས། བོན་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ཞེས་འདོན་པ་ན་དང་ཐོག་ངས་ཁོ་ལ། བོན་དེ་ལགས། ཞལ་འདོན་གྱི་ཚིག་དེ་སུས་གསུངས་པ་རེད་ཅེས་དྲིས་སྐབས། ཁོས་དགེ་རྒན་གྱིས་བསླབས་པ་རེད་ཟེར། འོ་ན་ཆོསདང་བཀྲ་ཤིས་མི་ཟེར་བར། བོན་དང་བཀྲ་ཤིས་ཟེར་དོན་ཅི་ཡིན་ནམ་ཞེས་དྲིས་སྐབས། ཁོས་ཧ་གོ་མ་སོང་ཟེར། རྗེས་སུ་བོན་གྲོགས་ཤིག་གིས་བརྗོད་ན་ཆོས་ཡོད་ཚད་ལ་བོན་ཞེས་སྦྱོར་བ་ཡིན་ཟེར། རྒྱ་གར་གྱི་དྷར་མ་ཟེར་བ་ཆོས་ལ་འཇུག་པས་ཁོང་ཚོས་དེ་ལྟར་མ་འདོད་པ་ཡིན་ནམ་སྙམ་མོད། ཆོས་ཞེས་པ་བོད་སྐད་གཙང་མ་ཞིག་ཡིན་ན་ཡང་བོན་ཞེས་བཙན་གྱིས་སྦྱར་དོན་ཅི་ཡིན་ནམ།
དྲ་གྲོགས་བོན་ལགས། ཁྱོད་ཀྱི་མཆན་ཡོངས་རྫོགས་ནང་རང་སྟོད་གཞན་སྨད་ཕྱོགས་རིས་རང་ལུགས་ཀྱི་འཆར་གཏམ་འབའ་ཞིག་ལས་ཚུལ་ལྡན་དྲང་བཞག་གི་གཏམ་སྣ་གཅིག་ཀྱང་མི་འདུག ཉིད་ཀྱིས་བཀོད་པའི་གོང་གི་མཆན་རྣམས་རང་མཚང་ཐེར་འདོན་དུ་བྲིས་པ་ཡིན་ནམ་ཡང་ན་གཞན་ལ་ཟུར་ཟ་དམའ་འབེབ་ཀྱིས་ཆེད་དུ་བྲིས་པ་ཡིན། བན་བོན་གཉིས་ཀྱི་ནང་འཁྲུག་མཚམས་བཞག་ན་མི་མཛེས་སམ།
སྤྲུལ་མིང་ཉི་མ་རྒྱལ་མཚན་གྱིས་བྲིས་པའི་ཀློང་ཆེན་མཛད་རྣམ་ལས། ༼བདག་ཉིད་ཆེན་པོ་འདིས་བརྩམས་པའི་བསྟན་བཅོས་ཀྱང་སྤྱིར་ཁ་བ་ཅན་དུ་བཀའ་བསྟན་བྱུང་ངོ་ཅོག་ཕལ་ཆེ་བ་ཞིག་ལ་ཡིག་ཆ་མ་བཞག་པ་མེད་ཅེས་གྲགས་ཀྱང་དེ་དག་ནི་བྱུང་སྔ་བ་དང་བདག་པོ་བྱེད་མཁན་མེད་པ་སོགས་ཀྱི་རྐྱེན་ལས་ཕལ་ཆེར་འཐོར་བརླག་ཏུ་སོང་སྟེ་དཔེར་ན་ཤེར་ཕྱིན་འགྲེལ་ལེགས་བཤད་གསེར་ཕྲེང་ཁོང་གིས་བརྩོམས་པ་ཡིན་ཀྱང་དགའ་ལྡན་གྱི་མཁས་དབང་རྣམས་ཀྱིས་བདག་སྤྲད་དེ་མཛད་བྱང་བསྒྱུར་བར་མཛད་པའི་ལོ་རྒྱུས་ཡོད་པ་བཞིན་ཡིན་ལ། ༽སྟག་ར་ཡིས་ཁུངས་གཏུགས་སའི་ལུང་འདི་འདྲ་རྐྱང་རེད། བལྟོས་དང་རྒྱལ་བ་ཀློང་ཆེན་གྱིས་བདག་པོ་རྒྱག་མ་ཐུབ་པར་ཆུས་ཁྱེར་ནས་ཡོང་སྟེ་རྗེ་ཙོང་བས་བདག་པོ་མཛད་དེ་མཛད་བྱང་བསྒྱུར་བ་ལྟ་བུར་བཤད་འདུག ཧ་ཧ་གད་མོ་ཤོར་བ་རང་རེད་མི་འདུག་གམ། དེས་ན་སྟག་ཚང་ལོ་ཙཱ་བས་ལེགས་བཤད་གསེར་ཕྲེང་གཟིགས་ཏེ་རྗེ་ལ་བསྟོད་པ་མཛད་པ་དང་མཁས་པ་མང་པོས་འདི་ལ་འཆད་ཉན་མཛད་པ་ཚང་མའི་མགོ་ལ་ཞྭ་མོ་ནག་པོ་གཡོགས་ཤིག
སྟག་ར་ཡིས་ཁུངས་སུ་བྱས་པའི་སྤྲུལ་མིང་ཉི་མ་རྒྱལ་མཚན་གྱི་མཛད་པའི་ཀློང་ཆེན་མཛད་རྣམ་ཇི་བཞིན་དྲངས་འདུག་པ་དེའི་མཇུག་གི་ཚིག་བཅད ༼ངག་གིས་དབང་པོས་འཆད་ལུགས་མཐོང་ཙ་ན། སྐུ་མཆེད་གསུམ་པོས་ཆོས་འཆད་དིག་དིག་པོ། ༽འདིས་སྐུ་མཆེད་གསུམ་པོ་ནི། ཡང་ན་བཀའ་གསམས་པའི་རྒྱལ་སྲས་སྐུ་མཆེད་གསུམ་ཡིན་རྒྱུ་རེད།
བཀའ་གདམས་པའི་ཞེས་བར་བཅོས།
ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།ཡོང་ཁུངས་Wikipedia
མཚམས་སྦྱོར་དང་པོ།ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ༼ ༡༣༠༨–༡༣༦༣༽ རྩོམ་པ་པོ་མི་གསལ། སུ་རུ་མེ་ཏོག་ནས།
ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ནི་རྫོགས་པ་ཆེན་པོའི་བཀའ་སྲོལ་ཆེས་ཆེར་གསལ་བར་མཛད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་རམ། མཚན་གཞན་ཚུལ་ཁྲིམས་བློ་གྲོས་ཏེ། རབ་བྱུང་ལྔ་པའི་ས་ཕོ་སྤྲེལ་༼སྤྱི་ལོ༡༣༠༨༽ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་ སྐུ་བལྟམས། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས་ཤིང་སྔ་གཞུག་ཏུ་ཀརྨ་པ་རང་ བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མའི་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་དུ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ ཞབས་ཀྱིས་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་༼སྤྱི་ལོ༡༣༦༢༽ལོར་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཅེས་པ་ཕྱག་རྩོམ་གནང་། དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་༼སྤྱི་ལོ༡༣༦༣༽ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །
ཁོང་གི་གསུང་རྩོམ་སྐོར་ལ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་སོ། །
མཚམས་སྦྱོར་གཉིས་པ།ཀློང་ཆེན་རབ་འབྱམས་པ།
ཁོང་﹙༡༣༠༨–༡༣༦༣﹚ནི་སྔ་འགྱུར་བསྟན་པའི་སྒྲོན་མེ་ཆེན་པོ་འགྲན་ཟླ་བྲལ་བ་ཞིག་སྟེ། གཡོ་རུ་གྲྭའི་ཆ་སྟོད་གྲོང་༼ད་ལྟའི་འཕྱོང་རྒྱས།༽དུ་ཡབ་སྔགས་འཆང་བསྟན་པ་སྲུང་དང་། ཡུམ་འབྲོམ་བཟང་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། མཚན་གཞན་དྲི་མེད་འོད་ཟེར་དང་ཚུལ་ཁྲིམས་བློ་གྲོས་ཏེ་ཀུན་མཁྱེན་ཚུལ་བློ་ཡང་གསོལ། དགུང་ལོ་ལྔ་ལ་ཕེབས་ཚེ་ཡི་གེ་འབྲི་ཀློག་རྣམས་བརྡ་སྤྲད་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་ནས་བཟུང་ཡབ་སྔགས་འཆང་གི་དྲུང་ནས་བཀའ་བརྒྱད་བདེར་འདུས། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་སོགས་བཞེས། སྨན་དང་རྩིས་ལ་སོགས་པ་གསན་ནས་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་གྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་གཉིས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། གཞན་ཡང་སློབ་དཔོན་བཙན་དགོན་པ་དང་གཞོན་ནུ་རིན་ཆེན་གཉིས་ཀྱི་དྲུང་ནས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ། དཔང་ལོ་ཆེན་པོ་ལས་མངོན་པ་དང་ཟབ་མོ་མདོ་ལྔའི་བཤད་པ་བཅས་གསན་ནས་གྲྭ་ས་ཆེན་པོའི་སྡེ་ཕལ་ཆེར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ཁྱབ། སློབ་དཔོན་གཞོན་ནུ་དོན་གྲུབ་ལས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་སྐོར་དང་། ཞི་བྱེད། རྫོགས་ཆེན་གྱི་མན་ངག་སོགས་གསན་ཅིང་། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེ་དང་། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ། བླ་མ་འཇམ་དབྱངས་པ་སོགས་བླ་མ་བཅུ་ཕྲག་ལྷག་ཙམ་ལ་བསྟེན་ནས་གངས་ལྗོངས་སུ་དར་བའི་མདོ་སྔགས་ཀྱི་ཆོས་བརྒྱུད་ཡོངས་ལ་གསན་གཞེས་གནང་། ལྷག་པར་དུ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་གསང་སྔགས་སྔ་འགྱུར་གྱི་གདམས་པ་མཐའ་དག་ཉམས་ཁྲིད་དུ་གསན་ནས་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་མཛད་པ་ལས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་ལ་སྙིང་ཐིག་གི་ཆོས་རྒྱ་ཆེར་གསུངས་ཤིང་། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ། མཛོད་བདུན་གྱི་ཕལ་ཆེ་བ་སོགས་གནས་འདི་རུ་བརྩམས་པར་མཛད་ཅིང་། དགོན་གནས་བཏབ་པའི་མིང་ལ་ཨོ་རྒྱན་རྫོང་གནས་ཞེས་བཏགས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགོང་ལོ་ལྔ་བཅུ་ང་དྲུག་ཐོག་བསམ་ཡས་མཆིམས་ཕུ་རུ་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་ལ་ཕུལ་བས༼ སྦྱིན་སྲེག༽ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པ་དང་རིང་བསྲེལ་གྲངས་མེད་བྱོན། དེ་དག་ནང་རྟེན་དུ་བྱས་ནས་འདྲ་སྐུ་རིན་པོ་ཆེ་ཞིག་བཞེངས་ཤིང་། དེ་གཟུངས་གཞུག་ཏུ་བྱས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཞིག་ཀྱང་གནས་དེ་རུ་བཞེངས་ཡོད། ཞིབ་ཏུ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་ཅེས་པར་གསལ་བས་དེར་གཟིགས་ཤིག །
ཁོང་གིས་སྐུ་ཚེ་གང་ལ་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། སྙིང་ཐིག་ཡ་བཞི། ཡང་ཏིག་སྐོར་གསུམ་སོགས་མང་དུ་བརྩམས་པ་དེ་དག་ད་ལྟ་སྡེ་དགེ་པར་ཁང་ཆེན་མོར་བཞུགས། གཞན་ཡང་། ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་ཞེས་པའི་ནང་དུ་གསུངས་པ་ལྟར་ན། ཀུན་མཁྱེན་མཆོག་གི་གསུང་རྩོམ་གྲས་སུ་ཕྱིའི་རིག་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ་དང་ནང་གི་རིག་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་བརྒྱ་དང་ཉེར་བརྒྱད། གསང་བའི་རིག་གནས་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ། ཁྱོན་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པར་གསུངས།
ཀུན་མཁྱེན་འདིའི་མཚན་གྱི་རྣམ་གྲངས་ལ་ཀློང་ཆེན་རབ་འབྱམས་དང་། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་པོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ། སྤོབས་པ་མཐའ་ཡས་སོགས་མང་ངོ་། །
གསེར་མཁན་པོ་འཇིགས་མེད་ཕུན་ཚོགས་འདྲ་རིས་མེད་གཅིག་མེད་པ་འདྲ། སྔོན་རྒྱ་གར་ཕེབས་ནས་རྒྱལ་བ་རིན་པོ་ཆེ་ལ་རིག་པའི་རྩལ་དབང་བསྐུར། རྫོགས་ཆེན་གྱི་ཁྲིད་བཏབས། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བསྟན་པ་ནང་མཐུན་དགོས་གསུངས་པ་ལས། བོན་ནང་པ་སངས་རྒྱས་མིན་པ་གསུངས་བཞག ཡིན་ན་ཡང་ང་ཚོ་ཆོས་ལུགས་གྲུབ་མཐའ་ཁ་ཁ་རེད། ཆོས་ལུགས་དང་གྲུབ་མཐའ་ལ་མུ་བཞི། བན་བོན་ལ་མུ་བཞི་བཞི་དབྱེ་ནས་གསུང་བཞག བོན་ནང་འཁོར་ནས་རིས་མེད་བསྟན་རྒྱས་སྨོན་ལམ་ཚོགས་འདོན་སྐབས་སུ་ཡང་བོན་བསྟན་རྒྱས་གསུངས་མི་འདུག མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས།
རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ། །
གྲངས་མེད་བསྐལ་བ་མང་པོའི་གོང་རོལ་ནས། །
སྙིང་རྗེ་ཐུགས་བསྐྱེད་དྲག་པོ་ཁུར་བཞེས་ཏེ། །
རྩོད་ལྡན་མུན་པའི་ཞིང་འདི་ཡོངས་བཟུང་བ། །
སྟོན་མཆོག་ཐུབ་པའི་དབང་པོ་དགོངས་སུ་གསོལ། །
གང་གི་ཐེག་མཆོག་སྙིང་པོའི་རིང་ལུགས་ནི། །
བསིལ་ལྡན་ཁ་བའི་ལྗོངས་འདིར་དར་བ་ལ། །
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་ཡོངས་གྲགས་ལས། །
བསྟན་དང་བསྟན་འཛིན་ཕྱོགས་མཐར་རྒྱས་གྱུར་ཅིག །
རྒྱལ་བསྟན་ཕྱི་དང་ནང་རྒྱུད་ཡོ་ག་གསུམ། །
ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་སྲོལ། །
འཛིན་སྐྱོང་སྤེལ་བའི་ལམ་བཟང་ཟླ་མེད་པ། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
དྲི་མེད་བསླབ་པ་གསུམ་གྱིས་རྒྱུད་བསྡམ་ཤིང་། །
ཐུབ་དབང་སྤྱན་གཟིགས་སྒྲོལ་མ་མི་གཡོ་བ། །
མི་ཕྱེད་གཏན་གྱི་སྐྱབས་སུ་ཉེར་བསྟེན་པའི། །
ཇོ་བོ་བཀའ་གདམས་བསྟན་པ་རྒྱས་གྱུར་ཅིག །
ཁྱད་པར་ཨ་ཏི་ཤ་ཡི་རིང་ལུགས་མཆོག །
བཤད་སྒྲུབ་དྲི་མ་མེད་པས་འཛིན་མཁས་ཤིང་། །
འདུལ་འཛིན་གཙང་མས་ནོར་འཛིན་འགེངས་ནུས་པའི། །
རི་བོ་དགེ་ལྡན་བསྟན་པ་རྒྱས་གྱུར་ཅིག །
འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་རྗེའི་གར། །
གོང་མ་རྣམ་ལྔའི་ཐུགས་དགོངས་སྙིང་པོའི་མཐིལ། །
ཀྱེེ་རྡོར་ལམ་འབྲས་ཉམས་ལེན་གཙོར་བྱེད་པའི། །
དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག །
གྲུབ་ཆེན་ནཱ་རོ་པ་དང་མེེ་ཏྲི་བའི། །
བརྒྱུད་པའི་བཀའ་སྲོལ་ཐབས་ལམ་ཆོས་དྲུག་དང་། །
གྲོལ་ལམ་ཕྱག་རྒྱ་ཆེན་པོ་ཉམས་བཞེས་པའི། །
འགྲོ་མགོན་བཀའ་བརྒྱུད་བསྟན་པ་རྒྱས་གྱུར་ཅིག །
གཞན་ཡང་ཞི་བྱེད་ཤངས་པ་ཇོ་ནང་དང་། །
བསྙེན་སྒྲུབ་ལ་སོགས་རིས་སུ་མ་ཆད་པའི། །
རྣམ་དག་རྒྱལ་བའི་བསྟན་པ་ཇི་སྙེད་ཀུན། །
སྲིད་པའི་མཐར་ཡང་ཡོངས་སུ་རྒྱས་གྱུར་ཅིག །
མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་། །
ཆོས་ཉིད་རྣམ་དག་ཆོས་ཅན་རྟེན་འབྲེལ་མཐུས། །
བདག་གི་ཡིད་ལ་སྨོན་པའི་རེ་འབྲས་ཀུན། །
མ་ལུས་ཡོངས་སུ་འགྲུབ་པར་མཛད་དུ་གསོལ། །
ཞེས་དམ་པའི་སྐྱེས་ཆེན་སྡེ་དགེ་བཀྲ་ཤིས་རྡོ་རྗེས་བསྐུལ་བ་ལ་རྐྱེན་བྱས་ཏེ་ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པའོ།།
བན་བོན་ལ་མུ་བཞི་ཡོད་དེ། བན་ཡིན་ལ་བོན་མ་ཡིན་པ་མགོན་སློབ་དཔོན་རིན་པོ་ཆེ། བོན་ཡིན་ལ་བན་མ་ཡིན་པ་སྟག་ལ་མེ་འབར། གཉིས་ཀ་ཡིན་པ་སྟོན་པ་གཤེན་རབ། གང་ཡང་མ་ཡིན་པ་རྒྱལ་པོ་གླང་དར།
༡༽སྤོབས་ལན་ལོག་རྟོག་མཐར་འབྱིན།།
ཁ་སང་ལས་བྲེལ་གྱིས་རྐྱེན་པས་དྲ་ཐོག་ཏུ་ཡོང་ཁོམས་མ་བྱུང་བས་རྣམས་པ་ཚོས་མང་པོ་ཞིག་བྲིས་ཚར་འདུག་ཀྱང་། ཚང་མས་ཧ་ལམ་ཆགས་སྡང་གི་གཏམ་ངན་ལས་ངས་ཁ་སང་མཆན་ཨང་༼༡༩༡༽ཐོག་བརྗོད་གཞི་ཞིག་གཏན་འབེབ་བྱས་ཡོད་པས་དེའི་སྐོར་གླེང་མཁན་ཕལ་ཆེར་མེད་པ་མ་ཟད། ཐ་ན་དེའི་ཐད་གླེང་ན་ཚང་མ་རྭ་རྩེ་ལ་རྡོ་རྒྱབ་ན་རྭ་རྩ་ལ་ན་ཞེས་པའི་དཔེ་ལྟར་གྱུར་ཡོད་ཚོད་རེད།།
འོན་ཀྱང་ཁྱེད་རང་ཚོས་དྲ་ཐོག་འདིར་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། འཚེ་མེད་ཞི་བདེ་ཁ་ནས་གྱེར་བཞིན་ཁོག་ནས་གཞན་གནོད་ཀྱི་བྱ་བ་འབའ་ཞིག་བསྒྲུབ་བཞིན་འདུག་པ་དེའི་ཚབ་ཏུ་ངས་ནི་ད་དུང་ཡང་ཁྱེད་ཅག་ལ་གོང་ཞུས་ཀྱི་བརྗོད་གཞིའི་སྐོར་དྲི་བ་ཨ་སྐོར་ཡང་སྐོར་དང་། དེ་དང་དེ་འདྲའི་བརྗོད་གཞི་ཁག་ད་དུང་མུ་འཐུད་དེ་འཚོལ་བསྒྲུབ་བྱ་ནས་དྲ་ཐོག་ཏུ་བཀོད་ཐབས་ལ་ཅི་ནས་ཀྱང་འབད་ངེས་ཡིན།། རྒྱུ་མཚན་ཅི་ཡི་ཕྱིར་ན། གོང་དུ་སྤོབས་མཐས་གཤེན་རབ་མི་བོའི་སྐོར་གླེང་སྐབས་‘‘ལོ་ཆིག་ཁྲིའི་སྔོན་ནས་བྱུང་བ་ཞིག་དེང་སང་ཚང་མ་ངོས་མི་ཟིན་པར་ཁག་ཅི་ཡོད། ཡིན་ན་ཡང་ཁོང་གི་བསྟན་པ་ངོ་མ་ཞིག་ད་ལྟ་ཡོད་པ་བདེན་ན་སྟོན་པ་གཤེན་རབ་འཇིག་རྟེན་འདིར་བྱུང་བའི་དཔང་རྟགས་རེ་ཟུང་ཞིག་ངེས་པར་དུ་བསྟན་རྒྱུ་ཡོད་དགོས་པ་འདྲ་ཞིག་རེད།’’ཅེས་གསུངས་པ་ལྟར་ངས་ཀྱང་དེ་ལ་རྒྱབ་སྐྱོར་བྱ་བཞིན་ཡོད།། འོན་ཀྱང་ད་ལྟའི་བར་ང་ཚོའི་རྒྱལ་རབས་ལོ་རྒྱུས་དང་བསྟན་འབྱུང་ཁག་ལས་ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གླེགས་བམ་བྲག་རི་བརྩེགས་ལྟ་བུའི་ནང་ནས་བསླུ་མེད་གཡུང་དྲུང་གི་ལུང་ཚིག་གསེར་རིའི་ཕྲེང་བ་ལྟར་རབ་དང་རིམ་པས་དྲངས་ཤིང་དེ་ལ་རིགས་པའི་རྣམས་གྲངས་ཀྱང་མཐའ་ཡས་པ་བཀོད་ཡོད་ཀྱང་ཁྱེད་ཅག་ད་དུང་ཡིད་ཆེས་བྱ་རྒྱུའི་ཚབ་ཏུ་རྐུ་བྱས་རབས་དང་དཔེ་བཤུས་རབས་རྫུན་ཡིན་རབས་རྐྱང་རྐྱང་གིས་‘‘རྐུ་མས་གཡག་མགོ་ཨང་འོག་ཏུ་སྦས་ཏེ་ཤག་རྭ་རྩེ་ནས་རྒྱག་’’ཟེར་བའི་དཔེ་ལྟར་བྱས་དང་བྱེད་བཞིན་པ་འདི་ཀ་་རེད།
ད་ནི་ངེད་བོན་བན་གཉིས་ཀའི་གཙུག་ལག་ཁང་སོགས་སུ་རི་རབ་ལྷུན་པོའི་གཏོས་དང་མཉམ་པར་བརྩེགས་པའི་གསུང་རབ་གླེགས་བམ་འདི་དག་ཕལ་ཆེ་བའི་ནང་ཐེག་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་སིམ་འཛུལ་དུ་མ་བྱས་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེས་ན་དེ་ལྟ་བུའི་གཞི་རྒྱ་ཆེ་བའི་སྔགས་རྫོགས་གཉིས་ཀྱིས་གཙོས་པའི་ཐེག་ཆེན་གཞུང་ལུགས་དེ་དག་གི་རྩ་བའི་བྱུང་ཁུངས་རྣལ་མ་དེ་རྩད་འཚོལ་ལ་བརྟེན་ནས་ད་གཟོད་སྟོན་པ་གཤེབ་རབ་མི་བོ་ཐ་ན་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་མིན་ཐད་རང་བཞིན་གྱིས་གསལ་སྟོན་བྱ་བའི་ཐབས་ལམ་ལ་འཇུག་རྒྱུར་འདོད་པས་སོ།།
འོན་ཀྱང་དེ་ང་མི་སྒེར་གྱི་ལྟ་བ་ཙམ་ཡིན། ངས་བསམ་ན་ལམ་འདི་ཉིད་ཧ་ལམ་བོན་གྱི་བདེན་མཐའ་བསལ་བ་ལ་ལམ་ཉེ་ཤོས་ཤིག་རེད་འདུག་སྙམ།
ཅི་ཡི་ཕྱིར་ན་སྔར་རི་བོ་དགེ་ལྡན་པའི་བསྟན་འཛིན་བྲག་དཀར་བཤེས་བྱ་བ་སོགས་ཀྱིས་༼སངས་རྒྱས་ཀྱི་བཀའ་ཟབ་མོ་མདོ་རྒྱུད་ཐམས་ཅད་བོན་དང་མུ་སྟེགས་པའི་ཕྱོགས་ལ་ཕུལ་ནས་རྫོགས་པའི་སངས་རྒྱས་དང་མདོ་སྡེ་དང་རྒྱུད་སྡེ་ཐམས་ཅད་ཆོས་མ་ཡིན་པར་༽བཤད་པ་དང་གཅིག ཐུང་ཉེ་ས་ནས་བཤད་ན་གོང་དུ་མཆན་ཨང་༼༢༠༢༽ སྤོབས་པ་མཐའ་ཡས་ཀྱིས་‘‘དེང་སང་ཤམ་བྷ་ལ་ཡོད་མེད་ལ་དོག་སློང་དང་དུས་འཁོར་སངས་རྒྱས་ཀྱི་བཀའི་གྲས་ནས་ཕྱིར་ཕུད་གྲབས་བྱེད་ཅིང་ཡོད་’’ཅེས་དང་ཡང་‘‘གཅིག་བྱས་ན་དུས་འཁོར་འདི་ང་ཚོ་བན་དེ་ཚོས་ཁྱེད་ཚོ་བོན་གྱི་ས་ནས་བརྐུས་ཡོང་བ་ཡིན་ན་ཡང་ཅི་ཤེས་’’ཞེས་རིམ་གཉིས་དང་རྩ་རླུང་ཐིག་གསུམ་སོགས་ཐེག་པ་ཆེན་པོའི་རྣམ་བཞག་རྒྱས་པར་མངའ་བའི་དུས་འཁོར་གྱི་གཞུང་ཆེན་འདི་དག་ཧ་ལམ་རིང་མིན་བོན་པོ་ཚང་ལ་འབུལ་རྩིས་ཡོད་པ་མ་ཟད། དེ་དང་ཕྱོགས་མཚུངས་ཆོས་མངོན་པ་མཛོད་ཀྱང་དགེ་ལུགས་པའི་གྲྭ་རྒན་མང་པོ་ཞིག་གིས་གྱེས་ཕྱག་ཕུལ་ཚར་བར་བཤད་སྲོལ་འདུག་ལ། ད་དུང་སྤོབས་མཐས་‘‘ཐེག་པ་ཆེན་པོ་བཀའ་ཡིན་མིན་གྱི་དོགས་སློང་དེ་སྔོན་ནས་ཡོད་པ་རེད། ངས་ཀྱང་དུས་བབ་དྲ་བའི་ཟིན་བྲིས་སྟེང་ལ་བཤད་མྱོང་། ཡིན་ན་ཡང་ད་ལྟ་བར་དུ་ལན་འདེབས་མཁན་བྱུང་མ་སོང་’’ཞེས་བཤད་པར་ལྟོས་དང་ཚིག་དྲིས་ནས་མི་ཤོད་སྒུག་ནས་བཤད་མ་སོང་ངམ། འོ་རེད་རེད་བཀའ་བརྟེན་ཡང་དེ་བས་ཀྱང་ཡིན་དཀའ་སྟེ་སྟོན་པའི་བཀའ་དང་མ་འབྲེལ་བས་སོ།
ད་དུང་གོང་དུ་མཆན་ཨང་༼༡༨༢༽ནང་་སྤོབས་མཐའ་ན་རེ་‘‘ དགའ་ལྡན་ལྷ་ཡུལ་ལ་ཊུ་ཤི་ཏ་ཟེར། དེ་ནི་དེང་སང་རྡ་རམ་ས་ལའི་ཐོད་ན་ཡང་ཊུ་ཤི་ཏ་གཅིག་ཡོད་ཡོད་པ་རེད་’’ཞེས་ཟེར་བ་ནི་གད་མོ་སློང་བའི་གནས་ལས་མ་འདས་ཏེ། བྱམས་མགོན་བཞུགས་གནས་དགའ་ལྡན་གྱི་ཡུལ་བོན་ཅན། ཁྱོད་རྡ་རམ་ས་ལཱའི་ཐོད་དུ་མེད་དེ། ཁྱོད་མཛམ་བུ་གླིང་ལ་མེད་པའི་ཕྱིར། དེར་ཐར་ཁྱོད་མདོ་ལས་གསུངས་པའི་རྒྱལ་སྲས་ཞེ་བརྒྱད་འཆད་སྐབས་‘‘དང་པོ་ཡོད་དེ་སངས་རྒྱས་ཞིང་ནས་འཛམ་གླིང་དུ་སྐྱེ་བ་དང་། དགའ་ལྡན་གྱི་གནས་ནས་འཛམ་བུ་གླིང་དུ་སྐྱེ་བ་དང་། གླིང་གཞན་ནས་འདིར་སྐྱེ་བ་གསུམ་’’མདོར་བསྟན་གྱི་རྒྱལ་སྲས་འཕགས་པ་གསུམ་ཡིན་ཞེས་པའི་ལུང་དེས་གྲུབ་པའི་ཕྱིར། གལ་ཏེ་གོང་གི་དགའ་ལྡན་གྱི་གནས་དེ་བྱམས་མགོན་བཞུགས་གནས་མ་ཡིན་ཞེ་ན་མི་འཐད་དེ། མདོ་ལས་གསུངས་པའི་རྒྱལ་སྲས་ཞེ་བརྒྱད་དགེ་འདུན་ཉི་ཤུ་རུ་བསྡུས་ནས་གསུངས་པའི་མདོ་འགྲེལ་ཕལ་གྱི་དགོངས་པ་ཡིན་པའི་ཕྱིར་རོ།། དེས་ན་དེ་ནི་ལེགས་ཕྱོགས་ཐམས་ཅད་རྒྱལ་གར་ལ་སྦྱར་བའི་ཐུབ་བསྟན་པའི་རྒྱུན་འབྱམས་ཀྱི་གཤིས་ངན་ཙམ་དུ་ཟད་དོ།
ཡང་སྤོབས་མཐས་གོང་མཚུངས་མཆན་ཨང་ནང་ཀླུ་གྲུབ་ཀླུ་ཡུལ་དང་འབྲེལ་བའི་སྐོར་གསལ་བཤད་བྱས་སྐབས‘‘གཅིག་བྱས་ན་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་སྲིད་པ་རེད། དཔེར་ན་དེང་སང་ཡང་རྒྱ་གར་ན་ན་གྷ་ལན་ཌི་ཟེར་བ་ཞིག་ཡོད་པ་རེད། དེ་བོད་སྐད་དུ་བསྒྱུར་ན་ཀླུ་ཡུལ་ཟེར་བ་མ་གཏོགས་བསྒྱུར་ཐབས་ཅི་ཡོད། དེ་ལྟ་བུའི་ས་ཆའི་མིང་ཞིག་ཡིན་སྲིད།’’ཞེས་ཟེར་བ་ནི་དེ་ཡང་སེམས་རྣལ་དུ་མ་ཕབས་པའི་གཏམ་གྱིས་མཁས་མང་བཞད་གད་སློང་བ་ལས་མ་འདས་ཏེ། ‘‘སྨན་པ་འཚོ་བྱེད་གཞོན་ནུའི་བུ་སློབ་དཔོན་ཀླུ་གྲུབ་ཀྱིས་བཅོས་པའི་གཏོང་རགས་ལ། འབུམ་ཕུལ་ནས་མི་ཡུལ་རྒྱ་གར་ལྷ་ཕྱོགས་སུ་རིམ་པར་དར་ཏེ་’’ཞེས་པའི་ལུང་དེས་ཀླུ་ཡུལ་དེ་མི་ཡུལ་ལ་མེད་པར་ཤུགས་ལ་བསྟན་པའི་ཕྱིར་རོ། ཡང་ཁྱོད་ཀྱི་ལོག་རྟོགས་ཀྱི་ངོར་‘‘རྒྱ་གར་ན་ན་གྷ་ལན་ཌི་ཟེར་’’བ་དེར་ཡོད་སྲིད་དེ། ཁྱོད་ལེགས་ཚོགས་ཐམས་ཅད་རྒྱ་གར་སུ་བསྒྲུབ་པའི་གཤིས་ངན་ཅན་གྱི་ཐུབ་བསྟན་པའི་གྲལ་་ཡིན་པའི་ཡིན་པའི་ཕྱིར། དཔེར་ན་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དུ་བསྙད་དེ་བོད་མི་མི་ལོ་ཉིས་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱེད་པའི་འབྲུག་པ་པདྨ་མ་དཀར་པོ་བཞིན་ནོ།།
ཡང་སྤོབས་མིང་པས་‘‘ང་ཚོའི་ཟངས་མདོག་དཔལ་རི་དང་། རི་པོ་ཏཱ་ལ་སོགས་དང་འདྲ་གི་མ་རེད། དེ་ཚོ་ནི་རྣལ་འབྱོར་པ་སྒེར་གྱི་དག་སྣང་གི་ཞིང་ཁམས་མ་གཏོགས་ནང་པ་སྤྱིའི་ལོ་རྒྱུས་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་མིན་སྟབས་ནང་པ་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་གང་ཡང་མ་རེད་’’ཅེས་ཟེར་བ་ནི་ཁ་སོང་བཤད་པ་དང་ནང་འགལ་གྱི་ཕུང་པོར་གྱུར་པར་ངེས་ཏེ། གལ་ཏེ་ཟངས་མདོག་དཔལ་རི་དག་ཞིང་ཡིན་ན་ཁྱོད་ཀྱིས་པད་འབྱུང་མཆོག་གི་སྤྲུལ་སྐུ་མ་ཡིན་པར་ཁས་ལེན་དགོས་ཏེ། མཆོག་གི་སྤྲུལ་སྐུ་ནི་མ་དག་པའི་ཞིང་ལ་ཕེབས་ནས་འགྲོ་དོན་མཛད་དགོས་པ་ལས་སྦས་ཡུལ་གྱི་དག་ཞིང་ཞིག་ལ་མི་འདུག་པའི་ཕྱིར། ཡང་དེ་ཁྱོད་ཀྱི་འདོད་པ་མཐར་ཐུག་མ་ཡིན་ནམ། གལ་ཏེ་ཁྱོད་ཀྱིས་པད་འབྱུང་མཆོག་སྤྲུལ་མ་ཡིན་པར་འདོད་ན་དེ་ནི་རྙིང་མ་བ་དག་གི་སྙིང་དམར་ཛར་ཛར་ཁྱོད་ཀྱི་བླངས་པ་དང་གཉིས་སུ་མ་མཆིས་པས་དེ་ལ་ངས་ལན་འདེབས་ཀྱི་ངལ་བ་བསྟན་དགོས་ཅང་མི་འདུག་སྙམ།། ད་དུང་སྤོབས་མཐས་‘‘ཟངས་མདོག་དཔལ་རི་ཟེར་བ་ཞིག་འཛམ་གླིང་གི་ནང་པ་སྤྱི་ཕར་ཞོག བོད་ཀྱི་ནང་པའི་ཁྲོད་ན་ཡང་ཟངས་མདོག་དཔལ་རི་དགོས་མཁན་བརྒྱ་ཆ་བཅུ་ཙམ་མ་གཏོགས་ཡོད་པ་མ་རེད་’’ཅེས་སོགས་ཟེར་བ་ནི་བོད་ཀྱི་ནང་པ་སྤྱི་དང་ལྷག་ཏུ་གསང་སྔགས་རྙིང་མ་པ་ལ་ཁྱད་གསོད་ཟད་མི་ཤེས་པ་ཞིག་བྱས་མི་འདུག་གམ། འོ་རེད་ད་ཁྱོད་ཚོ་ལ་ཟངས་མདོག་དཔལ་རི་མི་དགོས། ཤམ་བྷ་ལ་མི་དགོས། ད་དུང་རྒྱ་གར་གྱི་ཡུལ་མ་གཏོགས་དག་ཞིང་དང་སངས་རྒྱས་ཀྱི་ཞིང་གང་ཡང་དགོས་ཡོད་ཀྱི་མ་རེད། དངོས་གནས་ཁྱེད་ཚོས་དེ་འདྲ་བཤད་དུས་འོལ་མོ་ལུང་རིང་བློར་མ་ཤོང་བ་ལ་ཁག་མི་འདུག་ད་ཉིན་གཅིག་སངས་རྒྱས་ཀྱང་དགོས་ཀྱི་མ་རེད་ཡ་ཡ་ད་ག་ལེར་ཡིན་དཱ། ཁྱོད་ཚོ་ག་རེ་དགོས་པ་དེ་དྲིས་ནས་མ་བཤད་སྒུག་ནས་བཤད་སོང་བས། དྲི་བ་ག་ལེར་བྱེད་ནས་ཡོད་དཱ།། ཞེས་སྤོབས་ལན་གྱི་ཚུལ་དུ་ནུབ་ཨ་རིའི་ནིའུ་ཡོག་གི་ཉེ་འདབས་རང་ཤག་མི་སྨོས་ཡིད་སྤྲོའི་ཁང་བཟང་ནས་ལས་ཞོར་གྱི་ཐུན་མཚམས་སུ་བྲིས་ཏེ་ཕུལ།
སྨན་མོ་མཚོའམ་ཚེ་རིང་སྐྱིད་ཁྱོད་ལེགས་པར་ཉོན་དང་། སྤོབས་པ་མཐའ་ཡས་ཀྱི་བཤད་པ་འདི་དག་ཤིན་ཏུ་འཐད་པ་རེད། རྒྱུ་མཚན་ང་ཚོའི་བན་བོན་གྱི་ལོ་རྒྱུས་དེ་བདེན་རྫུན་དང་ཆོས་ལུགས་དེ་དར་ཚུལ་ཡང་དག་་ཡིན་མིན་བཤད་ཀི་ཡོད་ནི་རེད། དེ་དག་དག་སྣང་རང་སྣང་ཡན་གར་བ་དང་སྟོང་ཉིད་རྣམ་གྲངས་ཡིན་མིན་གྱི་རིགས་པ་སྦྱར་རྒྱུ་གཏན་ནས་མེད། དཔེར་ན། འོལ་མོ་ལུང་རིང་དེ་རི་རྒྱལ་ལྷུན་པོའི་སྒོམ་ཚུལ་ལྟ་བུ་འདོད་ན་ཀུན་ཏུ་བཟང་པོ་མཆོད་སྤྲིན་དེ་ཡང་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་དངོས་ཡོད་བཤད་ན་ཁྱོད་ཀྱི་ཕ་ཡི་སྐད་ཆ་འདྲི་དུས་ཨ་ཕ་ཨ་མདོ་དག་པའི་ཞིང་ཁམས་དེ་ན་ཡོད། དེ་ན་འཇིག་རྟེན་མི་འགྲོ་ཐུབ་ཀི་མ་རེད། ཨ་ཕ་ཆོས་རྒྱལ་ཆེན་པོ་ཞིག་ཡིན། བོན་ཆོས་བཀའ་བརྟན་དུ་མའི་ཆོས་འཁོར་སྐོར་ཀྱིན་ཡོད། ད་ལྟ་ཕུ་བོ་ལྷ་བུ་ནག་པོ་སུག་ཐུང་ཨ་རི་ལ་ཐོན་ཡོད། གངས་ཅན་བོད་ཀྱི་རྒྱལ་པོ་ངའི་ཨ་ཕ་རེད། དུས་འཁོར་དབང་ཆེན་རིན་མེད་ལེགས་ཐོབ་སོང་། ཤམྦྷ་ལ་འདི་རེད། ད་རང་དབང་རང་བཙན་གཙང་མ་ཐོབ་སོང་བཤད་ན་སུ་ཞིག་གི་རྣ་བ་འགྲོ་ཀི་མ་རེད། ཁྱོད་རང་ངོ་ནས་དག་སྣང་རང་སྣང་ང་རྒྱལ་ཆེན་པོ་ཞིག་གི་ཚོར་བ་རེད། བོད་ནང་ན་ཡོད་པ་ཚོས་རང་ལུས་མེ་བསྲེག་པ་དང་བོད་དོན་ལ་སེམས་ཤུགས་ཆིག་སྒྲིལ་བྱེད་པ་དག་དངོས་ཡོད་རེད། རྒྱལ་ཚོང་པ་ཁྱེད་ཚོས་རིས་མེད་ཡང་དག་གཅིག་ཧ་གོ་མི་འདུག
བྱི་སྟུག་འཇའ་ཚོན་ཐིབས་སེའི་རྩ་བ་རུ། །
སྐྱག་ཁམས་འོལ་མོ་ལུང་རིང་བྱ་བ་ཡོད། །
གྲོག་མ་ཤིག་སྲོ་འབྲོང་སྟག་ཁྱུང་སྒོང་འདྲ། །
སྐྱག་འབི་རི་རྒྱལ་ལྟ་བུ་སྲུང་མ་ཡོད། །
འཇིག་རྟེན་མི་ཡི་སྤྱོད་ཡུལ་མ་ཡིན་པས། །
སྟོན་པ་རི་བོང་རྭ་ཅན་གཤེན་རབ་དང་། །
བསྟན་པ་ཤི་འདྲེའི་བཀའ་བརྟེན་གླེགས་བམ་ནི། །
བྱི་སྟུག་གསེབ་ཏུ་བྲག་རི་བརྩེགས་པ་བཞིན། །
སུ་ཞིག་གི་ཡིད་ཆེས་སམ།
ཡང་ལྷག་ཤེས་དང་སྤོབས་མཐའ་མིག་བརྒྱད་པ་རྣམས་དྲང་བདེན་གྱི་ལམ་ལ་བསྐྱོད་ཐུབ་ཕྱིར་ཁུངས་ལྡན་གྱི་ལོ་རྒྱུས་ཞིག་སྤེལ་བར་འདོད་པ་ལ། ཁྱེད་ཅག་རྣམས་ཀྱི་སྤྲུལ་པའི་རྒྱལ་པོར་གྲགས་པའི་བོད་རྒྱལ་མགོ་གཉིས་པ་དེའི་བྱུང་ཁུངས་ལོ་རྒྱུས་ཀྱི་དབང་དུ་བྱས་ན། སྤྱན་རས་གཟིགས། མཚན་གྱི་རྣམ་གྲངས་གཞན་འཇིག་རྟེན་དབང་ཕྱུག སང་སྐྲི་ཏ་ཡི་སྐད་ཐོག་ནས། ལོ་ཀེ་ཤ་ཝར། མདོར་ན་མིང་གི་རྣམ་གྲངས་དུ་མ་དང་ལྡན་ཡང་རྒྱ་གར་རང་གི་གཞུང་ལུགས་ལ་ཁུངས་སུ་བཅོལ་ན། འདོད་པའི་དབང་ཕྱུག་གམ་ལྷ་མོ་ཨུ་མའི་བ་གར་རྒྱོ་བའི་ཤི་བ་ཇི་ཞེས་སུ་གྲགས་པ་དེ་ཉིད་ལས་མ་འདས་ན་ཡང། བསྟོད་མ་ཤེས་ན་ཡང་བསྟོད་ཁུལ་བྱས་པའི་བོད་བགྲེས་པོ་དག་གིས་བྱང་སེམས་སྤྱན་རས་གཟིགས་ཞེས་རྟོག་བཏགས་ཁོ་ན་མཛད་ནས་བསྟོད་མ་ཤེས་པའི་བསྟོད་ཁུལ་བྱས་པ་ཁག་ཅུང་ཙམ་གླེང་ན། ཀ་ཆེམ་ཀ་ཁོལ་མ་ཤོག་གྲངས་བདུན་པ་ལས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དེ་ཡང། དང་པོ་སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གི་སྟེང་དུ་འདི་ལྟར་སེམས་བསྐྱེད་དོ། བདག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང། སྐད་ཅིག་མ་རེ་རེ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མཛད་པའི་རྣམ་འཕྲུལ་བྱུས་ནས། སེམས་ཅན་གཅིག་ཀྱང་མ་ལུས་པ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པར་བྱའོ། དེ་མ་བཀོད་པར་རང་རེ་གཅིག་པུ་བདེ་བ་འདོད་པའི་བློ་བྱུང་ན། ངའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་པ་བཅུར་འགས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། ཞེས་དང། ཡང་སེམས་ཅན་གྱི་དོན་བྱེད་དུ་མི་བཏུབ་པར་འདུག ད་ང་རང་གཅིག་པུ་ཞི་བའི་བདེ་བ་ཐོབ་པར་བྱའོ་སྙམས་པ་དང། སྔར་གྱི་དམ་བཅའ་ཉམས་ནས་མགོ་བོ་ཚལ་པ་བཅུར་གས་སོ། དེའི་ཚེ་དེའི་དུས་ན། འོད་དཔག་ཏུ་མེད་པས་མགོ་གས་པ་དེ་སྤྱི་བོར་བསྡུས་ཏེ། མགོ་བོ་ཚལ་པ་བཅུར་གས་པ་དེ། ཞལ་བཅུར་འགྱུར་རོ། ཞེས་དང། ཡང་འགའ་ཞིག་ནས་དེའི་སྟེང་འོད་དཔག་མེད་རང་གི་མགོ་མནན་པས་མགོ་བཅུ་གཅིག་ཆགས་སོ། ཞེས་ཀྱང་གྲགས་སོ། དེ་ལྟར་ན་དུས་ཕྱིས་སྤྱན་རས་གཟིགས་ཕྱག་སྟོང་དང་སྤྱན་སྟོང་དུ་གྱུར་བ་དེ་དག་ཀྱང། སེམས་བསྐྱེད་ཀྱི་སྡོམ་པ་དང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་རེ་རེ་ཡང་ནས་ཡང་དུ་ཉམས་པ་ལ་བརྟེན་ནས་བྱུང་བའི་ཚོད་དུ་འདུག་པས། དེ་ལྟར་ན་སྤྱན་རས་གཟིགས་ཀྱང་གོང་བཤད་ཀྱི་འཇིག་རྟེན་པའི་ལྷ་ཞིག་ཡིན་པ་ལས། བྱང་སེམས་འཕགས་པ་ཞིག་ག་ལ་སྲིད་དེ་གཏན་ནས་མི་སྲིད་དོ། དེ་ལྟར་ན་ཁྱེད་ཅག་གི་བྱང་སེམས་འཕགས་པར་འབོད་པའི་སྤྱན་རས་གཟིགས་ཆོས་ཅན། ཁྱོད་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་བྱང་སེམས་འཕགས་པ་ཞིག་གཏན་ནས་མ་ཡིན་པར་ཐལ། དམན་པའི་ལམ་དུ་ཡང་ནས་ཡང་དུ་གོལ་བའི་ཕྱིར་རོ། དེའི་དབང་དུ་བྱས་ན། ཆོས་རྒྱལ་སྲོང་བཙན་ཡང། མུ་སྟེགས་དབང་ཕྱུག་གི་སྤྲུལ་པར་སོང་བ་མ་ཟད། བོད་ཁམས་ཀྱང་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་སུ་འབོད་པ་འདི་ཡང། དོན་ལ་ཕྱི་པའི་དབང་ཕྱུག་ཆེན་པོས་གདུལ་ཞིང་དུ་གྱུར་འདུག་པས། སེམས་ཤིན་ཏུ་ནས་སྐྱོ། གཞན་ཡང་སྐབས་འདིར་གླེང་བར་འདོད་པ་ལ། དྲང་བདེན་གྱི་ལམ་ནས་རྟོག་དཔྱོད་མཛད་ནུས་པའི་རང་གཞན་གྱི་མཁས་པ་ལ་ལས། དབང་སྡུད་ཡི་གེ་དྲུག་མ་འདི། མུ་སྟེགས་རླུང་ཞགས་ནག་པོ་རྒྱུད་དང་དབང་སྡུད་རིལ་བུའི་སྒྲུབ་གཞུང་སོགས་ལས་བཏུས་པར་བཤད་པ་ཡང། དོན་ལ་གནས་པའི་གཏམ་ཞིག་ཏུ་སྣང་ངོ། གང་ལྟར་ཆོས་རྒྱལ་མགོ་གཉིས་མས་མ་ནི་ཡིག་དྲུག་གི་བྱུང་ཁུངས་གང་ཞིག་ཡིན་མིན་མི་ཤེས་ཀྱང་ཕྱི་རོལ་ནས་བྱོན་པའི་སྨྲ་མཁས་ལྕེ་བདེ་ཀྱི་སྤུ་ཅན་པ་དེ་ཚོས་རྒྱུད་བསྐུལ་ཉག་ཅིག་ལ་བརྟེན། བླུན་པོ་ཆུ་སྣ་གར་འཁྲིད་ལྟར་གྱུར་ནས་བོད་ཁམས་ཀྱི་འགྲོ་བ་རྣམས་ལ་ཡིག་དྲུག་རྒྱུན་འདོན་་དགོས་པའི་བཀའ་ཁྲིམས་བསྒྲགས་པས། དེ་ནས་བཟུང་བོད་ཁམས་ཕུང་བའི་སྔོན་འགྲོའི་སྟ་གོན་གྲུབ་པ་ཡིན་པ་ཡང་གདོན་མི་ཟ་བའི་གཏམ་ཞིག་གོ བརྡོལ་ཆོས་ཟེར་ན་དེ་འདྲ་ཞིག་མ་གཏོགས་གཞན་ཅི་ཞིག་ཡོད། སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་ནས་མགོ་བོ་དུམ་བུ་བཅུ་ལ་གས་ཞེས་པའི་གཏམ་དེ་བདེན་པ་ཡིན་པར་ཐལ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་མགོ་གཉིས་པ་དེ་ཡིས་དེ་ལྟར་བཤད་པའི་ཕྱིར། ལན་ཐོབ་ཤིག ཡང་ཚིག་གིས་ལྷན་པ་བཏབ། དགོངས་པའི་རྡུལ་ཕྲན་བརྩེག་རྒྱུ་ཡིན་ནམ། ཡང་འོད་དཔག་མེད་ཆོས་ཅན། ཁྱོད་ལ་དེང་སང་མགོ་མེད་པར་ཐལ། ཁྱོད་ཀྱི་མགོ་དེ་བཀོག་ནས་སྤྱན་རས་གཟིགས་ལ་སྦྱིན་པ་བཏང་ཚར་བའི་ཕྱིར། ཡང་ངས་ཁྱེད་ཅག་ཚོར་དྲི་བ་ཞིག་འདོན་འདོད་པ་ལ། སྐབས་རེ་ཁྱོད་ཚོས་སྤྱན་རས་གཟིགས་བྱང་སེམས་པ་ཡིན་ཞེས་ཤོད་ཀ་བྱས་འདུག་མོད། དེ་ལྟར་ན། སྤྱན་རས་གཟིགས་ཆོས་ཅན། བྱང་སེམས་འཕགས་པ་མ་ཡིན་པར་ཐལ། ས་བཅུ་གང་ལ་ཡང་གནས་པའི་བྱང་སེམས་པ་མ་ཡིན་པའི་ཕྱིར། ལན་ཡོད་ན་ཐོབ་ཤིག ཡང་སྐབས་རེ་ཁྱོད་ཚོས་སངས་རྒྱས་ཡིན་ཀྱང་ཤོད་ཀ་བྱས་འདུག་མོད། དེ་ལྟར་ན། སྤྱན་རས་གཟིགས་ཆོས་ཅན། དམན་ལམ་དུ་གཏན་ནས་གོལ་མི་སྲིད་པར་ཐལ། ཐེག་ཆེན་དགྲ་བཅོམ་པ་ཡིན་པའི་ཕྱིར། དྲྭ་གྲོགས་ཚོ་ལྷོད་ལྷོད་ཡིན་ད། ཟུང་ཁྲག་འཁོལ་དགོས་དོན་གང་ཡང་ཡོད་མ་རེད། ངས་ཁྱེད་ཚོའི་ཆོས་རྒྱལ་གྱིས་བཤད་བཞག་པ་ཁག་དང། ཁྱེད་རང་ཚོའི་པན་གྲུབ་ཀྱིས་བཤད་བཞག་པ་ཚོ་ལ་གཞི་བཅོལ་ཏེ། ངས་དྲང་བདེན་གྱི་ལམ་ནས་དྭོགས་སེལ་བྱས་བཞག་པ་ཞིག་ལས་ཁྱོད་ཚོས་ཁྱོད་ཚོའི་ལུང་འདྲེན་ཁོ་ན་བྱས་ཏེ་བདག་ལ་རྒོལ་བ་ལྟ་བུ་གཏན་ནས་མ་རེད་དོ།
ལྷག་ལན་མ་རྟོགས་འཁྲུལ་པ་བསལ་བའི་མེ་ལོང་།།
མཆན་ཨང་༼༡༩༤༽པའི་ནང་ག་དུས་ཡིན་ཡང་ཆགས་སྡང་རྨོངས་གསུམ་གྱིས་རང་རྒྱུད་བསྡམས་པའི་ལྷག་ཤེས་སུ་འབོད་པས་‘‘སོལ་བ་དཀྲུས་ཀྱང་དཀར་ནི་མ་རེད། ཁྱད་པར་དུ་མོ་ནག་བོན་ངན་ཁ་རྩོད་དང་ལུས་འདྲིས་ན་ངན་སོང་གསུམ་དུ་སྐྱེ་ལས་གཞན་ན་འགྲོ་ས་མེད་ཅེས་པ་ཅི་མ་བདེན་’’ཞེས་པ་ལྟ་བུའི་མཚོན་ཐ་ན་ཀློག་ཐབས་ཀྱང་དཀའ་བའི་ཨ་མདོའི་ཕལ་སྐད་ཀྱི་ལམ་ནས་གྲོང་ནག་གི་ནང་འཛིང་ལྟ་བུའི་ཆགས་སྡང་གི་གཏམ་ངན་དེ་དག་ཁོ་རང་ལས་ངན་བསགས་པའི་རྒྱུ་ལས་ལན་རྒྱག་རིན་ཡོད་པ་གཅིག་ཀྱང་སྣང་། ཡང་དེ་བཞིན་མཆན་ཨང་༼༡༩༦༽ནང་ཁོས་འཛམ་གླིང་གོ་ལ་ཧྲིལ་པོ་སྟེང་‘‘ཆོས་རྒྱལ་’’ཞེས་སྙན་པའི་གྲགས་ཆེན་སྲིད་ན་འབར་བའི་རྫོགས་ཆེན་པ་ནམ་མཁའི་ནོར་བུ་ལ་གཞི་མེད་སྐུར་འདེབས་ཚན་པོ་ཆེ་བྱས་འདུག་པ་དེ་ནི་ཧ་ལམ་ཁོ་རང་དམྱལ་བ་དང་ལེན་བྱས་པའི་ཚོད་དུ་སྣང་། དེར་མ་ཟད་ཉི་མ་རྒྱབ་ཤར་ལག་པས་མི་ཁོག་པའི་དཔེ་ལྟར་ཤར་ནུབ་རྒྱལ་ཁབ་ཀུན་ཏུ་མཁས་པའི་མཚན་སྙན་གྱི་བ་དན་དཀར་པོས་ཕྱོགས་མཐའི་དྲེགས་ལྡན་བྱེ་བའི་རལ་པའི་ཅོ་པཎ་ཐང་དུ་བསྙིལ་བའི་མཁས་དབང་མཁར་རྨེའུ་ཚང་ལའང་རྒོལ་ལན་སློག་ཁུལ་བྱས་པ་དེ་ཡང་ཁྱོད་རང་‘‘མི་རྙོབ་གནམ་ལ་བརྙབ་ན། མཆིན་པའི་རྩ་ཐག་འཆད་’’ཅེས་པའི་དཔེ་ལྟར་ཡོང་རྒྱུ་ཉག་གཅིག་རེད་སྙམ།། ངས་ཀྱང་འདིར་ངལ་གསོའི་ཚུལ་དུ་སྙན་ཚིག་ཐུང་ངུ་ཞིག་འབྲི་སྤྲོའོ།
རྒྱ་གར་ཉན་ཐོས་སྡེ་པའི་ཚོགས་དབུས་སུ།། ཤཀྱཱའི་སྟོན་པས་མ་གསུང་ཐེག་ཆེན་ཆོས།། གཡར་ཏེ་འདོམ་ཚེ་སྐུར་འདེབས་བརྒྱ་ཕྲག་ཉོན།། ཀླུ་གྲུབ་པད་འབྱུང་ཟུང་ལ་གསོལ་བ་འདེབས།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ཡང་མཆན་ཨང་༼༢༡༡༽པའི་ནང་ལྷག་ཤེས་ན་རེ། ‘‘གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་འདྲ་རིས་མེད་གཅིག་མེད་པ་འདྲ་’’ཞེས་དང་ཡང་། ‘‘ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བསྟན་པ་ནང་མཐུན་དགོས་གསུངས་’’ཞེས་པ་དེ་ནི་མ་གཞི་བྱས་ན་ཁྱོད་རང་བླ་མ་ལ་ཁྱོད་རང་གིས་དག་སྣང་སྒོམ་པ་ཡག་པོ་རེད། ཡིན་ན་ངེད་ཅག་ལ་གང་སྨོས་ལྟར་རིགས་པའི་སྒྲུབ་བྱེད་བཀོད་པ་ནི། ཕོར་པ་འདི་བོན་ཅན། གཙང་མ་ཡིན་ཏེ། ངའི་ཨ་མའི་ཕོར་པ་ཡིན་པའི་ཕྱིར་ཞེས་པ་དང་གཉིས་སུ་མ་ཆིས་པས་ང་ཚོས་དེ་ངོས་ལེན་བྱེད་ཐབས་མེད་དེ། ཁྱོད་ཀྱིས་བཤད་པ་ལྟར་ན། གསེར་རྟ་འཇིགས་ཕུན་བོན་ཅན། རིས་ཅན་ཡིན་ཏེ། ཐེག་ཆེན་གཡུང་དྲུང་གི་བོན་རིན་པོ་ཆེ་དེ་ནང་པ་སངས་རྒྱས་པའི་གཞུང་མིན་པར་འདོད་པའི་རིས་ཅན་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱོད་ཀྱིས་རིས་མེད་ཡིན་མིན་ཚད་གང་ཞིག་ལ་འཇོག་དགོས་སྨྲོས་དང་། གལ་ཏེ་ཐུབ་བསྟན་ནང་ཁུལ་རིས་མེད་ཡིན་པ་ཙམ་ལ་འཇོག་ན་དེ་ནི་ཁྱོད་རང་བྱབ་ཆུང་གི་སྐད་ཆ་ཞིག་མ་ཡིན་ནམ་སེམས་རྣལ་དུ་ཕོབས་ནས་སོམས་ཤིག
ཡང་ཁྱོད་ཀྱིས་གཤམ་དུ་བཤད་པ་འགའ་ཞིག་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་ཤ་སྟག་ཏུ་སོང་བས་གོ་རྒྱུ་མི་འདུག་དེ་ཡིན་ན་མདོར་བསྡུས་ན་མཁན་པོ་འཇིགས་ཕུན་གྱིས་ཆོས་ལུགས་རིས་མེད་བསྟན་རྒྱས་སྨོན་ལམ་གསུངས་སྐབས་‘‘བོན་བསྟན་རྒྱས་པའི་སྨོན་ལམ་གསུངས་མི་འདུག་’’པ་དེ་ནི་བོན་པོ་ནང་པ་མིན་པའི་རྒྱུ་མཚན་བཀོད་མོད་ཀྱང་། དོན་དུ་དེ་ལས་ལྡོག་སྟེ་འཇིག་ཕུན་རིས་ཅན་ཡིན་པ་ཤུགས་ལ་བསྒྲུབ་འདུག་པ་དེ་ནི་དངོས་གནས་དྲ་གྲོགས་ཚོ་བཞད་གད་གང་འཚམ་ཞིག་སློང་འདུག་སྙམ།།
ལྟ་ངན་སྒྲོགས་ཀྱིས་བཅིངས་པའི་ལྷག་ཤེས་ཀྱིས། ཚད་གསུམ་དཔང་བཞག་དང་ལུང་རིགས་དམ་འཇོག་སོགས་གང་ཡང་མེད་པར་བློ་བརྡོལ་གྱི་དབང་དུ་བསྒྱུར་ནས། རྒྱལ་བའི་བཀའ་དང་འཕགས་པའི་ལུང་སོགས་གང་ལ་ཡང་མ་གསལ་བའི་ཁུངས་མེད་ཀྱི་སྦིར་གཏམ་སྣ་ཚོགས་ཤོད་བཞིན་པ་འདི། སྙིང་རྗེའི་གནས་ཁོ་ནའོ། མདོར་ན་ཁྱོད་དང་ཁྱོད་འདྲའི་མཁས་མིང་འཛིན་པ་རྣམས་ཀྱིས་བོན་ལ་དགག་བཞག་བྱས་སྐབས། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་དང། ལུང་ཟིན་གྱི་སྐྱེ་བུས་བརྩམས་པའི་བཀའ་བརྟེན་གྱི་ཚོགས་ལས་མ་གསལ་བ་ཤ་སྟག་འཁྱེར་ཡོངས་ནས་ཁུངས་མེད་ལུང་མེད་ཀྱི་སྨྱོ་གཏམ་འབའ་ཞིག་སྒྲོགས་པ་འདི་དག་ལ་བརྟེན་ནས། མཐར་རྒྱ་ཆེའི་ལོ་རྒྱུས་ཀྱི་རྟོག་ཞིབ་པ་ཚོའི་མདུན་དྲུང་དུ་ཁ་སྐྱེང་དགོས་པ་བྱུང་བ་དང་གཅིག ཞི་མས་སྐྱག་པ་སྦས་པའི་ངང་ཚུལ་ཇི་བཞིན་གཡས་བསྐྱོར་གཡོན་སྐྱོར་ཀྱང་མང་པོ་བྱས་དང་བྱེད་དགོས་ཐུག་པ་དང་གཉིས། དགོངས་པའི་རྡུལ་ཕྲན་བརྩེགས་རྒྱུ་དང་ཚིག་གི་ལྷན་པ་འདེབ་རྒྱུ་ཡང་ལོ་རེ་ནས་ལོ་རེད་མང་དང་མང་དུ་འགྲོ་བཞིན་པ་འདི་དག ཁྱོད་དང་ཁྱོད་ལྟ་བུའི་ཆགས་སྡང་གིས་བཟི་བའི་བླུན་པོ་ཚོའི་ཆོ་འཕྲུལ་ལ་བརྟེན་ནས་བྱུང་བ་ཡིན་པ་ཡང་གོར་མ་ཆག་གོ ཁུངས་མེད་ལུང་མེད་ཀྱི་གཏམ་ནི་ནམ་མཁའ་འབྲུག་སྒྲ་བཞིན་ཡིན་པས་སྙིང་པོ་ཅི་ཡང་མེད་དོ། གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དང་དེའི་གཞུང་ལུགས་རྣམས་ནི། གསེར་བཙོ་མ་ལྟ་བུ་ཡིན་པས། ཉམས་ལེན་གནང་ནུས་ལ་གཏན་གྱི་རྒྱལ་ས་ཟིན་པར་གདོན་མི་ཟའོ། ལོག་རྟོག་དང་སྐུར་འདེབས་ཀྱི་ལས་ལ་གཞོལ་ན། ལས་ངན་གྱི་རྣམ་སྨིན་ཚན་པོ་ཆེ་ལ་སྦྱང་རྒྱུ་ཉག་གཅིག་ཡིན་པས་། དེ་དོན་སྔོན་ཚུད་ནས་རྟོག་དཔྱོད་ལེགས་པར་མཛོད་ཅིག་ཅེས་ཀྱང་བསྐུལ་ལོ། མདོར་ན་ཁྱོད་དང་ཁྱོད་འདྲ་བས་སྔར་བོན་ལ་སྨོད་པའི་ཉོག་གཏམ་ཇི་སྙེད་གཅིག་བཤད་པ་རྣམས་ལ་ཁུངས་ལྡན་ཅི་ཡང་མེད་པ། ཁྱེད་ཅག་རྣམས་ཀྱིས་སེང་གེར་གྲགས་པའི་མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་མཆོག་དཔའ་བོ་གཙུག་ལག་འཕྲེང་བས། བོན་ལ་སྡང་བའི་བན་དྷེ་རྒན་པོ་འགའ་ཞིག་གི་ངག་སྒྲོས་ཡི་གེར་བཀོད་མཛད་པ་དེ་འདྲ་ཞིག་ཡིན་ངེས་པ་ལས་གཞན་པའི་ཁུངས་གསལ་ཁ་ཐོན་པ་ཅི་ཞིག་ཀྱང་བསྟན་གནང་མེད་པ་དེ་ཐོག་ནས་ངེས་ཤེས་རྙེད་ཐུབ་པ་ཡིན། ཞེས་གསུངས་སོ།
ཞི་མས་ཞེས་པར་ཞི་མིས་ཞེས་སུ་བཅོས་རོགས།
རྒྱལ་དབང་ལྔ་བ་༼༡༦༡༧-༡༦༨༢༽མཆོག་གིས་གངས་ཅན་ལྗོངས་ཀྱི་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས་གནང་བའི་མཚམས་སྦྱོར།
རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན
དེ་ཡང་རྒྱལ་དབང་ལྔ་བའི་རང་རྣམ་༼འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀུ་ལའི་གོས་བཟང་༽ཞེས་པར་གཡུང་དྲུང་བོན་གྱི་ལྷ་སྡེ་དང་དེའི་མི་སྣ་ཆེ་ཁག་འགའ་ཤས་དང་ཐུགས་ཉེ་བའི་སྐོར་གྱི་ལོ་རྒྱུས་མི་ཉུང་བ་ཞིག་བཀོད་ཡོད་པ་འདིར་བརྗོད་འདོད་བྱུང་། དེ་སྔ་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་འདིའི་སྐོར་གང་ཡང་བྲིས་མེད་པས་ན་རྒྱུ་མཚན་དེ་བས་ཀྱང་གལ་ཆེ་བར་མཐོང་།
རང་རྣམ་དུ་ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་ཞེས་པ་བོན་གྱི་བླ་མ་དེ་ཉིད་རྒྱལ་དབང་ལྔ་བའི་སྐུ་མདུན་དུ་བཅར་བའི་བླ་མ་ཆེ་ཁག་གི་གྲས་ནས་ཤིན་དུ་གཙིགས་ཆེ་བར་གནང་བ་མ་ཟད་རྒྱལ་དབང་མཆོག་གི་བསྟན་སྲིད་དང་བོད་གྱི་བདེ་དོན་ལ་དམིགས་ནས་སྐུ་རིམ་ལན་མང་དུ་བསྒྲུབས། ཁོང་སྟོད་ལུང་དུ་ཡོད་པའི་ཞང་སྟོན་ཞེས་པའི་ཡུལ་ནས་ཕེབས་པས་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཞེས་ཞུས། དེ་བཞིན་འདིར་ཡང་ཞང་སྟོན་ཞེས་ཞུ་གི་ཡིན།
སྤྱི་ལོ་༡༦༧༡ལོར་རང་རྣམ་དུ་༼ཟླ་བ་བཞི་བའི་འགོར་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་བོན་མཁའ་ཀློང་གི་མདོས་ཆེན་རིམ་གྲོ་གཏང་ཞིང་ལོ་སྔ་མ་ཚོར་ཡང་ཞང་ཞུང་ལུགས་ཀྱི་མོ་རྩིས་དང་དེར་བབས་པའི་བཅོས་རིམ་མང་དུ་མཛད།༽ཞེས་གསུངས། 1དེ་བཞིན་དགྲ་སྲི་མནན་པ་དང་དགྲ་ལྷ་དཔང་བསྟོད་དང་ལྷག་པར་དུ་ཀླུ་བཅོས་སོགས་བོན་གྱི་གཏོ་ཆོག་མང་དུ་མཛད་ཡོད་པར་གསུངས། 2
སྤྱི་ལོ་༡༦༧༡་ལོར་༼ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཀྱིས་ར་མོ་ཆེའི་ཀླུ་རྒྱལ་ལྕང་གསེབ་དུ་གཏའ་བསྡེམ་སོགས་བཅོས་ཀ་མཛད་པའི་ཚེ་ཀླུ་རྒྱལ་གྱི་འཁོར་དུ་ཁམས་སྤྲང་འདྲ་བ་གཉིས་འདུག་པ་ཅི་ཡིན་དྲིས་པར་འབྲུམ་པའི་ནད་བདག་ཡིན་ཟེར་བ་བྱུང་བས་ད་ལོར་འཐོར་ནད་ཞིག་ཡོང་ཉེན་ཆེ་ཚུལ་མོལ་བ་ལྟར་དེ་ནས་ཟླ་ཕྱེད་གསུམ་སྐོར་ཙམ་ལ་ལྷ་ས་ནས་རིམ་གྱིས་མཆེད་པའི་ལོ་ཕྱེད་གསུམ་ཚུན་ལ་དབུས་གཙང་ཐམས་ཅད་ཁྱབ་པས་ངེས་ཤེས་འདྲོང་བར་སྣང་། བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བར་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ཚོད་དུ་འདུག་༽ཞེས་གསུངས། 3འདི་ནི་དོན་ལ་གནས་པའི་བོན་གྱི་གཟེངས་བསྟོད་ཞིག་རེད་འདུག། དེར་བརྟེན་སྡེ་དགེ་པར་ཁང་དང་ལྷ་ས་ཞོལ་པར་ཁང་དང་རྟག་བརྟན་ཕུན་ཚོགས་གླིང་སོགས་སྐད་གྲགས་ཅན་གྱི་པར་ཁང་རྣམས་སུ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་པར་ཤིང་བཞུགས་ཡོད་པ་མ་ཟད་བན་དེ་དགོན་སྡེ་ཆེ་ཁག་རྣམས་སུ་ཡང་གསུང་རབ་དེ་ཉིད་བཞུགས་སུ་གསོལ་ཡོད་པ་ཡོང་གྲགས་ཡིན།
འབྲུག་རྒྱལ་ཁབ་ཏུ་ཡོད་པའི་གཏེར་སྟོན་རྡོ་རྗེ་གླིང་བའམ་གཡུང་དྲུང་གླིང་བའི་གདུང་བརྒྱུད་ཨོ་རྒྱན་ཆོས་གླིང་དུ་གསུང་རབ་དེ་ཉིད་ཀྱི་ཤིང་པར་ཞིག་བཞུགས་ཡོད་པ་མཇལ་མྱོང་། དེའི་པར་བྱང་མི་གསལ་ཡང་ཕལ་ཆེར་བུམ་ཐང་བདེ་ཆེན་ནམ་ཕྱིས་སུ་པུ་ན་ཁར་གྲགས་པའི་ཤིང་པར་ཡིན་པ་འདྲ་སྙམ།
སྤྱི་ལོ་༡༦༧༡ལོའི་ཚེས་བཅོ་ལྔ་ལ་རང་རྣམ་དུ་༼ཆབ་མདོ་རྗེ་དྲུང་རིན་པོ་ཆེའི་སྤྲུལ་སྐུ་དང་བོན་གཡུང་དྲུང་གི་མིག་གཅིག་བུ་སྐུ་མདུན་ལྷུན་གྲུབ། ཨ་མདོ་བའི་རྟ་འབུལ་བ་ཁ་ཤས། ནག་ཚང་ལྷ་སྐྱབས་ཅན་འཕྲད་མི་མང་།༽ཞེས་གསུངས། 4འདིར་བོན་གཡུང་དྲུང་གི་མིག་གཅིག་བུ་ཞེས་གཟེངས་བསྟོད་གནང་བར་དཔྱད་ན་དུས་རབས་བཅུ་བདུན་པའི་ནང་བླ་མ་དེ་ཉིད་རྒྱལ་དབང་མཆོག་གིས་གཟིགས་མཐོང་ཆེན་པོ་གནང་བའི་བོན་གྱི་བླ་མ་ཞིག་སྐུ་ཡོན་ཆེ་ལ་ཧ་ཅང་གི་གྲགས་ཅན་ཞིག་ཡིན་པ་ཤེས་ཐུབ། སྐབས་འགར་རྒྱལ་དབང་མཆོག་གིས་ཞང་སྟོན་ལ་སྒར་པའམ་རི་ཁྲོད་པ་ཞེས་ཀྱང་འབོད་གནང་འདུག་པས་ཞང་སྟོན་སྐུ་མདུན་ནི་དུས་རབས་བཅུ་བདུན་པའི་ནང་དུ་ཕེབས་པའི་བོད་ཀྱི་བླ་མ་ཆེ་ཁག་ཚོ་ལྟ་བུ་སྒར་དང་སྐུ་འཁོར་བཅས་འགྲིམ་འགྲུལ་ལ་ཕེབས་པ་དང་སྐབས་འགའ་རེར་རི་ཁྲོད་ལ་བཞུགས་ནས་བྱ་བྲལ་གྱི་རྟུལ་ཞུགས་འཛིན་པའི་ཚུལ་ཡང་གནང་གི་ཡོད་པར་ངེས། དེ་བཞིན་རང་རྣམ་དུ་༼ཞང་སྟོན་རི་ཁྲོད་པར་ཕྱི་ནང་གི་སྐད་ཆ་དུ་མ་འདུག་པར་ལ་ལར་དགོད་བྲོ་བ་དང་ལ་ལར་ཉམ་ང་བའང་འདུག༽ཅེས་གསུངས། 5
སྤྱི་ལོ༡༦༥༢་ལོར་རྒྱལ་དབང་མཆོག་རྒྱལ་ས་པེ་ཅིང་དུ་ཆིབས་བསྒྱུར་གནང་སྐབས་འབྲས་སྤུངས་ནས་འགོ་བཙུགས་ཏེ་སྟོད་ལུང་བདེ་ཆེན་རྫོང་བརྒྱུད་ནས་ཕེབས། སྟོད་ལུང་དུ་ཡོད་པའི་ས་ཁུལ་ཞང་སྟོན་ཞེས་པར་སྐུ་འཚོ་བ་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་རྒྱལ་དབང་མཆོག་ལ་ཕེབས་སྐྱེལ་ཞུས་པར་ཕེབས། འདིའི་སྐོར་རང་རྣམ་དུ་༼ཞང་སྟོན་སྒར་པ་སྐུ་མདུན་ལྷུན་གྲུབ་བི་རིའི་བླ་མ་དང་མག་པར་སོང་བས་རྒྱལ་བོ་ཡབ་སྲས་རྣམས་མི་དགྱེས་པའི་གཟིགས་ཕྱོགས་ལོག་པ་འདུག་པར་འཇིགས་པ་ལས་སྐྱབས་ཤིང་བསྙེན་རྫོགས་སུ་བསྒྲུབས་མཚན་ངག་དབང་ཚུལ་ཁྲིམས་གྲགས་པར་བཏགས།༽ཞེས་གསུངས།6 འདིར་རྒྱལ་བོ་ཡབ་སྲས་ཞེས་པའི་རྒྱལ་བོ་ནི་སོག་པོ་གུ་ཤྲི་ཁན་བསྟན་འཛིན་ཆོས་རྒྱལ་༼༡༥༨༢-༡༦༥༥༽ཡིན། འདིའི་ཚིག་ཟིན་དུ་མག་པ་ཞེས་འབྱུང་བས་ཞང་སྟོན་གྱི་གསང་ཡུམ་དེ་བི་རིའི་རྒྱལ་བོ་དོན་ཡོད་ཀྱི་སྐུ་སྲིང་ངམ་སྲས་མོ་ཞིག་ཡིན་པར་ངེས། དེ་བཞིན་ཁོང་བི་རིའི་རྒྱལ་བོའི་བླ་མ་ཞིག་ཡིན་པ་ཡང་གསལ། ཞང་སྟོན་གྱིས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བསྙེན་རྫོགས་བསྒྲུབས་ཞེས་གསུངས་པ་འདིའི་ཤུགས་བསྟན་དུ་གོང་སྨོས་རྒྱལ་བོས་ཞང་སྟོན་ཉིད་དགེ་ལུགས་པར་བསྒྱུར་དགོས་པའི་སྐུལ་ལྕག་བྱས་པར་སྙམ། དེར་བརྟེན་ཞང་སྟོན་སྐུ་མདུན་ལྷུན་གྲུབ་ཉིད་སྟོད་ལུང་བདེ་ཆེན་རྫོང་དུ་ཡོད་པའི་ཞང་སྟོན་ཞེས་པ་ནས་ཕེབས་པར་གདེང་འཇོག་བྱེད་ཐུབ། འདིར་བི་རི་ཞེས་བྲིས་པ་ནམ་རྒྱུན་བེ་རི་ཞེས་པ་ཁམས་དཀར་མཛེས་ཁུལ་གྱི་བྱང་ངོས་སུ་ཡོད།
སྟོད་ལུང་བདེ་ཆེན་རྫོང་ཁུང་དུ་གྲོང་ཚོ་ཞང་སྟོན་ཞེས་པ་ཡོད་པ་དང་དེར་རྨེའུ་བརྒྱུད་འཛིན་པ་ཞིག་གིས་བཏབ་པའི་ཞང་སྟོན་འཕགས་པའི་གདན་ས་ཞེས་གྲགས་པ་ཡོད་ཅེས་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཁོང་གི་ཚིག་མཛོད་དུ་གསུངས་ཀྱང་ཁོང་གི་ལོ་རྒྱུས་དེའི་ཁུངས་སྨོས་མི་འདུག་པས་བློ་ཕམ་ཆེ། 7
པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་༼༡༥༦༧-༡༦༦༢༽ནི་རྒྱལ་དབང་མཆོག་རང་གི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པར་མ་ཟད་སྐབས་དེར་དགེ་ལུགས་ཀྱི་བསྟན་པའི་བདག་པོ་ཡང་ཡིན། ཁོང་སྤྱི་ལོ་༡༦༦༧ལོར་སྐུ་གཤེགས་པར་བརྟེན་རྒྱལ་དབང་མཆོག་གིས་པན་ཆེན་གྱི་སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་བརྩམས་འདུག། འདིའི་སྐོར་རང་རྣམ་དུ་༼སྤྲུལ་སྐུ་མྱུར་དུ་ཕེབས་པའི་སྨོན་ལམ་ཚིགས་བཅད་བྲིས་ཏེ་སེར་འབྲས་ཀྱི་ཚོགས་ཆེན་དུ་བཙུགས།༽ ཞེས་གསུངས། 8
སྤྲུལ་སྐུ་ཡང་ལོ་དེའི་རྗེས་མར་གཡས་རུ་བྲུ་ཡི་གདུང་བརྒྱུད་དུ་འཁྲུངས། རང་རྣམ་དུ་༼བོན་གྲུ་ཚང་བའི་སར་སྔགས་གྲ་སློབ་དཔོན་སྒང་ཆེན་པ། དཔོན་ཚང་ཚ་རོང་པ། དབུ་མཛད་ཆོས་དབྱིངས་ཅན་གྱིས་རྗེ་གོང་མའི་སྐུ་ཆས་ཁྱེར་ངོས་འཛིན་ལ་ཕྱིན་པ་རྣམས་རིམ་པར་གསལ་བ་བྱུང་ཚུལ་ཕྱག་མཛོད་པས་རྨེད་པས་མི་སྣའི་བསྐུལ་མར་མགྲོན་གཉེར་གཞོན་པ་དཀར་བཅུ་ཆོས་འཕེལ་འབྱོར་དོན་བཞིན་རི་ཁྲོད་དགའ་ལྡན་སློབ་དཔོན་བྱམས་པ་རིན་ཆེན་གསུམ་སྐྱར་པོ་མགྲོན་གཉེར་རྡོ་རྗེ་དབང་ཕྱུག མདའ་དཔོན་འོར་པ་གསུམ་བཏང་བའི་སྤྲུལ་སྐུ་རིན་པོ་ཆེའི་མཚན་ལ་བློ་བཟང་ཡེ་ཤེས་སུ་གསོལ་ཐོག་སློབ་དཔོན་བྱམས་རིན་པས་མེ་ཏོག་གཏོར། ལེགས་འབུལ་གཟེངས་བསྟོད།༽ཞེས་གསུངས།9 འདིར་བོན་གྲུ་ཚང་བ་ཞེས་བྲིས་གནང་བ་ནི་མ་དག་པ་རེད། གོང་སྨོས་ལྟར་བྲུ་ཚང་ཞེས་པའི་བྲུ་ནི་ཡུལ་བྲུ་ཞ་ཞེས་པ་དེང་རབས་ཅན་གྱི་རྒྱལ་ཁབ་པ་ཀི་སི་ཏན་གྱི་ནུབ་བྱང་དུ་ཡོད་པ་Gilgit ཞེས་པ་ཡིན་པར་འདོད། དེ་ཡང་ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ་༧༣༧ལོར་བོད་ཀྱིས་མངའ་འོག་ཏུ་བཅུག 10 བོན་གྱི་ཡིག་ཆ་ཁག་ཏུའང་བྲུ་ཤ་གནམ་གསས་སྤྱི་རྟོལ་ཞེས་བྱ་བའི་རྗེས་འཛིན་ཞིག་བྲུ་ཤའི་ཡུལ་ནས་བོད་དུ་ཕེབས་ཏེ་ཁོང་གི་སྲས་བརྒྱུད་དག་བྲུ་ཚང་གདུང་བརྒྱུད་ཀྱི་ཡབ་མེས་ཡིན་པར་བཤད། 11འདིར་རྒྱལ་དབང་མཆོག་གིས་རང་གི་བླ་མའི་སྤྲུལ་སྐུ་བོན་པོ་བྲུ་ཚང་བའི་གདུང་བརྒྱུད་དུ་ངོས་འཛིན་གནང་དགོས་དོན་ཞལ་གསལ་མ་བྱུང་རུང་དུས་སྐབས་དེར་བོན་གྱི་བསྟན་སྦྱིན་ཁམས་བེ་རིའི་རྒྱལ་བོ་དོན་ཡོད་དང་ཁོང་གི་ཕྱོགས་གཏོགས་བཀའ་བརྒྱུད་པའི་ཕྱོགས་འཛིན་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོ་༼༡༦༠༦-༡༦༤༢༽གཉིས་ཆབ་སྲིད་ཐོག་མགོ་གཞུག་ལོག་ཡོད་ན་ཡང་རྒྱལ་དབང་མཆོག་གིས་བོད་གཅིག་གྱུར་ཡོང་ཆེད་དུ་ཇོ་ནང་བ་ཕུད་གྲུབ་མཐའ་རིགས་མི་གཅིག་པ་ཚང་མར་ལས་དོན་ཅི་རིགས་ཐོག་ནས་གཟིགས་མཐོང་བླ་མེད་དུ་མཛད་འདུག། ནམ་རྒྱུན་དུ་མི་ཁྱིམ་ཞིག་ཏུ་དགེ་ལུགས་པའི་སྤྲུལ་སྐུ་འཁྲུངས་ན་མི་ཁྱིམ་དེའི་མི་དང་ཡུལ་འཁོར་ཚང་མ་སྤྲུལ་སྐུའི་དགོན་པས་གཞུང་བཞེས་བྱེད་སྲོལ་ཡོད་ན་ཡང་འདི་སྐབས་སུ་བྲུ་ཚང་གི་གདུང་བརྒྱུད་རང་གནས་སུ་བཞག་སྟེ་བདག་རྐྱེན་མཛད་འདུག
རང་རྣམ་དུ་༼བོན་པོ་དར་སྡིངས་པས་གཏོར་ཟློག་དང་དགྲ་མནན་༽ཞེས་ལན་གསུམ་གསུངས། 12 འདིར་དར་སྡིངས་པ་ནི་གཙང་ཁུལ་གྱི་ས་གནས་གཞད་ཞེས་པར་ཡོད་པའི་གྲོང་ཚོ་དར་སྡིངས་སུ་གདན་ཆགས་པའི་དམུ་གཤེན་གྱི་གདུང་བརྒྱུད་ནམ་རྒྱུན་དུ་གཤེན་ཚང་དུ་འབོད་པ་དེ་རེད།
དེ་བཞིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞུ་ཕུན་ཚོགས་སོགས་ཚོམས་ཆེན་ཁག་ནང་རྒྱལ་དབང་མཆོག་གི་སྐུ་མདུན་དུ་བོད་ཀྱི་བླ་མ་ཆེ་ཁག་དང་སྡེ་དཔོན་དང་རྫོང་དཔོན་རྣམས་ཚོགས་འདུར་བཅར་སྐབས་མི་རེ་གདན་ཡིག་ལྟར་རང་གི་གནས་བབས་ལ་ལྟོས་པའི་གདན་ཐོག་ཏུ་བསྡོད་དགོས་པའི་བཅའ་ཁྲིམས་བཟོས་ཡོད་པ་རེད། དེའི་སྐོར་རང་རྣམ་དུ་༼ཞང་སྟོན། དར་སྡིངས། རི་ཞིང་། གྲུ་ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ་།༽ཞེས་གསུངས། 13 འདིར་རི་ཞིང་ཞེས་པ་ནི་བོད་ལྗོངས་ལྷོ་ཁའི་ས་ཁུལ་དབང་ལྡན་ཞུ་ཚང་གི་གདན་ཆགས་པའི་ཡུལ་དེ་རེད། དེར་བརྟེན་བོན་པོ་གདུང་བརྒྱུད་ཆེ་ཁག་བཞི་ལ་བན་དེའི་བླ་མའམ་སྡེ་དཔོན་གོ་ས་མཐོན་པོ་དང་འདྲ་བར་གདན་ཐོབ་ཀྱི་རྟགས་གནང་བ་ནི་མགོ་སྟན་གཅིག་དེའི་སྟེང་དུ་མཇུག་བསྒྲིགས་དེའི་ཡང་ཐོག་ཏུ་སྟག་གདན་བཏིང་པ་བཅས་ཐོག་བརྩེགས་གསུམ་ལྡན་གྱི་གདན་ཁྲིར་འགྱིང་བའི་ཐོབ་ཐང་ཡོད་འདུག 14
སྤྱི་ལོ་༡༦༧༩ལོར་མི་དབང་སངས་རྒྱས་རྒྱ་མཚོ་༼༡༦༥༣-༡༧༠༥༽སྡེ་སྲིད་དུ་བསྐོ་བཞག་གནང་བའི་བཀའ་ཡིག་ནང་གཡུང་དྲུང་བོན་དམིགས་བསལ་དུ་སྨོས་པ་ནི་འདི་ལྟར་༼ཛམ་བུ་བཀྲ་ཤིས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་རྒུ་སྤྱི་དང་བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་བ་སོགས་རིས་མེད་ཀྱི་ཁྲིམས་ལྡན་འདུས་པའི་སྡེ་གསང་སྔགས་འཆང་བ་གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་དང་སོག་པོ་ཚོ་ཆེན་བཞི་བཅུ་ཨོ་རོད་ཚོ་བ་བཞི་མཚོ་ཁྲི་ཤོར་རྒྱལ་མོའི་གྲམ་དུ་གནས་པའི་རྒྱལ་བོ་རྒྱལ་རིགས་༽ཞེས་གསུངས། བཀའ་ཡིག་འདི་ཕོ་བྲང་པོ་ཏ་ལའི་ཤར་ཕྱོགས་ཕོ་བྲང་དཀར་པོ་ཞེས་པའི་གསུམ་སྐས་སྒོ་མཆོར་གྱི་གྱང་ངོས་སུའཁོད་ཡོད་པ་དང་དེའི་འོག་ཏུ་རྒྱལ་དབང་རང་གི་ཕྱག་རྗེས་ཡང་ཕྱག་ཐམ་གྱི་ཚུལ་དུ་བཀོད་འདུག། འདིར་རྙིང་མ་བཀའ་བརྒྱུད་དང་ས་སྐྱ་སོགས་མ་སྨོས་པར་གཡུང་དྲུང་བོན་ཞེས་དམིགས་སུ་བཀར་ཏེ་གསུངས་པར་དགོས་དབང་ཁྱད་པ་ཅན་ཞིག་ཡོད་པར་སྙམ། བོད་ཀྱི་ལོ་རྒྱུས་ལ་མཁས་པ་སྐུ་ཞབས་ཧུ་རི་ཆར་སོན་༼Hugh Richardson) གྱི་བཀའ་ཡིག་དེའི་དབྱིན་འགྱུར་དུ་གསང་སྔགས་འཆང་བ་ཞེས་པའི་ཚིག་དེ་གཡུང་དྲུང་བོན་ཞེས་པའི་ཚིག་ལས་ལོགས་སུ་བཀར་ཏེ་བསྒྱར་གནང་བ་ནི་དོན་དང་འགལ་བ་ཡིན་ཏེ་དགའ་ལྡན་ཕོ་བྲང་པའི་མངའ་འོག་ཏུ་བོད་དུ་གསང་སྔགས་འཆང་བ་ཞེས་ཆོས་ལུགས་དང་ལྷ་སྡེ་བྱེ་བྲག་པ་ཞིག་བྱུང་བའི་ལོ་རྒྱུས་མི་འདུག 15 འོན་ཏེ་གཡུང་དྲུང་བོན་ལ་གསང་སྔགས་འཆང་བ་ཞེས་འགྲེལ་བཤད་བསྐྱོན་གནང་བ་ཡང་དགོངས་དོན་གཞན་ཞིག་ལ་གཟིགས་པ་ཡིན་ལས་ཆེ། གང་ཡིན་ཞེ་ན་དུས་རབས་བཅུ་བདུན་པའི་ནང་བོན་གྱི་དགོན་གནས་དང་འདུས་སྡེ་ཁག་ཏུ་གསང་སྔགས་ཙམ་མ་ཟད་མདོ་དང་རྫོགས་ཆེན་གྱི་འཆད་ཉན་དང་ཉམས་ལེན་ཡང་ཤིན་ཏུ་དར་བའི་ལོ་རྒྱུས་ཡོད་དོ། །
མཆན།
1རང་རྣམ་ པོད་གཉིས་པ་ ལྡེབ་ ༢༡༡།
2རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
3རང་རྣམ་ པོད་གཉིས་པ་ ལྡེབ་ ༡༨༢།
4རང་རྣམ་ པོད་གཉིས་པ་ ལྡེབ་ ༢༣༧།
5རང་རྣམ་ པོད་གསུམ་པ་ ལྡེབ་ ༢༩༤།
6རང་རྣམ་ པོད་དང་པོ་ ལྡེབ་ ༣༤༨།
7དུང་དཀར་ཚིག་མཛོད་ ལྡེབ་ ༡༧༦༠།
8རང་རྣམ་ པོད་གཉིས་པ་ ལྡེབ་ ༧༣།
9རང་རྣམ་ པོད་གཉིས་པ་ ལྡེབ་ ༧༤།
10དབང་རྒྱལ་དང་བསོད་ནམས་སྐྱིད་ ༡༩༨༠ ལྡེབ་ ༣༤།
11དཔེར་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ ལེགས་བཤད་མཛོད་ ལྡེབ་ ༡༤༥།
12རང་རྣམ་ པོད་གཉིས་པ་ ལྡེབ་ ༤༢༣། པོད་གསུམ་པ་ ལྡེབ་ ༧༤།
13རང་རྣམ་ པོད་གཉིས་པ་ ལྡེབ་ ༡༧༣།
14རང་རྣམ་ པོད་གཉིས་པ་ ལྡེབ་ ༢༧༣།
15Hugh Richardson 1998: 441.
དཔྱད་གཞིའིཁུངས་ཀྱི་ཡིག་ཆ།
ངགདབང་བློ་བཟང་རྒྱ་མཚོའི་རྣམ་ཐར།
སྟོད་ཆ་། བར་ཆ་། སྨད་ཆ་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡།
Hugh Richardson
High Peaks, Pure Earth, Collected Writings on Tibetan history and Culture,
Serindia Publications, London 1998
ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥།
དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠།
དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢།
ཡང་ལྷག་ཤེས་ནས་འདི་ལྟར།
བྱི་སྟུག་འཇའ་ཚོན་ཐིབས་སེའི་རྩ་བ་རུ། །
སྐྱག་ཁམས་འོལ་མོ་ལུང་རིང་བྱ་བ་ཡོད། །
གྲོག་མ་ཤིག་སྲོ་འབྲོང་སྟག་ཁྱུང་སྒོང་འདྲ། །
སྐྱག་འབི་རི་རྒྱལ་ལྟ་བུ་སྲུང་མ་ཡོད། །
འཇིག་རྟེན་མི་ཡི་སྤྱོད་ཡུལ་མ་ཡིན་པས། །
སྟོན་པ་རི་བོང་རྭ་ཅན་གཤེན་རབ་དང་། །
བསྟན་པ་ཤི་འདྲེའི་བཀའ་བརྟེན་གླེགས་བམ་ནི། །
བྱི་སྟུག་གསེབ་ཏུ་བྲག་རི་བརྩེགས་པ་བཞིན། །
སུ་ཞིག་གི་ཡིད་ཆེས་སམ། ཞེས་པའི་ཚིག་བཅད་ཀྱི་ཤོ་ལོ་ཀ་འདི་བཀླགས་རྗེས། ནང་པའི་དྲི་ཙམ་ཡང་མ་དྲོ་བའི་རང་རྟགས་གསོན་པོ་འདི་ལྟ་བུ་ལ་བརྟགས་ན། ལྷག་ཤེས་ཟེར་བ་འདི་ནི་རྒྱ་འདྲེ་བོད་གཟུགས་སུ་བརྫུས་པའི་རྒྱལ་འགོང་ཞིག་ཡིན་པར་ཁོ་ཐག་ནང་ནས་ཆོད་དེ། འདི་ལྟར་གླེང་བར་འདོད་དོ།
རང་རྒྱུད་བོན་ཆོས་གང་གིས་མ་བརླན་པའི།
རྒྱལ་འགོང་གཟུགས་སུ་བརྫུས་པའི་ལྷག་མིང་དེ།
དམར་པོའི་གཞུང་གི་སྲི་ཞུ་སྒྲུབ་མཁན་ཞིག
མིན་ཞེས་སུ་ཡིས་ཁ་ཚོན་གཅོད་ནུས་སམ།
ཁ་ལ་བལྟས་ན་བུད་མེད་ཁ་རལ་མ།
ལས་ལ་ཞིབ་ན་ཁ་བྲལ་ལས་སྦྱོར་བ།
བསམ་པའི་འཁྱེར་སོ་གུང་ཕྲན་ལྟ་སྟངས་ཅན།
ཡང་ཡང་དཔྱད་ན་རྒྱ་ཡི་གསང་ཉུལ་ཞིག
སྟོན་གཉིས་རྗེས་སུ་ཕྱོགས་པའི་གདོང་དམར་དང།
བསྟན་གཉིས་འོག་ཏུ་འཚོ་བའི་ཆོས་བྱེད་རྣམས།
བློ་མཐུན་རྒྱང་ཐག་བྱེད་པའི་གཡོ་འཕྲུལ་འདི།
དམར་པོའི་ལག་ཆ་ནང་གི་དང་པོ་ཡིན།
བོད་ཇ་འཐུང་ཞིང་བོད་རྩམ་ཁ་ལ་ཟ།
བོད་གོས་གྱོན་ནས་བོད་ཆོས་སྤྱོད་ཁུལ་བྱས།
ད་དུང་བོད་ཞེན་ལ་རྒྱ་གཏན་མེད་པའི།
བོད་གདོང་འཁྱེར་ཀྱང་ཁྱོད་ནི་རྒྱ་འདྲེ་དངོས།
རྒྱུ་ནོར་བེད་དུ་སྤྱད་ནས་དཀྲུག་ཀྱང་རུང།
བོན་ཆོས་ཁ་ལ་འཁྱེར་ནས་བཤིག་ཀྱང་རུང།
བོད་ཞེན་ཡོད་པའི་བོད་ཀྱི་དཔའ་བོ་ཚོའི།
ཆོད་སེམས་དེ་ནི་རི་བོ་མཆོག་རབ་དངོས།
ཀྱེ་མ། ཀྱེ་མ། བོད་རྩམ་ཁ་ལ་ཟ། བོད་ཇ་ཁ་ལ་བཏུང། བོད་ཀྱི་ཆས་གོས་གྱོན། བོད་ཀྱི་ཆོས་ལ་སྤྱོད། བོད་མིའི་ཁྲོད་དུ་བསྡད། ད་དུང་བོད་ཀྱི་རྩ་དོན་བསྒྲུབ་པ་ལ་མངོན་འགོག་གི་ལས་འཆར་འདི་དང་འདི་ལྟ་བུ་སྤེལ་། གཅིག་བསྒྲིལ་གྱི་རྩ་བ་བརླག་ཏུ་བཅུག་པའི་ཐབས་ཁོ་ན་ལ་འབད། ཨ་ཧོ། ད་ངོ་མ་མི་ཤེས་ཀི་ཡ། སུ་ཞིག་གིས་ཡིད་ཆེས་སམ། ཨ་མ། ཨ་མ།
སྟག་རའི་སྐད་ཆ།༼སྤྱན་རས་གཟིགས་ཀྱང་གོང་བཤད་ཀྱི་འཇིག་རྟེན་པའི་ལྷ་ཞིག་ཡིན་པ་ལས། བྱང་སེམས་འཕགས་པ་ཞིག་ག་ལ་སྲིད་དེ་གཏན་ནས་མི་སྲིད་དོ། དེ་ལྟར་ན་ཁྱེད་ཅག་གི་བྱང་སེམས་འཕགས་པར་འབོད་པའི་སྤྱན་རས་གཟིགས་ཆོས་ཅན། ཁྱོད་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་བྱང་སེམས་འཕགས་པ་ཞིག་གཏན་ནས་མ་ཡིན་པར་ཐལ། དམན་པའི་ལམ་དུ་ཡང་ནས་ཡང་དུ་གོལ་བའི་ཕྱིར་རོ། དེའི་དབང་དུ་བྱས་ན། ཆོས་རྒྱལ་སྲོང་བཙན་ཡང། མུ་སྟེགས་དབང་ཕྱུག་གི་སྤྲུལ་པར་སོང་བ་མ་ཟད། བོད་ཁམས་ཀྱང་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་སུ་འབོད་པ་འདི་ཡང། དོན་ལ་ཕྱི་པའི་དབང་ཕྱུག་ཆེན་པོས་གདུལ་ཞིང་དུ་གྱུར་འདུག་པས། སེམས་ཤིན་ཏུ་ནས་སྐྱོ།༽
ཁྱོད་ཀྱི་སེམས་ཁམས་བོན་ནག་གདོན་གྱིས་བརླན།།
བཟང་ངན་མི་ཕྱེད་ལོང་བའི་འཆལ་གཏམ་སྨྲ།།
སྐྱག་དྲི་འཐུལ་བའི་སྒྲུབ་བྱེད་དེ་དག་ནི།།
སྣ་བཅད་རྣ་བའི་རྒྱན་དུ་འདོགས་པར་མཛོད།།
ཞེ་འདོད་ལེག་ལེན་འགལ་བའི་བྱ་སྤྱོད་དང་།།
ཤི་འདྲེ་སྐྱབས་སུ་བཟུང་བའི་ལེ་ལན་ལ།།
སྙིང་རྗེའི་བདག་པོར་དམོད་པའི་ཆར་བ་འབེབས།།
ཇ་ལན་དུག་གིས་འཇལ་བའི་བདུད་བོན་ཉིད།།
བསམ་པ་ངན་པའི་ཀུན་སློང་དུག་མཚོ་ལས།།
སྟོན་པ་གཤེབ་རབ་ཆོས་ལ་རྒྱབ་བསྟེན་པས།།
བོད་ཡུལ་མུ་སྟེགས་ཞིང་དུ་བསྒྲུབས་ཙ་ན།།
ལས་ངན་བོན་ནག་དེ་དག་སྙིང་རེ་རྗེ།།
བོན་གཞུང་ཐེག་ཆེན་མདོ་ལས་ཇི་སྐད་དུ།།
མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ།།
ང་དང་བདག་ནི་ཡོད་པ་མ་ཡིན་ནོ།།
ཞེས་གསུངས་དོན་ལ་གོ་བ་ལོག་སྒྲུབ་བྱེད།།
བོན་གྱི་རྒྱལ་བ་གཤེན་རབ་མི་བོ་དང་།།
དེ་ཡི་རྗེས་འབྲངས་བཀའ་དང་རྒྱབ་འགལ་བྱེད།།
བདུད་བོན་དག་ལ་སྐྱབས་སུ་བཟུང་ཙ་ན།།
སྣང་སྲིད་སྤྱི་མདོ་དང་ནི་ཡོངས་སུ་འགལ།།
གེ་སར་སྒྲུང་གི་སྟག་ལ་མེ་འབར་དང་།།
དགེ་སྡིག་སྤང་བླང་མེད་པའི་ཆད་ལྟ་བ།།
མདོར་ན་ཁྱོད་ནི་ནང་མིན་བོན་ཡང་མིན།།
འབེལ་གཏམ་སྙིང་བོའི་ལུགས་དང་གཏན་དུ་འགལ།།
ཡ་དྲྭ་གྲོགས་མིག་བརྒྱད་པ་ལགས། ལྷོད་ལྷོད་ཡིན་ད། ལམ་སེང་ཐུགས་ཚོམ་མ་གནང། ཞེ་སྡང་གི་དབང་དུ་བསྒྱུར་ན་སོ་སོར་རྟོགས་པའི་ཤེས་རབ་འཆལ་འགྲོ་བ་ལས་དགེ་མཚན་ཅི་ཡང་མེད། རྩོད་དུས་ངག་འཇམ་གཟི་བརྗིད་ལྡན། རང་དབང་མངོན་འགྱུར་གཞན་དབང་དཀྲོལ། དེ་ནི་སྨྲ་བའི་སེང་གི་སྟེ། ཞེས་གསུངས་པ་ལྟར་གྱི་མཁས་པའི་མཛངས་སྤྱོད་ངོམ་པའི་དུས་ལ་བབས་པ་ཡིན་པས། ལན་བཏབ་ཤོག་ཨ། སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་ནས་མགོ་བོ་དུམ་བུ་བཅུ་ལ་གས་ཞེས་པའི་གཏམ་དེ་བདེན་པ་ཡིན་པར་ཐལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡང་སྤྱན་རས་གཟིགས་ཆོས་ཅན། ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་བྱང་སེམས་འཕགས་པ་མ་ཡིན་པར་ཐལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡང་སྤྱན་རས་གཟིགས་ཆོས་ཅན། ཁྱོད་འཇིག་རྟེན་དབང་ཕྱུག་མ་ཡིན་པར་ཐལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡང་སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་འཕགས་པ་ཡིན་པ་ཁས་བླངས་བཞིན་དུས་དམན་ལམ་དུ་ཟག་འགྲོ་དགོས་པའི་རྒྱུ་མཚན་ཡོད་པར་ཐལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བན་ནག་བོན་ནག་སུ་ཡིན་ངས་མི་ཤེས།
ང་ནི་དྲང་བདེན་ལམ་གྱི་སྒྲོན་མེ་ཡིན།
ཁུངས་ལྡན་སྒྲུབ་བྱེད་གནམ་རུའི་པྲིང་སྒྲ་ཡིས།
རེངས་པར་གྱུར་ན་རྣ་ཁུང་བརྡབ་ལེ་རེད།
དེའི་ཕྱིར་མཁས་པས་རང་ཚོད་བཟུང་ན་དགའ།
མཁས་ཚོད་མ་ཟིན་གནམ་ས་ཟློག་པའི་གཏམ།
ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་འགྱུར་ན།
རྐུབ་ལ་ཐུ་རུ་ཟུག་རྒྱུ་ཉག་ཅིག་ཡིན།
ཧ་ཧ་ཧ་ཧ་།།
མིག་ལན་ཐེ་ཚོམ་གཡའ་སེལ།།
མཆན་ཨང་༼༡༩༧༽ནང་དུ་མིག་བརྒྱད་པས་‘‘སྨན་མོ་མཚོ། ཁྱོད་ཀྱིས་ཉ་ཉོག་མང་པོ་ཞིག་བཤད་མོད་གནད་ལ་འཁེལ་བའི་དོན་དག་གཅིག་ལ་ལན་མི་རྒྱག་གི་’’ ཟེར་འདུག་པ་དེ་ནི་ཧ་ལམ་ཁར་སྔོན་ངས་ཕྱག་མཛོད་རྒྱ་ལེས་སོག་ཇག་ཉིས་སྟོང་ལྷག་སྣ་དྲངས་ཏེ་བཀའ་རྒྱུད་པའི་གྲྭ་བ་བདུན་སྟོང་ཙམ་ཉིན་གཅིག་ལ་བསད་པ་རེད་ཅེས་བྲིས་ཡོད་པས་དེའི་སྐོར་ཁྱོད་ཀྱིས་ཡིད་ཆེས་མེད་མདོག་ཞིག་བཤད་སོང་བས་དེ་རང་ཡིན་མདོག་ཁ་བོ་རེད། དེའི་སྐོར་ངས་སྔར་ནས་ཚིག་བཅད་ལྷུག་སྤེལ་མ་ཅི་རིགས་ཀྱི་སྒོ་ནས་ཁྱོད་ལ་གསལ་བཤད་བྱས་ཟིན་པ་ཡིན་པས་དེ་ལས་ལྷག་པ་ཞིག་ངས་དྲ་ཐོག་ལ་དུས་ནམ་ཡང་འབྲི་གི་མིན། རྒྱུ་མཚན་ནི་དེ་ནི་ཁྱོད་དང་ང་གཉིས་ཐོས་རྒྱ་ཆེ་ཆུང་ཤོར་བའི་རྟགས་མངོན་གསལ་ཞིག་བསྟན་པས་ངས་ཤེས་ཚད་ཚང་མ་ཁྱོད་ཀྱིས་ཧ་གོ་དགོས་ཀྱི་ཡོད་ན་ཨ་ལེ་དང་པོ་རབ་བྱུང་ན་མི་ལོ་བཅུ་ཕྲག་ཞིག་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་གཞུང་ལུགས་ཁག་ལ་གུས་རྟགས་ཀྱི་བརྩོན་པ་གྱིས་ནས་ཤོག གལ་ཏེ་དེ་ལྟར་མ་བྱུང་ཡང་མ་མཐའ་ངས་ཁར་སྔོན་‘རྩ་བར་ཟུངས་’དང་‘ཡིག་ཆ་གྱིས་’‘ཟུར་བལྟ་བྱོས་’ཞེས་པའི་ཕྱག་དཔེ་དེ་དག་ཚང་མ་ཞིབ་ཀློག་ཞིག་བྱས་ན་གཞི་ནས་ཁྱོད་ཀྱི་ང་ལ་དགོངས་པའི་རླན་པོ་དང་དགག་པའི་འཛུམ་མོ་འཛུགས་ཐབས་ཡོད་པ་ལས་ཁྱེར་ཤོག་དང་སྟོན་ཞེས་མེད་མདོག་བྱས་པ་ཙམ་གྱིས་ཉི་མ་རྒྱབ་ཤར་ལག་པས་འགེབ་འདོད་རང་རེད།། མ་གཞི་བྱས་ན་དེ་དག་ལས་མ་མཐའ་ཆོལ་གསུམ་ལོ་རྒྱུས་སྡེ་ཚན་ནས་ཕྱོགས་བསྒྲིགས་བྱས་པའི་(བོད་ཀྱི་ལོ་རྒྱུས་བགྲོ་གླེང་)ཞེས་པའི་དེབ་དེ་ནི་བཙན་བྱོལ་སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཡོད་པས་ཁྱོད་ཀྱིས་ཀྱང་མཐོང་ཡོད་ཚོད་རེད།། ངས་ནི་ཁྱེད་ཚོས་བཤད་པ་བཞིན་བོན་གྱི་ལུང་ཁུངས་གཅིག་ཙམ་ཡང་མིང་སྨོས་རྒྱུ་མེད་པར་གཞི་མེད་ཀྱི་སྒྲོ་བཏགས་‘རྡོལ་འཁྱར་བསྒྱུར་གསུམ་’དང་‘དཀར་ནག་དབྱེ་འབྱེད་’དེ་བཞིན་‘དམར་མཆོད་འབུལ་རབས་’སོགས་སུ་བསྙད་པ་ལྟ་བུ་དུས་ནམ་ཡང་བཤད་ཀྱི་མ་རེད།།
ཡང་ཁྱོད་ཀྱིས་‘‘ད་རེ་ངས་ཁྱོད་ལ་དྲི་བ་གཞན་ཞིག་འདྲི་ཆོག་པ་བྱོས། བོན་པོའི་ཆོ་ག་ཞིག་ཏུ། པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། ་་་་་་་་་་་་་་་་་་སྟག་ལ་མེ་འབར་བཞུགས།། ཞེས་པའི་དགོངས་པ་ཇི་ལྟར་འགྲེལ།’’ཞེས་ཟེར་བ་དེ་ནི་ནམ་རྒྱུན་ཡོངས་གྲགས་བཤད་ཚུལ་དང་མཐུན་གྱི་མི་འདུག་པ་འདིས་ཁྱོད་ཀྱིས་རི་བོང་ཅལ་འདྲོགས་ཡིན་པའི་རྟགས་ཤིག་བསྟན་འདུག་སྙམ།། འོན་ཀྱང་ཡོངས་གྲགས་ལ་སྔ་མ་འདྲ་ལ་ཚིག་རྐང་ཕྱི་མ་དེ་‘སྟག་ལ་མེ་འབར་སྤྱན་འདྲེན་གཤེགས་སུ་གསོལ་’ཞེས་པ་ཞིག་ཡོད་པར་བཤད་སྲོལ་འདུག ན་ནིང་དྲ་གྲོགས་ཤིག་གིས་ལུང་འདི་དྲ་ཐོག་ལ་ཁུར་ནས་རྩོད་པ་སློང་སོང་། དེ་དུས་རྨུ་ཐག་གི་བུ་རྒྱུད་ཅེས་པ་ཞིག་གིས་འདིའི་སྐོར་གསལ་བཤད་བྱས་སྐབས་སྔོན་མ་ཞིག་མཚོ་སྔོན་ཕྱོགས་སུ་དེའི་སྐོར་རྩོད་བྱུང་བས་ཐ་མ་རྩ་བའི་དཔེ་རྙིང་ལ་ཁུངས་གཏུག་དུས་ཚིག་དེ་འདྲ་བ་ཞིག་མེད་རབས་ཤིག་བཤད་སོང་། གང་ལྟར་ཀྱང་དེ་རིང་ཁྱོད་ཀྱིས་དང་པོ་ལུང་དེ་ཡོད་པའི་དཔེ་ཆའི་མཚན་དང་མཛད་པ་པོ་དེ་བཞིན་ད་ལྟའི་ཆར་ཕྱག་དཔེ་དེ་གང་ནས་རགས་མིན་སོགས་གསལ་བཤད་ཅིག་གནང་རོགས་ཞེས་སླར་ཡང་ཕར་དྲིས་པ་ཡིན།། གལ་ཏེ་དེ་ལྟར་གནང་ཞིང་ལུང་དེ་ལྟ་བུ་ཞིག་འདུག་ན་ངས་འགྲེལ་བཤད་སྟབས་བདེ་ཞིག་རྒྱག་ངེས་ཡིན་པ་མ་ཟད། མགོ་མཚུངས་ཀྱི་རིག་པ་ཞིག་ཀྱང་བསྒྲེ་རྒྱུ་ཡོད།།
ཡང་མཆན་ཨང་༼༡༩༨༽མིག་བརྒྱད་པས་‘‘ངས་ཁྱོད་ལ་དྲི་བ་ཞིག་འདྲི། མགོན་པོའི་ཆོ་གར། བོན་པོའི་རྟ་ཟོར་འཕེན་པ་ཟློག། ཅེས་པའི་བོན་པོའི་རྟ་ཟོར་འཕེན་སྟངས་ཇི་ལྟར་ཡིན་ནམ།’’ཞེས་ཟེར་འདུག་མོད་མ་གཞི་བྱས་ན་དེ་རྒྱལ་འགོང་གཉིས་ལས་འགོང་པོས་ལུང་བསྟན་བྱུང་བ་ཡིན་སྲིད་པས་དྲི་བ་དེ་འགོང་པོ་ལ་འདྲི་དགོས་པ་འདྲ་བོ་ཞིག་རེད། འོན་ཀྱང་བོན་ཞེས་ཚིག་ཐོན་ཡོང་དུས་བོན་གྱིོ་མཁས་དབང་སྟག་ར་དྲིས་པ་དེ་མ་འགྲིག་པ་ཞིག་ཅི་ཡོད་ཁོང་གིས་བཀའ་ལན་གསུང་ངེས་རེད།། བོད་ཀྱི་གཏམ་དཔེར་‘‘རྒྱུན་བུ་རིག་དུས་གཉའ་བཀྱིག་དྲན་’’ཞེས་པའི་དཔེ་ལྟར་ངས་ཁྱོད་ལ་ཡང་དྲི་བ་ཞིག་དྲན་སོང་།། ཁྲོ་བོའི་དམར་ཟློག་ལས།། ‘‘བན་དྷེས་ངན་སྔགས་དམོད་པ་ཟློག་’’ཅེས་གསལ་འདུག་པས་བན་དྷེས་ངན་སྔགས་དམོད་སྟངས་ཇི་ལྟར་ཡིན་ནམ།། ཧ་ཧ་ཧཱ་་་་་།།
ཡང་ཁྱོད་ཀྱིས་མཆན་༼༢༠༤༽ནང་ལ་དྲི་བ་དང་ལན་ཅི་ཡིན་མི་ཤེས་པའི་ཉོག་ཚིག་ཁག་གཅིག་བྲིས་འདུག་པ་དེ་བཏང་སྙོམས་སུ་འབོར་རྒྱུ་ལས་ལན་རྒྱག་རིན་མེད་པས་སོ།། ཡང་མཆན་ཨང་༼༢༠༥༽ནང་‘‘བོན་པོའི་ལུགས་སྲོལ་ལ་ཆོས་ཞེས་པའི་ཚབ་ཏུ་ཀུན་ལ་བོན་ཞེས་སྦྱོར་བ་ཡིན་’’ཞེས་ཁྱོད་ཀྱིས་བོན་ལུགས་ལ་ཆོས་ཀྱི་ཚབ་ཏུ་བོན་སྦྱར་སྲོལ་ཡོད་པ་ཤེས་བཞིན་མཆན་ཨང་༼༢༡༢༽པའི་ནང་བོན་བན་མུ་གཞི་བརྩི་སྐབས་‘‘བན་ཡིན་ལ་བོན་མ་ཡིན་པ་མགོན་སློབ་དཔོན་རིན་པོ་ཆེ་’’ཞེས་བཞག་པར་བལྟས་ན་ཧ་ལམ་ཁྱོད་ཀྱིས་བཞག་པའི་སློབ་དཔོན་རིན་པོ་ཆེ་དེ་མེད་ངེས་ཡིན་པར་འདོད་རྒྱུ་ཡིན་པ་འདྲ།། གང་ལགས་ན་བོན་གྱི་ཚབ་ཏུ་ཆོས་སྦྱར་ཞིང་ཆོས་དང་ཤེས་བྱ་དོན་གཅིག་ཡིན་པའི་ཕྱིར། དེར་མ་ཟད་བོན་ལུགས་ལ་ཡང་བོན་དང་ཤེས་བྱ་དོན་གཅིག་ཡིན་པ་གཞིར་བཅས་ཤེས་བྱ་མ་ཡིན་ན་མེད་པས་ཁྱབ་པ་བོན་བན་གཉིས་ཀ་གཅིག་མཚུངས་ཡིན་པའི་ཕྱིར་རོ།། ད་ལན་སྙིང་རྗེ་བོ་ཞིག་ཐོབ་དཱ་་་་།ཧ་ཧ་ཧཱ་་་།། ད་དུང་གླང་དར་གྱིས་ཆོས་བསྣུབས་རབས་བཤད་བཤད་པའི་མཐའ་མར་མེད་ངེས་ཏུ་ཁས་བླངས་འདུག་ཏེ་ཆོས་མ་ཡིན་པའི་ཕྱིར། ཡང་ན་བོན་པོས་‘‘ཆོས་ཞེས་པའི་ཚབ་ཏུ་ཀུན་ལ་བོན་ཞེས་སྦྱོར་བ་’’མ་ཡིན་པ་ཐལ་ཤེས་བྱ་དང་ཁྱབ་མཉམ་དུ་གྱུར་པའི་ཆོས་ལ་བོན་ཞེས་མི་སྦྱར་བའི་ཕྱིར།། འདོད་ན་རྩ་བའི་དམ་བཅའ་ཚཱ་་་་་་།
ཡང་ཁྱོད་ཀྱིས་‘‘ཆོས་ཞེས་པ་བོད་སྐད་གཙང་མ་ཞིག་ཡིན་ན་ཡང་བོན་ཞེས་བཙན་གྱིས་སྦྱར་དོན་ཅི་ཡིན་ནམ་’’ཞེས་ཟེར་བ་ལ་ལན་འདེབས་ཀྱི་ཚབ་ཏུ་མགོ་མཚུངས་ཀྱི་རིག་པ་ཞིག་འཕེན་ལ་ལན་ཁྱོད་ཀྱིས་ཐོབ་ཤིགས། མཁས་པ་ཞེས་བོད་སྐད་གཙང་མ་ཡིན་བཞིན་དུ་ནེལ་པ་སོགས་ལ་པཎྜི་ཊ་ཞེས་བཙན་གྱིས་སྦྱར་དགོས་དོན་གང་ཡིན་ནམ། རྫོགས་པ་ཆེན་པོ་ལ་སོགས་བོད་སྐད་གཙང་མ་ཡིན་བཞིན་དུ་མ་ཧཱ་ཡོ་ག་སོགས་སྦྱར་དགོས་དོན་གང་ཡིན་ནམ། གྲྭ་པ་སོགས་བོད་སྐད་གཙང་མ་བེད་སྤྱོད་རྒྱུ་ཡོད་བཞིན་དུ་བན་དྷེ་ཞེས་སྦྱར་དགོས་པའི་རྒྱུ་མཚན་གང་ཡིན་སོགས་བསམ་གྱི་མི་ཁྱབ་པས་ལན་ཐོབ་ཤིགས།།
སྟག་ར་ལགས། ཚིག་ནི་ཚིག་རེད། དེའི་དོན་དག་ཅི་ཞིག་ཡིན་མིན་དཔྱད་ཐབས་ཀྱིས་དབེན་ཏེ་འཕགས་པ་སྤྱན་རས་གཟིགས་ལ་དམོད་གཏོང་བྱེད་པ་ནི་ཅི་ཞིག་ཡིན་ཆ་མ་འཚལ། གཅིག་བྱས་ན། བོན་ནག་ཚོ་ལ་ཡ་རབས་ཀྱི་ཚིག་བེད་སྤྱོད་གཏོང་རྒྱུ་མེད་སོང་བ་འདྲ། ཡང་མིན་ན། སྤྱན་རས་གཟིགས་ལ་དམོད་གཏོང་བྱེད་ན་ངེད་ཅག་ལ་གནོད་མི་ཡོང་ངམ་སྙམ་པའི་ཀུན་སློང་ངན་པས་བརྗོད་པ་ཡིན་ན་ཐང་མོད། ངེད་ཅག་ལ་གང་ཡང་གནོད་ཀྱི་མ་རེད། སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་ཁྱོད་ལ་ཤིན་ཏུ་ལྐོག་གྱུར་ཡིན་པས་སོ། །ངེད་ཅག་གི་ནང་པའི་གཞུང་གཞིར་བཞག་ནས་རྩོད་གི་ཡོད་ན་འཕགས་ལམ་ཐོབ་ནས་སེམས་བསྐྱེད་དང་སྡོམ་པ་མི་ཉམས་པ་བསྟན་བཅོས་མངོན་རྟོགས་རྒྱན་ལས་གསུངས་ཚར་བ་རེད།
ལུང་གི་རྒྱབ་རྟེན་མེད་པའི་རིགས་འཆལ་དང་།།
རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།
གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།
ལུང་རིགས་གཉིས་མཛོད་མཁའ་ལྡིང་དབང་པོ་མཛོད།།
ད་ངས་ཀི་འདེབས་གི་ཡིན། གཤེན་རབ་གང་དུ་སྐྱེས་པ་རེད། ལྷ་ཡུལ་དུ་སྐྱེས་པ་རེད་དམ། ཀླུ་ཡུལ་ལ་སྐྱེས་པ་རེད་དམ། མི་ཡུལ་ལ་སྐྱེས་པ་རེད་དམ། འགྲོ་བ་མིའི་རིགས་ཀྱིས་གཏན་ནས་མི་མཐོང་ས་ཞིག་ཏུ་སྐྱེས་པ་རེད་དམ། དེ་ཙམ་ཡང་ཐག་ཆོད་གི་མི་འདུག་གམ། མི་ཡུལ་ལ་སྐྱེས་ན་ཤར་ལྷོ་ནུབ་བྱང་གི་ཡུལ་གང་དུ་སྐྱེས་པ་རེད། དྲི་བ་དེ་མ་གཏོགས་མེད། གང་དུ་བྱོན་པ་རེད། དེ་ཙམ་ལས་ངས་མི་འདྲི། ལྷ་ཡུལ་ལ་སྐྱེས་ན་ལྷ་ཡུལ་དུ་སྐྱེས་པར་ཁས་ལོངས་དང་དེ་ནས་ངས་དྲི་བ་མི་འདོན། ཀླུ་ཡུལ་ལ་སྐྱེས་ན་དེ་ལུགས་ཁས་ལོངས་དང་དེ་ནས་ངས་དྲི་བ་མི་འདོན། འཛམ་གླིང་འདིར་སྐྱེས་ན་ངས་ས་ཆ་གང་ཞིག་ཏུ་སྐྱེས་པ་ངས་རྩད་གཅོད་གཏོང་གི་ཡིན། དེ་ཙམ་ཡང་ཐག་མི་ཆོད་ན་གཤེན་རབ་གཏན་ནས་མ་བྱུང་བར་ཐག་གཅད་རྒྱུ་ཡིན། སྟག་ལྷ་དང་བྱམས་མ་སོགས་ལ་དོག་འདྲི་གཏན་ནས་མེད། དེ་ཚོ་ལོ་རྒྱུས་ཀྱི་མི་སྣ་མིན་སྟབས་གང་དུ་སྐྱེས་ཞིང་ཤི་བ་སོགས་ལ་དོག་འདྲི་བྱེད་དགོས་པ་ཞིག་མ་རེད། གཤེན་རབ་ཟེར་བ་ཞིག་འཇིག་རྟེ་འདིར་བྱུང་ཡོདམེད་ཐག་མ་ཆོད་གོང་དུ་ཐེག་ཆེན་གཤེན་རབ་ལས་བྱུང་མིན་སོགས་ག་འདྲ་ཐག་ཆོད། དེ་ཚོ་དང་པོ་ཕར་ཞོག་ཞོག
སྨན་མོ་མཚོ། བོན་དཀར་གྱི་གཞུང་ཤར་རྫའི་ལེགས་བཤད་མཛོད་དུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །བོན་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་མི་འདོད་དམ། འབེལ་གཏམ་ལུང་གི་སྙིང་པོ་ལས། སྤྱིར་འདུས་བྱས་ཐམས་ཅད་དང་། ཁྱད་པར་རྙེད་དཀའ་བའི་ལུས་རྟེན་འདི་ཉིད་མི་རྟག་པའི་གང་བུས་འཁོར་བ་དང་། འཁོར་བའི་བོན་ཐམས་ཅད་སྡུག་བསྔལ་སྡུག་བསྔལ་ཟུང་བཞིས་ཁྱབ་པར་མནན། ཞེས་དང་། བོན་ཐམས་ཅད་ཀྱི་ངོ་བོ་ནི་ཅིར་ཡང་དམིགས་སུ་མེད་པ། སྨན་རིའི་མཁན་སློབ་བསྟན་འཛིན་རྣམ་དག་མཆོག་གིས། བོན་ཐམས་ཅད་ཡུལ་རང་ངོས་ནས་གྲུབ་པ་མེད་ཀྱང་ལས་འབྲས་ཐར་འཁོར་གྱི་རྣམ་བཞག་རང་བཞིན་མེད་བཞིན་དུ་བཞག་རུང་བ་རིགས་པའི་སྒོ་དུ་མ་ནས་གཏན་ལ་ཕབ། ཅེས་པ་སོགས་ཀྱི་ཆོས་ཀྱི་ཚབ་ལ་བོན་ཞེས་སྦྱར་བ་མ་ཡིན་ནམ། མིག་ཡོད་བཞིན་གཡང་ལ་མཆོངས་དོན་ཅི་ཡོད།
ཡིག་ནོར་བྱུང་བས་སླར་ཡང་།
སྨན་མོ་མཚོ། བོན་དཀར་གྱི་གཞུང་ཤར་རྫའི་ལེགས་བཤད་མཛོད་དུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །བོན་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་མི་འདོད་དམ། འབེལ་གཏམ་ལུང་གི་སྙིང་པོ་ལས། སྤྱིར་འདུས་བྱས་ཐམས་ཅད་དང་། ཁྱད་པར་རྙེད་དཀའ་བའི་ལུས་རྟེན་འདི་ཉིད་མི་རྟག་པའི་གང་བུས་འཁོར་བ་དང་། འཁོར་བའི་བོན་ཐམས་ཅད་སྡུག་བསྔལ་ཟུང་བཞིས་ཁྱབ་པར་མནན། ཞེས་དང་། བོན་ཐམས་ཅད་ཀྱི་ངོ་བོ་ནི་ཅིར་ཡང་དམིགས་སུ་མེད་པ། ཞེས་དང་། སྨན་རིའི་མཁན་སློབ་བསྟན་འཛིན་རྣམ་དག་མཆོག་གིས། བོན་ཐམས་ཅད་ཡུལ་རང་ངོས་ནས་གྲུབ་པ་མེད་ཀྱང་ལས་འབྲས་ཐར་འཁོར་གྱི་རྣམ་བཞག་རང་བཞིན་མེད་བཞིན་དུ་བཞག་རུང་བ་རིགས་པའི་སྒོ་དུ་མ་ནས་གཏན་ལ་ཕབ། ཅེས་པ་སོགས་ཀྱི་ཆོས་ཀྱི་ཚབ་ལ་བོན་ཞེས་སྦྱར་བ་མ་ཡིན་ནམ། མིག་ཡོད་བཞིན་གཡང་ལ་མཆོངས་དོན་ཅི་ཡོད།
མཁས་པ་ཡིན་ཟེར་གཡོ་སྒྱུའི་ལོ་རྒྱུས་བྲིས། །
བཙུན་པ་ཡིན་ཟེར་འཚེ་བ་ཆོས་སུ་སྨྲ། །
བཟང་པོ་ཡིན་ཟེར་རྒྱལ་དང་རྒྱལ་སྲས་དམོད། །
མིང་དོན་མ་མཚུངས་གཤིན་བོན་ངོ་རེ་ཚ། །
ཞི་མས་ཞི་བདེ་སྟོན་པའི་བོན་ལུགས་ལ། །
ཆོས་རྒྱོ་ནམ་ནོར་ཀློ་སྨྱོན་ཧ་ར་ཀ །
ཚེ་སྐྱག་སྟག་ར་ཤག་སྡང་རྨེ་རྨི་སོགས། །
ཞ་གཞོང་སྐྱག་དྲི་ཐུལ་ལ་སུ་ཡིད་ཆེས། །
གསེར་རྟ་འཇིགས་ཕུན་རིས་མེད་མིན་ནོ་ལོ། །
ཏྰ་ལས་བླ་མས་བོན་ཞྭ་གྱོན་ནོ་ལོ། །
བཀའ་གདམས་གཙང་མ་དོལ་འདྲེ་ཡིན་ནོ་ལོ། །
བོད་དོན་བན་བོན་མ་ཤེས་འུར་སྒྲོག་ལོ། །
སྤྱན་རིས་གཟིགས་ཀྱང་མུ་སྟེགས་ལྷ་ཡིན་ཟེར། །
མ་ཎི་འབྲུ་དྲུག་མ་འདོན་དོན་མེད་ཟེར། །
མ་སྲི་མོ་སྨན་བསད་ཀྱང་བོན་ཡིན་ཟེར། །
མི་ཆོས་ལས་འདས་འཚེ་བོན་ཞང་ཞུང་ཡུལ། །
དམྱལ་བ་ཡི་དྭགས་བར་དོ་གང་ཡིན་ནམ། །
སྨན་མོ་མཚོ། ཁྱོད་ཀྱིས་ཚིག་གི་ངོ་གདོང་ཙམ་མ་གཏོགས་གང་ཡང་མཐོང་གི་མེད་པ་འདྲ། བན་བོན་ཟེར་དུས་བན་དེ་དང་བོན་པོ་ལ་གོ་དགོས། འོ་ན། ཁྱོད་ལ། སློབ་དཔོན་རིན་པོ་ཆེ་ཆོས་ཅན། བོན་ཡིན་པར་ཐལ། ཆོས་ཡིན་པའི་ཕྱིར། མ་གྲུབ་ན། བོན་ཐམས་ཅད་ཟེར་བ་མ་ཡིན་པར་ཐལ་ལོ། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། གཞན་ཡང་། སྟག་ལ་མེ་འབར་ཆོས་ཅན། ཆོས་ཡིན་པར་ཐལ། བོན་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཁྱོད་རྣམ་རྟོག་ཟ་བའི་ཕྱིར། ། ཡང་ཁྱོད་ཀྱིས། ༼ཤེས་བྱ་དང་ཁྱབ་མཉམ་དུ་གྱུར་པའི་ཆོས་ལ་བོན་ཞེས་མི་སྦྱར་བའི་ཕྱིར།༽ འོ་ན། གེ་སར་རྒྱལ་པོའི་དགྲ་ཁ་གཏད་པ་སྟག་ལ་མེ་འབར་ཆོས་ཅན། བོན་མ་ཡིན་པར་ཐལ། ཤེས་བྱ་དང་ཁྱབ་མཉམ་དུ་གྱུར་པའི་ཆོས་མ་ཡིན་པའི་ཕྱིར། ཁྱོད་ཀྱིས་ལན་ཅི་འདེབས།༼སྔོན་མ་ཞིག་མཚོ་སྔོན་ཕྱོགས་སུ་དེའི་སྐོར་རྩོད་བྱུང་བས་ཐ་མ་རྩ་བའི་དཔེ་རྙིང་ལ་ཁུངས་གཏུག་དུས་ཚིག་དེ་འདྲ་བ་ཞིག་མེད་རབས་ཤིགད་་བཤད་སོང་།༽འདི་དཔེ་རྙིང་ན་མེད་ན་བོན་པོ་ཚོ་ཁ་སྐྱེངས་ངོ་ཚ་ནས་དཔེ་རྙིང་ནས་ནག་བསུབ་ཏུ་བཏང་བ་ཡིན་རྒྱུ་རེད། རང་བསྟན་རང་གིས་བཤིག་ཟེར་ན་དེ་འདྲ་རེད། ༼‘‘བན་དྷེས་ངན་སྔགས་དམོད་པ་ཟློག༽འདིས་བན་དྷེས་བོན་ནག་གི་ངན་སྔགས་རྒྱོབ་གསོད་གཏུབ་ལ་སོགས་པའི་དམོད་པ་ཟློག་པ་ལ་ཟེར། ཨེ་གོ་ཐལ།
མཆན་ཨང་༼༢༡༤༽ནང་ལྷག་ཤེས་སུ་འབོད་པས་གཏམ་ཉོབ་མང་དུ་བྲིས་འདུག་ཀྱང་དེའི་ནང་ནས་ཁྱོད་ཀྱིས་‘‘བོད་ནང་ན་ཡོད་པ་ཚོས་རང་ལུས་མེ་བསྲེག་པ་དང་བོད་དོན་ལ་སེམས་ཤུགས་ཆིག་སྒྲིལ་བྱེད་པ་དག་དངོས་ཡོད་རེད། རྒྱལ་ཚོང་པ་ཁྱེད་ཚོས་རིས་མེད་ཡང་དག་གཅིག་ཧ་གོ་མི་འདུག་’’ཞེས་ཚིག་འདི་ལྟ་བུ་ཞིག་ཁྱོད་ཀྱི་ཁ་ནས་ཐོན་ཐུབ་པ་དེ་ང་སྨན་མོ་མཚོ་ཁ་མི་མཚར་ཁོག་མཚར་ནས་སྙན་ཚིག་འདི་ལྟར་ཞིག་ཁྱོད་ལ་འབུལ་འདོད་བྱུང་སོང་།།
ཐུབ་བསྟན་འཛིན་པ་ཀུན་གྱིས་མགྲིན་གཅིག་ཏུ།།
བཀའ་དྲིན་ཅན་གྱི་ཆོས་རྒྱལ་སྲོང་བཙན་གྱིས།།
འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་རབས་སོགས།།
བསྟོད་བསྔགས་ཁོ་ནས་གནམ་དུ་བཏེགས་མོད་ཀྱང་།།
དོན་དུ་ཆགས་པའི་དབུ་གཉིས་བརྩེགས་པ་འདིས།།
བཟའ་ཟླ་རྒྱ་མོ་གཅིག་གི་དོན་ཆེད་དུ།།
རྒྱ་སྣ་བོད་ལ་དྲངས་པ་འདིར་བསམ་ཚེ།།
རྒྱ་མོའི་ཆེད་དུ་རྒྱལ་ཁབ་བཙོང་པ་འདྲ།།
ཁྲི་སྲོང་ལྡེ་བཙན་ཆོས་རྒྱལ་དྲིན་ཆེན་འདིས།།
ཕྱི་མི་ནང་དུ་འདྲེན་པའི་ཨ་གསར་འོག །
ནང་མི་མཐའ་རུ་བཅུག་པའི་བྱ་བ་འདིས།།
བོད་མིའི་ཆིག་སྒྲིལ་ནུས་པའི་བྲག་རི་གཏོར།།
ལྷ་ལུང་དཔལ་རྡོར་ཤཱཀྱའི་དགེ་སློང་འདིས།།
སྒང་པ་བོད་ཀྱི་རྒྱལ་སྲིད་སྐྱོང་བའི་མགོན།།
ལྷ་སྲས་དར་མ་ལྷ་ཡུལ་བསྐྱལ་བ་འདིས།།
བོད་ཁམས་སིལ་བུར་འཐོར་བའི་རྐྱེན་དུ་བཟོས།།
བླ་བྲང་དབང་བསྒྱུར་དུས་རབས་རིམ་པའི་ནང་།།
སྲིད་ལ་ཁ་ཁྱེར་ཆོས་ཀྱི་འཐབ་རྩོད་ཆེད།།
སྟོབས་ཆེན་རྒྱལ་ཁབ་དུ་མར་མགོ་བཏགས་ཏེ།།
ཆོས་ལྡན་བོད་དེ་ཁྲག་གི་གཡུལ་སར་བསྐྲུན།།
བྱ་ངན་དེ་ལ་དམངས་ཀྱིས་བློ་མ་བཟོད།།
ངོ་ལོག་སྡེ་གཟར་རིམ་བཞིན་ལངས་པའི་ཚེ།།
དམངས་ཀྱི་མགོ་བོ་བཅོམ་པའི་ལག་ཆ་རུ།།
མན་ཆིང་གོང་མ་སོགས་ལས་བཀའ་ཐམ་བླངས།།
དེ་ཉིད་བོད་ཀྱི་ལོ་རྒྱུས་རྒྱུད་རིམ་ནང་།།
གཞན་གྱི་དབང་འོག་བསྡད་པའི་དཔང་རྟགས་སུ།།
ནམ་ཡང་བསུབ་ཐབས་མེད་པར་གྱུར་པ་འདི།།
བླ་བྲང་བླ་མའི་མཛད་རྗེས་ཉག་གཅིག་ཡིན།།
ད་དུང་དེ་ཡིས་མ་ཚད་བྱ་བཟང་ཆེ།།
བོད་མའི་སྲོག་རྩར་གྱུར་པའི་སྐད་ཡིག་དེ།།
རྒྱ་གར་མུ་སྟེགས་མོད་པའི་གྲོང་དུ་ཕུལ།།
བོད་ཡུལ་མུན་ནག་ཀླ་ཀློའི་གནས་སུ་བསྒྲུབས།།
ཐེག་པ་ཆེ་ཆུང་མདོ་སྔགས་གཞུང་ལུགས་ཕལ།།
འཕགས་ཡུལ་ཉན་ཐོས་གཞུང་དུ་བཙན་གྱིས་བསྲེས།།
རྩིས་སོགས་ཐུན་མོང་རིག་པའི་གནས་རྣམས་ཀུན།།
རྒྱ་ནག་འཇལ་དཔལ་སོགས་ཀྱི་ཞལ་དུ་བསྟིམས།།
རིག་པའི་གྲོགས་པོ་ལྷག་པ་ཡེ་ཤེས་ལགས།།
ཆིག་སྒྲིལ་གཏོར་ན་གཏོར་སྟངས་འདི་འདྲ་རེད།།
རྒྱལ་ཁབ་བཙོང་ན་བཙོང་སྟངས་འདི་འདྲ་རེད།།
དེ་ཚོ་ཁྱོད་ཀྱི་བླ་མའི་རྣམ་ཐར་ལགས།།
གཤིས་ངན་རྒྱུན་འབྱམས་ཁྱོད་ཚོའི་དབང་བྱས་ན།།
ངེད་ཅག་སྒང་པ་བོད་ཀྱི་མི་རིགས་ལ།།
སྐད་ཡིག་རྣམ་བཞག་མེད་པའི་ལྐུགས་པ་ཡིན།།
ཆོས་དང་རིག་གཞུང་མེད་པའི་སྤྲང་པོ་ཡིན།།
ང་ཚོར་ཡོད་པ་མུན་ནག་ཀླ་ཀློ་ཡིན།།
དེ་ཡི་ཆེད་དུ་རང་བཙན་རྩོད་རྒྱུའམ།།
ང་ཚོར་ཡོད་པ་དམར་མཆོད་མནའ་སྐྱེལ་ཡིན།།
དེ་ཡི་ཆེད་དུ་དབུ་མ་སྨྲས་པ་ཡིན།།
ང་ཚོར་ཡོད་པ་འཚེ་བ་ཆོས་སྨྲ་ཡིན།།
དེ་ཡི་ཆེད་དུ་རང་སྐྱོང་འཚོལ་རྒྱུའམ།།
ང་ཚོར་ཡོད་པ་ལྷ་འདྲེ་སྐྱབས་འཛིན།།
དེ་ཡི་ཆེད་དུ་ངོ་རྒོལ་བྱ་རྒྱུ་ཡིན།།
རང་སྐྱོན་རི་རབ་མཐོང་བའི་མིག་འགྲིབ་ཅིང་།།
གཞན་སྐྱོན་ཁབ་རྩེ་འཚོལ་བའི་ལྷག་ཤེས་ཁྱོད།།
སྡུག་སེམས་ནང་ལ་སྐོར་ནས་ཕྱི་ལྟས་གྱིས།།
ཤར་ནུབ་གཞན་ལ་མཚོན་ནས་སྔ་ལྟས་བྱོས།།
གོང་ས་མཆོག་གཙོས་བོད་དོན་འབད་མཁན་ཕལ།།
བོད་མའི་རང་དབང་རྩོད་པའི་ལག་ཆ་དེ།།
བོན་གྱི་རིག་གཞུང་ཟབ་མོ་འདི་ཡིན་པར།།
ཡོངས་སུ་གྲགས་ཀྱང་ཁྱོད་ཀྱིས་མ་ཤེས་མདོག །
སྤོབས་མཐའི་ལོག་རྟོགས་མཐར་རུ་འབྱིན་དང་གཅིག །
ལྷ་ཤེས་འཁྲུལ་པ་རྨིང་ནས་བསལ་དང་གཉིས།།
མི་བརྒྱད་ཐེ་ཚོ་གཡའ་དྲེག་གཞིལ་དང་གསུམ།།
བུ་མོ་སྨན་མོ་མཚོ་ཡི་སྐལ་པ་ཉིད།།
ལྷག་ཤེས་ལྷག་པར་མཐོང་བའི་མིག་བུ་ཡིས།།
ནུབ་ཕྱོགས་ནེའུ་ཡོག་གནས་སྨན་མོ་མཚོ།།
འཛངས་མ་ཚེ་རིང་སྐྱིད་དུ་འཛིན་པ་དེ།།
འཁྲུལ་པ་མིན་ནམ་དྲ་གྲོགས་ལྷན་རྒྱས་ཚོ།། ??????
ཞེས་ངེས་མེད་རྒྱལ་ཁམས་སུ་འཁྱམས་པའི་བུ་མོ་དེས་ཕུལ་བ་ཐ་ཚན་མུ་ཙུག་སྨར་རོ།།
ཧཧཧཧཧཧ་ད་སྐྱིད་པོ་རེད། ཁ་བརྡ་ཚང་ཕྱུག་པོ་ཆགས་རྒྱུ་རེད།
ཕོ་ལུས་མོ་རུ་བརྫུས་བའི་དུག་མོ་མཚོས།།
དུག་གི་ཁ་ནས་ཡོད་ཚད་མེ་རུ་བསྲེགས།།
ཤུལ་ན་ལུས་པ་ཐལ་བ་གཅིག་བུ་རེད།།
འདི་ནི་སྨན་མོ་མཚོ་ལ་མཆོད་པ་འབུལ།།
བོན་ནག་གདོན་གཟུགས་རྣམས་ཀྱི་ཇུས་ངན་ལས།།
ལྷ་སྲས་འུ་དུམ་བཙན་པོ་རབ་ཁྲོས་ཏེ།།
བོད་ཀྱི་ཆོས་རྒྱལ་ཤུལ་མེད་ཐལ་བར་བཏང་།།
དེས་ནི་བོན་ནག་རྣམས་ཀྱི་རེ་བ་འགྲུབ།།
འགོང་བོ་སྤུན་དགུ་བོད་ཀྱི་འཚོ་བར་ཞུགས།།
དེ་ནས་བོད་ལ་དབང་བའི་རྒྱལ་པོ་མེད།།
བོད་རྣམས་སིལ་བུར་ཐོར་བའི་དུས་ཤིག་ཤར།།
ཕ་སྤུན་ནང་འཁྲུགས་ཁྲག་གིས་འཁོར་ལོ་བསྐོར།།
འདྲེ་ངན་མི་རུ་བརྫུས་བའི་ཆོ་འཕྲུལ་ལས།།
བྱམས་དང་སྙིང་རྗེའི་དྲི་མ་མི་བྲོ་བའི།།
ལས་འབྲས་ཁྱད་དུ་གསོད་པའི་ཉེར་ལེན་གྱིས།།
ཐ་མ་བོད་འདི་གཞན་གྱི་ལག་ལ་ཤོར།།
མི་ཡི་ལུས་ལ་འདྲེ་ཡི་བསམ་པ་ཅན།།
བླང་དོར་རྣམ་འབྱེད་མེད་པའི་མི་དག་ལ།།
མི་ཚེ་གྲུབ་མཐའ་སྦྱངས་བས་དོན་མེད་པའི།།
རི་བོང་རྡོ་རུ་བརྫུས་བའི་ལྐུགས་རྟགས་སྟོན།།
དགུན་གྱི་གྲང་ངར་འུར་འུར་ལྡང་དུས་ན།།
རབ་དཀར་ཁ་བའི་འདབ་མ་ལྷུག་གྲོལ་བའི།།
དྭངས་གཙང་གཤིས་ཀ་མི་ལུས་རིན་པོ་ཆེ།།
བོན་ནག་གདོན་གྱིས་ལྷག་མ་མེད་པར་བྱས།།
དཔྱིད་ཀྱི་དཔལ་མོ་ལྗང་མདོག་ཤར་བའི་ཚེ།།
ཞི་བདེའི་ཁུ་བྱུག་མགྲིན་གླུ་ལེན་པའི་ཁྱུ།།
ཕྱོགས་དང་ཕྱོགས་ན་དལ་བུར་རྒྱུ་ཙ་ན།།
དགུན་གྱི་དུས་འདི་བསླེབས་པས་རྨེག་མེད་བཅོམ།།
རྔམ་ནག་མུན་པས་འཇིག་རྟེན་བསྒྲིབས་ཙ་ན།།
མཐིང་མདོག་དགུང་སྔོན་མཁའ་དབྱིངས་མཐོན་པོ་ནས།།
མཐོ་རེངས་སྐར་ཆེན་བསུ་བའི་རྟེན་འབྲེལ་ལ།།
བོད་ཀྱི་ཆོས་རྒྱལ་རྣམས་ལ་མཆོད་པ་འབུལ།།
ཧ་ཧ་ཧ་ཧ། ད་མཚམས་ཞོགས་ཨ་རོགས་ཚོ། ཁོང་ཁྲོ་སློང་རེས་མ་བྱེད། ངོ་མ་བཤད་ན་ཆོས་ལུགས་ཀྱིས་ཞབས་འདྲེན་ཞུས་མ་ཞུས་མི་ཤེས་ཏེ། ཆོས་ལུགས་པ་ཚོས་ཆོས་ལུགས་ཁ་ལ་ཁྱེར་ནས་ཞབས་འདྲེན་ཞུ་མ་མྱོང་བ་ཞིག་ས་འདིའི་སྟེང་ལ་ཡོད་ནི་མ་རེད། བན་བོན་གཉིས་ཀྱང་གཅིག་མཚུངས་རེད།
མཐར་ཐུག་སྨྲ་བ་ཟད་པའི་མིག་བརྒྱད་པ་ནས་འདི་ལྟར། ངེད་ཅག་གི་ནང་པའི་གཞུང་གཞིར་བཞག་ནས་རྩོད་གི་ཡོད་ན་འཕགས་ལམ་ཐོབ་ནས་སེམས་བསྐྱེད་དང་སྡོམ་པ་མི་ཉམས་པ་བསྟན་བཅོས་མངོན་རྟོགས་རྒྱན་ལས་གསུངས་ཚར་བ་རེད་ཅེས་ཟེར། དེ་ལྟར་ཡིན་ན་ངས་གོང་དུ་ནང་པའི་གཞུང་གཞིར་བཞག་ནས་ཚུལ་གསུམ་རིགས་པའི་འགྲོས་དང་མི་འགལ་བར་རྟགས་གསལ་གྱི་གད་རྒྱངས་སྒྲོགས་ཏེ། ཐལ་ཚིག་ཁ་ཤས་འཕང་པར་ལན་མེད་པ་ཅི་ཡིན་ནམ། ཡང་ན་དེ་ལྟ་བུའི་ཐལ་འགྱུར་དེ་སྐུ་ཉིད་ལ་གནམ་ལྕགས་འབར་བའི་ཐལ་འགྱུར་དུ་སོང་བ་ཡིན་ནམ། སྤྱན་རས་གཟིགས་ཆོས་ཅན། སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་ནས་མགོ་བོ་དུམ་བུ་བཅུ་ལ་གས་ཞེས་པའི་གཏམ་དེ་བདེན་པ་ཡིན་པར་ཐལ། སྤྱན་རས་གཟུགས་ཀྱིས་སྤྲུལ་པར་གྲགས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་ནང་པ་སངས་རྒྱས་པའི་གཞུང་ལས་གསུངས་པ་གང་ཞིག་དེ་དག་གཅིག་ཏུ་བསྒྲིལ་མཁན་འོད་དཔག་མེད་ཡིན་པའི་ཕྱིར། ཡང་སྤྱན་རས་གཟིགས་ཆོས་ཅན། ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་བྱང་སེམས་འཕགས་པ་མ་ཡིན་པར་ཐལ།་་་་འཕགས་ལམ་ཐོབ་ནས་སེམས་བསྐྱེད་དང་སྡོམ་པ་མི་ཉམས་པ་བསྟན་བཅོས་མངོན་རྟོགས་རྒྱན་ལས་གསུངས་པ་གང་ཞིག ཁྱོད་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་ནས་དམན་ལམ་དུ་ལྟུང་བ་ཆོས་རྒྱལ་བཀའ་དྲིན་ཅན་དེའི་དགོངས་པ་ཡིན་པའི་ཕྱིར། ཡང་སྤྱན་རས་གཟིགས་ཆོས་ཅན། ཁྱོད་འཇིག་རྟེན་དབང་ཕྱུག་ཡིན་པར་ཐལ།་་་་་་་ལོ་ཀེ་ཨི་ཤ་ཝར་ཡིན་པའི་ཕྱིར། དེའི་སྒྲ་འཐད་བསྒྱུར་བྱས་ན་དེ་ལྟར་གོ་བའི་ཕྱིར། ཡང་སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་འཕགས་པ་ཡིན་པ་ཁས་བླངས་བཞིན་དུས་དམན་ལམ་དུ་ཟག་འགྲོ་དགོས་པའི་རྒྱུ་མཚན་ཡོད་པར་ཐལ། དེ་ལྟར་རྒྱུ་མཚན་ཡོད་ནས་ཆོས་རྒྱལ་མགོ་གཉིས་མ་དེ་ཡིས་གསུངས་པ་ཡིན་པ་ལས་དེ་མིན་ཆང་རགས་ཀྱིས་སྨྱོས་ནས་བཤད་པ་ཞིག་མ་ཡིན་པ་ཐག་གིས་ཆོད་པའི་ཕྱིར།
མཆན་ཨང་༼༢༢༧༽པར་ལྟོས་དང་མིག་བརྒྱད་པ་ང་སྨན་མོ་མཚོ་དང་མཁས་དབང་སྟག་ར་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡར་རྒྱས་གང་འཚམ་ཞིག་སོང་འདུག་སྟེ་ཁོས་‘‘བོན་དཀར་གྱི་གཞུང་ཤར་རྫའི་ལེགས་བཤད་མཛོད་དུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །བོན་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་མི་འདོད་དམ། འབེལ་གཏམ་ལུང་གི་སྙིང་པོ་ལས། སྤྱིར་འདུས་བྱས་ཐམས་ཅད་དང་། ཁྱད་པར་རྙེད་དཀའ་བའི་ལུས་རྟེན་འདི་ཉིད་མི་རྟག་པའི་གང་བུས་འཁོར་བ་དང་། འཁོར་བའི་བོན་ཐམས་ཅད་སྡུག་བསྔལ་ཟུང་བཞིས་ཁྱབ་པར་མནན། ཞེས་དང་། བོན་ཐམས་ཅད་ཀྱི་ངོ་བོ་ནི་ཅིར་ཡང་དམིགས་སུ་མེད་པ། ཞེས་དང་། སྨན་རིའི་མཁན་སློབ་བསྟན་འཛིན་རྣམ་དག་མཆོག་གིས། བོན་ཐམས་ཅད་ཡུལ་རང་ངོས་ནས་གྲུབ་པ་མེད་ཀྱང་ལས་འབྲས་ཐར་འཁོར་གྱི་རྣམ་བཞག་རང་བཞིན་མེད་བཞིན་དུ་བཞག་རུང་བ་རིགས་པའི་སྒོ་དུ་མ་ནས་གཏན་ལ་ཕབ་’’ཅེས་ཟེར་ཚུལ་ལ་ལྟས་ན་ཁོས་བོན་པོའི་རྒྱལ་རབས་ལོ་རྒྱུས་གཉིས་ཙམ་ལ་རགས་རིམ་ཙམ་ཞིག་བལྟས་ཚར་འདུག་པས་དེ་ཡག་པོ་རེད་ཁྱེད་རང་ཡང་‘‘རྒྱུས་ལོན་ན་ལོག་རྟོག་རང་འགག་’’ཞེས་པ་ལྟར་ལོག་རྟོག་ཁ་ཤས་ཞིག་དེ་ནས་སེལ་ཚར་འདུག ། འོན་ཀྱང་ཁོས་ཞིབ་ལྟ་བྱས་མི་འདུག་སྟེ་ཤར་རྫའི་ལེགས་བཤད་ལས་‘‘བོན་དཀར་གྱི་གཞུང་’’ཞེས་པའི་ཚིག་འདི་རྣམ་པ་ཀུན་དུ་མེད་པས་སོ།། དེར་མ་ཟད་ངེད་བོན་པོ་ཚང་ལ་སྨྲ་དབང་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་ཅེས་པ་ཞིག་ཡོད་པ་ལས་‘‘སྨན་རིའི་མཁན་སློབ་བསྟན་འཛིན་རྣམ་དག་’’ཅེས་པ་ཞིག་ཀྱང་མེད་པས་སོ། མ་གཞི་གདན་ས་སྨན་རི་ཚང་ལ་ཆགས་བཞག་ན་ད་བར་མཁན་སློབ་གཞི་མཐུན་ཡིན་མཁན་ཞིག་བྱུང་རབས་དེ་བས་ཀྱང་མེད་པས་ཅིས་ཀྱང་ལོག་རྟོགས་དེ་ཉིད་སྤོངས་ཤིགས།། ཡང་ཁོས་མཆན་ཨང་༼༢༢༩༽པར་‘‘ཁྱོད་ཀྱིས་ཚིག་གི་ངོ་གདོང་ཙམ་མ་གཏོགས་གང་ཡང་མཐོང་གི་མེད་པ་འདྲ། བན་བོན་ཟེར་དུས་བན་དེ་དང་བོན་པོ་ལ་གོ་དགོས།’’ཞེས་ཟེར་བ་ནི་ཁྱོད་རང་གིས་ཚིག་ཁ་གསལ་མ་ཐུབ་པའི་སྐྱོན་ལས་ངས་ཁྱོད་ཀྱི་སྡུག་སེམས་ན་ཅི་དྲན་བཞིན་ཡོད་པ་ཅི་ཤེས། དེ་ཡང་ཁྱོད་རང་གི་སྐྱོན་ཡིན་པ་ཤེས་པར་བྱ་ནས་སླད་ནས་དེའི་རིགས་གཟབ་ནན་བྱོས་ཞེས་ཀྱང་སྐུལ་ལོ།། ཡང་ཁྱོད་ཀྱིས་‘‘འོ་ན། ཁྱོད་ལ། སློབ་དཔོན་རིན་པོ་ཆེ་ཆོས་ཅན། བོན་ཡིན་པར་ཐལ། ཆོས་ཡིན་པའི་ཕྱིར།’’ཞེས་ཟེར་བ་ནི་ངས་ཤིན་ཏུ་འདོད་ཅེས་ལན་རྒྱག་ངེས་ཡིན། རྒྱུ་མཚན་ནི་པད་འབྱུང་ཤེས་བྱ་ཡིན་པ་དང་ཡོད་པ་ཡིན་པས་སོ།། ཡང་ཁྱོད་ཀྱིས་‘‘སྟག་ལ་མེ་འབར་ཆོས་ཅན། ཆོས་ཡིན་པར་ཐལ། བོན་ཡིན་པའི་ཕྱིར།’’ཞེས་ཟེར་ན་གོང་ལྟར་འདོད་ལན་རྒྱག་རྒྱུ་ཡིན།། དེ་ལ་ངས་རྣམ་རྟོག་ཟ་དགོས་དོན་གང་ཡང་མེད་དེ་ཁྱེད་ཚོས་བོན་གྱི་ཚབ་ཏུ་ཆོས་ཞེས་བེད་སྤྱད་པས་ཐ་སྙད་ཀྱིོ་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ།། ཡང་ཁྱོད་ཀྱིས་‘‘འོ་ན། གེ་སར་རྒྱལ་པོའི་དགྲ་ཁ་གཏད་པ་སྟག་ལ་མེ་འབར་ཆོས་ཅན། བོན་མ་ཡིན་པར་ཐལ། ཤེས་བྱ་དང་ཁྱབ་མཉམ་དུ་གྱུར་པའི་ཆོས་མ་ཡིན་པའི་ཕྱིར། ཁྱོད་ཀྱིས་ལན་ཅི་འདེབས།’’ཞེས་ཟེར་བ་ལ་ངས་དེ་ལ་འདོད་ལན་འདེབས་རྐྱང་ཡིན་ལགས། རྒྱུ་མཚན་ནི་གེ་སར་གྱི་དགྲ་ཁ་གཏད་དུ་གྱུར་བའི་སྟག་ལ་མེད་འབར་ཞིག་མེད་པའི་ཕྱིར། དེར་ཐལ། གེ་སར་ཞེས་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཞིག་གཞི་མ་གྲུབ་པའི་ཕྱིར་རོ། ཡང་ཁྱོད་ཀྱི་འདོད་པ་ལྟར་ན་རི་བོང་རྭ་ཡི་དགྲ་ཁ་གཏད་དུ་གྱུར་པའི་པད་མ་འབྱུང་གནས་ཞིག་ཡོད་པར་ཐལ་ལོ།། ཧ་ཧ་ཧཱ་་་།
ཡང་ཁྱོད་ཀྱིས་‘‘འདི་དཔེ་རྙིང་ན་མེད་ན་བོན་པོ་ཚོ་ཁ་སྐྱེངས་ངོ་ཚ་ནས་དཔེ་རྙིང་ནས་ནག་བསུབ་ཏུ་བཏང་བ་ཡིན་རྒྱུ་རེད།’’ཞེས་ཟེར་བ་ནི་སྨྱོན་པའི་ལབ་རྡོལ་རང་ལས་མ་འདས་ཏེ། ངེད་བོན་པོ་ཚང་གི་དཔེ་ཆའི་ནང་‘‘པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། སྟག་ལ་མེ་འབར་སྤྱན་འདྲེན་གཤེགས་སུ་གསོལ།།’’ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ཡང་ཁྱོད་རང་ཚོ་ངོ་ཚ་དགོས་པ་ལས་ང་ཚོ་ངོ་ཚ་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ།། ཡང་ཁྱོད་ཀྱིས་‘‘བན་དྷེས་ངན་སྔགས་དམོད་པ་ཟློག’’འདིས་བན་དྷེས་བོན་ནག་གི་ངན་སྔགས་རྒྱོབ་གསོད་གཏུབ་ལ་སོགས་པའི་དམོད་པ་ཟློག་པ་ལ་ཟེར།’’ཞེས་ཟེར་བ་ལ་བལྟས་ན་ཁྱོད་རང་དངོས་གནས་‘‘སྤང་བྱ་’’ཞེས་པ་གོང་མོ་དང་‘‘བླངས་བྱ་’’ཞེས་པ་སྲག་པ་ལ་འགྲེལ་བཤད་རྒྱག་མཁན་གྱི་གྲས་ཡིན་པར་མཁས་པའི་རང་རྟགས་མངོན་དུ་བསྟན་འདུག ། ཧ་ཧ་ཧཱ།
མཛེས་མ་ཚེ་རིང་སྐྱིད་འདི་ངར་ཀི་ཡ། མུ་འཐུད་དུ་ཡིན་ཨྰ། སྟག་གསོད་འབྲོང་འདུལ་ཁྱེད་ཚོས་བོན་ལ་ཅི་འདྲའི་ངན་སྨད་བྱས་ཡོད། ད་ཧ ཧ་རྒྱུ་ཅི་ཡོད་ནི་མ་རེད། ལུང་རིག་རྒྱུ་མཚན་མེད་ན་ཁྱེད་ཚོས་ཁ་ཚུམས།
ཧ ཧ མཁས་པ་བརྒྱ་ལས་བླུན་པོས་ཨུ་ཚུགས་སྡུག་ཟེར་བ་དེ་ཅི་མ་བདེན།
བདེན་པ་ཉག་ཅིག་སྨྲ་བའི་མཁས་དབང་དང་། །
དྲང་སྲོང་གྲུབ་བརྙེས་རིག་འཛིན་ཐམས་ཅད་ཀྱིས། །
བདེན་གསུངས་ནག་བསུབས་བྱེད་པ་མའུ་དང་། །
བོན་མོ་ཚེ་རིང་སྐྱིད་ལས་གཞན་སུ་ཞིག །
སྔོན་བྱོན་ཆོས་རྒྱལ་གསུངས་ལ་ཡིད་ཆེས་མེད། །
ད་ལྟའི་རིག་པའི་གནས་ལ་གོམས་འདྲིས་མེད། །
མ་འོངས་མདུན་ལམ་མེད་པའི་སྨད་ཚོང་མ། །
སྨན་མོ་ཚེ་རིང་སྐྱིད་ཁྱོད་སྤྲོ་སོང་ངམ། །
རྒྱ་མོ་ཀོང་ཇོས་ཆོས་རྒྱལ་དགོངས་པ་བསྒྲུབས། །
བལ་མོ་ཁྲི་བཟས་བོད་ཀྱི་བསྟན་སྲིད་སྤེལ། །
ཕོ་བྲང་གྲུ་འཛིན་གཉིས་པ་ལེགས་བསྐྲུན་ན། །
ཕྲག་དོག་བོད་མོ་གཞོང་ཚོང་སྨྱོས་སོང་ངམ། །
དཀར་མཛེས་རྒན་པོའི་རྐུབ་ལ་སྨན་མོ་རོལ། །
དྲིན་ལན་ལོག་འཇལ་སྨན་མོ་སྡུག་གི་མཚོ། །
རྒྱལ་བཙོང་རང་ཁ་གསོ་བའི་ཚེ་རིང་སྐྱིད། །
བོན་འདྲེའི་ཐ་ཚན་མུ་ཙུག་སྨར་ར་ཧོ། །
མཁས་སློབ་ཆོས་གསུམ་གྱི་འབྱུང་ཁུངས་ལོ་རྒྱུས་སྙིང་བསྡུས་ཤིག ཨོ་རྒྱན་གླིང་པས་བཏོན་པའི་པད་མ་བཀའ་ཐང་ལས་གསལ་བ་ལྟར་ན། སྤྱན་རས་གཟིགས་ཀྱི་སྤྱན་གཉིས་ནས་སྤྱན་ཆབ་གཉིས་བྱུང་སྟེ། སྲིན་ལག་གཉིས་གཉིས་ཀྱིས་གཏོར་ནས་མ་འོངས་པའི་དུས་སུ། སྤྱན་ཆབ་གཉིས་ཀྱིས་འགྲོ་བའི་དོན་བྱེད་ཤོག ཅེས་པའི་སྨོན་ལམ་བཏབ་པ་ལ་བརྟེན། དབང་པོ་བརྒྱ་བྱིན་གྱི་སྲས་མོ་གཉིས་སུ་སྐྱེས། ལྷ་མོ་གང་མ་གང་ཆུང་གིས་ལྷ་མི་མེ་ཏོག་བརྐུས་པ་ལ་བརྟེན། ལྷ་ཡི་འདུལ་ཁྲིམས་རྣམ་པར་དག་པ་ཉམས། མི་ཡི་གནས་སུ་ལྷུང་ནས་བལ་ཡུལ་དུ། བྱ་རྫི་གསལ་མེའི་བུ་མོ་བདེ་མཆོག་བྱ་བ་སྐྱེས། དེ་རིགས་ངན་བཞི་དང་བཤོས་པས་བུ་བཞི་བྱུང། རྟ་རྫིས་བཤོས་པའི་བུ་ནི་ཆེ་ཤོས་ཡིན། དེ་འོག་ཕག་རྫིས་བཤོས་པའི་བུ་གཅིག་སྐྱེས། དེ་འོག་ཁྱི་བརྫིས་བཤོས་པའི་བུ་གཅིག་སྐྱེས་པར་གྲགས། རིགས་ངན་རྟ་རྫི་བུ་ཡི་སྐྱེ་བ་ཁྲི་སྲོང་ལྡེའུ་བཙན་བྱུང། རིགས་ངན་ཕག་རྫིས་བུ་ཡི་སྐྱེ་བ་པད་མ་སམ་བྷ་བ་བྱུང། རིགས་ངན་ཁྱི་རྫི་བུ་ཡི་སྐྱེ་བ་ནང་པའི་དགེ་སློང་བོ་དྷི་ས་ཏཱ་བྱུང། མཁན་སློབ་ཆོས་གསུམ་བྱུང་ཁུངས་དེ་ལྟར་ལགས། དེ་ཡང་ཁྱེད་ཅག་གཞུང་ལས་གསལ་བ་ལས། བདག་གིས་སྒྲོ་བསྐུར་འདེབས་པ་ག་ལ་ཡིན། ལྷག་ཤེས་སྤོབས་མཐའི་སྨྲ་ངན་གཞོམ་པའི་ཕྱིར། ཁོ་བོ་སྟག་གིས་གསལ་འདེབས་ཚུལ་དུ་ཟློས།
སྟག་ར་ལགས། ལུང་སྐམ་ལུ་གུ་འདེད་འདེད་བྱེད་ནས་སྡོད་ཨ། ཁྱོད་ཀྱིས་དཔེ་ཆ་ལ་མགོ་རྔ་ཚང་བ་ཞིག་ལྟ་ཐུབ་ཀྱི་མེད་པ་འདྲ། རྒྱལ་རབས་གསལ་བའི་མེ་ལོང་ལ་མགོ་རྔ་ཚང་བ་ཞིག་བལྟོས་དང་དེ་ནས་ཤེས་ཐུབ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཅོ་འདྲི་བ་ནི་ཁྱེད་ཅག་བོན་ནག་ཚང་གི་རང་མཚང་ཕྱིར་འདོན་པ་ལས་སྙིང་རྗེའི་རང་གཟུགས་འཕགས་མཆོག་དེས་ཁྱོད་ཅག་བོན་ནག་ཚང་ལ་སྤྱན་ཟུང་གིས་གཟིགས་ཡོད་ན་དབུ་དུམ་བུ་ཉིས་སྟོང་དུ་འགྱུར་ངེས་རེད། ཨེ་གོ་ཐལ། ཁྱོད་དང་ཁྱོད་ལྟ་བུ་སེམས་ཅན་མང་དྲགས་ནས་སྙིང་རྗེས་མ་བཟོད་ནས་དབུ་དུམ་བུ་སྟོང་དང་ཕྱག་སྟོང་། སྤྱན་སྟོང་དུ་གྱུར་བ་རེད། ད་དགའ་ན་ཆོག་གི །ཨེ་གོ་ཐལ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཞེས་གསུངས་པ་ལྟར་གཞན་གྱི་དོན་དུ་མཛད་པ་ག་རེ་ཡིན་ན་ཡང་བསྟན་ཆོག་གི་རེད། དེ་དཔེ་མཚོན་བཟང་པོ་ཞིག་རེད། ངེད་ཅག་གི་ནང་པའི་གཞུང་དུ་སྤྱན་རས་གཟིགས་ཀྱི་སེམས་བསྐྱེད་ཉམས་པ་དང་སྡོམ་པ་ཉམས་པའི་ལུང་ཚིག་སྣ་གཅིག་ཁྱོད་ལ་སྟོན་རྒྱུ་མེད་པ་ཨ་ཅང་ཅང་། གཅིག་བྱས་ན་དེ་ནི་བོན་ནག་གི་གཞུང་ན་ཡོད་སྲིད་མོད། བོན་དཀར་གྱི་གཞུང་ན་མེད་པ་ངས་ཐག་གིས་ཆོད་དོ། །སློབ་དཔོན་རིན་པོ་ཆེའི་གདན་སྟེང་ནས་སྔོན་ལ་སྟག་ལྷ་མེ་འབར་རྒྱང་ཕུད་དུ་གཏོངས་ཤིག་དང་དེ་ནས་ཁྱོད་ཀྱིས་སློབ་དཔོན་གྱི་སྐོར་ལ་ཙར་ཙོར་མང་པོ་ཞིག་བཤད་པ་དེར་ཅུང་ཟད་ཡིད་ཆེས་ཐུབ།
༄༅། །གུ་རུའི་གསོལ་འདེབས་ཕྱོགས་བཅུ་དུས་བཞི་མ།
ན་མོ་གུ་རུཿསྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལཿབསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེཿཨོ་རྒྱན་གྱིས་སྨོན་ལམ་གྱི་གསུངས་པས་རྗེ་འབངས་ཐམས་ཅད་ཀྱིས་ཐུགས་དམ་ནར་མར་མཛདཿཕྱི་རབས་རྣམས་ཀྱིས་འདི་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོདཿ
ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགསཿ མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལཿ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགསཿ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོཿ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོདཿ རྟེན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུཿ སྔོན་གྱི་སྡིག་པའི་ཚོགས་ལ་བདག་གནོང་ཞིངཿ ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགསཿ ཕྱིན་ཆད་དེ་ལས་བཟློག་ཕྱིར་བདག་གིས་བསྡོམཿ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོཿ རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བརཿ སྡེ་སྣོད་གསུམ་དང་བླ་མེད་ཆོས་འཁོར་བསྐོརཿ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོཿ འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོགཿ སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལཿ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདིཿ རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དངཿ འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཁྱེན་པ་ལྟརཿ དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོགཿ བསྟན་པའི་དཔལ་འགྱུར་བླ་མེད་རིན་ཆེན་རྣམསཿ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོགཿ ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོགཿ རི་བོ་བཞིན་དུ་རྟག་ཏུ་བརྟན་པར་ཤོགཿ བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེཿ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོགཿ བསྟན་པའི་སྙིང་པོ་གསང་སྔགས་སྒྲུབ་པའི་སྡེཿ དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོགཿ བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡངཿ ཆབ་སྲིད་རྒྱས་ཤིང་བསྟན་ལ་སྨན་པར་ཤོགཿ བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཡངཿ བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོགཿ བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམསཿ ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོགཿ བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་ཀུནཿ བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོགཿ ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ཀྱངཿ དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོགཿ བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་གངཿ གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་འཛིན་ཤོགཿ འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནསཿ ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོགཿ
དེ་ལྟར་གྱི་སྨོན་ལམ་དུས་དྲུག་ཏུ་བརྩོན་པར་བྱཿས་མ་ཡ༔རྒྱ༔ལྷ་སྲས་མུ་རུབ་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩིགས་པའི་གོང་མོ་འོག་མ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བཻ་རོའི་སྐུ་ཆོས་དར་ཤོག་ངོས་མཚོ་རྒྱལ་ཕྱག་བྲིས་བོད་ཡིག་བཤུར་མ་ལས།དེ་འཕྲལ་ཉིད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དག་པར་བཤུས་པ་དགེ་ལེགས་འཕེལ། །
ཡང་མིག་བརྒྱད་པ་ནས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་པ་ལ་བཞི་པ་དང། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་སྤྱིར་ཐེག་པ་གསུམ་ལས་ལོགས་སུ་གྱུར་བའི་ཐེག་པ་བཞི་པ་དང་གྲུབ་མཐའ་བཞི་ལས་ལོགས་སུ་གྱུར་བའི་གྲུབ་མཐའ་ལྔ་པ་མེད་པར་གསུངས། ཞེས་དོན་གྱི་དགོངས་དོན་མི་ལོན་བཞིན་དུ་ཨུ་ཚུགས་ཀྱིས་དགོངས་པ་འགྲེལ་ཀ་བྱས་འདུག་པ་འདི་ལ་བལྟས་ན། ཁྱོད་ལ་ཡང་ཐུགས་ཁག་རྩ་བ་ནས་མེད་པའི་བཟོས་འདྲ་པོ་གཅིག་ཏུ་སྣང མདོར་ན་ཁྱོད་ནི་ད་དུང་ཡང་ཐོས་རྒྱ་དང་མཐོང་རྒྱ་ཆུང་བའི་རྐྱེན་གྱིས་རྒྱ་ཆེ་བའི་སྔགས་རྫོགས་ཀྱི་ལྟ་དོན་དང་གཞུང་ལུགས་ཁག་ལ་གོམས་འདྲིས་མེད་པའི་སྐྱོན་ཞིག་ཀྱང་ཁོ་བོས་མཐོང། རྒྱུ་མཚན་ནི་མདོ་ལུགས་ལ་ཞེན་ཆགས་ཆེ་བ་དང། དབུས་ལྟ་ལས་ལྷག་པ་དང། དབུས་གྲུབ་ལས་ལྷག་པ་ཞིག་ཡོད་མི་སྲིད་སྙམས་པའི་ཐ་སྙད་ཀྱིས་མིག་སྦྲིད་པའི་ང་རྒྱལ་གྱི་དབང་དུ་བསྒྱུར་པའི་རྐྱེན་གྱིས་ཀྱང་ཡིན་པར་ངེས་སོ། དྲང་པོར་ཞུས་ན། རྫོགས་པ་ཆེན་པོའི་གྲུབ་མཐའ་འདི། གྲུབ་མཐའ་བཞིའི་ཁོངས་སུ་མི་འདུས་བཞིན་དུ་ཨུ་ཚུགས་མཐར་སྐྱེལ་གྱི་དེ་དག་བཞི་ཡི་ཁོངས་སུ་བཙན་ཙུད་བྱེད་དགོས་པ་འདི་བྱུང་བ་རེད། ཉེ་ལམ་གཅིག་ཆོད་དུ་སྨྲ་བའི་རྫོགས་ཆེན་གྱི་གྲུབ་མཐའ་འདི་དབུ་མའི་གྲུབ་མཐའ་ཡིན་ན། སྔར་གྱི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སུ་གྲགས་པའི་ཁྱེད་ཅག་ནང་པའི་ཨ་ཡོད་ནང་གི་ད་ཡོད་མཚོོས་མཛད་པའི་དབུ་མའི་གཞུང་ལུགས་ནང། རྫོགས་ཆེན་གྱི་ལྟ་སྤྱོད་སྐོར་དྲི་ཙམ་ཡང་དྲོ་རྒྱུ་མེད་པ་འདི་གང་རེད། ཁོང་ཚོའི་དེའི་སྐོར་ཚིག་གཅིག་ཀྱང་མི་གླེང་པའི་གནད་དོན་ཅི་ཞིག་ཆགས་པ་རེད། རྫོགས་ཆེན་གྱི་གྲུབ་མཐའ་འདི་དབུ་མའི་གྲུབ་མཐའ་ཡིན་ན། བྱུང་ཁུངས་ཀྱི་ཕུགས་བཙན་པའི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་ནང་རྫོགས་ཆེན་ཀྱི་ལྟ་སྤྱོད་སོགས་ཀྱི་སྐོར་ཚིག་གཅིག་ཀྱང་མི་གསལ་དགོས་པའི་རྒྱུ་མཚན་གང་རེད། རྫོགས་ཆེན་གྱི་ལྟ་བ་དབུ་མའི་ལྟ་བ་ཡིན། ཞེས་ཨུ་ཚུགས་བྱས་མ་བྱས་གང་ཡང་ཡོད་མ་རེད། རིགས་པའི་རྒྱབ་བརྟེན་དགོས་པ་གལ་ཆེན་པོ་རེད། རིགས་པའི་ལམ་ནས་དཔྱད་ཏེ་དགེ་ལུགས་པའི་ལུགས་སུ་བྱས་ན། དབུ་མའི་ལྟ་བ་མཐར་ཐུག་ཡིན་ན། བློས་རྣམ་བཅད་དུ་རྟོགས་བྱ་རུ་གྱུར་པའི་མེད་དགག་རྣམ་ཅན་གྱི་སྟོང་ཉིད་ཅིག་ཡིན་དགོས་པ་སྨོས་མེད་ཡིན་ལ། རྫོགས་ཆེན་གྱི་ལྟ་བ་མཐར་ཐུག་ཏུ་གྱུར་པའི་གཞི་རང་འབྱུང་གི་ཡེ་ཤེས་དེ་ཡིན་ན། བློ་འདས་བླ་མེད་ཀྱི་དགོངས་པ་ཞིག་ཡིན་དགོས་པ་མ་ཟད། དགག་བྱ་བཅད་པའི་བཅད་ཆ་མ་ཡིན་པ། བློའི་འཛིན་པ་རང་གྲོལ་དུ་སོང་བ་ཞིག་དགོས་པས་། གཅིག་པ་གཏན་ནས་ཡོངས་ཐབས་མེད་པ་ཞིག་ཆགས་ཡོད། རྫོགས་ཆེན་ཀྱི་ལྟ་དོན་ནི། བློ་མ་ཡིན་ལ་རིག་པ་ཡིན་པ་དང། རིག་པའི་ནང་ནས་ཀྱང་རང་རིག་པའི་ཡེ་ཤེས་ཞེས་སུ་གྲགས་པའི་རིག་པ་ཕྲ་མོ་དེ་ཉིད་ཡིན་པས། དབུ་མའི་ལྟ་དོན་མཐར་ཐུག་ལ་རིག་བཅས་ཞིག་གང་ན་ཡོད། དེར་མ་ཟད་དགེ་ལྡན་གྱི་དབུ་མ་པས་རང་རིག་ཡོད་ན་རང་སྐྱེ་ཐལ་བ་ལ་སོགས་བཤད་ནས་རང་རིག་ཞེས་པ་འདི་འཐེན་དུ་ལྟ་བའི་ཕྱིར་རོ། འོན་ཀྱང་སྔགས་སེམས་གཉིས་ལ་རང་རིག་ཞེས་པ་འདི་ནི། མེད་དུ་མི་རུང་བ་ཞིག་སྟེ། ཇི་སྐད་དུ། མངོན་རྗེས་གཞན་བཞི་དགོས་དོན་འདིར་ཆུང་ཡང། ཟབ་དཀར་གྲུབ་མཐའ་རང་རིག་མེད་ཐབས་མེད། ཅེས་བསླུ་མེད་ལུང་གིས་ཟིན་པའོ། རྫོགས་ཆེན་གྱི་གསལ་སྟོང་ཟུང་འཇུག་ཞེས་པ་འདི་ནི། གསལ་བ་གང་ཡིན་སྟོང་པ་དང། སྟོང་པ་གང་ཡིན་གསལ་བ་ཞིག་ཡིན་ལ། དབུ་མའི་གསལ་སྟོང་ཟུང་འཇུག་ནི། གསལ་སྟོང་ངོ་བོ་གཅིག་ཙམ་ལས་རྟོགས་བྱ་ཡུལ་གྱི་གནས་ལུགས་དང། རྟོགས་བྱེད་རིག་པའི་གསལ་ཆ་གཉིས་བྱས་མི་རྟག་ལྟར་ཕར་ཡིན་ཚུར་ཡིན་དུ་སྨྲ་མི་ནུས་པའི་ཕྱིར་རོ། རྒྱུ་མཚན་དེ་ལ་བརྟེན་ནས། རྫོགས་ཆེན་པས་དབུ་མ་ལ་དགག་པའི་ཚེ། ཁྱོད་ཀྱིས་ཐ་སྙད་དུ་བདེན་པ་གཉིས་མེད་དུ་བཤད་པ་ཡོད་སྲིད་ཀྱང། མཐར་ཐུག་གི་ལྟ་བ་སྤྲོས་བྲལ་རང་བཞིན་མེད་པར་འདོད་པས། གཉིས་མེད་ལ་འགལ་བ་འདུས་པའི་ཕྱིར་དང། སྣང་བ་སྐྱོན་དུ་བལྟས་ན་རྟོག་པ་གཉེན་པོས་འགེག་པའི་ཕྱིར་རོ། ཞེས་ཐལ་བ་ཡང་འཕེན་པར་མཛད་པ་ཡིན་ནོ། དེ་ཙམ་གྱིས་ག་ལ་ཚད། དོན་དམ་བདེན་པ་མ་ཡིན་པའི་སྣང་བའི་ཚོགས་ཐམས་དབུ་མའི་ལུགས་ལ་མཉམ་བཞག་གི་རིག་ངོར་ཉེ་བར་ཞི་ནས་ཟད་དེ་གཏན་ནས་མི་སྣང་བ་ཡིན་པ་མ་ཟད། སྣང་ན་གེགས་སུ་འགྲོ་བའི་སྐྱོན་ཡོད་པ་ཡིན་ལ། རྫོགས་ཆེན་གྱི་རང་རིག་པའི་ཡེ་ཤེས་ཀྱི་ངོར་སྣང་བ་ཐམས་རྩོལ་མེད་ལྷུན་གྲུབ་ཀྱི་ལམ་ནས་རྒྱན་དུ་འཆར་བས་འགོག་མི་དགོས་པར་འདོད་པའོ། ཇི་སྐད་དུ། ཐིག་ལེ་ཉག་གཅིག་རྟོགས་པ་ལ། འཛིན་པའི་ཤེས་པ་འབྱུང་འགྱུར་ན། སྣང་བས་མི་གནོད་འཛིན་པས་གནོད། འཛིན་པ་སྤངས་ལ་གནས་པར་བྱ། སྣང་བས་མི་གནོད་རྒྱན་དུ་འཆར། ཞེས་གསུངས་པའི་ཕྱིར། གཞན་ཡང་རྫོགས་ཆེན་གྱི་རིག་པའི་ཡེ་ཤེས་ཀྱིས་གནས་ལུགས་རྟོགས་པའི་ཚུལ་གསལ་སྟོང་འཛིན་མེད་ཀྱི་ཚུལ་གྱིས་རྟོགས་ཚུལ་ཡིན་ལ། དབུ་མའི་མཉམ་བཞག་གིས་ནི། གནས་ལུགས་མཇལ་ན་ཡང་འཛིན་མེད་ཀྱི་ཚུལ་དུ་མ་ཡིན་ཏེ། གནས་ལུགས་འཛིན་པར་འདོད་པའི་ཕྱིར། གཞན་ཡང་དབུ་མས་སྟོང་པ་འཇོག་ཚུལ་དང་རྫོགས་ཆེན་གྱི་སྟོང་པ་འཇོག་ཚུལ་ཡང། གཏན་ནས་མི་འདྲ་བ་འདི་ལྟར། དབུ་མའི་སྟོང་པ་ནི། བདེན་པར་གྲུབ་ན་འདི་ལྟར་གྲུབ་དགོས་ཞེས་བློ་ཡིས་ངོས་བཟུང་བྱས་པ་ཡིན་ལ། དེ་ལྟར་གྲུབ་ཏུ་མེད་པའི་མེད་དགག་གི་ཆ་ཞིག་བློ་ཡིས་གཏན་ལ་འབེབ་པའི་བློ་བྱས་ཀྱི་ལྟ་བ་ཞིག་ལ་འཇོག་པ་མ་ཟད། སྤངས་གཉེན་གྱི་རིམ་པ་ཡང། དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ཚུལ་གྱིས་སྒྲིབ་ཚོགས་དྲུང་ནས་འབྱིན་པར་བྱེད་པ་ཡིན་ལ། རྫོགས་ཆེན་གྱི་གསལ་བ་གང་ཡིན་སྟོང་པ་དང། སྟོང་པ་གང་ཡིན་གསལ་བ་ཡིན་པའི་རང་འབྱུང་གི་རིག་པ་འདིས། རང་འབྱུང་གི་ཡེ་ཤེས་མཇལ་བའི་ཚེ། འདས་པ་རྗེས་སུ་དྲན་པའི་རྟོག་པ་དང། ད་ལྟ་བ་ངོ་བོ་ཉིད་ཀྱི་རྟོག་པ། མ་འོངས་པ་མངོན་པར་སྤྱོད་པའི་རྟོག་པ་སོགས་གང་གི་ཡང་རྗེས་སུ་མ་འབྲེང་བར་ད་ལྟའི་ཤའི་ཟངས་ཀ་མ་འདི་ཡི་སྟེང་དུ། མ་བཅོས་རང་འབབ་ཀྱི་ཚུལ་དུ་བཞག་པ་ཡིན་པས་ཀྱང་ཁྱད་ཆེ་བའོ། འདིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་གྱི་ཚུལ་དུ་སྒྲིབ་པའི་ཚོགས་རྣམས་འཇོམས་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལ་འཛིན་སྟངས་མེད་པའི་ཕྱིར་རོ། སྤངས་པ་ཡང་མ་ཡིན་ཏེ། གྲོལ་ལམ་དུ་བྱེད་པའོ། ཡུལ་དང་ཡུལ་ཅན་གྱི་ཚུལ་དུ་ཡང་མ་ཡིན་ཏེ། བོན་གྱི་ཀློང་ལ་དམིགས་མེད་ཕྱིར། ཡུལ་དང་ཡུལ་ཅན་མ་ཡིན་ཏེ། ཡུལ་མེད་རང་བཞིན་གསལ་བའོ། ཞེས་སོ། དབུ་མ་པ་ལྟར། ཚོགས་ལམ་དུ་གནས་ལུགས་གསར་དུ་རྟོགས་ནས། དེ་རིམ་བཞིན་གནས་འགྱུར་ཉེར་ལེན་དང་ཉེར་འབྲས་ཀྱི་ཚུལ་དུ་རྟོགས་བྱེད་ཀྱི་ཤེས་པ་ན་འཕར་བ་ཡང་མ་ཡིན་ཏེ། འདི་ནི། མན་ངག་ཟབ་མོས་གཏན་ལ་ཕབས་བྱས་ཏེ། བསྟན་མ་ཐག་ཏུ་རྟོགས་ཤིང་གོ་བའི་ཕྱིར། ཆེད་དུ་གོམས་བརྟན་གྲིམ་ནི་དབྱུང་མི་དགོས། དེས་ན་ཐེག་པ་དམན་ལས་ཁྱད་པར་འཕགས། ཞེས་དང། སྒོམ་དུ་ཅི་ཡང་མེད་པ་ལ། ཡེངས་སུ་མེད་པའི་མན་ངན་བསྟན། ངང་ལ་ངང་གིས་གནས་པ་ལ། རིག་པའི་རྒྱུན་ནི་གསལ་བར་འདབས། ཞེས་གསུངས་པ་ལྟར། སེམས་མ་བཅོས་པའི་ངང་ལ་རིག་པ་མ་གཡེང་པ་མཉམ་པར་འཇོག་ཏེ་ངང་ལ་ངང་གིས་གནས་པའི་ཚུལ་གྱིས་ཉམས་ལེན་གྱི་ངང་ཐག་སྦྲེལ་ནས་བསྐྱངས་དགོས་པ་ཞིག་ལས། སེམས་དང་སེམས་འབྱུང་གི་ཚོགས་རྣམས་ཀྱིས་ཡེ་ནས་སྒོམ་དུ་མེད་པའོ། འདི་ལ་གཞི་རྩལ་རོལ་གསུམ་རྫོགས་པ་ཡིན་ཏེ། དེ་ལྟ་བའི་རང་འབྱུང་གི་རིག་པ་འདི། ཀུན་གྱི་སྣོད་དུ་ཡངས་པའི་ཕྱིར། མ་ཀུན་གཞི་བདག་མེད་མ་ཡིན་ལ། རྩལ་གྱི་ཆ་ནས་བློ་བུར་ལྷུན་འགྲུབ་ཀྱི་ཆ་དང་རང་བཞིན་ལྷུན་འགྲུབ་ཀྱི་ཆ་ཐམས་ཅད་འཆར་བའི་ལེན་ཀ་ཡོད་པ་ཡིན། ལྷུན་གྲུབ་ཀྱི་ཆ་ནས་བོན་ཉིད་ཀྱི་རང་སྒྲ་དང། བོན་ཉིད་ཀྱི་རང་འོད། བོན་ཉིད་ཀྱི་རང་ཟེར་བཅས་རང་བཞིན་ལྷུན་གྲུབ་ཀྱི་ཚུལ་ཡིན་ལ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་བློ་བུར་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད། གཞན་ཡང་དབུ་མའི་གནས་ལུགས་རྟོགས་པའི་རིག་པ་ནི། ཀུན་རྫོབ་བདེན་པ་དང་ཡིད་ཤེས་ཀྱི་གཞི་མཐུན་པ་ཡིན་པ་མ་ཟད། ཡུལ་ཅན་ཀུན་རྫོབ་ཀྱི་བདེན་པས། གནས་ལུགས་དོན་དམ་གྱི་བདེན་པ་མཇལ་བ་ཡིན་པས། བདེན་དོན་ངོ་འཕྲོད་མཁན་རྫུན་ལ་བཅོལ་བ་ཡིན་ནོ། རྫོགས་ཆེན་ལྟར་ན། བསྒོམ་བྱ་སྒོམ་བྱེད་སེམས་སུ་ཟད། སྒོམ་རྒྱུ་མེད་པ་སྙིང་གཏམ་ཡིན། སྟོང་པས་སྟོང་པ་མཇལ་བ་གཅེས། ཞེས་གསུངས་པ་ལྟར། བདེན་དོན་མཇལ་མཁན་བདེན་དོན་ཁོ་རང་ཡིན་པ་ལས། ཀུན་རྫོབ་བདེན་པའི་ངོ་བོར་གྱུར་པའི་བློ་ཞིག་གིས་གཏན་ནས་མཇལ་མི་སྲིད་པའོ། རང་འབྱུང་གི་ཡེ་ཤེས་ནི། རང་རིག་པའི་ཡེ་ཤེས་མིན་པ་གཞན་གང་ལ་གསལ་ཡང་མི་གསལ། གསལ་ཡང་གོ་མི་ཆོད་པ་ཡིན་ནོ། ཞེས་ཀྱང་གསུངས་སོ། མདོར་ན་རྫོགས་ཆེན་གྱི་ལྟ་དོན་འདི་ཉིད། བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང་སྔ་འགྱུར་རྙིང་མའི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་གཉིས་ཀའི་བཞེད་པ་ལྟར། རང་འབྱུང་གི་ཡེ་ཤེས་ཀྱང་འདི་ཉིད་ཡིན་ལ། རང་རིག་ཡེ་ཤེས་ཀྱང་འདི་ཉིད་ཡིན། བློ་བྱས་ཀྱི་སྟོང་པ་ཡང་འདི་ཉིད་ཡིན། རང་རིག་རང་གསལ་ཡིན་ཀྱང་ཐེག་པ་འོག་མས་བཞག་པའི་བློ་ཡི་ངོ་བོར་གྱུར་པའི་རང་རིག་མིན། འདི་མེད་དགག་ཀྱང་མ་ཡིན་ལ་མ་ཡིན་དགག་ཀྱང་མ་ཡིན་། སྒྲུབ་པ་ཡང་མ་ཡིན། རྒྱུ་མཚན་ནི་དགག་སྒྲུབ་ཐམས་ཅད་བློ་ལ་རགས་ལས་པས་འདི་ནི་བློ་འདས་ཡིན་པའི་གནད་ཀྱིས་སོ། འདི་ལ་ཡུལ་དང་ཡུལ་ཅན་གྱི་དབྱེ་བ་ཡང་གཏན་ནས་མེད་པ་ཞིག་གོ དེ་ལྟར་དབུ་རྫོགས་ཀྱི་ལྟ་བའི་ཁྱད་པར་ཟུམ་ཙམ་འཆད་པ་འདི་ཡང། མིག་བརྒྱད་པའི་མིག་གི་ལིང་ཐོག་བསལ་བའི་རྒྱུ་རུ་ཤོག་གཅིག་ཅེས་ཀྱང་བསྐུལ་ལོ།
ཁ་བརྡར་རེ་སྐུལ།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
ད་ངས་གཞོན་ནུ་ཟླ་མེད་དང། མིག་བརྒྱད་པ་གཉིས་ལ་དྲི་བ་ཞིག་ཡོད། ཡང་དེའི་བར་དུ་ལྷག་ཤེས་དང་སྤོབས་ངན་གཉིས་དོན་མེད་ཚང་ཀ་མ་བརྒྱབ་རོགས་ཞེས་སྔོན་ཚུད་ནས་ཞུས་ཡ་ཡིན། གང་ཡིན་ཟེར་ན། ཁོང་གཉིས་ལ་ནི་ཁུངས་ལྡན་གྱི་སྐད་ཆ་གང་ཡང་ཤོད་རྒྱུ་མི་འདུག ཧ་ཅང་རྒྱས་སྤྲོས་མི་དགོས་པར། གོ་སླ་ཚིག་བདེའི་དབང་དུ་བྱས་ནས་ཞུ་ན། དྲི་བ་དང་པོ། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཞེས་སུ་གྲགས་པ་འདི་ཡི་འཁྲུངས་ཡུལ་གྱི་ས་གནས་གང་ཞིག་ཡིན་མིན་དང། དྲི་བ་གཉིས་པ། སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་སྟོན་པ་ཐུབ་པའི་དབང་པོ་གཉིས་འཛམ་བུ་གླིང་འདིར་སྐུ་བལྟམས་ནས་ད་བར་བགྲངས་བྱ་ཇི་ཙམ་སླེབས་ཀྱི་ཡོད་མེད་དེ་ཡིན། དེའི་སྐོར་འཁྱོག་བཤད་སོགས་ཀྱིས་དབེན་པའི་བཀའ་ལན་གསལ་པོ་ཞིག་གནང་རྒྱུ་ཡོད་ན་གུས་པས་དགའ་བསུ་ཞུ།
ཨ་ཙི་ཙི། ཡང་མིག་བརྒྱད་པ་ནས། ངེད་ཅག་གི་ནང་པའི་གཞུང་དུ་སྤྱན་རས་གཟིགས་ཀྱི་སེམས་བསྐྱེད་ཉམས་པ་དང་སྡོམ་པ་ཉམས་པའི་ལུང་ཚིག་སྣ་གཅིག་ཁྱོད་ལ་སྟོན་རྒྱུ་མེད་པ་ཨ་ཅང་ཅང་། དེ་འདྲ་སྐྱག་རྫུན་མ་ཤོད་ལོ། ཀ་ཆེམ་ཀ་འཁོལ་མའི་གླད་གཞུང་འཇུག་གསུམ་ཚང་བ་ཞིག་ཀློག་དང། དེ་ནས་ཧ་གོ་མདོག་ཁ་པོ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་ཀ་ཆེམ་བཀའ་འཁོལ་མ་ཆོས་ཅན བོན་ནག་གི་གཞུང་ཡིན་པར་ཐལ། སྤྱན་རས་གཟིགས་ཀྱིས་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་པ་དེའི་ནང་ལ་གསུངས་པའི་ཕྱིར། མིག་ཞར་མེད་ན་དེའི་ནང་ལ་ལྟོས། རྩ་བར་འདོད་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཆོས་ཅན། བོན་ནག་ཡིན་པར་ཐལ། ཁྱོད་ཀྱིས་བརྩམས་པའི་ཀ་ཆེམ་བཀའ་འཁོལ་མ་བོན་ནག་གི་གཞུང་ཡིན་པའི་ཕྱིར། ལྷོད་ལྷོད་ཡིན་ད། ལམ་སེང་ཟུང་ཁྲག་འཁོལ་མ་ཡོང་ལོ།
ཨ་ཅང་ཅང་དང། དེ་འདྲ་སྐྱག་རྫུན་གཉིས་ཀྱི་བར། ཞེས་ཟེར། ཞེས་པ་འདི་བཅུག་གནང་རོགས།
སྨན་མོ་ལགས། ཁྱོད་ཀྱི་སྐད་ཆ༼པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། སྟག་ལ་མེ་འབར་སྤྱན་འདྲེན་གཤེགས་སུ་གསོལ།།’’ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ཡང་ཁྱོད་རང་ཚོ་ངོ་ཚ་དགོས་པ་ལས་ང་ཚོ་ངོ་ཚ་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ།། ༽ཟེར། ངེད་ཅག་བན་དྷེ་ཚོ་ངོ་ཚ་དགོས་དོན་ཅི་ཡོད། སྟག་ལྷ་མེ་འབར་ནི་གེ་སར་རྒྱལ་པོས་བཅོམ་ཚར་བ་རེད། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས།།ཅེས་པ་ལྟར་བོན་ནག་རེ་གཉིས་ཤིག་མ་གཏོགས་ལྷག་མེད་པ་འདྲ། ད་ལྟའི་བོན་པོ་ཕལ་ཆེ་བ་བོན་དཀར་རེད། ལས་རྒྱུ་འབྲས་ཁས་ལེན་པ་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་རེད། ངས་གོང་ནས་ལུང་དྲངས་པ་དེས་འཐུས། ཨེ་གོ་ཐལ། ཡང་ཁྱོད་ཀྱིས་གེ་སར་རྒྱལ་པོ་མེད་ཟེར་བའི་རྒྱུ་མཚན་ཅི་ཡིན། ཁྱོད་ཀྱི་བློ་ལ་འོས་མེད་དུ་མཐོང་བས་ཡིན་སྲིད། ཤེས་བྱ་ཡིན་ན་བོན་ཡིན་པས་ཁྱབ་ན། བོན་ཞེས་པའི་ཐ་སྙད་མ་བྱུང་བའི་སྔ་རོལ་དུ་བོན་འཛིན་གྱི་བློ་ཡོད་པར་ཐལ། ཤེས་བྱ་ཡོད་པའི་ཕྱིར། དེ་ལ་ཁྱོད་ཀྱིས་ལན་ཅི་འདེབས། ཆོས་ཐམས་ཅད་ཞེས་པ་ལ། བོན་ཐམས་ཅད། ཅེས་ཆོས་ལ་བོན་གྱི་ཐ་སྙད་བཙན་གྱིས་སྦྱོར་དོན་ཅི་ཡིན། བོན་ཟེར་བའི་ཚིག་འདི་ནི་པར་སིག་གི་སྐད་༼ bon ༽ཡིན་པར་འདོད་མཁན་ཡང་ཡོད་པས་ཡོད་ཚད་ཁྱོད་ཀྱི་བློ་ངོར་ཤོང་དཀའ།
སྟག་ར་ལགས། ཕྱིས་ཀྱི་རྫོགས་ཆེན་པ་ཡིན་ཟེར་མཁན་ཁག་ཅིག་ལ་རྒྱལ་བ་ཀློང་ཆེན་པས་བཀའ་སྐྱོན་མཛད་ཡོད་པ་ཁྱོད་ཀྱིས་ཤེས་ཨེ་ཡོད། དེ་ནི་བོན་དང་ཕར་བསྲེས་ཚུར་བསྲེས་བྱས་པའི་རྒྱུ་མཚན་གྱིས་རེད། པདྨ་བཀའ་ཐང་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཟེར་བ་དེ་ནི་སློབ་དཔོན་རིན་པོ་ཆེས་རྫོགས་ཆེན་གྱི་གདམས་པ་ཞུ་ས་དེ་རེད། འབྲུག་ཡུལ་ན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཟེར་བ་ཞིག་ཡོད་པ་གོ་མྱོང་། དེ་མིན་ཁམས་ཕྱོགས་ན་དགའ་རབ་སྤྲུལ་སྐུ་ཟེར་བ་ཟིག་ཀྱང་ཡོད་ཟེར། དགའ་རབ་སྤྲུལ་སྐུའི་མིང་ཐོགས་ཚད་ཀྱི་སྐྱེས་ཚེས་སོགས་ང་ལ་ཏག་ཏག་ཅིག་བཤད་རྒྱུ་མེད། ད་ཁྱོད་ཀྱིས་ཡར་བཤད་དུས་མར་བཤད། དངོས་གནས་སྨྱོན་པ་རང་རེད། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཚེས་ལ་མཁས་པ་མང་པོས་བཞེད་ཚུལ་མི་མཐུན་པ་དུ་མ་ཡོད་པས་དེ་ཚོ་འུ་གཉིས་ཀྱིས་ཐག་ཆོད་པ་ཞིག་མ་རེད། རི་བོང་གི་རྔ་མ་འཇུས་ནས་ང་ལ་ཅོ་འདྲི་བ་ལས་དཔེ་ཆ་ཡག་པོ་ཞིག་བལྟས་ནས་དོན་དག་གང་ཡིན་རུང་མ་ནོར་བ་དང་མ་འཕྱུགས་པ་ཞིག་བྱུང་ན་དེ་གས་འགྲིག ཁྱོད་ཀྱིས་ཁུངས་གཏུགས་སའི་ཡིག་ཆ་དག་ལའང་ག་འདྲ་ཡིན་མིན་སུས་ཤེས། ཐེ་ཚོམ་ཟ་གི །ཀ་ཆེམ་ཀ་འཁོལ་མའི་ལུང་སྟོན་ཤོག་དང་དེ་ནས་ལྟ་ཆོག་གི་རེད། མདོར་ན་གྲུབ་མཐའ་བཞི་གང་དང་ཡང་མི་མཐུན་པའི་ལྟ་བ་ཐུབ་པའི་དགོངས་པ་མིན་ཞེས་ངེད་ཀྱི་དམ་བཅའ་དང་ཁས་ལེན་ཡིན་པས་དེ་ལ་ཁྱོད་ཀྱིས་གནོད་བྱེད་བརྙེད་ན། རི་སྦལ་གྱི་སྤུ་རིང་པོའི་བལ་གོས་འཇམ་པོ་ཞིག་གོན་ཆོག་གི་རེད། ཨེ་གོ་ཐལ།
སྨན་མོ་མཚོ། སྟག་ལྷ་མེ་འབར་བོན་ཅན། མེད་ཟེར་ན་ཆོག་པར་ཐལ། གེ་སར་རྒྱལ་པོ་མེད་ཟེར་ན་ཆོག་པའི་ཕྱིར།
སྤོབས་པས་འོལ་མོ་ལུང་རིང་གང་རེད་དྲིས་པའི་ལན་དུ། ཡི་གེ་འདི་འདྲ་མང་པོ་ཞིག་བྲིས་འདུག ད་འོལ་མོ་ལུང་རིང་གསལ་གསལ་དག་དག་བཤད་ཡོད་ཀྱི་རེད། གོང་དུ་ཁ་ཤས་ཀྱི་སྤྱན་རས་གཟིགས་ཀྱི་སྐོར་ལ་རྟགས་བསལ་འདྲ་བོ། ཐལ་དང་ཕྱིར་ཟེར་ནས་མང་པོ་ཞིག་བྲིས་འདུག ཁས་ལེན་འཛིན་མཁན་ཡོད་ས་མ་རེད། ད་འོ་ན་ངས་ཁས་ལེན་འདྲ་བོ་ཞིག་འཛིན།
ཁོ་ན་རེ། ༼སྤྱན་རས་གཟིགས་ཆོས་ཅན། ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་བྱང་སེམས་འཕགས་པ་མ་ཡིན་པར་ཐལ།་་་་འཕགས་ལམ་ཐོབ་ནས་སེམས་བསྐྱེད་དང་སྡོམ་པ་མི་ཉམས་པ་བསྟན་བཅོས་མངོན་རྟོགས་རྒྱན་ལས་གསུངས་པ་གང་ཞིག ཁྱོད་སེམས་བསྐྱེད་ཀྱི་སྡོམ་པ་ཉམས་ནས་དམན་ལམ་དུ་ལྟུང་བ་ཆོས་རྒྱལ་བཀའ་དྲིན་ཅན་དེའི་དགོངས་པ་ཡིན་པའི་ཕྱིར།༽ ཟེར་ནས་རྟགས་ཕྱི་མ་མ་གྲུབ་ཅིང་། རྟགས་དང་པོ་ལྟར་ན་ཁྱབ་པ་ཡང་མེད། དམན་ལམ་དུ་ལྟུང་བའི་ཚིག་ཟུར་ཙམ་ཡང་མེད་པ་ལ། ཆོས་རྒྱལ་མ་ནི་བཀའ་འབུམ་ལ་བསླད་བཅུགས་འདོད་ན་དེ་སྟོང་བསམ་ཡིན་ནོ། ཁྱབ་པ་མེད་དེ། སྤྱན་རས་གཟིགས་ཀྱི་ས་བཅུ་ལམ་ལྔ་རིམ་གྱིས་བརྒྱུད་ནས་འོང་པ་ཡིན་པས། བྱང་སེམས་འཕགས་པས་ག་ལ་ཁྱབ།
ཡང་ཁོ་ན་རེ། ༼ཡང་སྤྱན་རས་གཟིགས་ཆོས་ཅན། ཁྱོད་འཇིག་རྟེན་དབང་ཕྱུག་ཡིན་པར་ཐལ།་་་་་་་ལོ་ཀེ་ཨི་ཤ་ཝར་ཡིན་པའི་ཕྱིར། དེའི་སྒྲ་འཐད་བསྒྱུར་བྱས་ན་དེ་ལྟར་གོ་བའི་ཕྱིར།༽ འདོད་པ་ཁོ་ནའོ།
ཡང་ཁོ་ན་རེ། ༼ཡང་སྤྱན་རས་གཟིགས་ཆོས་ཅན། ཐེག་ཆེན་འཕགས་པ་ཡིན་པ་ཁས་བླངས་བཞིན་དུས་དམན་ལམ་དུ་ཟག་འགྲོ་དགོས་པའི་རྒྱུ་མཚན་ཡོད་པར་ཐལ། དེ་ལྟར་རྒྱུ་མཚན་ཡོད་ནས་ཆོས་རྒྱལ་མགོ་གཉིས་མ་དེ་ཡིས་གསུངས་པ་ཡིན་པ་ལས་དེ་མིན་ཆང་རགས་ཀྱིས་སྨྱོས་ནས་བཤད་པ་ཞིག་མ་ཡིན་པ་ཐག་གིས་ཆོད་པའི་ཕྱིར།༽ དེ་ལྟར་གསུངས་པ་རྟགས་མ་གྲུབ་པ་གོང་བཞིན། འདིར་ཚང་མས་ཤེས་དགོས་པ་ཞིག་ལ། དམན་ལམ་དུ་ལྟུང་ཟེར་ནས་འདི་ཚོས་མ་ནི་བཀའ་འབུམ་ལ་བསླད་བཅུག་ཡོང་གི་འདུག་གོ།
༽ ཟེར་ན་རྟགས་དང་པོ་མ་གྲུབ སྲོང་བཙན་སྒམ་པོས་མཛད་པའི་ནང་པ་སངས་རྒྱས་པའི་གཞུང་ཟེར་བ་ཞིག་གཞི་མ་གྲུབ་པའི་ཕྱིར། ཐེག་ཆེན་སེམས་བསྐྱེད་ཉམས་པར་ཐལ། མ་ནི་བཀའ་འབུམ་ལས་གསུངས་པའི་ཕྱིར་ཟེར་ན་
བན་བོན་ཕྱི་ནང་འདྲིས་པའི་ནག་ཚོང་གི་དྲྭ་ཐག་བརྙན་འཁོར་ལ་ལྟོས། ནམ་ནོར་གྱི་བུ་འདི་རེད
http://www.youtube.com/watch?v=wk4NIQL6s2c
དགའ་རབ་རྡོ་རྗེ་ནི་དུས་རབས་བདུན་པ་ནས་བརྒྱད་པའི་བར་ལ་ཤིག་ལ་བྱོན་པ་འདྲ། བེ་རོ་ཙ་ན་རྒྱ་གར་དུ་ཕེབས་དུས་ཁོང་གི་ཡང་སློབ་ཤྲི་སེངྷ་ལས་ཆོས་ཞུས་པ་དང་། ལོ་རྒྱུས་ལ་ལ་ན་དགའ་རབ་རྡོ་རྗེ་རང་གི་ཞལ་ཡང་མཇལ་ཚུལ་བྲིས་འདུག དེ་ནི་ནང་པའི་གསང་སྔགས་ལོ་རྒྱུས་དང་ཡང་མཐུན་པ་ཞིག་རེད། དུས་རབས་བརྒྱད་པ་ནས་དུས་རབས་བཅུ་གཉིས་པའི་ནང་ཁོངས་སུ་ནང་པའི་གསང་སྔགས་ཁྱབ་བརྡལ་དུ་དར་བའི་དར་ཚུལ་དེང་རབས་ལོ་རྒྱུས་སྨྲ་བས་ཤོད་བཞིན་པ་དེ་རེད། དེའི་སྔོན་ལ་ཧིན་དྷུའི་གསང་སྔགས་མ་གཏོགས་ནང་པའི་གསང་སྔགས་ཁྱབ་བརྡལ་གྱིས་དར་བའི་ཁུངས་སྐྱེལ་མང་པོ་མི་འདུག
སྤྱིར་ན་དགའ་རབ་རྡོ་རྗེ་ནང་པ་ཞིག་ཡིན་པ་མ་གཏོགས་ནང་པའི་སྟོན་པ་འདྲ་ནི་མིན་པས་ནང་པ་ཚང་མ་སྐྱེ་ས་ཤི་ས་ཚང་མ་རྙེད་དགོས་ལབ་ན་ཁྱོད་ཚོ་བཀའ་བཙན་དྲགས་པ་རེད། འཁྲུངས་ཡུལ་ནི་རྒྱ་གར་ནུབ་རྒྱུད་ཅིག་ཡིན་པར་གཏན་འཁེལ་བ་རེད། དེང་སང་རྙིང་མ་བ་ཁག་གཅིག་གིས་ཨུ་རྗུན་ནམ་ཨུ་རྒྱན་ཟེར་བའི་ཡུལ་ཞིག་ལ་དགའ་རབ་རྡོ་རྗེ་འཁྲུངས་ས་རེད་ཟེར་ནས་དེང་སང་གནས་སྐོར་དུ་འགྲོ་སྲོལ་ཡང་དར་འདུག གུ་ཇུ་ར་ཏའི་མངའ་ཁོངས་མཚོ་འགྲམ་དང་ཉེ་ས་ཞིག་རེད་སྙམ།
དགའ་རབ་རྡོ་རྗེ་ཡིན་ན་ཡང་འདྲ། ཀླུ་སྒྲུབ་ཡིན་ན་ཡང་འདྲ། ཁོང་རྣམ་པ་ལས་བརྒྱུད་ཡོང་བའི་ཆོས་རྒྱུད་དེ་ཚོ་ནི་ཐེག་ཆེན་དང་རྫོགས་ཆེན་སོགས་མིང་གང་ཞིག་བཏགས་ཀྱང་དོན་དུ་རྩ་བའི་ཆ་ནས་བདེན་པ་བཞི་གཞི་ལ་བཞག་པའི་ནང་པ་སངས་རྒྱས་པའི་ཆོས་ལས་ལོགས་སུ་གྱུར་པ་ཞིག་མེད་པ་རེད། རྫོགས་ཆེན་དང་ཐེག་ཆེན་གྱི་གཞུང་ལུགས་ནང་དུ་བདེན་པ་བཞི་ལས་ལོགས་སུ་གྱུར་བ་ཞིག་བཤད་ཡོད་ན་དེ་ནས་ང་ཚོས་སངས་རྒྱས་ཀྱི་གསུངས་ལས་གནས་དབྱུངས་གཏོང་གི་ཡིན། ཡིན་ན་ཡང་ངའི་གོ་བ་ལྟར་ན་རྫོགས་ཆེན་དང་ཐེག་ཆེན་གྱི་གཞུང་ཕལ་མོ་ཆེ་ནི་ཡང་བདེན་པ་བཞི་ལས་ལོགས་སུ་གྱུར་པ་ཞིག་མེད་པ་འདྲ་བས་སངས་རྒྱས་ཀྱིས་ཞལ་ནས་གསུངས་པའི་བཀའ་མིན་ན་ཡང་བྱིན་གྱིས་བརླབས་པའི་བཀའམ་ཡང་ན་རྗེས་སུ་གནང་བའི་བཀའ་སོགས་ལ་བསྡུས་ན་མི་འགྲིགས་པ་ཞིག་མ་རེད་སྙམ། གལ་སྲིད་རྫོགས་ཆེན་དང་ཐེག་ཆེན་སོགས་གྱི་ནང་ན་བདེན་པ་བཞི་དང་འགལ་བ་ཞིག་བཤད་ཀྱིན་ཡོད་ན་ང་ཚོ་ལ་དེ་ཐེར་འདོན་བྱས་ནས་གསུངས་རོགས། མདོར་ན་སངས་རྒྱས་ཀྱིས་བཀའ་དང་པོ་ལས་ལོགས་སུ་གྱུར་པའི་ཆོས་འཁོར་མ་བསྐོར་བའི་དབང་དུ་བཏང་ཡང་ཐེག་ཆེན་རྫོགས་ཆེན་བཀའ་ལ་བསྡུ་མ་ཐུབ་རུང་བསྟན་བཅོས་ལ་བསྡུས་ན་མི་འགྲིགས་པ་ཞིག་མི་འདུག ང་ཚོ་ལ་ཞེད་སྣང་ཞིག་ཡོད་པ་དེ་ནང་པའི་སྔགས་ཟེར་བ་དེ་ཧིན་དྷུ་ལ་ཤོར་མི་འགྲོའམ་སྙམ་པ་མ་གཏོགས་བོན་པོ་ཚོས་སྐལ་མེད་སར་རྐེ་བསྲིངས་རུང་དེ་ལ་འཇིགས་སྣང་སྤུ་ཙམ་ཡང་མེད། ངེད་ཚོའི་ཕུ་བོ་ཧིན་དྷུ་ཚང་དང་ང་ཚོ་གྲོས་མ་བྱས་བསམ་པ་གཅིག་ཏུ་མཐུན་ནས་གནས་ཉེར་བཞི་སོགས་སུ་ནམ་ཡིན་ཡང་ལྷན་འཛོམ་རེ་ཡོང་གིན་འདུག་པས་ངའི་སེམས་ཁྲལ་ཆེ་ཤོས་དེ་ནི་དེ་ཡིན། ཀུ་རེ་ཡིན་ལ་དྲང་གཏམ་ཡང་ཡིན།
གོང་གི་རྟགས་བསལ་ཚང་མ་འདི་འདྲ་རེད། ནམ་མཁའ་ཆུ་འཛིན་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཆུ་འཛིན་དཀར་པོའི་གློག་ཕྲེང་དྲ་བ་ཅན། ། ཞེས་གསུངས་པའི་ཕྱིར། ཧོ་ཧོ་ཧོ་ཟེར་བ་དང་གཅིག་པ་རེད། རྟགས་བསལ་འདི་འདྲ་བསྡུས་གྲྭ་གསར་ཞུགས་ཚོས་ཀྱི་ཨེ་རྩོད་ན། གཅིག་ལ་མ་ཁྱབ་ཀྱི་ལན་བཏབ་ན་ཆ་ཚང་ཁེགས་འགྲོ་མོད། ད་དུང་ཨུ་ཚུགས་ཀྱི་རི་མོ་མང་པོ་འབྲི་བ་འདི་དག་ནི་བྱིས་པ་ཚོའི་རི་མོ་འཛིན་གྲྭར་བཞག་ན་མཛེས་པ་ལས། རྟགས་བསལ་རྩོད་པའི་གྲྭར་འོས་པ་མ་ཡིན་ནོ།
མཁས་དབང་སྟག་སེང་ཁ་སྤྲོད་རེད། །ང་ལ་དགོས་པ་ལེགས་བཤད་རེད། །
བོད་ལ་དྲ་བའི་རིག་གནས་འདི་དར་ནས་ཅུང་ཟད་མ་གཏོགས་འགོར་མེད་ལ། ཕྱི་སྡོད་བོད་མིའི་ཁྲོད་དུ་དྲ་བའི་རིག་གནས་འདི་བེད་སྤྱད་དེ་རང་རང་གི་བསམ་ཚུལ་འབྲི་མཁན་དང་སྤྱི་སྒེར་ལ་སྐྱོན་བརྗོད་བྱེད་མཁན། བསམ་བཞིན་དུ་མི་སེམས་ལ་མནར་གཅོད་གཏོང་མཁན་དང་མི་ལུས་ལ་ཁབ་གཙག་བྱེད་མཁན་སྐོར་ཞིག་བྱུང་། དེ་དག་གི་ཁྲོད་དུ་རང་མིང་དངོས་སུ་འབྲི་མཁན་སྐོར་ཞིག་དང་སྨྱུག་མིང་གི་འོག་ཏུ་ཡིབ་མཁན་སྐོར་ཞིག་ཡོད། རང་མིང་དངོས་སུ་འབྲི་མཁན་ནི་ཁང་གསར་རྡོ་རྗེ་དང་རབ་གསལ་ལྟ་བུ་རེད་ལ། སྨྱུག་མིང་གི་འོག་ཏུ་ཡིབ་མཁན་ནི་མི་རྐང་གླིང་བུ་དང་སྤོབས་པ་མཐའ་ཡས་ལྟ་བུ་རེད། སྨྱུག་མིང་གི་འོག་ཏུ་ཡིབ་ནས་རྩོམ་ཡིག་འབྲི་མཁན་སྤྱིར་ན་ཧ་ཅང་མང་མོད་ཀྱང་། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཁོ་བོའི་བློ་ལ་འགྲོ་ཤོས་ཀྱི་དཔྱད་བརྗོད་སྤེལ་མཁན་ཞིག་ནི་སྤོབས་པ་མཐའ་ཡས་ཟེར་བའི་མི་འདི་ཡིན།
ང་ཚོའི་དྲ་ངོས་སུ་དཔྱད་བརྗོད་སྤེལ་མཁན་གང་འཚམ་ཞིག་ཡོད་མོད་ཀྱང་དེ་དག་ལས་ཕལ་མོ་ཆེ་ཞིག་ནི།གཡོ་སྒྱུ་དང་མགོ་བདེ་བོ་ལས་མ་འདས་པས་གྲོགས་པོ་དང་ཕྲད་ན་སྐད་ཆ་སྙན་པོ་བཤད་ཅིང་ཅི་ནུས་སྒོས་ངོ་བསྟོད་བྱེད་པ། གྲོགས་པོ་མ་ཡིན་པ་ལ་སྐད་ཆ་མི་སྙན་པ་བཤད་ཅིང་ཅི་ནུས་སྒོས་དམའ་འབེབ་བྱེད་པ་ཡིན། གྲོགས་པོ་ཡིན་ན་ཅི་འདྲ་ངན་ཡང་སྐྱོན་མི་བརྗོད་པ་དང་བཟང་ཆ་ཅུང་ཙམ་ལས་མེད་ཀྱང་བསྟད་ནས་དགུང་དུ་འཇོག་པ་དང་། སུས་རང་ལ་ཕོག་ཐུག་བཏང་ན་དགག་པ་རྒྱག་པ་དང་སུ་རང་ལ་དྲང་ན་གཟེངས་བསྟོད། ད་དུང་གཞན་གྱིས་བསྟོད་ན་དེ་དག་གི་རྗེས་སུ་འབྲངས་ནས་བསྟོད་པ་དང་། གཞན་ཚང་མས་སྐྱོན་བརྗོད་ཀྱང་རང་གིས་སྐྱོན་མི་བརྗོད་པར་གྱང་ཁའི་རྩྭ་བཞིན་དུ་གཞན་པར་ཕོག་ཐུག་མི་གཏོང་། དཔྱད་བརྗོད་དེ་དག་གིས་ཧ་ཅང་ཞེ་མེར་བར་བྱེད་པ་སྟེ། བལྟས་མ་ཐག་གསར་སྣང་སྐྱེ་ཡང་ལྟ་ཡུན་རིང་ན་ཡིད་ལ་སྐྱོ་སྣང་སྐྱེད། ཁོ་ཚོས་ཚིག་རོ་ཉ་ཉོག་ལ་ཡིད་དུ་འོང་བའི་ཕྱི་གོས་བཀླུབས་སུ་བཅུག་ནས་གསར་བ་གསར་རྐྱང་གི་རྣམ་པས་སེམས་ཅན་གྱི་ཡིད་བསླུ་བ་ཡིན་པས། དཔྱད་བརྗོད་འདི་རིགས་ལ་ནམ་ཡང་མི་རྣམས་ཀྱིས་ཤེས་ལ་མ་ཤེས་པའི་སྒོ་ནས་ངོ་བསྟོད་ཀྱིས་མཆོད་ཁྲིའི་ནང་དུ་བཤམ་པར་བྱེད་དོ།།
གོང་གི་གཡའ་དང་བཙའ་འདི་དག་གིས་དེ་ཙམ་གོས་མེད་པའི་སྤོབས་པ་མཐའ་ཡས་ཁོང་གིས་རྩོམ་ཡིག་མང་པོ་ཞིག་བྲིས་མེད་མོད། གནའ་དེང་གི་རྩོམ་ཡིག་གང་ཞིག་ལ་མཆན་བུ་བཏབ་ཚེ། དེ་ནི་སྨན་པ་མཁས་པ་ཞིག་གིས་ནད་པའི་ནད་ངོས་ཟིན་པ་ཇི་བཞིན་དམིགས་ཡུལ་དེ་དང་འབྱར་འགྲོ་བ་དང་། རྒྱུ་མཚན་གྱིས་ཕྱུག་ཅིང་ཁུངས་ལུང་དང་ལྡན་པ་ཞིག་དང་། ཡང་རྣ་བར་སྙན་ཅིང་ཡིད་དུ་འབབ་པ་ཞིག་རེད། དེ་ཡང་རེ་རེ་བཞིན་ལུང་འདྲེན་བྱེད་མི་དགོས་པར་དྲ་ངོས་འདིར་བཤད་མི་དགོས་བཤམས་བཞག་ཡོད་པ་རེད།
ད་འོ་ན་གོང་དུ་བརྗོད་པའི་བྱ་བརྒྱའི་ཁྲོད་ཀྱི་རྨ་བྱ་དང་རྟ་བརྒྱའི་ཁྲོད་ཀྱི་རྐྱང་རྒོད་དེ་སྤོབས་པ་མཐའ་ཡས་ཟེར་བའི་མི་འདི་དོན་ངོ་མར་སུ་ཡིན་ནམ་ཞེས་དྲིས་པ་ཡིན་ན། མི་ཕལ་མོ་ཆེ་ཞིག་གིས་ཁ་ནང་ལ་མཛུབ་མོ་བརྒྱུས་ནས་སྡོད་པ་ལས་འོས་མེད་ཅིང་ཁོ་བོ་ཡང་དེ་དག་གི་ཁྲོད་ཀྱི་གཅིག་ཡིན་ནོ།། སྤོབས་པ་མཐའ་ཡས་འདི་གནའ་བོའི་ནང་ཆོས་ཀྱི་སྐོར་ལ་རྒྱུས་མངའ་ཆེ་ཚུལ་ལ་བརྟགས་ན་རབ་གསལ་ཡིན་པ་འདྲ་བོ། དེང་རབས་རྩོམ་རིག་ལ་དཔྱད་སྟོབས་རྫོགས་པར་བསམས་ན་ཨ་ཁུ་པད་མ་འབུམ་ཡིན་པ་འདྲ་བོ། གཉིས་ཀར་མཁས་ཚུལ་ལ་བརྟགས་ན་སློབ་དཔོན་འཇིགས་མེད་ཡིན་པ་འདྲ་བོ། གང་ལྟར་ཁོང་གི་ཟིན་བྲིས་ཀྱི་ཆེད་བརྗོད་ལ་བལྟས་ན་ཁམས་ནས་སྐྱེས་ཏེ་རྡ་སར་བསྡད་མྱོང་ཞིང་། དེང་སྐབས་ནུབ་ཕྱོགས་སྤྱི་ཚོགས་ཤིག་ཏུ་ཡོད་པ་ཁས་ལེན་བྱས་འདུག
ནམ་རྒྱུན་ནང་ཆོས་ཀྱི་ཁྲོད་དུ་སྨྲ་བསམ་བརྗོད་དུ་མེད་པ་ཞེས་པ་དང་བཏགས་དོན་བཙལ་ན་མི་རྙེད་པ་ཞེས་པའི་ཆེས་རླབས་ཆེ་བའི་ཐ་སྙད་འོད་དུ་འཚེར་བ་གཉིས་ཡོད་པ་དང་། ངས་ནམ་རྒྱུན་སྤོབས་པ་མཐའ་ཡས་ལགས་སུ་ཡིན་གང་ཡིན་སྐོར་ལ་བསམ་བློ་རེ་གཏོང་དུས་གོང་གི་ཐ་སྙད་འདི་གཉིས་ཤར་རྒྱག་ཀླད་པའི་ནང་དུ་འཆར་ཡོང་གིན་འདུག གང་ལྟར་མཐའ་དོན་སྤོབས་པ་མཐའ་ཡས་ཀྱིས་སྔར་བཞིན་སྤོབས་པ་མཐའ་ཡས་ཞེས་པའི་སྨྱུག་མིང་དོན་དང་ལྡན་པ་འདིའི་འོག་ཏུ་ཡིབ་ནས་དཔྱད་བརྗོད་ཀྱི་གསེར་རྡོག་རེ་རེ་བཞིན་དྲ་ངོས་འདིར་སྤུང་རྒྱུ་མཁྱེན།
དགྱེས་རྡོར་ཀླུ་སྨྱོན་གཉིས་པོ་ཐོན་བཞག ད་ཁྱེད་གཉིས་སྨོན་ཚིག་དང་ཡི་རང་འདྲ་མ་གཏོགས་ཁ་སྒྲག་རྒྱུ་མེད་ནི་ཨེ་རེད།
འདིར་སྟག་སེང་འདྲ་བའི་མཁས་པ་ཚོར་བཀའ་འདྲི་ཞུ་རྒྱུ་ཞིག་ལ།
རྟགས་བསལ་བཀོད་སྐབས། ལུང་དྲངས་ནས་ཁྱབ་པ་བཀོད་ན་ཨེ་འགྲིགས། དཔེར་ན། རྟེན་འབྲེལ་ཡིན་ན་སྟོང་ཉིད་ཡིན་པས་ཁྱབ། རྩ་ཤེའི་ནང་ལ་གསལ་བའི་ཕྱིར་ལྟ་བུ།
བསམ་ཤེས་ལགས། སངས་རྒྱས་ཀྱི་འཕྲིན་ལས་ཆོས་ཅན། རྟག་པ་ཡིན་པར་ཐལ། མངོན་རྟོགས་རྒྱན་ལས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན།།ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ།
སྟག་རའི་སྐད་ཆ། ༼སྔར་གྱི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སུ་གྲགས་པའི་ཁྱེད་ཅག་ནང་པའི་ཨ་ཡོད་ནང་གི་ད་ཡོད་མཚོོས་མཛད་པའི་དབུ་མའི་གཞུང་ལུགས་ནང། རྫོགས་ཆེན་གྱི་ལྟ་སྤྱོད་སྐོར་དྲི་ཙམ་ཡང་དྲོ་རྒྱུ་མེད་པ་འདི་གང་རེད། ཁོང་ཚོའི་དེའི་སྐོར་ཚིག་གཅིག་ཀྱང་མི་གླེང་པའི་གནད་དོན་ཅི་ཞིག་ཆགས་པ་རེད། རྫོགས་ཆེན་གྱི་གྲུབ་མཐའ་འདི་དབུ་མའི་གྲུབ་མཐའ་ཡིན་ན། བྱུང་ཁུངས་ཀྱི་ཕུགས་བཙན་པའི་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་ནང་རྫོགས་ཆེན་ཀྱི་ལྟ་སྤྱོད་སོགས་ཀྱི་སྐོར་ཚིག་གཅིག་ཀྱང་མི་གསལ་དགོས་པའི་རྒྱུ་མཚན་གང་རེད། རྫོགས་ཆེན་གྱི་ལྟ་བ་དབུ་མའི་ལྟ་བ་ཡིན། ཞེས་ཨུ་ཚུགས་བྱས་མ་བྱས་གང་ཡང་ཡོད་མ་རེད། ༽ཁྱོད་ཀྱིས་དྲི་བ་དཔེར་བཞག་ན། བྱུང་རིམ་འཆོལ་བའི་སྐྱོན་དང་མགོ་རྔ་མི་ཚང་བ་སྟེ། རྒྱུད་སྡེ་བཞི་དང་གྲུབ་མཐའ་བཞིའི་ཐ་སྙད་ནི་རྒྱ་གར་ནས་བྱུང་བ་ཞིག་དང་རྒྱན་དྲུག་གཞུང་ན་ཁྱབ་ཏེ་ཡོད་ལ་། རྒྱན་དྲུག་གཞུང་ལུགས་རྣམས་མདོ་སྔགས་གཉིས་ཀྱི་ཁུངས་གཏུགས་ས་རེད། ས་རྙིང་ཀར་དགེ་སོགས་ཀྱི་ཐ་སྙད་ནི་བོད་ནས་བྱུང་རིམ་ཞིག་ཡིན་པས་ཐ་སྙད་དེ་དག་རྒྱན་དྲུག་གཞུང་ལ་བཙན་གྱིས་སྦྱོར་དོན་ཅི་ཡོད། རེད། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་འོངས་ནས་ཆོས་བཤད་པ་དང་། གཞུང་སྤེལ་བའི་དབང་གིས་ཙེན་མུན་དང་ཏྭོན་མུན་གྱི་ལུགས་གཉིས་སུ་གྱེས་ཏེ་ལུགས་མི་མཐུན་པར་གྱུར་བ་སློབ་དཔོན་ཀ་མཱ་ལ་ཤི་ལས་ལུང་རིགས་ཀྱིས་ཚར་བཅད་དེ་སྒོམ་རིམ་གསུམ་སོགས་མཛད་ནས་བསྟན་པའི་དག་ཐེར་མཛད་ལ། དེའི་ཚེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་འདིར་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་སུ་གནས་དགོས་པར་བཀར་བཏགས་སོ། །རྒྱལ་བ་ཀློང་ཆེན་པ་དང་རྗེ་བློ་བཟང་གྲགས་པ་དག་གིས་ཀྱང་དེ་ལྟར་ཞལ་གྱིས་བཞས་པ་ཡིན་པའི་ཕྱིར།
མང་དུ་ཐོས་པ་ཅན་སྟག་ར་དང་སྨན་མོ་མཚོ་གཉིས་ཀྱག་ཀྱོག་མེད་པའི་མི་དྲང་མོ་ཞིག་ཡིན་ན་ཐང་། ཡིན་ན་ཡང་སྐད་ཆའི་ཟུར་ན་བརྟགས་ན་རྣམ་དཔྱོད་ཡོད་པའི་བཟོ་ལྟ་མི་འདུག ཡིན་ན་ཡང་རྟ་ནག་སྐལ་བཟང་ལུང་རིགས་དང་ས་དམར་ཨ་འཁོར། གླུ་མཁར་བྱམས་སོགས་ལ་བལྟས་ན་ཆོས་ལུགས་ལ་ལྡབ་འགྱུར་གྱིས་མཁས་པ་རེད་ཟེར་ན་ཆོག་གི ད་དུང་མུ་མཐུད་དུ་བན་བོན་གྱི་དཔེ་ཆ་ཡག་པོ་ཞིག་ཀློགས་དང་རེ་བ་ཡོད།
གོང་དུ་ཤཱཀྱ་མི་བོས། ༼དྲང་པོར་བཤད་ན་ཁ་བརྡ་ཚང་གི་ནང་དུ་ཡོད་པའི་བན་བོན་གྱི་རྩོད་པ་འདི་ནི། བསམ་མེད་ཨ་མདོ་བ་ཁ་ཤས་ཀྱིས་བསླངས་པ་ཡིན་ཞིང་།༽ ཟེར། བོན་པོའི་ཨ་མདོ་བ་དང་ནང་པའི་ཨ་མདོ་བ་ལ་རིག་གནས་ཀྱི་ཆུ་ཚད་ཡག་པོ་ཡོད་པའི་རྟགས་རེད། དེང་སང་བོན་པོ་མང་ཤོས་ཨ་མདོ་བའི་ཁོངས་ན་ཡོད་པ་ལ་བན་བོན་གཉིས་ཕ་མ་གཅིག་གི་སྤུན་གྲོགས་བཞིན་ཕན་ཚུན་མཐུན་ནས་འདུག། འདི་ན་བསམ་མེད་བོན་པོ་འགས་དུག་སྦྲུལ་གྱིས་གླ་རྩི་ཚོར་བ་བཞིན་བོན་པོའི་སྐོར་ནས་སྐད་ཆ་ཞིག་གླེང་ཚེ་འཇིགས་ནས་ཡོད་པ་དང་མི་འདྲ་བ་རེད།
སྔོན་ཤེས་འཆལ་རྟོག་གེ་བ་ཞིག་ཤི་ནས་བར་དོ་འཁྱམ་སྐབས། བོང་ཕྲུག་གམ་བོན་ཕྲུག་ལ་སྐྱེ་བ་རྩོམ་པ་ལ་དཔལ་སྤྲུལ་རིན་པོ་ཆེས་སྙིང་རྗེ་ཆེན་པོས་ངོ་སྤྲོད་གནང་ནས། ཨ་བུ་ཁྱོད་དུད་འགྲོ་ལ་སྐྱེ་བ་རེད། དེ་འདྲ་མ་མཛད། དག་པའི་ཞིང་ཁམས་ཡིད་ལ་གྱིས། སངས་རྒྱས་མགོན་པོ་འོད་དཔག་མེད་ལ་གསོལ་བ་ཐོབ་ཅེས་ལམ་སྟོན་བྱས་ཀྱང་། བོན་པོ་ཁོ་ཤིན་ཏུ་ཁྲོས་ནས་བོན་ཆོས་ཅན། བོང་བུའི་མངལ་མ་ཡིན་ཐལ། །གཞལ་ཡས་ཁང་ཡིན་པའི་ཕྱིར། ། ཟེར་ནས་བོང་རྐུབ་ཏུ་འཛུལ་པ་རེད། དེ་ནས་ཁོ་བོང་ཕྲུག་ཏུ་སྐྱེས་ནས་ཀླན་ལྐུག་གི་སྡུག་བསྔལ་མྱོང་བ་རེད། དེ་འདྲ་རྩོད་པ་དང་ཤེས་འཆལ་མཁན་ནི་སྟག་ར་སྨན་མོ་ནང་བཞིན་རེད་བཞག ། བན་བོན་གྱི་རིས་མེད་འཛིན་མཚམས་ངོ་མ་དེ་འདི་ན་འདུག །
http://www.rangwang.net/index.php?essayId=829
ཡང་མཆན་ཨང་༼༢༢༥༽ནང་སྤོབས་མཐས་‘‘ད་ངས་ཀི་འདེབས་གི་ཡིན། གཤེན་རབ་གང་དུ་སྐྱེས་པ་རེད། ལྷ་ཡུལ་དུ་སྐྱེས་པ་རེད་དམ། ཀླུ་ཡུལ་ལ་སྐྱེས་པ་རེད་དམ། མི་ཡུལ་ལ་སྐྱེས་པ་རེད་དམ། འགྲོ་བ་མིའི་རིགས་ཀྱིས་གཏན་ནས་མི་མཐོང་ས་ཞིག་ཏུ་སྐྱེས་པ་རེད་དམ། དེ་ཙམ་ཡང་ཐག་ཆོད་གི་མི་འདུག་གམ། མི་ཡུལ་ལ་སྐྱེས་ན་ཤར་ལྷོ་ནུབ་བྱང་གི་ཡུལ་གང་དུ་སྐྱེས་པ་རེད། དྲི་བ་དེ་མ་གཏོགས་མེད། གང་དུ་བྱོན་པ་རེད། དེ་ཙམ་ལས་ངས་མི་འདྲི། ལྷ་ཡུལ་ལ་སྐྱེས་ན་ལྷ་ཡུལ་དུ་སྐྱེས་པར་ཁས་ལོངས་དང་དེ་ནས་ངས་དྲི་བ་མི་འདོན། ཀླུ་ཡུལ་ལ་སྐྱེས་ན་དེ་ལུགས་ཁས་ལོངས་དང་དེ་ནས་ངས་དྲི་བ་མི་འདོན། འཛམ་གླིང་འདིར་སྐྱེས་ན་ངས་ས་ཆ་གང་ཞིག་ཏུ་སྐྱེས་པ་ངས་རྩད་གཅོད་གཏོང་གི་ཡིན། དེ་ཙམ་ཡང་ཐག་མི་ཆོད་ན་གཤེན་རབ་གཏན་ནས་མ་བྱུང་བར་ཐག་གཅད་རྒྱུ་ཡིན།’’ཞེས་ཇི་ལྟར་འཇིག་རྟེན་འདིར་ཡོད་མེད་ཐག་གཅོད་མཁན་ཁོ་རང་ཡིན་པ་ལྟ་བུའི་ཁ་ནས་གང་ཐོན་ཅི་ཐོན་གྱི་གཏམ་ངན་དང་ཀུ་ཅོ་འདི་འདྲར་ཤོར་བ་ལ་བལྟས་ན་ངས་བྲིས་པའི་(སྤོབས་ལན་ལོག་རྟོགས་མཐར་འབྱིན་)དེ་རྣག་ཐོག་ཙག་ཁེལ་བྱུང་ཞིང་། ཁྱོད་ཀྱི་སྙིང་རླུང་སྟོད་དུ་བརྫངས། རྩ་ལམ་དབུགས་ཀྱིས་བཀང་བར་ཐེ་མི་ཚོམ་པས་སོ།།ཧ་ཧ་ཧཱ།། འོན་ཀྱང་ཁྱོད་རང་དེ་ཙམ་གྱིས་ཝ་བརྒྱལ་བརྒྱལ་དང་ཁྱི་ཟུག་ཟུག་མི་དགོས་ཏེ་ངས་ལན་འདེབས་ཤར་མར་བྱ་ངེས་ཡིན་པས་སོ།། ཁྱོད་རང་ཉོན་དང་ཨཱ་་་་། ཁོ་བོ་ཅག་གི་སྟོན་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཚངས་རྒྱུང་ཉེར་ལྔ་བརྩེགས་པའི་དབུ་མ། མི་མཇེད་འཇིག་རྟེན་བདལ་བའི་སྙིང་པོ། དུས་བཞིའི་འཕོ་འགྱུར་བྲལ་བའི་ཞིང་མཆོག ཡུལ་ལ་འབུར་དུ་ཕྱུང་བ་ནི་བཀྲ་ཤིས་ཤིང་གཡང་ཆགས་པའི་ཡུལ། ཡུལ་གྱི་མིང་ནི་ལྷོ་འཛམ་བུ་གླིང་གི་མིག་སོག་ཁ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་ལུང་རིང་ཞེས་མཚན་ཙམ་ཐོས་པས་ཡིད་ལ་བདེ་བའི་སིམ་པ་སྟེར་བའི་གནས་མཆོག་དེ་ཡི་སྐུ་མཁར་བར་པོ་སོ་བརྒྱད་ཀྱི་ནང་སྐུ་མཚན་དཔེའི་མེ་ཏོག་ཨུ་དུམ་ཝ་ར་དེ་ཉིད་ལྷར་བཅས་འགྲོ་བ་ཡོངས་ཀྱི་མཆོད་པའི་གནས་དང་སྐུར་བའི་ཞིང་དུ་མངོན་པར་བལྟམས་པ་རེད།།
འོན་ཀྱང་ཞིང་ཁམས་དེ་ཉིད་ནི་གནས་ཕལ་པ་དག་ལས་ཆེས་ཁྱད་པར་དུ་འཕགས་པས་ན་སྤྱིར་ཉོན་མོངས་དུག་ལྔའི་ཁོལ་པོར་གྱུར་བའི་གང་ཟག་ངེད་ཅག་ལྟ་བུའི་ཆུ་བུར་མིག་གི་ཡུལ་མ་ཡིན་ལ། ལྷག་ཏུ་ལྟ་བ་ངན་པའི་མུ་ལ་ཞུགས་ཤིང་། འཁོར་བའི་རྒྱ་མཚོ་ལ་སྟེགས་འཆའ་བའི་ལོག་ལྟའི་ལམ་དུ་འཕྱན་པའི་ལས་དང་སྐལ་པ་མི་ལྡན་པའི་སྣོད་ངན་གྱི་གང་ཟག་དག་གི་བློར་ཙམ་ཡང་ཤོང་དཀའ་བར་རྒྱལ་དང་པཎ་གྲུབ་དུ་མས་སྔ་མོ་ནས་མ་འོངས་གསལ་གཟིགས་ཀྱི་ཚུལ་དུ་གསུངས་པ་ནི་ཅིས་མི་བདེན་ནམ་སྙམ།
ཁ་སྔོན་ཁྱོས་ཀྱི་ཚིག་གི་འགྲོས་ལ་ལྟས་ན་དེ་རིང་ངས་འདི་ལྟར་སྨྲས་པ་ལ་ཧ་ལམ་ཁྱོད་ཀྱིས་ཀྱང་ཁྱབ་ལུང་པ་གང་བསྒྲག་ཚོད་རེད་སྙམ། དེ་ནི་ངས་ལན་འདེབས་པར་བྱ་སྟེ་ལྷོ་འཛམ་གླིང་ཆ་ཤས་ཀྱི་གནས་ཡིན་ན་དག་ཞིང་མ་ཡིན་ཁྱབ་པ་མེད་པ་དང་། དེ་བཞིན་མཆོག་གི་སྤྲུལ་སྐུའི་གདུལ་ཞིང་ལ་མ་དག་པའི་སེམས་ཅན་དག་འཇོག་དགོས་ཀྱང་། མཆོག་གི་སྤྲུལ་སྐུའི་འཁྲུངས་ཡུལ་དང་བཞུགས་ཡུལ་ཡིན་ན་མ་དག་པའི་གནས་ཡིན་པས་ཁྱབ་པ་མེད་དེ། ཁྱོད་གནས་སོགས་མ་ངེས་ལྔ་ལྡན་གྱི་གཟུགས་སྐུ་ཡིན་པའི་ཕྱིར་རོ།། དེ་ལ་ཁྱོད་ཀྱིས་ཁྱོད་ཀྱི་སྟོན་པའི་འཁྲུངས་ཡུལ་འདི་ཡིན་ཞེས་ངེད་ཅག་ལ་མཛུབ་མོ་འཛུགས་ནས་ཆུ་བུར་མིག་ལམ་དུ་བསྟན་རྒྱུ་ཡོད་དགོས་པ་ཐལ། ངེད་ཅག་གི་སྟོན་པའི་འཁྲུངས་ཡུལ་ཆུ་བུར་མིག་ལམ་དུ་བསྟན་རྒྱུ་ཡོད་པའི་ཕྱིར་ཟེར་ན། དེ་ནི་ཁྱོད་རང་གིས་ཁྱབ་ལོག་ལྷན་པ་དགུ་བརྩེགས་རང་མགོ་ལ་བཀོན་ཞེས་པ་དེ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་གཅིག་ཏུ་མ་ངེས་ཏེ་གདུལ་བྱ་བཀྲི་དྲངས་ཀྱི་དབང་གིས་མཛད་པ་བསམ་མཐའ་ཡས་པས་སོ།།
ཡང་ཁྱེད་ཚོའི་སྟོན་པ་གང་ལ་བྱོན་གསུངས་པ་ནི་ངས་ལན་འདེབས་པར་བྱ་སྟེ་འགྲོ་བ་ལྷ་ཀླུ་མི་སོགས་རིགས་དྲུག་ཁམས་ཀུན་ཏུ་སྤྲུལ་པ་བྱེ་བ་ཕྲག་བརྒྱར་འབྱེད་ནས་ཐེག་ཆེན་གཡུང་དྲུང་བོན་གྱི་འཁོར་བསྐོར་བཞིན་བྱོན་པ་མ་ཟད་ལྷག་པར་དུ་གཤེན་གྱི་དགུང་ལོ་བཅུ་དགུའི་སྐབས་བོད་གངས་རིའི་ཞིང་དུ་ཞབས་ཀྱིས་བཅག་ཏེ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་སྤྱི་དང་བྱེ་བྲག་ཏུ་ཉང་དག་ཀོང་གསུམ་གྱི་བདུད་རིགས་ཐམས་ཅད་དམ་ལ་བཏགས་ཏེ་བཀའ་རྟགས་ཀྱང་ཐུགས་མི་འགྱུར་ཐུགས་སྤྲུལ་བོན་རི། སྐུ་མི་འགྱུར་སྐུ་ཤུགས་ལྡེམ་དྲུག གསུང་མི་འགྱུར་འཕར་ཆེན་འཕར་ཆུང་སོགས་དང་ཁ་ལ་རེག་ཆོག་གི་ཆུ་མིག་དང་ཐོད་པ་བོར་ཆོག་གི་ཕྱག་རྗེས་སྐུ་རྗེས་སོགས་བཀའ་རྟགས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་བོད་དག་ཀོང་ཉང་གསུམ་གྱི་ཕྱོགས་དང་སྟོད་མངའ་རིས་བླ་རི་གངས་རྒྱལ་ཏི་སེའི་སྐོར་སོགས་སུ། ‘‘ལྟ་མི་སླེབས་ན་སྟོན་རྒྱུ་ཡོད་པ། འདྲི་མི་སླེབས་ན་ཤོད་རྒྱུ་ཡོད་པ་’’ཞིག་ད་ལྟའི་བར་ཁྲ་ལམ་མེར་འོད་སྤུངས་ངེར་བཞུགས་ཡོད་པ་ཡོངས་གྲགས་ལགས་ཀྱང་ལྟ་ངན་སྣོད་མེད་ཁྱོད་ཀྱིས་དེ་མ་གོ་བ་དང་མ་མཐོང་པ་ནི། རིག་འཛིན་ཚངས་དབྱངས་རྒྱ་མཚོས།
འོད་ཟེར་སྟོང་ལྡན་ལྟ་བདུན་རྒྱལ་པོ་ཡིས།།
གླིང་གཞིའི་གྲིབ་མ་མ་ལུས་སེལ་མོད་ཀྱང་།།
རྟག་པར་བྱང་དུ་ཁ་ལྟས་བྲག་ཕུག་གི།།
གྲིབ་མ་མི་སེལ་ཉི་མའི་སྐྱོན་མ་ཡིན།།
ཞེས་པའི་ལུང་དེ་ཁྱོད་ལ་གདམས་པ་འདྲ།། ཡང་ཇི་ལྟར་བྱོན་ན་རྫུ་འཕྲུལ་གྱི་ཞབས་ཀྱིས་བྱོན་པས་སོ། དེ་ལ་ཡང་ཁྱོད་ཀྱིས་བློ་ངོར་མི་འཚམ་ཚུལ་བཤད་བཞིན་ཡོད་ན། འོ་ན་ངས་འདི་ལྟར་བཤད་པར་བྱ་སྟེ་བཅོམ་ལྡན་འདས་སྐུ་འཁྲུངས་སྐབས། ‘‘ལྷ་ཐམས་ཅད་ཀྱིས་མེ་ཏོག་གཏོར། ཀླུ་ཐམས་ཅད་ཀྱིས་སྐུ་ཁྲུས་གསོལ་’’ཞེས་གསུངས་འདུག་པས་དེའི་ལྷ་དང་ཀླུ་དེ་དག་གནས་གཞན་ནས་རྫུ་འཕྲུལ་གྱིས་གཤེགས་པ་མ་ཡིན་ནམ། ཡང་ན་གློ་བུར་དུ་ཤ་མོང་སྤང་ལ་རྡོལ་བ་བཞིན་ཤག་ཐུབ་དང་དུས་མཉམ་དུ་བྱུང་བར་འདོད་རྒྱུ་ཡིན། དེ་མིན་ས་ནས་རྩྭ་དང་མཉམ་དུ་མ་སྐྱེས། གནམ་ནས་ཆར་དང་མཉམ་དུ་མ་བབས་ད་གང་ལ་བཞག་དགོས་སམ། ཡང་ཁྱོད་ཀྱིས་དེ་དག་ལྷ་དང་ཀླུ་ཡིན་པས་མི་འདྲ་ཞེས་པའི་འུ་ཐུག་གི་ལན་འདེབས་སྲིད་ཀྱང་དེ་ནི་ཁྱོད་རང་ཨུ་ཚུགས་ཙམ་སྟེ་ལྷ་ཀླུ་རྫུ་ཐམས་ཅད་རྫུ་འཕྲུལ་ཞབས་ཀྱིས་ཕེབས་པར་བློར་ཤོང་ན་སངས་རྒྱས་ཀྱང་དེ་བས་ལྟ་ཅི་དགོས་སྙམ།།
གལ་ལྟེ་རྣམ་པ་ཀུན་ཏུ་ཁྱོད་ཀྱིས་སྔར་བཤད་པ་བཞིན་མཆོག་གི་སྤྲུལ་སྐུ་མི་ཡུལ་དུ་སྐུ་བལྟམས་ཚེ་ཕྱོགས་གང་ཐད་ནས་མི་ཡི་ཚུལ་དང་མཐུན་པར་འཁྲུངས་པར་འདོད་དགོས་ན། དོན་མེད་སར་ཤག་ཐུབ་ཀྱང་མཆོག་གི་སྤྲུལ་སྐུ་མི་ཡུལ་དུ་སྐུ་འཁྲུངས་པ་ཞིག་མ་ཡིན་པར་ཁས་ལེན་དགོས་ཏེ། མི་ཡི་སྐྱེ་ཚུལ་དང་གཏན་ནས་མ་མཐུན་པའི་ཕྱིར།། དེར་ཐལ་ཤག་ཐུབ་ཕུད་པའི་འཛམ་བུ་གླིང་གི་མི་ཞིག་རང་གི་མ་ཡི་རྩིབ་མའི་བར་ནས་བལྟམས་པ་ད་ལྟ་བར་བྱུང་མྱོང་མེད་པའི་ཕྱིར་རོ། གལ་སྲིད་དེང་དུས་དེ་ལྟ་བུ་ཞིག་ཡོད་ན་འཛམ་གླིང་ཡ་མཚན་དངོས་བྱུང་གི་གྲལ་དུ་བློ་བདེ་བག་ཕེབས་ངང་བཞུགས་རྒྱུ་གཏན་ཁེལ་རེད་སྙམ།། ད་ཁྱོད་ཀྱིས་སྡུག་སེམས་ནང་དུ་སྐོར་ཞིག ངས་ནི་དེ་དང་དེ་ལྟ་བུའི་རིགས་ནི་དགག་བྱ་དང་དགོས་དབང་ལ་གཟིགས་པའི་སངས་རྒྱས་ཀྱི་མཛད་པ་ཙམ་དུ་འདོད་དོ།། མ་གཞི་ནས་ཁྱོད་ཀྱི་འདོད་པ་ལྟར་ན། སངས་རྒྱས་འོད་སྲུང་བོན་ཅན།། ཁྱོད་མཆོག་གི་སྤྲུལ་སྐུ་མི་ཡུལ་དུ་སྐུ་བལྟམས་པ་མ་ཡིན་པ་ཐལ། མི་ཡུལ་འདིར་ཁྱོད་ཀྱི་སྐྱེ་ཡུལ་འདི་ཞེས་ཆུ་བུར་མི་གི་མཐོང་ཡུལ་དུ་མ་གྱུར་པའི་ཕྱིར། ཁྱབ་པ་ཁས། ད་ཡང་ལྷ་དང་ཀླུ་དེ་འདྲ་ལབ་ས་ཡོད་མ་རེད་ཧ་གོ་སོང་ངམ། གྲོགས་པོ་འོད་སྲུང་མི་རེད་དཱ།། ཡང་སྤོབས་མཐའ་བོན་ཅན། ཁྱོད་ཀྱིས་འོད་སྲུང་གཏན་ནས་མ་བྱུང་བར་ཐག་གཅོད་རྒྱུ་ཡིན་པ་ཐལ།། འོད་སྲུང་གི་སྐྱེ་ཡུལ་ཤར་ལྷོ་ནུབ་བྱང་ཙམ་དུ་ཐག་མ་ཆོད་པའི་ཕྱིར་རོ། གལ་ཏེ་དེ་གཤེན་རབ་ཙམ་ལས་གཞན་མ་ཡིན་ན་གཡག་ཞར་བས་རྩྭ་ཟོས་པའི་དཔེ་ལས་མ་འདས་བླུན་གྲལ་དུ་བཞུགས་ཤིགས།། ད་ཁྱོད་ཀྱིས་རྫུན་བཤད་ནས་གཏམ་རྫོགས།། ཀི་རྒྱབ་ནས་དབུགས་ཟད།། ད་ག་རེ་བྱ་རྩིས་ཡོད་བསམ་བློ་ཡག་པོ་ཐོངས་ཤིགས།།
མུ་འགོད་བྱ་རྒྱུ་ཡིན།།
ཨུ་ཚུགས་མ། ཐོག་མར་མདོ་སྡེ་བསྐལ་བཟང་ཚར་གཅིག་ཀློག་དང་གཟོད་ཐལ་ངན་དེ་ཚོ་དང་རྟོག་ངན་དེ་རང་བཞིན་གྱིས་ཞི་འགྲོ་རྒྱུ་རེད། ད་དུང་དྭོགས་པ་མ་སེལ་ན་བོང་རྐུབ་དེ་གཤིན་རབ་འཁྲུངས་ས་རེད། བོང་ཁོག་ནི་ཞང་ཞུང་འོལ་མོ་ལུང་རེད། བོན་འབྱུང་གནས་དེ་བོང་རྐུབ་རེད། ཧ ཧ བོང་རྐུབ་གནས་དང་བོང་གཅིན་བོང་སྐྱག་ལ་བསྟན་པ་ཟུངས་དང་བོད་རང་བཙན་འདོད་པ་བདེན་པའི་རང་ཚུགས་ལ་སྐད་རྒྱག་པ་ཚང་མ་བརླགས་ཚར་ནི་རེད་དོ། ། ཨེ་གོ་ཐལ།
གཞི་མེད་སྐུར་འདེབས་ཐལ་བའི་ཕུང་པོ་ལས།།
རྒྱབ་བརྟེན་ལུང་གི་རི་བོ་ཁྱོད་ལ་མེད།།
མི་རིགས་ནང་དཀྲུགས་ཙམ་གྱི་ཐབས་ལམ་ལས།།
མདུན་བརྟེན་རིག་པའི་སྒྲོན་མེ་ཁྱོད་ལ་མེད།།
ད་དུང་འཚེ་མེད་ཞི་བདེ་སྟོན་པ་ཞེས།།
བཅོམ་ལྡན་ཐུབ་དབང་རྗེས་འཛིན་ཡིན་ནོ་ལོ།།
འདི་ཉིད་བསམ་ཚེ་ཞེན་པ་གཏིང་ནས་ལོག །
འདི་ཉིད་བསམ་ན་སྐྱོ་བ་གཏིང་ནས་སྐྱེ།།
ཡང་མིག་བརྒྱད་པས་འདི་ལྟར། སློབ་དཔོན་རིན་པོ་ཆེའི་གདན་སྟེང་ནས་སྔོན་ལ་སྟག་ལྷ་མེ་འབར་རྒྱང་ཕུད་དུ་གཏོངས་ཤིག་དང་དེ་ནས་ཁྱོད་ཀྱིས་སློབ་དཔོན་གྱི་སྐོར་ལ་ཙར་ཙོར་མང་པོ་ཞིག་བཤད་པ་དེར་ཅུང་ཟད་ཡིད་ཆེས་ཐུབ། ཅེས་ཟེར། ཡང་ལྷག་ཤེས་སོགས་ནས་ཀྱང་དེ་སྐད་གླེང་ནས་ཁོ་བོར་རྔམ་རྫིག་སྟོན་ཁུལ་བྱས། པད་འབྱུང་ཤཀ་ཐུབ་བསྣོལ་བའི་གདན་སྟེང་དུ། དབལ་བོན་སྟག་ལ་མེ་འབར་གཤེགས་སུ་གསོལ། ཞེས་བོན་གྱི་དཔེ་ཆའི་ཁོང་ཡོད་མདོག་གིས། བོན་དང་བོན་གྱི་རྗེས་འཛིན་ལ་ངན་སྨྲས་འདྲ་བྱས་ཀ་བྱས། ཚིག་སྐམ་རེ་རེ་རགས་ཡོངས་དུས། ལམ་སེང་ཁྱི་ཤིག་འདྲ་བོ་བྱས་ནས་ཕར་ཀ་བྱས། ཁུངས་ལ་བརྟགས་དཔྱད་ཡག་པོ་མ་བྱས་ནས་ཧོལ་རྒྱུགས་འདྲ་བྱས་ཀ་བྱས། སྙིང་རྗེའི་གནས་རང་རེད། དྲང་པོར་ཞུས་ན་ཁྱེད་རང་ཚོར་མཐོང་རྒྱ་རྩ་བ་ནས་མིན་འདུག རང་གཞན་གཉིས་ཀའི་གཞུང་ལུགས་མཐོང་ན་དེ་ལ་མཁས་པ་ཟེར། དང་པོ་མི་ལ་དགག་པ་རྒྱབ་དུས་དེ་འདྲ་བའི་སྐྱོན་དེ་རིགས་རང་གཞུང་ནང་ལ་འདུག་མི་འདུག་རྟོག་དཔྱོད་སྔོན་དུ་སོང་དགོས་པ་དེ་ཡང་གལ་ཆེ། ཁྱེད་ཚོས་ཡག་པོ་བྱས་ནས་ལྟོས་ཨ། ངས་ཁུངས་ཐུབ་ཀྱི་ལུང་འདྲེན་ཞིག་བྱས་ཡོང། དེ་ནས་ཁ་ནག་བུག་གེ་སྡོད་ཨ། རྙིང་མའི་རྒྱུད་འབུམ་མདོ་དགའ་ལྡན་ཆོས་འཁོར་གླིང་གི་པར་མ་རྒྱུད་ཆེན་དངོས་གྲུབ་གཏེར་གཟིགས་ལས། དཔལ་ལྡན་ལྷ་མོ་ནག་མོ་ཡིན། བཅོམ་ལྡན་རྡོ་རྗེ་སེམས་དཔའ་མནན། རི་རབ་གླིང་དགུའི་དབང་མོ་ཆེ། རྒྱལ་བ་རིན་ཆེན་འབྱུང་གནས་བརྫིས། ཁྲམ་ཁ་སྟོང་གི་དབང་མོ་ཆེ། སྣང་བ་མཐའ་ཡས་གདན་དུ་བཏིང། གཉིད་དུས་བླ་མ་རང་སྒོམ་ཞིང། རང་གི་གདན་དུ་བཅོམ་ལྡན་འདས། ཐེག་བརྒྱད་ཟིལ་གྱིས་གནོན་པའི་ཕྱིར། རྡོ་རྗེ་ཕག་མོའི་ཞབས་འོག་ཏུ། ཤཀྱ་ཐུབ་པ་གདན་ཁྲིར་སྒོམ། ཞེས་གསུངས་སོ། མིག་ཞར་མེད་ན་ཡག་པོ་བྱས་ནས་ལྟོས། མཐོང་གི་མི་འདུག་ན་མེ་ཤེལ་གྱོན་ནས་ལྟོས། བཅོམ་འདས་རྡོ་རྗེ་སེམས་དཔའ་དང། རྒྱལ་བ་རིན་ཆེན་འབྱུང་གནས། སྣང་བ་མཐའ་ཡས། ཤཀྱ་ཐུབ་པ་སོགས་གདན་སུ་བཏིང་མཁན་སུ་རེད་འདུག ཧ་ཧ་ཧ་ཧ་ཧ། ཟུང་ཁྲག་འཁོལ་དགོས་དོན་ཅི་ཡང་མེད། ཁྱེད་ཅག་གི་དཔེ་ཆ་ནང་ལ་ཡོད་པ་དེ་ངས་ལུང་འདྲེན་དང་གསལ་འདེབས་བྱས་པ་ལས། ཁོ་བོ་སྟག་མིང་པས་རྟོག་བཟོ་ཞིག་གཏན་ནས་མིན་ནོ། ད་ཡང་ཁྱོད་ཚོས་དགོངས་པ་ལོང། ཚིག་གིས་ལྷན་པ་རྒྱོབ། དགོངས་པའི་རྡུལ་ཕྲན་བརྩེག་ཤོག་ཨ།
རྙིང་མའི་རྒྱུད་འབུམ་མདོ་དགའ་ལྡན་ཆོས་འཁོར་གླིང་གི་པར་མ་རྒྱུད་ཆེན་དངོས་གྲུབ་གཏེར་གཟིགས་ལས། དཔལ་ལྡན་ལྷ་མོ་ནག་མོ་ཡིན། བཅོམ་ལྡན་རྡོ་རྗེ་སེམས་དཔའ་མནན། རི་རབ་གླིང་དགུའི་དབང་མོ་ཆེ། རྒྱལ་བ་རིན་ཆེན་འབྱུང་གནས་བརྫིས། ཁྲམ་ཁ་སྟོང་གི་དབང་མོ་ཆེ། སྣང་བ་མཐའ་ཡས་གདན་དུ་བཏིང། གཉིད་དུས་བླ་མ་རང་སྒོམ་ཞིང། རང་གི་གདན་དུ་བཅོམ་ལྡན་འདས། ཐེག་བརྒྱད་ཟིལ་གྱིས་གནོན་པའི་ཕྱིར། རྡོ་རྗེ་ཕག་མོའི་ཞབས་འོག་ཏུ། ཤཀྱ་ཐུབ་པ་གདན་ཁྲིར་སྒོམ། ཞེས་གསུངས་སོ།
ཡང་མིག་བརྒྱད་པས། རྒྱ་ནག་གི་ཧ་ཤང་མ་ཧ་ཡ་ན་བོད་དུ་འོང་ནས་ཆོས་བཤད་པ་དང། གཞུང་སྤེལ་བའི་དབང་གིས་ཙེན་མུན་དང་སྟོན་མུན་གྱི་ལུགས་གཉིས་སུ་གྱེས་ཏེ་ལུགས་མི་མཐུན་པར་གྱུར་པ་ཀ་མ་ལ་ཤི་ལས་ཚར་བཅད་ནས་སྒོམ་རིམ་གསུམ་དུ་མཛད། རྒྱལ་བ་ཀློང་ཆེན་པ་དང་རྗེ་བློ་བཟང་གྲགས་པ་དག་གིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ཡིན་པའི་ཕྱིར་ཞེས་བཀོད་སྟངས་ལ་བལྟས་ན། གཞུང་ལུགས་ལ་མཐོང་རྒྱ་དེ་ཙམ་མེད་པ་འདྲ། ། རྗེ་བློ་བཟང་གྲགས་པས་དེ་ལྟར་ཞལ་གྱིས་བཞེས་ཏེ་ཧ་ཤང་གི་ལྟ་བའི་གནད་དོན་ཁག་ལ་དགག་པ་མཛད་ཡོད་པ་ལོས་བདེན། འོན་ཀྱང་རྒྱལ་བ་ཀློང་ཆེན་པས་རྒྱ་ནག་གི་ཧ་ཤང་མ་ཧ་ཡ་ནའི་ལྟ་བ་ལ་དགག་པ་མཛད་བཞག་པ་ཞིག་ཅང་ཡོད་དམ། ཀློང་ཆེན་མཛོད་བདུན་སོགས་ཀྱིས་མཚོན་པའི་རྒྱལ་བ་ཀློང་ཆེན་པའི་མཛད་པ་གང་གི་ནང་དུ་འདུག་གསལ་བར་བཀོད་གནང་བར་ཞུ། ཁོ་བོས་མཐོང་ཡུལ་དུ་གྱུར་པ་ནི། རྒྱལ་བ་ཀློང་ཆེན་པ་རང་གིས་མཛད་པའི་གནས་ལུགས་རིན་པོ་ཆེའི་མཛོད་འགྲེལ་དུ་གསལ་བ་འདི་ལྟར། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང། དོན་ལ་དེ་བཞིན་དུ་གཉས་སོ། ཞེས་ཚིག་ཐག་ཆོད་པོས་ཧ་ཤང་གིས་གསུངས་པ་ཁག་ཚད་ཐུབ་ཏུ་བཟུང་ནས་རྒྱབ་སྐྱོར་བྱེད་པ་ལས། ཕྱོགས་སྔ་བཞག་ནས་དགག་པ་མཛད་མི་འདུག་པས། ཉ་དང་ཉུན་མ་མཉམ་བསྲེས་བྱས་ན་མཁས་པས་ཞེ་ཁྲེལ་དུ་གྱུར་པས་བག་ཡོད་དང་ལྡན་པར་མཛོད་ཅིག
ཧ ཧ སྟག་ར་དེ་བོན་ཆོས་འཁོར་སང་གི་རྒྱུད་འབུམ་ཡིན་པ་འདྲ།
རྙིང་རྒྱུད་རྣམས་སུ་འདི་བཤད་བཞག
ཤོག་ལྷེ་༣༨༠རྒྱ་གར་སྐད་དུ། མཱ་ཧཱ་སནྡྷི་མ་ཧཱ་ཨཱ་བ་རྟ་པྲ་སཱ་ར་ཎི་རཱ་ཛ་ཏནྟྲ་གརྦྷ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ཀྱི་སྙིང་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་དགོངས་པ་མ་ནོར་བར་གསུང་པ། འདི་ལ་གསུམ། གཞི་འཁོར་འདས་གྲུབ་པ་མེད་པའི་ཀློང་གི་དགོངས་པ་དང་། ལམ་ལྷ་སྒོམ་སྦྱོད་འབྲས་མ་བཅོས་ལྷུན་གྱིས་རྫོགས་པའི་ཀློང་གི་དགོངས་བ་དང་། འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པའོ། །དང་པོ་ནི། ཐིག་ལེ་གཅིག་གི་ངོ་བོ་ལ། །སངས་རྒྱས་མ་རྒྱས་མེད་པར་གཅིག །སངས་རྒྱས་འབྲས་བུར་བཏགས་པ་ཡང་། །ཐོབ་པའི་ཡོན་ཏན་གཞན་ན་མེད། །སེམས་ཉིད་ཀློང་ཆེན་དེ་ཡི་མཐུ། །སེམས་ཅན་རྒྱུ་རུ་སྣང་བ་ཡང་། །འཁོར་བའི་ཉེས་དམིགས་ལོགས་ན་མེད། །བྱ་བྲལ་ཀློང་ཆེན་དེ་ཡི་རྩལ། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །དེ་ལ་རང་གིས་བཅོས་སུ་མེད། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །དཀྲི་དྲང་དོན་གྱིས་བསྟན་པ་ཟད། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །
ཤོག་ལྷེ་༣༨༡དང་པོ་ནི། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། མ་ནོར་ལྟ་བས་ཐག་བཅད་པའི་ཀློང་། མ་བཅོས་སྒོམ་པས་ཉམས་སུ་བླང་པའི་ཀློང་། མ་བྱས་སྤྱོད་པས་བོགས་དབྱུང་བའི་ཀློང་། །མ་འགགས་འབྲས་བུ་ཉམས་སུ་མྱོང་བའི་ཀློང་གི་དགོངས་པའོ། །དང་པོ་ནི། རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོག་པ་ནི། །གྲུབ་མཐའ་ངན་པས་བཅིངས་པ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིར། །བསྟན་ཞིང་བརྗོད་པ་རབ་ཏུ་དཀའ། །ཀློང་ཆེན་འཁྱིལ་པའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །རྟོག་མཐའ་བཅད་པས་མི་ཆོད་དེ། །ཀློང་ཆེན་རང་གི་སྟོབས་ཀྱིས་གཅོད། །རང་སེམས་ཚད་མའི་གདིང་ལྡན་པའི། །འགྱུར་མེད་
ཤོག་ལྷེ་༣༨༢དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་ལྐུགས་པ་རྡུལ་དུ་བརླག །གཉིས་པ་ནི། ཕྱིར་མི་ལྡོག་པ་དོན་གྱི་ལུང་། །མཐའ་རུ་མི་སྟོང་འཛིན་པར་བྱེད། །ཤེས་རབ་མཚུངས་མེད་རིག་པའི་ཚད། །ཡུལ་དུ་མི་གཅོད་མཉམ་པའི་ཀློང་། །ཀུན་གྱིས་ཐུན་མོང་མ་ཡིན་པས། །འདི་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །འདི་ལ་ཅིའང་བྱ་མི་དགོས། །དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ། །འདི་ལ་སྦྱང་ཞིང་བགྲོད་དུ་མེད། །མ་བཅོས་རང་ས་ཉིད་དུ་གསལ། །སྟོབས་ལྡན་ཆགས་པའི་ཡུལ་མེད་པས། །ལམ་སྟེགས་འབྲས་བུ་ཐོབ་ཏུ་མེད། །གསུམ་པ་ནི། བྱར་མེད་ཡེ་ཀློང་དོན་འདི་ལ། །ཚིག་ཏུ་མཚོན་དུ་གདགས་གཞི་མེད། །ཡུལ་དུ་བྱ་རུ་དམིགས་གཏད་མེད། །ཏིང་འཛིན་བཟླས་པ་བྱ་མི་དགོས། །ཅི་ཞིག་བསྒྲུབ་ཅིང་གང་ལ་གནས། །བྱར་མེད་དོན་ལ་སྔགས་སུ་མེད། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །གཞན་དུ་འཛིན་པ་རྟོག་པའི་བློ། །དེ་ལ་ཞེན་པ་འཁྲུལ་པའི་སེམས། །གཟུང་འཛིན་མེད་ན་གྲོལ་བའི་ལམ། །རང་སེམས་དེ་རུ་མ་ཤེས་ན། །ཐབས་ཆེན་གཞན་དུ་བཙལ་དུ་མེད། །སྟོན་པ་རང་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལོགས་ན་མེད། །བསྟན་པ་རང་དུ་མ་ཤེས་ན། །ཐེག་པའི་རྣམ་གྲངས་གཞན་ན་མེད། །འཁོར་རྣམས་རང་དུ་མ་ཤེས་ན། །ཡུལ་གཞན་འདུ་ཤེས་སྐྱེ་བར་འགྱུར། །དུས་རྣམས་རང་དུ་མ་ཤེས་ན། །རེ་བའི་ཐག་པ་ཆོད་མི་འགྱུར། །དེ་ལྟར་གནས་པའི་དོན་འདི་ལ། །འཆིང་དང་གྲོལ་བ་གཉིས་སུ་མེད། །གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོག་དཔྱོད་བྱེད། །ཡིད་དཔྱོད་ཤེས་པ་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱར་མེད་དོན་དང་འཕྲད་མི་འགྱུར། །བཞི་པ་ནི། །རྣམ་དག་ལམ་ཆེན་ཀུན་འབྱུང་ཕྱིར། །སྐྱེ་བའི་སྒོ་ཡང་དགག་ཏུ་མེད། །མ་བཀག་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །
ཤོག་ལྷེ་༣༨༣འཆི་བའི་ལམ་ཡང་བཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །གསུམ་པ་འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པ་ནི། ཡོད་དང་མེད་པའི་ཁྱད་པར་ལས། །རྟག་དང་ཆད་པའི་གོལ་སར་བྱུང་། །མཐའ་གཉིས་དབྱིངས་ལ་མི་གནས་ཕྱིར། །མི་རྟོག་ཡེ་ཤེས་ཀློང་དུ་ཐིམ། །རང་བྱུང་ཡེ་ཤེས་སྐུ་བརྙེས་པས། །མཐའ་རྣམས་ཀུན་གྱི་མི་ནུབ་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེ་གཤེགས་རྣམས་ཀྱི་ཐུགས། །ས་བཅུ་བྱང་ཆུབ་སེམས་དཔའི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་ལུས། །གཏེར་ཆེན་འདི་ལས་གཞན་མེད་པས། །ཀུན་གྱི་རང་བཞིན་འདི་རུ་གཅིག །གཅིག་པོ་མ་ངེས་ཕྱོགས་དང་བྲལ། །ནམ་མཁའ་ལ་བུར་ཁྱབ་པའི་ཀློང་། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །ཆོས་ཀྱི་སྙིང་པོ་དབྱིངས་ཀྱི་ཀློང་། །ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །གཞི་རྩ་མེད་པའི་སེམས་ཉིད་ལ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཡུལ་དང་གནས་ཀྱང་བསྟན་དུ་མེད། །ཐམས་ཅད་དེ་ཡིས་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཐམས་ཅད་གནས་སུ་མེད་ལ་གནས། །ཀུན་ཀྱང་བསྟེན་དུ་མེད་ལ་བརྟེན། །ཕུ་བགྲོད་མདའ་བགྲོད་གར་ཕྱིན་ཀྱང་། །སེམས་ཉིད་ཀློང་ལས་མ་གཡོས་པས། །ཀུན་གྱི་དུར་ཁྲོད་ཆེན་པོའ་དབྱིངས། །མཚན་མ་དབྱིངས་སུ་དག་པའི་ཕྱིར། །རྣམ་དག་ཆེན་པོ་ཉམས་དགའི་ཀློང་། །ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར། །ནོར་བུ་རིན་ཆེན་སྤུངས་པའི་ཁྲོད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས། །རྒྱལ་བ་ཀུན་གྱིས་རྟོགས་པའི་ཕྱིར། །དགོངས་པ་མ་ལུས་ཕུལ་དུ་ཕྱིན། །འགྲོ་དྲུག་
ཤོག་ལྷེ་༣༨༤འཁྲུལ་པས་མ་རྟོགས་པས། །ལྷན་ཅིག་སྐྱེས་ཀྱང་ངོ་མ་ཤེས། །བློ་ཆུང་རྣམས་ཀྱིས་མ་གོ་བས། །བརྟགས་དང་དཔྱད་པའི་མཐའ་ལས་གྲོལ། །དེ་ནི་བློ་ལྡན་གང་ཞིག་གིས། །གཞན་དུ་མི་བལྟ་རང་དུ་བལྟ། །བལྟས་པས་མཐོང་བ་མེད་པ་དེ། མཉམ་པ་ཉིད་ཀྱི་དོན་མཐོང་ཡིན། །སྐུ་གསུམ་མཆོག་ཏུ་གྱུར་པས་ན། །ཆོས་ཀྱི་སྐུ་ཡི་ངང་ལ་གནས། །བླང་དོར་མེད་དང་སྐྱེ་འགག་མེད། །རྣལ་འབྱོར་ཆེན་པོ་ཞི་བའི་ས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །མེད་པའི་སྙིང་པོ་ནམ་མཁའི་རྫོང་། །ཡོད་པའི་སྙིང་པོ་རྡོ་རྗེའི་སྐུ། །གཉིས་མེད་སྙིང་པོ་ཕྱོགས་དང་བྲལ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཅིར་ཡང་མཚོན་དུ་མེད་པའི་ཕྱིར། །བསམ་ཞིང་བརྟགས་ཏེ་གང་ལ་དམིགས། །དམིགས་མེད་ཆོས་སྐུ་མཐའ་དང་བྲལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ལས། དོན་གྱི་སྙིང་པོ་བསྟན་བའི་ལེའུའོ། །དེ་ལྟར་རྫོགས་པ་ཆེན་པོ་ནང་ཀློང་སྡེ་ལ། ཀློང་དགུ་བམ་པོ་ཉེ་ཁྲི་ཆིག་སྟོང་དུ་གྲགས་པའི་རྒྱུད་སྡེ་རྒྱ་མཚོའ་མཐར་ཐུག་པ་ནི་ཀློང་ཆེན་རབ་འབྱམས་རྒྱལ་པོའ་རྒྱུད་ཡིན་ལ། དེའི་སྙིང་པོར་གྱུར་པ་ནི་དོན་གྱི་སྙིང་པོ་བསྟན་པའི་ལེའུ་བཞི་པ་འདི་ཡིན་པར་གསུངས་པས་ཁོལ་དུ་ཕྱུངས་ནས་ཡིག་རྙིང་ལྟར་ས་བཅད་མདོ་ཙམ་མཆན་དུ་བགྱིས་པ་སྟེ། རྒྱས་པར་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འགྲེལ་བ་རིན་པོ་ཆེའི་ཕྲ་བཀོད་ལྟར་ཤེས་པར་བྱའོ།
པདྨ་བཀའ་ཐང་ལས། གཤེན་རབ་མི་བོ་ཆེས་བོན་གྱི་སྒོ་མོ་བརྒྱད་ཁྲི་སྟག་གཟིག་སྐད་ཀྱིས་གསུངས་ཤིང་། དེ་ཞང་ཡིག་ཏུ་བསྒྱུར། ཞང་ཡིག་ལས་བོད་ཡིག་ཏུ་བསྒྱུར། ཟེར་བར་བལྟས་ན་སྟོན་པ་སྟག་གཟིག་གི་ཡིན་པ་འདྲ་བོ་དང་།་གལ་ཏེ་ཞང་ཞུང་ངམ་བོད་ཡུལ་ནས་འཁྲུངས་བ་ཡིན་ན་སྟག་གཟིག་སྐད་ཀྱིས་གསུངས་དོན་ཅི། ཨུ་རུ་སུའི་མཁས་དབང་B.A ལེ་ཐུ་བིན་སི་ཆི་(Litvinski) ཡི་༼གནའི་རི་སྤོ་བའི་མི་རིགས༽ནང་༼སྟོན་པ་གཤེན་རབ་ནི་གནའི་སྟག་གཟིག་རིག་གནས་ཀྱི་སྲོལ་གཏོད་པ་པོ་ཡིན༽ཞེས་སོ། ཡང་ཁ་ཤས་ཀྱིས་བོད་ཡིག་གཤེན་རབ་ཀྱིས་གསར་གཏོད་མཛད་པར་འདོད་པ་ནི་ཞང་ཡིག་ལ་འཁྲུལ་བ་མིན་ནམ། ལེགས་བཤད་རིན་པོ་ཆེ་གཏེར་ལས། སྟག་གཟིག་འོལ་མོའི་གླིང་ནས་རྒྱ་གར་དང་། རྒྱ་ནག ཞང་ཞུང་ལ་དར་ལ། དེ་གསུམ་ནས་བོད་ཡུལ་དུ་དར། ཞེས་བཞི་འགྱུར་དུ་བཤད་དོ། །ཨ་རིའི་སྐུ་ཞབས་ལོ་ཕྷེ་ཨེར་གྱིས་བརྩམས་པའི་༼བོད་སྐད་ཁྲོད་ཀྱི་གཡར་ཚིག༽ཅེས་བའི་ནང། བོད་སྐད་ཁྲོད་པར་སིག་གི་གཡར་ཚིག་དཔེ་སུམ་ཅུ་ལྷག་བཞག་ཡོད། དཔེར་ན། གུར་གུམ་དང་། ཟ་རི། ཤིང་ཚ། སག་རེ། ཏམ་བུ་ར་སོགས་མང་། བོད་ཀྱི་ལོ་རྒྱུས་མཐའ་ཆོད་པ་ཞིག་ཤེས་དགོས་ན་བོན་པོའི་ལོ་རྒྱུས་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད། སྤུར་རྒྱལ་སྐབས་སུ་བོད་ཅེས་པའི་ཐ་སྙད་འདི་ཡུལ་ཡར་ལུང་བོད་ཀ་གཡག་དྲུག་གི་ཚོ་རྒྱུད་ལ་གོ་བར་འདོད་པ་ཡང་ཡོད། ཞང་ཞུང་གི་གདོད་མའི་ཡི་གེ་ནི་གཟུགས་མཚོན་ཡི་གེ་བོན་པོ་རྣམས་ཀྱིས་ཆོས་འདོན་བྱེད་ལས་སྲིད་ཕྱོགས་ལ་སྤྱོད་དཀའ་བའི་ཡིག་རྒན་ཞིག་ཡིན་པར་བཤད་མཁན་ཡང་ཡོད།
ངས་ཁར་སྔོན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་སྟོན་པ་ཐུབ་པའི་དབང་པོ་གཉིས་ཀྱི་སྐོར། དྭོགས་འདྲི་དེ་མིག་བརྒྱད་པ་དང་གཞོན་ནུ་ཟླ་མེད་གཉིས་ལ་ཞུས་པ་ཡིན་ཀྱང། ལྷག་ཤེས་ཁོ་ཡང་དོན་མེད་འདིར་མཆོངས་ཡོངས་ནས་ལན་བཏབ་ཁུལ་བྱས་འདུག་ཀྱང། དྲི་བའི་གཏམ་ལ་གཏམ་ལན་གང་ཡང་མི་འདུག མ་གཞི་ཁོས་བྲིས་ཚད་ཐམས་ཅད་དེ་ཀ་རང་རེད། ངའི་དྲི་བ་དེ། སྤྲུལ་སྐུ་དགའ་རབ་རྡོ་རྗེ་འཁྲུངས་ནས་ད་བར་བགྲངས་བྱ་ག་ཚོད་ཕྱིན་པ་རེད། ཞུ་བ་དེ་རེད། ཁྱོད་རྣ་ཅོག་འོང་མེད་པ་འདྲ། ཐེ་ཚོམ་ཅན་གྱི་ལན་ང་ལ་དགོས་པ་མེད། ང་ལ་ཚིག་ཐག་ཆོད་པོས་ལན་དགོས་ཀྱི་ཡོད་དོ། མ་གཞི་ཁྱོད་རང་རྒྱུད་སྡེ་བཞི་དང་རྫོགས་ཆེན་གྱི་སྐོར་སྐད་ཆ་བཤད་ཡ་དེ་ཚོ་ཏོག་ཙམ་སྔ་གྲག་པ་རེད། མ་གཞི་ཁྱོད་ཀྱིས་ཕྱག་དཔེ་ལོ་ག་ཚོད་གཟིགས་མྱོང།
སྟག་ར་ལགས། ལེགས་པར་ཉོན་ཅིག རྒྱལ་བ་ཀློང་ཆེན་པའི་གསུང་ལའང་རྙིང་མ་ཡོངས་དང་མཐུན་པར་གསུངས་པ་དང་། རྒྱ་བོད་ཀྱི་མཁས་མང་དང་མཐུན་པར་གསུངས་པ་དང་། དེང་དུས་ཀྱི་རྙིང་མ་དག་ལ་བཀའ་བཀྱོན་གྱི་སྒོ་ནས་མི་མཐུན་པར་གསུངས་པ་ཡང་ཡོད་པས། གྲུབ་མཐའ་མཛོད་ལས། དེང་སང་གཏི་མིག་ཅན་རྣམས་རྫོགས་པ་ཆེན་པོ་སྣང་བ་སེམས་སུ་འདོད་པ་ཡིན་ཟེར་རོ། །ཤིན་ཏུ་མི་འཐད་དེ། སེམས་ཁ་དོག་ཕྱོགས་ཆ་དང་བཅས་པར་ཐལ་ལོ། །ཡིད་བཞིན་མཛོད་ཀྱི་ལེའུ་ཉི་ཤུ་བ་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར།།རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངས་བཅས་ཏེ།།རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་།།གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན།།ཞེས་པ་ནས། དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས།།ཐར་བ་འདོད་ན་རིང་དུ་སྤང་བར་བྱ།། ཞེས་པ་སོགས་མང་ངོ། །ཞེས་པའི་གཞུང་འདི་དག་གིས་རྒྱ་ནག་ཧ་ཤང་གི་ལྟ་བ་བཀག་ཡོད་པ་མ་ཡིན་ནམ།
ད་དུང་ཁྱོད་ལ་མཐོང་རྒྱ་མི་འདུག་གོ ངས་ལུང་འདྲེན་བྱས་པ་དེའི་ནང་ལ་ལྟོས། རྙིང་མའི་རྒྱུད་འབུམ་ཡིན་ན། ཁྱོད་ཀྱིས་མཐོང་བས་ཁྱབ་པར་ཐལ། ཡང་བསྐྱར་དཔེ་ཆ་མང་ཙམ་ལྟོས་དང། ག་ལེ་ག་ལེར་རྙེད་ཡོང་གི་རེད། བྱབ་ཆུང་བྱབ་ཆུང་རང་རེད། བླུན་པོས་བླུན་རྟགས་སྟོན་དགོས་ན། ཁྱོད་རང་ལས་ལྷག་པ་ཡོད་ས་མ་རེད་དོ། དཔེ་ཆ་ཟེར་བ་དེ་རྒྱུན་ལྡན་བལྟ་དགོས་པ་རེད། དེ་ལ་དཔེ་ཆ་བ་ལ་ཟེར་བ་རེད། ཧོལ་རྒྱུགས་བྱེད་མཁན་དེ་ལ་རྐྱལ་སྟོང་ཟེར་བ་རེད་དོ། ཡ་ལྷག་ཤེས། ཀ་ཁ་ག་ང་།
ཨ་རོ་ད་ཐང་ཆད་སོང། མིག་བརྒྱད་པ་གཙོས་པའི་དྲྭ་གྲོགས་རྣམ་པ་གཟིམས་འཇམ་གནང། མ་ཤི་ཚེ་རིང་བྱུང་ན་སང་ཉིན་མཇལ་ཡོང། མང་པོ་བསྡད་དྲག་ན་སོ་སོའི་འཕྲོད་བསྟེན་ལ་གནོད་ས་རེད། གཟིམ་འཇག་གནང་གོ དྲིན་ཅན་རྩ་བའི་བླ་མ་མཁྱེན། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། བདག་གི་སྙིང་ག་པད་མའི་ཟེའུ་འབྲུ་ནང། བྱང་ཆུབ་བར་དུ་འབྲལ་མེད་བཞུགས་ནས་ཀྱང། འཁྲུལ་པ་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། ཧུར་ཧུར་ཧུར།
ཡང་ང་ཉལ་བཅུག་མ་སོང། མིག་བརྒྱད་པ་ལགས། རྒྱལ་བ་ཀློང་ཆེན་པས་མཛད་པའི་དཔེ་ཆའི་ཁོངས་ཧ་ཤང་ཕྱོགས་སྔ་ལ་བཞག་ནས་དགག་པ་རྒྱབ་བཞག་པའི་ཚིག་འདྲ་ཡོད་ན་འདིར་བཀོད་གནང་རོགས། དེ་མིན་ང་ལ་ཡིན་ས་རེད་དང་མ་རེད། དེ་ཚོ་མི་དགོས།
ད་ཡིན་ན་ཉལ་བཅུག་རོགས།
ད་ཡང་ཉལ་བཅུག་མ་སོང། མིག་བརྒྱད་པ་ལགས། རྒྱལ་བ་ཀློང་ཆེན་པས་ཧ་ཤང་ཕྱོགས་སྔ་ལ་བཞག་ནས་དགག་པ་རྒྱབ་བཞག་པའི་ཚིག་དེ་འདྲ་ཡོད་ན། འདིར་གསལ་པོར་བཀོད་གནང་རོགས། ངའི་ཀུན་རྟོག་དེ་ཡང་བསལ་ངེས། དེ་མིན་ཡིན་ས་རེད་དང་མ་རེད། གསུངས་ཡ་དེ་ཚོ་ང་ལ་རེ་ཞིག་མི་དགོས་པ་ཁོ་ནའོ།
མཆན་ཨང་༼༢༦༥༽པའི་ནང་ལྟོས་དང་དྲ་གྲོགས་ཚོ།།
དངོས་གནས་སྟག་རས་མང་དུ་ཐོས་པའི་མཁས་རྟགས་སྟོན་འདུག ཕ་བཟང་བུ་དེ་འདྲ་རེད་དངོས་གནས་རྗེས་སུ་ཡི་རངས་ཡོད།
ད་མིག་བརྒྱད་པ་ལགས་ངས་ཁ་སང་༼གལ་ཏེ་ལུང་དེ་ལྟ་བུ་ཞིག་འདུག་ན་ངས་འགྲེལ་བཤད་སྟབས་བདེ་ཞིག་རྒྱག་ངེས་ཡིན་པ་མ་ཟད། མགོ་མཚུངས་ཀྱི་རིག་པ་ཞིག་ཀྱང་བསྒྲེ་རྒྱུ་ཡོད།།༽ཞེས་བཤད་པའི་རིག་པ་དེ་དེ་རིང་སྟག་རས་མཆན་ཨང་འདིའི་སྟེང་ལུང་འདྲེན་གནང་བ་དེ་རེད། ད་ལན་ཐོབ་ཅིག གདན་ལ་བཞུགས་ན་བཞུགས་ལུགས་དེ་འདྲར་རེད།ཧ་ཧ་ཧཱ། ཡང་བཞུགས་མཁན་དེ་ཚོ་བོན་ནག་རྐྱང་རྐྱང་ཡིན་རྒྱུ་རེད།ཧཧཧཧཧ།
གཡུང་དྲུང་བོན་དང་ཆོས་རྒྱུད་ཆེན་པོ་བཞིའི།།
གཞུང་ལུགས་གྲུབ་མཐའ་གང་ཞིག་སྨྲ་བ་ལ།།
མི་འཇིགས་གདེང་དང་ལྡན་པའི་བཤེས་གཉེན་ཆེ།།
བོན་བློན་སྟག་ར་ཀླུ་གོང་རྒྱལ་གྱུར་ཅིག།
ཨ་རོགས་ལྷ་ཤེས་དུན་ཙེ་ཁྱོད་ཀྱིས་འདི་ཡག་པོ་ཞིག་གོ་བ་ལོན་དང་ཁྱོད་རང་ཇི་ལྟར་མངོན་སྤྱོད་ཀྱི་ཡུལ་དུ་གྱུར་པར་ཧ་གོ་ངེས་རེད།།
“བཟང་པོ་ལྟ་བུར་ཀུན་གྱིས་བཅོས་ན་ཡང་།
ལོག་ལྟའི་གནས་སུ་བདག་ལྟ་འཁྲུགས་པ་ཡིས།
སྟག་མོ་བུ་གཟན་ལྟ་བུར་འཇིགས་པ་དེ།
བཀའ་སྡོད་བསྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡི།།
ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང་།
བྱི་ལ་བཞིན་དུ་བསམ་པ་མ་རུང་པའི།
དམ་པའི་གཟུགས་བརྙན་གསོ་རུ་་མེད་པ་དེ།
མ་མོ་རྣམས་ཀྱིས་ཁ་རུ་གདབ་བྱ་ཡིན།།
ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་།
ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི།
ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ།
གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན།།
ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་།
ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་།
སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་དེ།
དྲང་སྲོང་རྣམས་ཀྱིས་དམོད་པས་གདབ་བྱ་ཡིན།།
རྟགས་དང་ལྡན་ཡང་ཚུལ་ཁྲིམས་མི་བསྲུང་ཞིང།
འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས།
དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ།
མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན།། ཞེས་གསུངས་སོ།།
མི་རིང་བར་སླར་མཇལ་ཡོང་།” ཐ་ཚན་མུ་ཙུག་སྨར་རོ།།
ཐ་ཚན་མུ་ཙུག་སྨར་རོ། །ཞེས་པའི་དོན་གང་ཡིན་ནམ། །
ཡང་མིག་བརྒྱད་པས། ཆོ་ག་ཞིག་ཏུ། པད་འབྱུང་ཤཱཀ་ཐུབ་བསྣོལ་བའི་གདན་སྟེང་ན།། ་་་་་་་་་་་་་་་་་་སྟག་ལ་མེ་འབར་བཞུགས།། ཞེས་པའི་དགོངས་པ་ཇི་ལྟར་འགྲེལ། ཞེས་ཁོ་བོར་དྲི་བ་ཡིན་ཚུལ་གྱིས་ཅིག་ཅིག་མིག་མིག་ཤོད་ཀ་བྱས་འདུག ངས་ཁྱེད་ལ་ཞུ་རྒྱུར། དེ་འདྲའི་ཆོ་ག་དེ་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་པོད་གྲངས་བརྒྱ་དང་བདུན་བཅུ་དོན་ལྔ་དང། བཀའ་བརྟེན་ལུང་ཟིན་གྱི་སྐྱེས་བུས་བརྩམས་པའི་བརྟེན་འགྱུར་པོད་གྲངས་གསུམ་བརྒྱ་ལྷག་ཡོད་པ་གང་གི་ནང་ལ་འདུག སྟོན་ཤོག་དང་ཕ་བཟང་བུ་རེད་དོ། དེ་མིན་གཏམ་འཆལ་འདྲ་ཡིན་ན་ངས་གཙིགས་སུ་མི་འཛིན་ནོ། ངས་ཨ་ཕ་ཨ་མས་ཤོད་ཀྱི་འདུག་ཟེར་ན་དེ་ནི་དེ་འདྲ་རང་རེད། ཁྱེད་ཚོས་དེ་འདྲ་རྐྱང་རྐྱང་བཤད་ནས་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་ལ་ད་བར་སྐུར་འདེབས་ཤ་སྟག་བྱས་པ་རེད། བོན་གྱི་བཀའ་འགྱུར་དང་བཀའ་བརྟེན་གྱི་ནང་ལ་མ་གསལ་བའི་གཟུ་ལུམ་ར་ཆོད་ཤ་སྟག་བྱས་ན་ཕན་ཐོག་ཅི་ཡོད། ཕ་བཟང་བུ་ཡིན་ན། དེས་སུས་བརྩམས་པ་རེད། དེ་བོན་གྱི་བཀའ་ཡི་ཁོངས་སུ་ཡོད་དམ། ཡང་ན་བཀའ་བརྟེན་གྱི་ཁོངས་སུ་ཡོད། སྟོན་ཤོག་ད། དེ་ནས་ཁོ་བོས་བསམ་གཞིགས་ཤིག་ཀྱང་གཏོང་ངེས།
མགོ་རུལ་སྣ་བས་མི་ཚོར་བའི་ལྷག་ཤེས་ནས། ཧ ཧ སྟག་ར་དེ་བོན་ཆོས་འཁོར་སང་གི་རྒྱུད་འབུམ་ཡིན་པ་འདྲ།
ཞེས་ཤོད་ཀ་བྱས། ངས་གོང་དུ་དྲངས་པའི་ལུང་ཚིག་དེ་དག་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་ཚོགས་གང་གི་ནང་ལ་འདུག ཁུངས་སྐྱེལ་ཡོད་ན་འཁྱེར་ཤོག མེད་ན་ཁ་ངན་དང་དམོད་ངན་རྒྱབ་ནས་སྡོད།
ཡང་མིག་བརྒྱད་པས། སྟག་ར་ལགས། བོན་པོ་རྣམས་ཀྱིས་རྙིང་མའི་ཐེག་པ་རིམ་དགུ་ནས་དཔེ་བཤུས་ཏེ་རྩོམ་དུ་བསྡེབས་པ་ཅི་རིགས་གདའ་བས། ཞེས་ཟེར། བོན་པོས་རྙིང་མའི་དཔེ་ཆ་གང་དང་གང་བརྐུ་བཤུས་འདུག བཤུས་མཁན་སུ་རེད། མདོ་ཕྱོགས་ནས་ག་རེ་བཤུས་འདུག སྔགས་ཕྱོགས་ནས་ག་རེ་བཤུས་འདུག སེམས་ཕྱོགས་ནས་ག་རེ་བཤུས་འདུག ཁུངས་བསྐྱེལ་རེ་རེ་ནས་བྱས་ཏེ་བཀོད་ཤོག་དང། དེ་ནས་ག་ལེར་བལྟས་མོ་ལྟ་ཆོག་གི་རེད་དོ། དོན་མེད་སྦིར་གཏམ་སྒྲོགས་མ་སྒྲོགས་ཅང་མེད་དོ། ལྷག་ཤེས་དང་སྤོབས་མཐས་བཤད་པ་ལས་མ་འདས་སོ། རེ་རེ་ནས་ར་སྤྲོད་བྱས་ཏེ་བཏོན་རྒྱུ་ཡོད་ན། བཏོན་ཤོག་དང། རྗེས་སུ་ཡིད་རངས་ཞུ། ཚིག་བསྒྱུར་བྱས་པ་ག་རེ་འདུག དོན་བསྒྱུར་བྱས་པ་ག་རེ་འདུག ཡག་པོ་བྱས་ནས་གསལ་ཁ གནང་སྟེ་བཀོད་གནང་རོགས། བོན་ལས་ཆོས་སུ་བསྒྱུར་བའི་སྐོར། པད་མའི་བཀའ་ཐང་ནང་འདི་ལྟར། བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། བེེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། བེེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། སྔགས་བསྒྱུར་ནང་དུ་བེ་རོ་ཙ་ནས་བྲིས། བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག ཅེས་སོ།
ཀརྡོ་རབ་འབྱམས་པ་ལགས། ༼ཐ་ཚན་མུ་ཙུག་སྨར་རོ།༽ཞེས་པའི་དོན་ནི་སྒྲ་དོན་བསྒྱུར་གྱི་དབང་དུ་བྱས་ན་༼ཐམས་ཅད་བཀྲ་ཤིས་སོ་༽ཞེས་པར་བསྒྱུར་དགོས།
མཆན་ཨང་༢༦༧ ནང་གསལ། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང། དོན་ལ་དེ་བཞིན་དུ་གཉས་སོ། ཞེས་པ་དོན་ལ་དེ་བཞིན་དུ་གནས་སོ། ཞེས་བཅོས་རོགས་གནང།
སྨན་མོ་མཚོ་ཡིས་དོན་བསྒྱུར་ལ་ཐུགས་རྗེ་ཆེ། ཐམས་ཅད་བཀྲ་ཤིས་ཤོག བན་བོན་གཉིས་ཀ་བཀྲ་ཤིས་དགོས་ལ།སེམས་ཅན་ཐམས་ཅད་བཀྲ་ཤིས་པར་སྨོན་དགོས་ཏེ། ང་ཚོ་ཐེག་པ་ཆེན་པོ་མོས་པ་ལ་མོས་པས་སོ། །དགེའོ། དགེའོོ། དགེའོོ། །
ཡང་མིག་བརྒྱད་པས། མགོན་པོའི་ཆོ་གར། བོན་པོའི་རྟ་ཟོར་འཕེན་པ་ཟློག ཅེས་པའི་བོན་པོའི་རྟ་ཟོར་འཕེན་སྟངས་ཇི་ལྟར་ཡིན་ནམ། ཞེས་ཟེར། སྐད་ཆ་དེ་ཚོ་ང་ལ་དྲིས་ནས་ཅི་ཕན། ངས་དེ་རིགས་གོ་མྱོང་མེད། བོན་པོས་རྟ་ཟོར་འཕེན་གྱི་ཡོད་པ་ཡང་ངས་མི་ཤེས། འོན་ཀྱང་ས་ཐོབ་ཀྱི་སེམས་དཔའ་བཅུ་གསུམ་བསྒྲལ་བའི་ཁྱེད་ཚོའི་ར་ལོ་ལ་དྲིས་དང། ཕལ་ཆེར་ཁོས་ཤེས་མདོག་ཁ་པོ་རེད། རྟ་ཟོར་ཤ་སྟག་འཕེན་ནས་མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་ག་ཚོད་ཚར་ཐག་གཅོད་འདུག ལོ་རྒྱུས་ཞིབ་ཕྲ་དགོས་ན་ཕུལ་ཆོག དེ་ཡང་ཁྱོད་ཚོའི་གསུང་རབ་ནས། ཧ་ཧ་ཧ་ཧ་།
ཡཱ་་་སྤོབས་མཐའ་ཡང་ཉོན་ཅིག མཆན་ཨང་༼༢༥༡༽པའི་ནང་ཁྱོད་ཀྱིས་(རྫོགས་ཆེན་དང་ཐེག་ཆེན་གྱི་གཞུང་ལུགས་ནང་དུ་བདེན་པ་བཞི་ལས་ལོགས་སུ་གྱུར་བ་ཞིག་བཤད་ཡོད་ན་དེ་ནས་ང་ཚོས་སངས་རྒྱས་ཀྱི་གསུངས་ལས་གནས་དབྱུངས་གཏོང་གི་ཡིན།) ཞེས་ཟེར་ཚུལ་བལྟས་ན་ཤག་ཐུབ་བཀའ་རུ་ཡར་བཅུག་མིན་དང་མར་གནས་དབྱུངས་གཏོང་མིན་དེ་ཁྱོད་ཚོ་ལ་རགས་ལས་པ་འདྲ་བོ་ཞིག་བཤད་འདུག་པ་དེ་ནི་ཧམ་པ་ཚ་དྲགས་པས་རེད་སྙམ། མ་གཞི་ནས་‘‘ཕྱིས་བཅོམ་ལྡན་རིག་རལ་གྱིས་ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་ནས་གནོད་སྦྱིན་མཐའ་ཡས་བྱུང་བ་ལ་བརྟེན་ནས། མདོ་ཁམས་ཡན་ཆད་ལྷོ་མོན་གྱི་མཐའ་ཚུན་ཆད་ནས། བཀའ་དང་བསྟན་བཅོས་བོད་ལ་སྣང་ངོ་ཅོག གསང་སྔགས་གསར་རྙིང་གང་རྙེད་དང་བཅས་ཐམས་ཅད་བསྡུས་ནས་དག་དང་མ་དག་སོ་སོར་ཕྱེས་ཞིང་། རྒྱུད་འབུམ་འབུམ་དང་། བཀའ་འགྱུར་དང་བསྟན་འགྱུར་རྣམས་སྡེ་ཚན་དུ་བསྡོམས་པའི་དཀར་ཆགས་དང་། དེ་བཞིན་དབུས་པ་བློ་གསལ་གྱི་དཀར་ཆག་དང་། བུ་སྟོན་རིན་པོ་ཆེའི་དཀར་ཆག་དང་། ཇོ་ནང་པའི་རྒྱུད་འབུམ་དཀར་ཆག་རྣམ་ནའང་། རྫོགས་ཆེན་གྱི་རྒྱུད་ལ་སོགས་པ་འདི་རྣམས་ཐེ་ཚོམ་གྱི་གཞིར་འདུག་པས་བཏང་སྙོམས་སུ་བཞག་གསུངས་ནས་རྒྱུད་འབུམ་དང་། བཀའ་འགྱུར་དང་། བསྟན་འགྱུར་ལ་སོགས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་གྲལ་ནས་ཁྱི་བཞིན་འདོར་མཛད་འདུག་’’ཅེས་ཟེར་བར་བལྟས་ན་རྫོགས་ཆེན་དང་གསང་སྔགས་སོགས་ནི་ཤག་ཐུབ་ཀྱི་བཀའ་དང་བསྟན་བཅོས་ཀྱི་ཁོངས་ནས་ཁྱོད་མ་སྐྱེས་པའི་མི་བརྒྱ་ཕྲག་དུ་མའི་སྔ་རོལ་ནས་ཁོ་ཚོས་གནས་དབྱུངས་བཏང་ཚར་མི་འདུག་གམ། ཡང་དེ་བཞིན་དུ་‘‘ཡང་རྒྱུད་དེ་རྣམས་ལ་བརྟེན་ནས་རྟོག་དཔྱོད་ཞུགས་པ་རྣམས་ལ་རྫུན་གྱི་རྒྱུད་གཞུང་འདི་ཐམས་ཅད་ལ་ཡང་སྐད་དོད་ནོར་བ་དང་། སྐད་དོད་མ་ཤེས་ནས་བོད་སྐད་དུ་བསྲེས་པ་དང་། རྒྱ་སྐད་ལ་བོད་སྐད་ཀྱི་ཉིད་རྒྱུར་བཏགས་པ་དང་། ཨ་ཏེ་ལ་བརྟེན་པ་ཡ་ཏེ་དང་། སྤྱི་ཏེ་ལྟ་བུ་ལ་སོགས་པའི་ཚིག་གི་ནོར་བ་མཐའ་ཡས་པར་སྣང་བས་རྒྱ་གར་གྱི་ཡུལ་ནས་མ་བྱུང་བར་ངེས་ཤེས་ཐོབ།’’ ཞེས་པ་ནས། ‘‘མཁས་གྲུབ་དམ་པ་རྣམས་ཀྱི་བསྟན་བཅོས་མ་བྱིན་པ་དང་། ཨོ་རྒྱན་པདྨ་དང་། བི་མ་ལ་མི་ཏྲ་ལྟ་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྒྱུར་མ་ཡིན་པར་ཐག་ཆོད་’’ཅེས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་རྩོད་པ་འདི་དང་འདི་དང་འདྲ་བའི་རིགས་དག་བསམ་བློ་ཞིབ་མོར་ཐོངས་དང་ད་དུང་ཁྱོད་ཀྱིས་ཡང་ན་བྱིན་གྱིས་རླབས་པའི་བཀའ་ཡང་ན་རྗེས་སུ་གནང་བའི་བཀའ་དེ་དག་གང་ལ་བསྡུས་མ་ཐུབ་ཚེ་བསྟན་བཅོས་ལ་བཞག་ན་འགྲིགས་ཚུལ་སོགས་ཀྱི་དེ་འདྲའི་གདམས་ཀ་བྱ་བའི་གནས་ཞིག་ལྷག་འདུག་གམ།?????། ད་ལན་ཐོབ་ཅིག དེར་མ་ཟད་དུང་ཁྱོད་ཚོའི་གསང་སྔགས་ཀྱི་གཞུང་དེ་ཡང་རྒྱ་གར་ལ་ཕུལ་གྲབས་བྱེད་ཀྱི་འདུག་གཱ། ཞབས་འདྲེན་ད་ཉིན་གཅིག་ཁྱོད་རང་ཚོའི་ཁ་ཕོར་དེ་རྒྱ་གར་བ་ལ་ཕུལ་ཤིགས།།
དགོངས་དག་གོང་གསལ་མཆན་བུའི་ནང་ཚིག་རེ་ཟུང་ཆད་ལྷག་ཤོར་འདུག་པས་དེ་ལུགས་གནང་རོགས།
སྟག་ར་སྨན་མོས་རྒྱུ་མཚན་བརྗོད་མི་ཤེས་བཞིན་ངན་པའི་རྫུན་དང་གཡོ་སྒྱུའི་ཚར་གཅོད་མིན་ཞེས་པ་གོ་ཐོས་མེད་པར་འདྲ། སྔ་འགྱུར་བཀའ་གཏེར་བསྟན་བཅོས་གང་ན་མེད་པའི་ཕོ་ཚོད་ཀྱིས་སྨན་རི་ཆོས་འཁོར་དཔར་མ་ཞིག་ཡོད་འདོགས་་་་་ཉག་རོང་གི་ཉག་ཆད་བུ་ལོང་གི་རྫུན་གཏེར་གྱི་བཀའ་བརྟེན་དེ་ཡིན་རྟགས་རེད།
ངོ་མ་བཤད་ན་སྨན་རི་སྐྱག་མགོན་རྒྱོ་རྒན་གྱིས་ཁ་ཏོན་དུན་ཙེ་མངོན་སྤྱོད་ལས། །པད་འབྱུང་ཤག་ཐུབ་བསྣོལ་བའི་གདན་སྟེང་དུ་་་་ཟེར་ནས་མིག་དམར་སྒོར་རེ། ཞེ་སྡང་གི་མེ་འབར། འདོད་ཆགས་ཀྱི་ཆུ་ཁོལ། །གཏི་མུག་གི་མུན་ནག་སྒོམ་ཡུལ་དུ་གྱུར་པར་བན་ལ་རྒོལ་བཟློག་པ་ཧ་གོ་ངེས་རེད། །
ཚིག་བཅད་དུ་གོ་བདེ་བར་བྱས་ན་འདི་ལྟར་རོ། །
མ་ཏྲི་དུན་ཙེ་སྨ་ཚ་ར་མ་སྨ་ར་འདུ་ར་རྒྱོ།
བཟང་པོ་ལྟ་བ་སྙིང་བརྩེ་་ཀུན་ནས་བཅོམ།
ལོག་ལྟའི་གནས་སུ་བདག་ལྟ་འཁྲུགས་པ་ཡིས།
སྟག་ར་སྐྱག་གཟན་གཤིན་རབ་སྐྱག་འབི་ལ། །
བོན་ཞ་བཀའ་སྡོད་འདྲེ་དམག་ལས་ལ་བདོ། །
སྔོར་ནག་གོས་ཅན་ཞི་བོང་ལྟར་གྱུར་ཀྱང་།
བྱི་ལ་བཞིན་དུ་བསམ་ངན་མ་རུང་པའི།
དམ་ཉམས་གཟུགས་ལ་གསོ་རུ་་མེད་པ་དེ།
སྨན་རི་མོ་ཁ་བོན་ནག་གདོན་གྱི་གཟུགས། །
བོང་རྐུབ་ཁྲི་ཕྲག་དགུ་ཡི་གཙོ་གྱུར་ཀྱང་།
ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི།
ཆགས་སྡང་མུན་ནག་ཕྱོགས་བཅུར་འཕྲོ་བ་དེ།
བོན་ནག་གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ།།
རྒྱལ་ཚོང་སྨད་ཚོང་མཛེས་མ་ཚེ་རིང་སྐྱིད། །
ནང་བསྟན་ཁྱད་གསོད་དྲང་དོན་རྫུན་གཡོག་མ། །
ཕན་བདེ་མེད་པའི་དམོད་ངན་བོང་མཇེ་ལ། །
དགའ་དད་བྱས་པ་རྨུ་གབ་འདྲེ་དབང་གྱུར། །
རྫུན་གྱི་ལ་རྒྱ་སྐྱག་པའི་ཐ་ཚན་ལ། །
མུ་ཙུག་སྨར་རོ་ཞ་གཞུང་རྟག་འཛིན་མ། །
བསོད་ནམས་ཟད་པའི་སྨན་མོག་ཚ་ར་སྐྱག །
མི་འདོད་དུ་ཁས་མནར་བ་ཀྱེ་མ་ཧུད། །
རབ་འབྱམས་གཤིན་པོ་མངོན་རྒྱུག་ཟ་འདྲེའི་ཆོས། །
མདོ་སྔགས་བསྟན་པའི་ཆོམ་རྐུན་ཞང་ཞུང་བོན། །
སྒྲོ་འདོགས་སློབ་དཔོན་རྐུན་ཇག་བརྟེན་བཅོས་རྫུན། །
ལོག་རྟོག་གྲུབ་མཐའ་རྩ་ནས་ཆད་པར་རན །
ཆགས་སྡང་རྨོངས་པར་འཆད་རྩོད་རྩོམ་པ་ལ། །
རྒྱུ་འབྲས་རྒྱབ་འགལ་སྨྲ་བའི་སྡིག་རྒན་དག །
གཤིན་རབ་སྟོན་པའི་རྗེས་འདྲིངས་འདྲེ་སྲིན་རིགས། །
བོན་ནག་གཡོ་སྒྱུ་ཧི་མ་ལ་ནས་མངོན། །
ཀྲུང་གོ་བོད་ལྗོངས་ཟེར་བའི་སྐྱག་བརྫུན་དང་། །
བོན་པོའི་ཆོས་ཞེས་ཟེར་བའི་རྫུན་གཏམ་གཉིས། །
ཁྱད་པར་དེང་རབས་སྨྲ་བས་མ་མཐོང་བས། །
དངོས་དོན་ཚན་རིག་པ་ཚོ་ཡི་ག་འོང་། །
འཚེ་བ་ཆོས་སུ་སྨྲ་བའི་གཤིན་རབ་དང་། །
དེང་རབས་གསར་བཟོ་འདོད་པའི་འཇིགས་བསྐུལ་ཚོགས། །
རིམ་གཉིས་བསྐྱེད་རྫོགས་དེ་འདྲ་ངོ་རེ་རྫོགས། །
མི་ཚེ་དོན་མེད་བྱེད་རྣམས་སྙིང་རེ་རྗེ། །
ཆགས་པ་གཤིན་འདྲེའི་བོན་ཆོས་བདག་ཏུ་བཟུང་། །
སྡང་བ་སངས་རྒྱས་བསྟན་པའི་དགྲ་བོ་ཚོ། །
རྨོངས་པ་ལུགས་གཉིས་འཕུང་པའི་ཏེ་བོ་རྣམས། །
འཇིག་རྟེན་ཁམས་སུ་སྣང་བར་མེད་པར་ཤོག །
ལྟ་བ་མ་རྟོགས་ཐོ་ཅོའི་སྡིག་པ་བསགས། །
སྒོམ་པ་བྱིང་རྒོད་ཆེན་པོས་འུད་གོད་བསྒྲགས །
སྤྱོད་པ་ནོར་ཀྱང་རང་སྐྱོན་མི་ཤེས་རྨོངས། །
འབྲས་བུ་ངན་སོང་གསུམ་ལས་གཞན་ན་མེད། །
ཀ་དག་མ་དག་བསྒྱུར་བའི་བོན་ནག་གིས། །
མི་ཤེས་ཡེ་ཤེས་དུག་ལྔའི་རྐྱལ་བ་དེ། །
ཉག་རོང་ཁོག་གི་གཏེར་ཆོས་ཡ་མཚན་ཅན། །
བྱི་སའི་བཀའ་བརྟེན་ཚོར་བ་མུན་པའི་བཤེས། །
སྐྱག་པ་ཆེན་པོ་བསྟན་པ་ཟེར་ན་ཆོག །
ཟབ་རྒྱས་དྲི་མ་ཐུལ་བའི་བོན་ཆོས་དང་། །
སྐྱེ་བ་ཀུན་ཏུ་འཕྲད་པར་མ་གྱུར་ཅིག །
ལོག་ལྟའི་འདྲེ་འགོང་འདུལ་བའི་དཔལ་ཐོབ་ཤོག །
སྟག་རའི་མཆན་༢༦༢པ་དེ་ངའི་དྲི་བ་དེ་དང་འབྲེལ་བ་ཅུང་ཟད་ཅིག་ཡོད་པ་འདྲ་བས་དེ་ལས་འཕྲོས་ཏེ་ཅུང་ཙམ་བཤད། འོལ་མོ་ལུང་རིང་ཟེར་བ་དེ་དག་པའི་ཞིང་རེད་དམ་མ་རེད། མི་ཕལ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་ཞིང་ཁམས་ལྟ་བུ་ཡིན་ན་དེ་ལུགས་ཁ་གསལ་པོས་ཤོད་དང་དེ་ལས་དྲི་བ་ཉག་ཉོག་མང་པོ་ལྷག་གི་མ་རེད།
སྟོན་པ་ཤཀྱ་ཐུབ་པ་མའི་རྩིབས་བར་ནས་བལྟམས་པ་སོགས་དེང་སང་གི་ནང་པ་ཚོས་ཁས་མི་ལེན། དེ་ནི་གནའ་མིས་ཆེ་བསྟོད་བྱེད་སྟངས་ཙམ་རེད།
འོད་སྲུང་དང་གསེར་ཐུབ་སོགས་ཅིག་བྱས་ན་དེ་འདྲའི་མི་བྱུང་མྱོང་བ་ཡིན་གྱི་རེད། གཅིག་བྱས་ན་ལྷ་སྒྲུང་གི་མི་སྣ་ཡིན་སྲིད་པ་རེད། འདི་ང་ཚོའི་སྟོན་པ་མ་རེད། ང་ཚོར་བསྟན་པ་གཅིག་ལ་སྟོན་པ་གཅིགཡོད་པ་དེ་ཤཀྱཱ་ཐུབ་པ་རེད་མ་གཏོགས་གསེར་ཐུབ་མ་རེད། འོད་སྲུང་མ་རེད། སྤྱན་རས་གཟིགས་མ་རེད། སུ་ཡང་མ་རེད།
བཀའ་འགྱུར་བསྟན་འགྱུར་གཉིས་པོ་རྒྱ་གར་བ་ལ་ཕུལ་དགོས་ཀྱི་མ་རེད། དེ་རྒྱ་གར་བའི་རེད། གཞན་ལ་ལྟ་མ་ཤེས་ན་ཡང་བཀའ་བསྟན་གཉིས་པོའི་ནང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱི་ཆ་ལུགས་ལ་ལྟོས་དང་། ལོངས་སྐུའི་ཆ་ལུགས་ནི་གནའ་བོའི་རྒྱ་གར་གྱི་རྒྱལ་པོ་ཚོའི་ཆ་ལུགས་རེད། བྱང་ཆུབ་སེམས་དཔའ་ཚོའི་ཆ་ལུགས་ནི་རྒྱ་གར་གྱི་མི་དྲགས་ཚོའི་ཆ་ལུགས་རེད། བཙུན་པ་ཚོའི་ཆ་ལུགས་ནི་ཁྱིམ་སྤངས་པའི་དགེ་སྦྱོང་ཚོའི་ཆ་ལུགས་རེད།
ཁྱོད་ཚོའི་གཤེན་རབ་ཀྱི་ཆ་ལུགས་དེ་ག་རེ་རེད། སྔོན་མ་ནི་རྒྱ་གར་བའི་དགེ་སྦྱོང་ཁྱིམ་སྤངས་བའི་ཆ་ལུགས་ཏེ་སྟོན་པ་ཤཀྱ་ཐུབ་པ་དང་གཅིག་མཚུངས་ཤིག་རེད། དེའི་རྗེས་ནས་ཁྱོད་ཚོས་གཤེན་རབ་གྱི་ཆ་ལུགས་ལ་རིག་གནས་གསར་བརྗེ་བྱས་ཕྱིན་ནས་ཆ་ལུགས་འདི་ག་རེ་རེད། བོད་ཀྱི་ཆ་ལུགས་རེད་དམ། ཞང་ཞུང་གི་ཆ་ལུགས་རེད་དམ། སྟག་གཟིག་གི་ཆ་ལུགས་ཡིན་ཁུལ་རེད་དམ། ལོ་རྒྱུས་སྨྲ་བ་ཚོས་འདི་ལྟ་བུ་དེ་ཚོ་ལས་སླ་པོས་འཇོག་གི་མ་རེད། ཁྱོད་ཚོས་རིག་གནས་གསར་བརྗེ་བྱེད་སྟངས་ལ་གཟབ་གཟབ་གྱིས་མ་གཏོགས་ར་སྤུའི་འུར་རྡོས་རང་མགོ་གཅོག་གི་རེད་ད།
སྨན་མོའི་མཆན་༢༨༧པ་འདི་ངའི་དྲི་བའི་ཕྱོགས་ཙམ་ལ་ཉེ་མི་འདུག ངས་བདེན་པ་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་ལོགས་སུ་གྱུར་པའམ་དེ་དང་མི་མཐུན་པ་ཡོད་ན་སངས་རྒྱས་ཀྱི་བཀའི་གྲལ་ནས་ཕུད་པ་མ་ཟད་བསྟན་བཅོས་ཀྱི་གྲལ་ནས་ཀྱང་ཕུད་པར་གྲ་སྒྲིག་ཨང་གསར་ཡོད་ཅེས་ཅེས་བཤད་ཡོད། ཡིན་ན་ཡང་ཁྱེད་ཀྱིས་མི་གཞན་གྱི་རྗེས་བརྗོད་ཁ་ཤས་ཤིག་དྲངས་པ་དེ་ནི་ཚིག་དག་མ་དག་ལྟ་བུ་རེ་ལས་བདེན་པ་བཞི་དང་འགལ་ཡོད་མེད་ཟུར་ཙམ་ཡང་དྲངས་ཐུབ་མི་འདུག
མ་གཞི་ཐེག་ཆེན་རྫོགས་ཆེན་ཕྱག་ཆེན་སོགས་ཆེན་པོ་དེ་ཚོ་ཁྱོད་རང་ཚོ་ལ་དགོས་ན་ཅི་དགའ་གྱིས། ཡིན་ན་ཡང་བདེན་པ་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོགས་ལ་ལག་པ་འཆངས་མ་ཡོང་མ་གཏོགས་དེ་ནི་ངེད་ཚང་གི་ཤཀྱའི་བླ་རྒན་གྱི་ཕ་ཟོག་དྲེགས་པ་ཅན་ཡོད་ན་མེད་ན་དེ་རེད། དེ་ནས་ང་ཚོ་འགྲིགས་མི་ཡོང་ད། ཧ་ཧ་ཧ།
ད་སྐུ་མཁྱེན། ཚིག་ཉོག་མང་པོ་བྲི་མ་ཡོང་། ཉམས་མྱོང་མེད་མཁན་གྱི་གསར་བུ་འདི་ཚོ་ཐབས་སྡུག་པ་ལ། དོན་ཉུང་ཉུང་ཞིག་ལ་ཚིག་འདི་འདྲ་མང་པོ་ཞིག་བྲིས་ཡོང་ནས་ག་རེ་བྱེད།
མ་གཞི་མི་གཞན་གྱི་རྗེས་བརྗོད་རྐྱང་བ་བྱས་བསྡད་ན་ཕན་ཐོགས་གི་མ་རེད། ངའི་ལུགས་ལ་བདེན་པ་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དོན་ལ་འབྲེལ་ཡོད་པ་ཞིག་ཡིན་ཕྱིན་སངས་རྒྱས་ཀྱི་གསུངས་སུ་བཏགས་ཀྱང་ཆོག་ལ་བསྟན་བཅོས་སུ་བཏགས་ཀྱང་ཆོག གང་ལྟར་སངས་རྒྱས་ཀྱི་ལྟ་གྲུབ་སྟོན་པའི་ཡིག་ཆ་རེད། བཀའ་ཡིན་ལབ་ན་བཀའི་གྲས་སུ་འཇོག་ཆོག བསྟན་བཅོས་རེད་ལབ་མཁན་བྱུང་ན་བསྟན་བཅོས་ཀྱི་གྲས་སུ་འཇོག་ཆོག མི་གཅིག་གིས་བཀའ་འགྱུར་ལ་མ་བསྡུས་པ་ཙམ་ལས་རྒྱུ་མཚན་མེད་ན་ངས་ཁས་ལེན་ཐུབ་ས་མ་རེད། ལྷག་པར་ཡང་རྫོགས་ཆེན་གྱི་རྒྱུད་སྡེ་རུ་བཏགས་པའི་ཡིག་ཆ་འགའ་ཞིག་གི་ཚིག་དག་དང་མ་དག་ལྟ་བུ་རེ་རྒྱུ་མཚན་དུ་བྱས་ནས་ཐེ་ཚོམ་གྱི་གཞིར་གྱུར་པ་ཙམ་རེད། སློབ་དཔོན་པདྨ་དགག་མི་འདུག་ལ་བི་མ་མི་ཏྲ་དགག་མི་འདུག རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་པར་གསུངས་མི་འདུག་ག རྫོགས་པ་ཆེན་པོ་ཟེར་བ་དེ་ངས་མི་ཤེས། གལ་སྲིད་དེ་སངས་རྒྱས་ཀྱི་གསུངས་བདེན་པ་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་འབྲེལ་བ་མེད་པ་ཞིག་གམ་དེ་དག་དང་འགལ་ཡོད་པ་ཞིག་ཡིན་ན་ཁྱོད་ཚོས་ཐེར་འདོན་བྱེད་རོགས། དེ་ངས་ཐག་ཆོད་སོང་ན་རྫོགས་པ་ཆེན་པོ་དང་ཐེག་པ་ཆེན་པོ་གང་ཞིག་ཡིན་རུང་དེ་ནས་ཁ་དང་ཁ་སྤུ་སོ་སོར་འབྱེད་རྒྱུ་ལས་སླ་པོ་རེད། རང་ལུགས་མེད་པའི་མི་དག་ལ༎གཞན་ལུགས་དགག་པའི་ཐོབ་ཐང་མེད༎ང་ལ་རང་ལུགས་ཡོད་པས་ན༎ང་ནི་སྐྱོན་མེད་ཁོ་ན་ཡིན༎
གཟུངས་སྤོབས་ཀུན་ལྡན་འཇིགས་བྲལ་རིག་པའི་མེ། །
ཤེས་རབ་མཐའ་ཡས་རྨོངས་མུན་རབ་གསལ་བའི། །
ཐབས་མཆོག་བྱམས་པའི་མ་མ་དགེ་བའི་བཤེས། །
མིག་དང་སྙིང་གི་དགའ་མ་ཁྱེད་ལས་སུ། །
བདེན་དང་རྫུན་གྱི་ཤན་འབྱེད་སོ་སོར་ཕྱེས། །
བོན་དང་བན་གྱི་འཛིན་མཚམས་མི་ནོར་བའི། །
བདེན་བཞི་བླང་དོར་སྟོན་པའི་གནས་བརྟན་པ། །
རྒྱལ་སྲས་སྤོབས་པ་མཐའ་ཡས་རྒྱལ་གྱུར་ཅིག །
ཡེ་ཤེས་ནས་
གཟུངས་སྤོབས་ཀུན་ལྡན་འཇིགས་བྲལ་རིག་པའི་མེ། །
ཤེས་རབ་མཐའ་ཡས་རྨོངས་མུན་རབ་བསལ་བའི། །
ཐབས་མཆོག་བྱམས་པའི་མ་མ་དགེ་བའི་བཤེས། །
མིག་དང་སྙིང་གི་དགའ་མ་ཁྱེད་ལས་སུ། །
བདེན་དང་རྫུན་གྱི་ཤན་འབྱེད་སོ་སོར་ཕྱེས། །
བོན་དང་བན་གྱི་འཛིན་མཚམས་མི་ནོར་བའི། །
བདེན་བཞི་བླང་དོར་སྟོན་པའི་གནས་བརྟན་པ། །
རྒྱལ་སྲས་སྤོབས་པ་མཐའ་ཡས་རྒྱལ་གྱུར་ཅིག །
ཡེ་ཤེས་ནས་
ད་རྩོད་པ་ཅུང་ཟད་ལྷོད་ལ་འབབ་གི་འདུག ལྟད་མོ་ཇེ་ཆེ་རེད། ཚིག་ཉོག་ཉུང་རུ་ཐོངས། གནད་འགག་ཆེ་རུ་ཐོངས།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་འགྲོ་བ་དག་ཐོག་མར་གྲོལ་འཁྲུལ་འགོ་བཙུགས་ནས་འཆི་བ་
དང་མཐར་མཐུག་བར་རང་ཆས་སུ་གནས་པ་ལས་དེ་དང་མཐུན་མི་མཐུན་དང་དེ་ལ་ང་དང་ཁྱོད་ཅེས་
བགོ་ཤ་བྱེད་པ་ནི་སེམས་ཅན་རང་བཞིན་གྱི་གྲུབ་ཆ་བགོ་ཤ་བྱས་པ་ལས་མ་འདས་མོད། མདོ་
ལུགས་ལ་བསམ་གཟུགས་དང་རྟེན་འབྲེལ་སོགས་གྱིས་ཐར་པ་སྒྲུབ་ཚུལ་དངོས་སུ་བསྟན་པ་ཡོད་
པ་དང་གཞན་ཐེག་པ་ཆེན་པོའི་ལུགས་ལ་ཐར་པ་སྒྲུབ་ཚུལ་ཐེག་ཆེན་པའི་ལུགས་ལྟར་ཡིན་པ་ལས་
དམན་པའི་སྒྲུབ་ཐབས་ལ་སྐྱབས་སུ་མི་འགྲོ་བ་ནི་དཔོན་པོ་དག་གིས་རང་གི་གཡོགས་པོའི་རྗེས་
འབྲང་མི་བྱེད་པ་བཞིན་ནོ། ད་དགོངས་དག་ཁྱེད་རྣམས་ཀྱི་རྩོད་པ་ལ་བར་ཆད་བྱེད་ཡོང
སྐྱག་རྒྱལ་ནམ་ནོར་བོད་བརྒྱུད་ཆོས་ཚོང་དང་། །སྨ་མོ་སྟག་ར་ཚ་སྐྱག་ཤག་རྒན་དག །སྙིང་ཐིག་གདོད་མའི་ཆོས་ལ་ལོག་ལྟ་མཁན། །མེས་པོས་བླ་སྲོག་འཕྲོག་ལ་འདོད་པ་བརྟས། །འོན་ཀྱང་འཛམ་གླིང་ཤེས་བྱའི་ནོར་བུའི་ཆོས། །བཀའ་གཏེར་རིག་པའི་གཏེར་མཛོད་ཤེས་རབ་མིག །ཐོབ་པ་བདག་ལ་གནོད་པ་ཅུང་མེད་ཀྱང་། །རྨོངས་པ་གྲགས་རྒྱུག་འཁན་ཚོ་སྙིང་རེ་རྗེ། །ཞང་རྒྱ་འབྱུང་ཁུངས་མི་གཅིག་ཁ་ཁ་རེད། །བདེན་དང་རྫུན་པའི་རྣམ་བཞག་སོ་སོར་རེད། །བོད་པའི་རིག་གཞུང་ཐབས་ཤེས་ཟུང་འབྲེལ་འདི། །འཕགས་ཡུལ་ཤྰཀྱའི་རྗེས་འཇུག་གཙང་མ་ལགས། །ཡེ་ཀོན་བོན་ཏོའི་ལོ་རྒྱུས་ཆོས་ལུགས་ཕྱོགས། །རིས་མེད་གཅིག་ཏུ་འདོད་པ་བླུན་པོས་ལུགས། །ཕ་ནོར་རྐུབ་ལ་ཚོང་བའི་ཆོས་རྒྱོ་དང་། །དེང་གི་གསར་རུ་འགའ་ལས་གཞན་སུ་ཞིག །གངས་ཅན་བླ་མ་བསྟན་འཛིན་རྒྱ་མཚོ་ཡིས། །དམ་ཆོས་ཚུལ་བཞིན་མཛད་པས་ནུབ་གླིང་ནས། །རྡུལ་བྲལ་ཤེས་རབ་འོད་སྣང་གསུམ་བརྡལ། །ཏང་བོན་འབྱུང་བྱའི་ཚོགས་རྣམས་བག་ཡོད་གྱིས། །བདག་ཀྱང་དེང་ནས་སྐྱེ་བའི་ཕྲེང་བ་ཀུན། །ཀུན་བཟང་རྡོ་རྗེ་འཆང་གི་བསྟན་པ་ལ། །བཤད་དང་སྒྲུབ་པའི་རྒྱལ་མཚན་རབ་བསྒྲེངས་ནས། །ལོག་རྟོག་ཏང་བོན་འཇོམས་ལ་བརྩོན་པར་བྱ། །
ལྷག་ཤེས་ལགས་ཀྱི་སྙན་རྩོམ་དེ་དུག་ཚེར་ལོ་འདབ་རྒྱས་པའི་རྣམ་པ་ཞིག་ལས་དགག་སྒྲུབ་
རིགས་པ་ཚད་མའི་རྣམ་འགྱུར་གང་ཡང་མི་འདུག་
ལྷག་ཤེས་ལགས་ཀྱི་སྙན་རྩོམ་དེེ་དུག་ཚེར་ལོ་འདབ་རྒྱས་བསྡད་པའི་རྣམ་པ་ཞིག་ལས་
ལུང་རིགས་ཚད་མས་དགག་སྒྲུབ་རྣམ་དག་ཞིག་རྩ་བ་ནས་མི་འདུག
ཀླུ་སྨྱོན་ཁྱོད་ཞེ་སྡང་བ་དང་ཕྲག་དོག་ནེ་ཁག་མེད་ཀྱང་། ཁ་སྨན་མོ་མཚོ་འམ་ཁོག་རྨ་བྱ་ཚེ་རིང་སྐྱིད་ལ་ཚིག་དུག་ཚེར་ལོ་མའི་མཆོད་པ་འདི་འབུལ་བ་ཡིན་ན་མོ་ལ་གསོ་བྱེད་ཀྱི་སྨན་དང་ཀློ་མི་ཕལ་བས་ཟོས་ན་ཤི་རྒྱུ་རེད་གདའ། ཧ ཧ
སྤོབས་མཐའ་ཁྱོད་ཀྱི་ཤེས་པ་རང་བཞིན་དུ་གནས་སམ། ལྟོས་དང་ག་རེ་ཟེར་འདུག་‘‘སྟག་རའི་མཆན་༼༢༦༢༽པ་དེ་ངའི་དྲི་བ་དེ་དང་འབྲེལ་བ་ཅུང་ཟད་ཅིག་ཡོད་པ་འདྲ་’’ ཧ་ཧ་ཧཱ། ད་ཁྱོད་ཀྱིས་སུ་ལ་དགག་བཞིན་ཡོད། སུ་ལ་ངར་བཞིན་ཡོད། སུ་ལ་བཤད་བཞིན་ཡོད། མཆན་ཨང་༼༢༦༢༽པ་དེ་འབྲི་མཁན་སྟག་ར་མ་རེད་ང་སྨན་མོ་མཚོས་བྲིས་པ་ཡིན་ཁྱོད་ཀྱི་སྡུག་མིག་དེ་ཁྲག་གིས་ཆར་མི་འདུག་ན་ཡག་པོ་ལྟོས་ཤིགས། ཨ་རོགས་ཁྱོད་རང་‘‘རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་། ཚིག་ཤོར་ན་འཛིན་ཐབས་མེད་’’ཅེས་པའི་དཔེ་དེ་གོ་ཨེ་མྱོང་། ད་ཁྱོད་ཀྱིས་‘‘སྟོན་པ་ཤཀྱ་ཐུབ་པ་མའི་རྩིབས་བར་ནས་བལྟམས་པ་སོགས་དེང་སང་གི་ནང་པ་ཚོས་ཁས་མི་ལེན། དེ་ནི་གནའ་མིས་ཆེ་བསྟོད་བྱེད་སྟངས་ཙམ་རེད།’’ཅེས་ཟེར་དེ་རྩེད་མོ་ཡིན་ནམ་དངོས་གནས་ཡིན། གལ་སྲིད་ཁྱོད་རང་གིས་དངོས་གནས་བཤད་བཞིན་ཡོད་ན་ད་བར་ཤག་ཐུབ་ཀྱི་སྐྱེས་རབས་དང་འབྲེལ་བའི་བཀའ་དང་བསྟན་བཅོས་རྒྱལ་རབས་ལོ་རྒྱུས་ཚངས་མ་ཁྱོད་ཀྱིས་ནག་བསུབ་བཏང་བ་མ་རེད་དམ། ད་དུང་ཁྱོད་ཀྱིས་‘‘དེང་སང་གི་ནང་པ་ཚོས་ཁས་མི་ལེན་’’ཞེས་ནང་སྤྱི་ལ་ངན་ཁག་བཀལ་འདུག་ཀྱང་། ངས་བལྟས་ན་དེ་ནི་ཐུབ་བསྟན་པའི་གྲལ་དུ་ཞུགས་ཤིང་ཐུབ་བསྟན་པའི་ཞབས་འདྲེན་དུ་གྱུར་པའི་ཁྱོད་དང་ཁྱོད་ལྟ་བུའི་‘‘རྒྱ་མགོ་མཐོ་དུས་རྒྱ། བོད་མགོ་མཐོ་དུས་བོད་’’ཅེས་པའི་དཔེ་དོན་དང་མཚུངས་པའི་སྐྱལ་སྟོང་པ་རེ་ཟུང་ཞིག་གི་འདོད་ཚུལ་ཙམ་དུ་ཟད་སྙམ།། ཧ་ཧཱ་ད་དུང་‘‘འོད་སྲུང་དང་གསེར་ཐུབ་སོགས་ཅིག་བྱས་ན་དེ་འདྲའི་མི་བྱུང་མྱོང་བ་ཡིན་གྱི་རེད། གཅིག་བྱས་ན་ལྷ་སྒྲུང་གི་མི་སྣ་ཡིན་སྲིད་པ་རེད་’’ཞེས་ཡང་ཁྱོད་ཀྱིས་འོད་སྲུང་དང་གསེར་ཐུབ་ལྷ་སྒྲུང་གི་མི་སྣའི་གྲལ་དུ་ཕུད་གྲབས་བྱ་བཞིན་འདུག་པ་འདིས་བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་བཀའ་བསྡུ་མཛད་པའི་རྣམ་བཞག་ཐམས་ཅད་དེ་དང་མཉམ་དུ་བརྫངས་རྒྱུ་གོར་མ་ཆགས་པས་ད་ཁྱོད་ཀྱིས་ཟད་མི་ཤེས་པའི་ལས་ངན་བསགས་བཞིན་མི་འདུག་གམ།། ད་དུང་དེ་ཡིས་ག་ལ་ཚད་དེ་‘‘མ་གཞི་ཐེག་ཆེན་རྫོགས་ཆེན་ཕྱག་ཆེན་སོགས་ཆེན་པོ་དེ་ཚོ་ཁྱོད་རང་ཚོ་ལ་དགོས་ན་ཅི་དགའ་གྱིས།’’ཞེས་ང་ཚོ་ལ་དགོས་པའི་ང་ཚོའི་ཐེག་ཆེན་དང་གསང་ཆེན་རྫོགས་ཆེན་དེ་དག་ཚུར་རྩིས་སྤྲད་འདུག་པས་ཁྱེད་རང་མི་དྲང་མོ་ཞིག་ཡིན་པའི་ཁུལ་བྱས་འདུག་ཀྱང་། གལ་ཏེ་ཐུབ་བསྟན་པ་དག་ཁྱོད་ལ་ལྟོས་དགོས་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཁྱོད་ཀྱིས་ད་དངོས་གནས་སྤྲང་པོ་སྤྲང་རྐྱང་བསྒྱུར་ཚར་མ་སོང་ངམ།ཧ་ཧ་ཧཱ།། ཕྱོགས་མཐའི་དྲ་གྲོགས་ཚོ་གཟིགས་དང་སྤོབས་མཐའ་ཐུབ་བསྟན་པའི་ཞབས་འདྲེན་རེད་འདུག་མི་འདུག
ཧ་ཧཱ། སྤོབས་ཞར་ཁྱོད་ལ་ཐོས་རྒྱ་མེད་པའི་རྟགས་མངོན་དུ་བསྟན་འདུག་སྟེ་‘‘རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་པར་གསུངས་མི་འདུག་’’ཅེས་བཤད་པ་ནི་ཁྱོད་རང་ཧམ་པ་ཚ་དྲགས་པས་རེད་ལོ། སྡུག་སེམས་རྣལ་དུ་ཕོབས་ནས་ཉོན་དང་།།
‘‘ཐུབ་པའི་རྒྱུད་སྡེ་རྒྱ་མཚོ་ལ།།
རང་བཟོའི་དུག་ཆུ་བསྲེས་པ་མང་།།’’ ཞེས་དང་།
‘‘གཡུང་སྟོན་རྡོ་རྗེ་དཔལ་ཞེས་པས།།
འཕང་མེད་གསེར་གྱི་མེ་ཏོག་དང་།།
གསང་བ་སྙིང་པོའི་རྒྱ་དཔེར་བཅས།།
བུ་སྟོན་རེན་ཆེན་གྲུབ་ལ་ཕུལ།།
འགྱུར་བཅོས་མཛད་ཅིང་རྒྱུད་འབུམ་དུ་།།
བཞུགས་པར་གསོལ་བ་བཏབས་པའི་ཚེ།།
རྒྱ་དཔེ་རྫུན་མར་ངེས་རིག་ནས།།
གསོལ་བས་གསན་དུ་མ་བཞེད་དོ།།’’ ཞེས་དང་ཡང་།
“རྫོགས་པ་ཆེན་པོའི་ཆོས་སམ་དེ།
རྒྱ་གར་ཡུལ་འདིར་མིང་ཡང་མེད།
ཆོས་མིན་བསྟན་པ་ཡིན་ནོ་གསུངས།”
ཞེས་སོགས་བཤད་པ་འདི་དག་གང་ལ་ཡོད་དམ་སུས་བརྩམས་སམ། ཡང་ན་ངས་རང་བཟོས་བྱས་པ་རེད་དམ། ད་ལན་ཐོབ་ཅིག ད་དུང་‘‘ཁྱོད་ཚོས་རིག་གནས་གསར་བརྗེ་བྱེད་སྟངས་ལ་གཟབ་གཟབ་གྱིས་མ་གཏོགས་ར་སྤུའི་འུར་རྡོས་རང་མགོ་གཅོག་གི་རེད་ད།’’ཞེས་ངེད་ཅག་ལ་སྡིག་མོ་བྱས་པའི་ཁུལ་བྱས་འདུག་མོད་ཀྱང་། དོན་སུ་རང་མགོ་གཅོག་མཁན་སུ་རེད་འདུག་ཉོན་ཨཱ་་་། གསར་བརྗེ་དང་པོའི་སྐབས་དུས་འཁོར་བོན་ལ་ཕུལ་ཞིང་ཤམ་བྷ་ལ་མེད་སྐད་ཟེར་། གསར་བརྗེ་གཉིས་པའི་སྐབས་སུ་རྫོགས་ཆེན་གསང་ཆེན་སོགས་བོན་ཕྱོགས་སུ་ཕུལ་ཞིང་འོད་སྲུང་དང་གསེར་ཐུབ་ལྷ་སྒྲུང་གི་མི་སྣ་དང་། ཤག་ཐུབ་ཡུམ་གྱི་གློ་ཀར་གཡས་ནས་བལྟམས་པའི་རྣམ་ཐར་རྡོག་རོལ་དུ་བཏང་། ད་གསར་བརྗེ་གསུམ་པའི་སྐབས་ཐུབ་བསྟན་པ་ཚང་ལ་ག་ཚད་ལྷག་ན་ཨཱ་་་། ད་དུང་ངས་གོང་གོང་འདྲའི་ལུང་གི་ཕྲེང་བ་བསྟར་ཡོང་དེ་ནས་ཁྱོད་ཀྱིས་རིམ་བཞིན་མདོ་སྔགས་རྫོགས་གསུམ་ཐམས་ཅད་བོན་ཕྱོགས་སུ་ཕུལ་ཤོག་གོ་སོང་ངམ།??????
སྨན་མོ་མཚོས་བཤད་པ་བཞིན་སྤོབས་མཐའ་ཁོ་རང་གིས་མ་ཤེས་པའི་ཐེག་ཆེན་དང་རྫོགས་ཆེན་
ཕྱག་ཆེན་སོགས་ཆེན་པོའི་རིགས་ཐུབ་བསྟན་པའི་ལུགས་ལ་མི་དགོས་ཐག་གིས་བཅད་པ་ལྟ་བུར་
གསུངས་འདུག་ ངོ་མ་དགོས་ཡོད་མེད་ཁོང་གིས་ཐག་ཆོད་མི་ཆོད་ལ་རགས་ལད་པ་རེད།
སྨན་མོ་མཚོ་གཉིད་མ་ཁུག་ན་སྨན་ཁང་དུ་རྒྱུགས། གོང་དུ་ངས་བཤད་པ་དེ་ཚོ་ལྟོས་དང་ལོ་རྒྱུས་བཤད་དུས་ཚོགས་དྲུག་དབང་པོའི་ཡུལ་གྱུར་པ་ཤར་ཏག་བཤད་དགོས་པ་རེད་མ་གཏོགས། བོང་སྐྱག་ལ་བོན་རྫོགས་པ་ཆེན་པོ་སྒྲོ་བཏགས་ཀྱང་དོན་སྐྱག་པ་ཆེན་པོ་དྲི་མ་ཆེན་པོ་རང་རེད། གྲོག་མ་ལ་འབྲོང་དང་ཤིག་ལ་སྟག་ཏུ་ལྟ་མཁན་ཁྱེད་ཚོས་མི་ཤེས་ཤེས་འདོགས་ཀྱི་ཐུབ་བསྟན་པ་སྤྱི་ལ་སྒྲོ་བསྐུར་བཏབས་པ་རེད། འཇིག་རྟེན་མི་གཤིས་སྐྱག་པ་འདྲ་བོ་ད་ཁྱེད་ཚོ་སྙིང་རྗེ་སོང་ཡ། བསོད་ནམས་ཟད་ཀྱི་བུ་བརྒྱུད་ལ་ཁ་ཏ་བྱས་དང་མ་བྱས་མེད་ཟེར་བ་ཅི་མ་བདེན། འོལ་མོ་ལུང་སྟོན་རྒྱུ་མེད་ནས་ཕྱག་རྫོགས་དབུ་མ་ལ་འཐམ་ཀྱང་། །གཞི་རྩ་མེད་པའི་ཤིང་སྡོང་སྔོན་འགྲོ་མེད་པའི་དངོས་གཞི་ལ་འཇུས་ན་དུག་སྦྲུལ་མགོ་ཡི་ནོར་བུ་ལོན་ནི་མ་རེད་ཀོ ། གཤིན་རབ་གདོན་གཟུགས་ཀྱི་ཁ་གོས་དྲི་མ་དང་ལུས་གོས་ལན་ཆགས་བསལ་མ་དོ་ན་ཡང་ངོ་ཚ་ཁྲེལ་མེད་བཤད་ཀི་མ་འདུག ཁྱོད་ཚོ་ངོ་མ་ན་ང་ཡང་ངོ་ཡང་གི་ཡ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་འོལ་མོ་ལུང་། །ཆགས་གནས་འཇིག་སྟོང་གྲངས་མེད་སྔོན་སོང་ཡང་། །གཡུང་དྲུང་ལི་སྟུག་རིལ་མེད་གཤིན་བོན་གྱི། །ལོ་རྒྱུ་རི་བོང་རྭ་ཡི་ཆེ་ཆོས་བཞིན། །མངོན་རྗེས་ཚད་མ་གང་གི་ཡུལ་མིན་ནོ། །
ལྷག་པ་ཡེ་ཤེས་ལ་གནས་ལུགས་ངོ་སྤྲད་ནས་གདམས་པ།།
སྟག་སྨན་སྟག་སེང་དར་མ་ཟུང་སྦྲེལ་ནས།།
བདེན་གཏམ་ལུང་རིག་མཆེ་སྡེར་རབ་བསྒྲད་ཚེ།།
ལྷག་ཤེས་ཝ་སྐྱེས་ང་རྒྱལ་གྲ་ལོ་ཅན།།
མི་འདོད་བཞིན་དུ་ཕམ་པའི་གནས་སུ་བརྫངས།།
ད་ནི་གཞི་མེད་སྒྲོ་སྐུར་འཁུན་སྒྲ་ཡིས།།
ལུང་སྟོང་ཀུ་ཅོས་བཀང་བ་འདིར་བསམ་ཚེ།།
དགེ་མཚན་འབུམ་ལྡན་ཁ་བརྡ་དྲ་བའི་སྒོ།།
མྱུར་དུ་རྒྱག་ཕྱིར་མཐེ་བོང་སྒྲེང་བ་འདྲ།།
ཛ་དྲགས་བོད་ཀྱི་གནས་སྟངས་མི་བསམ་ཞིང་།།
ཛ་ཡ་རྒྱལ་བའི་བསྟན་ལ་མི་བཀུར་བའི།།
བོད་མིའི་བཟང་སྤྱོད་ལས་འདས་བྱ་ངན་འདི།།
བོད་རིགས་ཆིག་སྒྲིལ་གཏོར་བའི་སྟ་རེ་ཉིད།།
རང་གཞན་གཞུང་ལུགས་མཐོང་བའི་མིག་བུ་འགྲིབ།།
རང་འདོད་ང་རྒྱལ་ཁྲག་གི་འཕར་རྩ་རྒོད།།
ཁྱོད་ཉིད་ར་ལོ(༡)་ལྟ་བུའི་མཐུ་མངའ་ན།། (༡)( ར་ལོ་ཙཱ་བ་)
ཁྱོད་ཀྱིས་བོན་འབངས་ཕུང་ལ་སྦྱོར་ངེས་རེད།།
གཞན་ལ་རྒོལ་བའི་འདོད་འདུན་གཞན་ལས་ལྷ༵ག །
གཞན་ལུགས་མི་ཤེ༵ས་གཞན་གྱི་རྐུབ་ལ་རྒྱུགས།།
ཕྱི་མོའི་མིང་གཞི་ཙམ་ལའང་རྨོངས་བཞིན་དུ།།
ཕྱི་ནང་གྲུབ་མཐའི་རྣམ་བཞག་འབྱེད་དོ་ལོ།།
ཁྱོད་ཉིད་མི་འབྲེལ་ལས་ངན་བསགས་རོགས་རེད།།
ཁྱོད་དང་མི་འགྲོགས་ཉེས་ལྟུང་འཕོག་རོགས་རེད།།
ཁྱོད་ལ་མི་རྩོད་མཐུན་སྒྲིལ་བཤིག་རོགས་རེད།།
ཁྱོད་ལ་མི་འདྲི་རང་སྣང་འཁྲུལ་རོགས་རེད།།
ད་ནི་ཆགས་སྡང་ལས་ངན་བསགས་མཚམས་ཞོགས།།
ད་ནི་རྩོད་རྭའི་ནང་ནས་ཕྱི་རུ་ཐོན།།
ད་ནི་བརྡ་དག་སྙན་གསུམ་སྔོན་འགྲོར་སྦྱོངས།།
ད་ནི་རང་གཞན་གཞུང་ལ་ཐོས་རྒྱ་གྱིས།།
དེ་མིན་བླུན་པོའི་གྲལ་དུ་ལྷོད་པོར་བཞུགས།།
དེ་མིན་མཁས་མདོག་ཤེས་མདོག་མ་གནངས་རོགས།།
དེ་མིན་མཁས་པའི་བགྲོ་གླེང་འཚོགས་རུ་ཆུགས།།
དེ་མིན་ཆོས་པ་ནང་དཀྲུགས་མ་གནང་ལོ།།
རྒྱལ་འགོང་སེམས་ལ་ཞུགགས་ན་ངེད་ཅག་མིན།།
རྒྱལ་ཁམས་བོད་འབངས་འཁྲུགས་ན་ངེད་ཅག་མིན།།
རྒྱལ་བའི་བཀའ་དང་འགལ་ན་ངེད་ཅག་མིན།།
རྒྱལ་བསྟན་གྱོན་གུད་བྱུང་ན་ངེད་ཅག་མིན།།
སྤོབས་པ་མཐའ་ཡས་བཤད་པ་ཐལ་དྲགས་ཤིང་།།
མིག་བརྒྱད་གཞོན་ཟླས་སྨྲས་པ་ཉོག་དྲགས་ཀྱང་།།
བརྗོད་བྱའི་དོན་ལ་འབྲེལ་མིན་ལ་བསམ་ན།།
ཁྱོད་དང་བསྡུར་ན་གནམ་ས་བླ་འོག་རེད།།
དེ་རིང་གསལ་གསལ་ཐིང་ཐིང་ཞུས་ནས་ཡོད།།
དེ་རིང་ཡུར་བ་རྒྱང་བཀག་བྱས་ནས་ཡོད།།
དེ་རིང་ཁ་ཏ་བསླབ་བྱ་སྐྱོང་ནས་ཡོད།།
དེ་རིང་གནས་ལུགས་ངོ་སྤྲོད་བགྱིས་ནས་ཡོད།།
བསམ་ཡོད་མི་བུ་ཡིན་ན་བསམ་བློ་ཐོངས།།
བསམ་ཤེས་དཔྱོད་ཤེས་ཡིན་ན་ཚུལ་མཐུན་ཤོད།།
ཁྱད་གསོད་ངན་སྨྲས་དེ་རིང་མཚམམས་འཇོག་གྱིས།།
ཁྱད་འཕགས་སྨན་མོ་མཚོ་ཡི་གདམས་ངག་ཡིན།
ཡ་་་་་ལྷག་ཤེས་ངས་ཁྱོད་ལ་ཡ་ལན་མ་སྟེར་བ་དེ་ཁྱོད་ཀྱིས་ངོས་འཛིན་གང་འདྲ་བྱེད་ཀྱི་ཡོད། ཧ་ལམ་ཁོས་ང་ལ་ཐུབ་མ་སོང་ངས་ཁོ་ཏག་ཏག་བཟོས་ཡོད་བསམ་བཞིན་ཡོད་ཚོད་རེད། ཧ་ཧཱ་་་། དེ་མ་རེད་ངས་རྒྱུ་མཚན་གཞན་ཞིག་ཡོད་དེ་ལུང་ལས།།
ལྟ་བ་ལོག་པས་ཕུང་ཚབ་ཤིན་ཏུ་ཆེ།།
སྤྱོད་པ་ལོག་པས་འཁྲུལ་ཚབ་རབ་ཏུ་ཆེ།།
སྒོམ་པ་གོལ་བས་ཉེས་ཚབས་ཀུན་ཏུ་ཆེ།།
ཆེ་བ་བཞི་ཡི་ཉམས་འགལ་མཐོལ་ལོ་བཤགས།།
དེ་འདྲའི་ཉེས་པས་གོས་པའི་སྐྱེ་བོ་ནི།།
ལུང་པ་གཅིག་གི་ཆུ་ལ་མི་ཐུང་ཞིང་།།
སྐད་གཅིག་ཙམ་ཡང་འཕྲད་པར་མི་བྱ་ལ།།
ཞེས་པའི་ལུང་དེ་ངས་ཉམས་ལེན་གྱི་མཐིལ་དུ་འཛིན་ཁུལ་བྱ་བཞིིན་ཡོད་མོད། དེས་ན་ཁྱོད་ཀྱིས་བཀོད་པའི་མཆན་སྔ་གཞུག་གང་ལ་བལྟས་ཀྱང་གནས་ལུགས་ཡོད་པའི་ཚིག་ཟུར་ཙམ་མངའ་བ་ལྟ་ཅི་སྟེ། ཁྱོད་རང་ཧ་ལམ་གོང་གི་ཆེ་བ་གཞི་ཡི་ཉེས་པས་གོས་པ་ཞིག་མིན་ནམ་སྙམ་པའི་དོགས་གཞི་ཆེ་རུ་འགྲོ་བཞིན་འདུག་པས། ཡ་ལན་སྟེར་བའི་འདུན་པ་མ་བྱུང་། གཉིས་སུ་ནི་ངེད་ཅག་བོད་མིའི་གནས་སྟངས་ལ་བསམ་བློ་ཞིག་ཐོངས་དང་ང་ཚོ་ད་དུང་འདི་ལྟར་གཞི་མེད་ཀྱི་ནང་འཁྲུགས་ཁོ་ནས་དུས་འདའ་ལོངས་འདུག་གམ། གལ་ཏེ་སྤོབས་པ་མཐའ་ཡས་སོགས་ངེད་ཅག་གི་རྩོད་པ་ལྟ་བུ་ནི་ད་བར་འཕགས་བོད་གཉིས་སུ་མཁས་གྲུབ་གནམ་གྱི་ས་བཀབ་པ་ལྟ་བུ་ཞིག་བྱུང་བ་དག་གིས་ཕལ་ཆེར་འདི་བཞིན་རྩོད་གླེང་བྱུང་འདུག་པས། དེ་དག་ཕན་ཚུན་མཁྱེན་རྟོགས་དང་དག་ཐེར་ཡོང་བ་ལ་ཅིས་མི་ཕན་སྙམ།། ད་ངས་ཁྱོད་རང་ལ་གཞི་མེད་ཀྱི་ཚིག་ངན་ལུང་གང་བྲིས་པའི་ཚབ་ཏུ་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་ཚིག་བཅད་ལྷུག་དུ་མའི་སྒོ་ནས་བྲིས་ཡོད། གལ་ཏེ་མི་གཞི་ལ་བསྒྱུར་བཅོས་གཏོང་ཐབས་འདུག་ན་གཏོང་རོགས། དེ་མི་འདུག་ན་ངེད་ཅག་གི་རྩོད་པ་ལ་བར་ཆད་མ་བྱེད་ཁྱེད་རང་སློབ་སྦྱོང་བྱ་ནས་རྒྱུགས། གལ་སྲིད་ད་དུང་ཚོད་བཟུང་བྱེད་ཀྱི་མེད་ན་སྔར་གྱི་ལམ་ལུགས་བཞིན་ཁ་བརྡའི་དྲ་བདག་གིས་ཁྱོད་རང་གནས་དབྱུང་བཏང་རྒྱུ་ལས་གནས་སྐབས་རིང་མཆན་སྒོ་རྒྱག་ཚོད་མ་རེད་སྙམ། རྒྱུ་མཚན་ནི་ངེད་ཅག་གཞན་རྣམས་ལྷོད་ལ་བབ་ནས་ཁ་ཡོད་ལག་ཡོད་ཀྱི་བརྗོད་གཞིའི་ཐད་བགྲོ་གླེང་བྱེད་བཞིན་ཡོད་པས་སོ།།
ཞེས་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ཨ་རིའི་ཕོ་བྲང་དཀར་པོ་ཉེ་བའི་སར་གནས་སྨན་ཤར་སྨན་མོ་མཚོ་རུ་འབོད་པས་སྤྲིངས།།
སྨན་མོ་མཚོ། ཨ་ཧ་བོ་ཡིན་ན་སྙིང་རྗེ། ད་འུ་ཐུག་ནས་སློབ་གསོ་ལྟ་བུའི་ཚིགས་བཅད་འདྲ་རེ་འབྲི་ཁུལ་བྱེད་ཀྱི་འདུག་ག གང་ལྟར་མཆན་གོང་མ་ཚོ་ལ་བལྟས་ཡོང་དུས་སྟག་ར་དང་། བོན་པོ། ཁྱོད་ཚོས་སྤོབས་པ་མཐའ་ཡས་དང་གཞོན་ནུ་ཟླ་མེད་གཉིས་ལ་ལན་གཅིག་ཀྱང་ཕོག་མི་འདུག ཁོང་གཉིས་ཀྱིས་ཁྱོད་ཚོས་ཁ་ནང་ལ་ས་སྒྱེ་གང་བརྫངས་འདུག རྩོད་པས་ཕམ་ཟེར་བ་ཞིག་ལ་དེ་ལས་ལྷག་པ་ཅིག་ཡོད་མ་རེད། ཁྱོད་ཚོས་ཁོང་ཁྲོ་གནོན་མ་ཐུབ་དུས་ལན་ཕོག་མི་ཕོག་ལ་མ་ལྟོས་པར་ཁ་ནང་ནས་ལྕེ་འགུལ་རྒྱུ་མཚམས་འཇོག་མི་ཐུབ་པ་ཙམ་རེད། དེ་ཁོང་ཁྲོ་སྐྱེས་ནས་གཞན་ལ་བདེན་ཁ་སྟེར་རྒྱུའི་སྙིང་སྟོབས་མེད་པ་ཙམ་ལས་གང་ཡང་མ་རེད། དོན་ལ་ང་ནི་ཆགས་སྡང་གི་དབང་དུ་འགྲོ་བ་ཞིག་ཡིན་མ་གཏོགས་བློ་གཟུ་བོར་གནས་པ་ཞིག་མིན་ཟེར་སྤྱད་འདྲ་ཞིག་མ་གཏོགས་ཅི་ཡང་མི་འདུག འདི་ཚོ་ལ་བལྟས་དུས་བློ་གཟུ་བོར་མི་གནས་པ་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ཧ་གོ་གི་འདུག ལྷག་པ་ཡེ་ཤེས་ལ་ལན་འགའ་རེ་ཕོག་འདུག མང་ཕྱོགས་བརྒྱ་ཆའི་དགུ་བཅུ་ཕོག་མི་འདུག དངོས་ལན་མ་ཕོག་དུས་གཡོ་རྒྱུ་བྱས་ནས་གཞན་ཞིག་བཤད་ཁུལ་བྱས་འདུག འདི་ཚོ་ལ་བལྟས་ན་རྗེས་མ་ནས་བོན་ནག་ཚང་གི་ཚབ་ཡིན་ཁུལ་བྱས་ནས་གཞན་ལ་མ་རྩོད་མ་གཏོགས་བོན་པོ་སྤྱིས་ངོ་ཚ་ཉོ་སྤྱད་ཅིག་མ་གཏོགས་མི་འདུག་ག ང་ནི་རྩོད་པ་འདིའི་ནང་ནས་བུད་ཚར་བ་ཡིན། ཆོ་མི་འདུག གང་ཡིན་ཟེར་ན་ཁྱོད་ཚོ་བོན་ཀྱི་ཕྱོགས་གཏོགས་རྣམས་ཀྱིས་ངོ་མ་ལན་མ་ཐེབ་དུས་གཡོ་རྒྱུ་བྱས་ནས་གཞན་ཞིག་ལ་ཁ་ཁྲིད་འགྲོ་ཁ་བྱེད་ཀྱི་འདུག དེར་བརྟེན་བློ་གཟུ་བོར་མི་གནས་མཁན་དང་རྩོད་པ་བྱེད་པ་དེ་རྒྱག་རེས་ཡིན་པས་རྒྱག་རེས་རྒྱག་འདོད་མ་བྱུང་། མ་གཞི་ཐང་ཡིག་གི་བོན་བསྣུབས་པའི་ལེའུ་ལས། སློབ་དཔོན་པདྨ་ཐང་ནག་བོན་པོ་གཉིས།། གྲུབ་མཐའ་བཟུང་ནས་དགག་རེས་བྱེད་བཅུག་པས།། རྒྱལ་པོའི་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ།། བོ་དྷི་ས་ཏྭ་ཤ་རི་དབུ་ཅན་གཉིས།། གྲུབ་མཐའ་བཟུང་ནས་དགག་རེས་བྱེད་བཅུག་པས།། རྒྱལ་པོའི་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ།། བཻ་རོ་ཙ་ན་ལི་ཤི་ལྟག་རིང་གཉིས།། གྲུབ་མཐའ་བཟུང་ནས་དགག་རེས་བྱེད་བཅུག་པས།། རྒྱལ་པོའི་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ།། ཞེས་སོགས་གསུངས་པ་ལྟར་གནའ་ནས་ད་བར་བོན་པོ་ཚོས་བན་དེ་སང་ལ་ལན་མི་ཕོག་པ་དེ་ལས་ཤིག་ཡིན་ས་རེད། ད་བོན་པོ་སྤྱིའི་ཚབ་བྱས་ནས་ངོ་ཚ་ཉོ་གི་མ་འདུག དེ་ལས་ཐལ་ཚན་མུ་བཙུག་ཡིན་ན་དེ་འདོན་ལ་སྡོད་དང་ཡག་ས་རེད།
ལྷག་པ་ཡེ་ཤེས་ཟེར་ནས་མིང་འདི་སྙན་པོ་ཞིག་འདུག་ཡིན་ཡང་ཁོ་རིག་ཚོར་ཟིན་མི་འདུག
འདི་ལ་དམིགས་བསལ་ཡོད་རེད་ཁོས་གང་བྱུང་ལབ་ཀྱིན་འདུག་ཆོས་ལུགས་གྲུབ་མཐའ་
ཞིག་དང་དེའི་རྗེས་འཇུག་པའི་མི་ད་ཕར་བཞག་དུད་འགྲོ་ཞིག་ལ་དེ་འདྲ་ལབ་མི་ཉན་པ་
བོད་རྒྱུད་ནང་བསྟན་གྱི་ཆོས་ཀྱི་སྙིང་པོ་རེད་ང་ཚོས་ག་དུས་ཡིན་ན་མ་རིགས་དྲུག་སེམས་
ཅན་ཐམ་བཅད་ལབ་ཀྱིན་ལབ་ཀྱིན་ཡང་ཚིག་ངན་རྐྱང་རྐྱང་བཤད་སྡད་ཕན་ཐོག་གང་ཡང་
ཡོད་མ་རེད་འོ་དགོངས་དག་ཁོ་ལ་དམིགས་བསལ་སྤྲད་ནས་ཡང་མང་པོ་ཞིག་བྲིས་སོང་དོན་
དག་སྙིང་པོ་ལྷག་འདུག་རིག་ཚོར་མ་ཟིན་པ་ལ་ཁྲིགས་ཐོག་ནས་ཀྱང་དམིགས་བསལ་རེད་
སྨྱོན་པའི་ལབ་རྡོལ་རང་རེད་དེ་ལ་ཡ་མ་བྱེད་དེ་ལས་བོན་ཕྱོགས་ནས་སྟག་སྨན་སོགས་དང་
བཎ་ཕྱོགས་མིག་བརྒྱད་པ་སོགས་ལ་ཁྱེད་ཚོ་ནི་གུ་ཡངས
་ཡངས་དོ་ཙམ་འདུག་མུ་མཐུད་བགྲོ་གླེང་
གནང་དང་ཕན་ཐོག་ཡོད་ངེས་རེད།
ཡང་སྟག་གསོད་འབྲོང་འདུལ་ཡིན་ན་གཅིག་ཆགས་སྡང་གི་སྨྱོས་འདུག་འདི་ཚོར་
ག་དུས་སྨྱོ་དྭངས་ཀྱི་རེད/////////
རེད་རེད། ཆོས་བཟང་ལྷ་མོ། ལུང་དང་རིགས་པའི་རྒྱ་མཚོ་བརྡོལ་ཏེ་སྨྲ་བ་ངན་པའི་ཉལ་ཉིལ་རྣམས་གཙང་སེལ་གནང་བཞིན་པའི་ལྷག་པ་ཡེ་ཤེས་སོགས་རིག་ཚོ་མ་ཟིན་པ་དང་། ཁ་ནང་དུ་རྡོ་བཅུག་ཀྱང་ཕྱིར་གཡུག་མི་ཤེས་པའི་སྟག་ར་སྨན་མོ་སོགས་གུ་ཡངས་པོར་མཐོང་ལུགས་ལ་བལྟས་ན་ཁྱོད་ངོ་མ་ཆགས་སྡང་གིས་སྨྱོས་མེད་མཁན་ཞིག་ཡིན་ས་རེད། གཟུར་གནས་ཟེར་ན་ཁྱོད་འདྲ་ཞིག་ལོས་ཡིན།
ངས་འདི་ལྟར་བལྟ་དུས་སྟག་གསོད་འབྲོང་འདུལ་ནི་ནམ་རྒྱུན་རིགས་ལམ་གཅིག་ཁོ་ནར་འདེད་དེ་
རྟགས་གསལ་སྐར་ཆ་རེར་ཆད་ཐེངས་གསུམ་རེ་བྱེད་མཁན་གྱི་གང་ཟག་དོ་ནན་པོ་དེ་ཡིན་པ་འདྲ།
དཔེར་ན་ བུམ་པ་དངོས་པོ་ཡིན་ཀྱང་བེམ་པོ་མིན་པར་དམ་བཅས་པའི་ངོར། ཀ་བ་ཆོས་ཅན བེམ་
པོ་མ་ཡིན་པ་ཐལ་ཞེས་དྲི་བ་འདོན་སྐབས། དེ་དེ་ད་རྩོད་གཞི་རྗེ་མོ་རྒྱབ་སོང་ཞེས་ཞབས་འདྲེན་རྡུང་
མཁན་དེ་ཡིན་པ་ཁོ་ཐག་རེད་ཤག། ཧཧཧ ཧཧཧ
རྣམ་པ་ཚོས་སྐུ་ངལ་ཞེ་དྲགས་སྐྱོན་འདུག་མོད་ངས་བསམས་ན་སེང་གེ་སེང་གེའི་ས་ཆར་བཞག
རི་བོང་རི་བོང་གི་ས་ཆར་བཞག་ན་མི་ལེགས་སམ།
དེ་གཉིས་ཀྱི་འཁོར་ཡུག་དང་གནས་སྟངས་ཡོད་ཚད་ཁ་ཁ་ཡིན་པས་དེ་ལྟར་དུ་བཞག་ན་མི་ལེགས་སམ།
ཡང་མགོ་རུལ་རྣ་བས་མ་ཚོར་བའི་བན་ནག་གི་མཚན་གཞི་མཐར་ཐུག་ལྷག་ཤེས་འདི་སྙིང་རེ་རྗེ། ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། མཐོང་རྒྱ་དང་ཐོས་རྒྱ་གང་ཡང་མེད་པའི་ཁར་ཆགས་སྡང་རྨོངས་གསུམ་གྱི་ལས་ལ་གཡེང། ལུང་རིགས་ཟུང་འབྲེལ་གྱི་ཁུངས་བཤད་སོགས་གང་ཡང་མེད་པར་དམོན་ངན་ཤ་སྟག་འདོན། མ་གཞི་ཁྱོད་རྩ་བ་ནས་གོ་བརྡ་འཕྲོད་མཁན་གྱི་མི་ཞིག་གཏན་ནས་རེད་མི་འདུག ངས་ཁ་སྔོན་ནས་བཤད་ཚར། དཔེ་ཆ་ཡུན་རིང་བལྟ་དགོས་རེད། ཧོལ་རྒྱུགས་བྱས་ཡ་ཡོད་མ་རེད། ངས་ཁ་སྔོན་དྲངས་པའི་ལུང་ཚིག་མཚངས་ཅན་སྙིང་གི་འཛེར་མ་ལྟ་བུ་དེ། རྙིང་མའི་རྒྱུད་འབུམ་མདོ་དགའ་ལྡན་ཆོས་འཁོར་གླིང་གི་པར་མ་རྒྱུད་ཆེན་དངོས་གྲུབ་གཏེར་གཟིགས་ནང་ལ་ཡོད་རེད་ཞུས་ཡིན་པ། དེའི་ནང་ལ་ལྟོས། ཤར་ལ་ལྟོས་ཟེར་དུས་ནུབ་ལ་བལྟས་འདི་པ་ཡིན་ན་ག་བ་འགྲིག་གི་རེད། བྱ་བརྒྱ་ཁ་ཤར་ལ་བལྟ་དུས། ཕ་ཝང་མོ་ཀེ་ནུབ་ཞེས་པའི་དཔེ་ལྟར་སོང་ན་དེ་ནི་ཁྱོད་རང་གིས་ལེན་པ་རེད། ད་དུང་ཧ་གོ་གིས་མི་འདུག་ན། མདོ་དགའ་ལྡན་ཆོས་འཁོར་གླིང་གི་ཤིང་དཔར་བརྐོས་པའི་དཔར་མ་རྒྱུད་ཆེན་དངོས་གྲུབ་གཏེར་གཟིགས་ཀྱི་ལེའུ་སུམ་ཅུ་རྩ་གཉིས་ནང་ལ་ལྟོས། ད་དུང་ཧ་གོ་གིས་མི་འདུག་ན། ལེའུ་སུམ་བཅུ་རྩ་གཉིས་པའི་ལུང་ཚིག་དེ་དག་དྲྭ་ངོས་འདིར་སྤེལ་ཤོག ངས་ཁྱོད་ལ་འཛུག་གུ་བཙུགས་ནས་བསྟན་ཆོག མི་རབས་རེ་རེའི་ནང་བཅོས་བསྒྱུར་དང་དག་ཐེར་བྱས་པའི་རྙིང་མའི་རྒྱུད་འབུམ་ཁག་གཅིག་དང། ཁྱོད་རང་གིས་ཁར་སྔོན་བལྟས་པའི་ཆ་མ་ཚང་བའི་རྙིང་མའི་རྒྱུད་འབུམ་གྱི་དཀར་ཆག་དེ་ཚོའི་ནང་ལ་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས། མི་འདུག་བཤད་ཡ་དེ་ཅུང་སྔ་གྲགས་པ་རེད་དོ། མ་གཞི་ཁྱོད་ཀྱིས་ཁ་སེང་རྙིང་མའི་རྒྱུད་འབུམ་ཀླད་གཞུང་འཇུག་གསུམ་ཆ་ཚང་ཞིག་བལྟས་པ་ཡིན་པས། གལ་སྲིད་བལྟས་པ་ཡིན་ན། དེ་འདྲ་བའི་རྙིང་མའི་རྒྱུད་འབུམ་ཀ་པའི་སྡེ་ཚན་ནང་དུ། རྡོ་རྗེ་ཕག་མོའི་ཞབས་འོག་ཏུ། སུ་སུ་མནན་འདུག མཐོང་སོང་བས། གལ་སྲིད་མཐོང་མེད་པ་ཡིན་ན། ཡང་ངས་ངོ་སྤྲོད་བྱེད་དགོས་ཀྱི་རེད་པས། ཁྱོད་རང་ལ་ཤེས་འདོད་ཡོད། ཁྱོད་རང་གིས་རེ་འདུན་བཏོན་ན། ངས་སང་ཉིན་ཡང་བསྐྱར་ངོ་སྤྲོད་ཀྱི་ཚུལ་དུ་སྤེལ་ཆོག ཡང་དེ་དུས་དམོད་ངན་འདོན་མ་ཡོང་ལོ། ངས་ཁ་སྔོན་དྲངས་པའི་རྒྱུད་འབུམ་གྱི་ལུང་ཚིག་མཚངས་ཅན་སྙིང་གི་འཛེར་མ་དེ། ཁྱོད་ཀྱིས་བོན་པོའི་དེཔ་ཆའི་ནང་དང། སྨན་རི་ཆོས་འཁོར་ནང་ལ་ཡོད་མདོག་གིས་རྣམ་པ་ཞིག་བཤད་འདུག་པས། དེ་སྔ་སྨན་རི་དང་བོན་ལ་བོན་འཁོར་མ་གཏོགས་ཆོས་འཁོར་ཞིག་ཡོད་པ་གོ་མ་མྱོང། ཐེ་ཚོམ་གྱི་ངང་ནས་གླེང་གི་ཡོད་ན་ཁྱོད་རང་སྡུག་གྱོང་རེད། ཤེས་པ་རང་བཞིན་དུ་གནས་པའི་སྒོ་ནས་བཤད་བཞག་པའི་གཏམ་ཞིག་ཡིན་ན། བོན་པོའི་དཔེ་ཆ་གང་གི་ནང་ལ་འདུག སྨན་རིའི་དཔེ་ཆ་གང་གི་ནང་ལ་འདུག ཁུངས་བསྐྱེལ་ར་སྤྲོད་འཁྱེར་ཤོག བོན་གྱི་མདོ་སྔགས་སེམས་གསུམ་ག་རེ་ནང་ལ་འདུག མིང་བྱང་གསལ་པོ་བཀོད་ཤོག དགའ་ལྡན་ཆོས་འཁོར་ཟེར་བ་ཞིག་བོན་པོ་ལ་ག་པར་འདུག གསལ་པོ་བྱས་ནས་སྟོན་ཤོག ཡང་དེར་མ་ཟད། པད་འབྱུང་ཤག་ཐུབ་བསྣོལ་བའི་གདན་སྟེང་དུ། དབལ་བོན་སྟག་ལ་མེ་འབར་གཤེགས་སུ་གསོལ། ཞེས་པ་དེ་སྨན་རིའི་དཔེ་ཆ་ག་རེ་ནང་ལ་འདུག བོན་པོའི་དཔེ་ཆ་ག་རེ་ནང་ལ་འདུག ཁུངས་བསྐྱེལ་ར་སྤྲོད་གསལ་པོ་བྱས་ནས་འཁྱེར་ཤོག་དང། དེ་ནས་ག་ལེ་ཞིབ་ཚགས་བྱས་ཆོག་གི་རེད་དོ། ར་རྩེ་ཡང་བརྡར་ཆོག་གི་རེད། ར་རྩ་ཡང་གཅོད་ཆོག་གི་རེད། མ་གཞི་ཁྱོད་ལ་འཁྱེར་རྒྱུ་མེད་པ་ཐག་ཆོད་རེད། ད་ངས་མང་པོ་ཞིག་གླེང་མ་གླེང་ང་རང་དུས་ཚོད་འཕྲོ་བརླག་ལྟ་བུ་མཐོང་གི་འདུག རྒྱུ་མཚན་གང་གི་ཕྱིར་ན། བཙིར་ན་སྣུམ་རྩི་ཐོན་ཡ་མེད་པའི་བླུན་པོ་ནང་གི་བླུན་པོ་དང། བན་ནག་ནང་གི་བན་ནག སྤྱོད་ལོག་ནང་གི་སྤྱོད་ལོག རུ་ཏྲ་ནང་གི་རུ་ཏྲ། གཏི་མུག་མུན་ལྟར་འཐིབས་པའི་ཕག་རྒོད། ཞེ་སྡང་མེ་ལྟར་འབར་བའི་དུག་སྦྲུལ། འདོད་ཆགས་ཆུ་ལྟར་འཁོལ་བའི་དེ་ཕོ། དེ་འདྲའི་རིགས་ཤིག་ལ། གོ་བརྡོ་སྤྲོད་ཁུལ་བྱེད་པའི་ཕྱིར་རོ། དཀོན་མཆོག་མཁྱེན། ད་ཁོང་འཇམ་མགོན་ཙོང་ཁ་པ་མ་གཏོགས་སུ་ཞིག་གིས་བདེན་གཏམ་ལ་མི་ཉན་ཐག་ཆོད་རེད་འདུག་གོ
ལྷག་ཤེས་མཆན་ཨང་༢༩༧མཐོང་ཚེ་ཁོ་བོས་ཀྱང་འདི་ལྟར་གླེང་འདོད་བྱུང།
སྐྱག་སྐྱག་སྐྱག་ཚང་ནང་གི་སྐྱག་འབུ་ཁྱོད། སྐྱག་སྐྱག་སྐྱག་དྲི་དྲོ་བའི་ལྷག་སྐྱག་ཁྱོད། སྐྱག་སྐྱག་སྐྱག་ཚང་ནང་ལ་རྟག་བྱིང་ཁྱོད། སྐྱག་སྐྱག་སྐྱག་པའི་གསེབ་ན་འགྲེས་ལོག་རྒྱོབ། ཀུན་སློང་བསམ་ནག་མ་གཏོགས་ཁྱོད་ལ་མེད། ཁ་བཤད་སྐྱག་གཏམ་མ་གཏོགས་ཁྱོད་ལ་མེད། ལག་ལེན་སྐྱག་ལས་མ་གཏོགས་ཁྱོད་ལ་མེད། སྐྱག་འབུ་སྐྱག་ཚང་བསྡད་ན་ཀུན་ལ་ཕན། ཡེ་རྩ་མ་གྲོལ་མུག་རྩ་ཁྱོད་ལ་གྲོལ། མེད་མུག་ཡིད་མུག་གཏི་མུག་ལྷག་པར་མུག མུག་མུག་མུག་ཡར་མུག་མར་ཡང་མུག ། མུག་མུག་མུག་མཆུ་མུག་དབྱེན་སྐད་མུག བོད་ཀྱི་རིག་གཞུང་བོན་གྱི་རིག་གཞུང་དེ། སྤུ་རྒྱལ་བོན་གྱི་རང་སའི་ནོར་བུ་ཡིན། གཡུང་དྲུང་བོན་མཆོག་བོད་ཀྱི་ཆོས་ལུགས་དང་། བདུན་པའི་ནང་ཆོས་རྒྱ་གར་ཆོས་ལུགས་གཉིས། བོད་ཆོས་རྒྱ་ཆོས་གང་ཞིག་ཡིན་མིན་དེ། གཟུར་གནས་མཁས་པའི་བློ་ལ་ཁྲིགས་སེ་ཡོད། བོད་ཀྱི་ཆོས་ལུགས་རྒྱ་གར་ཆོས་ལུགས་མིན། བོད་ཀྱི་རིག་གཞུང་རྒྱ་གར་རིག་གཞུང་མིན། ཡོད་ཚད་རྒྱ་ལ་བཙན་གྱིས་གཏུགས་འདོད་འདི། མདོ་མེད་བྱིས་པས་བྱབ་རྟགས་སྟོན་དང་མཚུངས། དཀར་ནག་རྒྱ་ཡི་སྤྲང་པོ་བོད་ལ་བརྡོལ། བོད་ཀྱི་ཆོས་རྒྱལ་དད་ཞེན་རྨོངས་པས་གདུང། མར་ཞི་དྭངས་མའི་རིན་ཆེན་བོད་ཀྱི་གཏེར། ཡོད་ཚད་ལྷག་མེད་གཅིག་རྗེས་གཉིས་མཐུད་འཁྱེར། བོད་ཆས་བོད་ཇ་བོད་ཤ་བོད་རྩམ་སོགས། གངས་ཅན་བོད་ཀྱི་ཐུན་མིན་ཕ་ནོར་ཡིན། རྒྱ་གར་སྤྲང་པོ་དེ་ལ་མི་དགྱེས་པས། དེའི་བཀའ་དྲིན་ད་ལྟ་རང་གནས་ཙམ། ཡོད་ཚད་རྒྱ་ལ་གཏུགས་འདོད་དངོས་བདེན་ན། དེ་རིང་ནས་བཟུང་ནམ་མཁའ་གཡའ་དག་བྱོས། དེ་རིང་ནས་བཟུང་ས་གཞི་རྡུལ་དག་བྱོས། བོད་ཇ་བོར་ནས་རྒྱ་ཇ་མངར་མོ་གསོལ། བོད་ཆས་བོར་ནས་རྒྱ་གར་རས་དཀར་གྱོན། གསང་སྤྱོད་འགྲིམས་དུས་ཆུའི་ཤེལ་དམ་ཁུར། གཤང་ལམ་གཙང་སེལ་ཆུ་ཡི་ཆག་ཆག་རྡོབ། ཤ་མར་བོར་ནས་འབྲས་དང་རྡ་ལི་བཟོ། སྨ་ར་ཨག་ཚོམ་མགོ་ལ་སྣུམ་ཡང་བྱུག བསེ་དྲི་དྲོ་བའི་སྒོག་ཙོང་བག་མེད་བསྟེན། ཁྲོམ་ཚོགས་སིང་དུ་ཕོ་རྟགས་ཡང་ཡང་འཕུར། ཡ་ཐོད་ཚོགས་རྣམས་འབུར་དོད་ཐབས་ལ་བརྩོན། སྨིན་མའི་ཚོགས་རྣམས་ཏོག་ཙམ་ཐུག་ཐབས་གྱི། ཤངས་ཀྱི་ཚོགས་རྣམས་རིང་ལ་ཟོར་དབྱིབས་བཟོས། སྨན་གྱི་སྦྱོར་བས་བྲང་ཁར་སྤུ་ཡང་ཐོབ། ཨིན་ཆུང་འཕོང་རྩ་བརྟོལ་བའི་འཕོང་རྒྱོ་བ། དགའ་ལྡན་ལྷག་སྐྱག་ཁྱོད་ལས་གཞན་སུ་ཞིག འཛམ་གླིང་བླ་མ་གངས་ཅན་མགོན་པོ་ཡིས། དུས་ནས་དུས་སུ་གདམས་ངག་བདུད་རྩི་ཆར། རིས་མེད་འཛམ་གླིང་སྤྱི་དང་ཁྱད་པར་བོད། ཐུགས་མཐུན་ཁྲིམས་གཙང་དག་སྣང་ནོར་བུའི་འོད། ཕྱར་བ་གྲུ་འདེགས་འགན་འཁུར་མཉམ་ལེན་དང། རྡོག་རྩ་གཅིག་བསྒྲིལ་ཆོས་ལུགས་མཐུན་བསྒྲིལ་གྱི། བཀའ་སློབ་ཟབ་ཡངས་བསྩལ་བའི་མདོ་དོན་རྣམས། ལྷག་སྐྱག་ཁྱོད་ཀྱི་རྣ་བས་མ་ཐོས་སམ།
དུག་ལ་སྨན་དུ་འཁྲུལ་ན་འཆི་བ་ཡིན། །
རྫུན་ལ་བདེན་དུ་འཛིན་ན་བསླུ་བ་ཡིན། །
བོང་ལ་བོད་དུ་བལྟ་བ་གོལ་བ་ཡིན། །
གཤིན་ར་གསོན་དུ་མཐོང་ན་ཤི་འདྲེའོ། །
བོན་པོ་རང་རྐུབ་སྟོན་ནས་བན་ལ་སྡང་། །
བོན་མིང་གཡོ་སྒྱུ་ཟོར་སྦྱོར་འཁོར་ལོ་སྐོར། །
སྨན་མོ་མི་གཙང་བོང་མཇེར་ཆགས་པས་སྨྱོས། །
མ་རིག་སྟག་ར་སྐྱག་ཆེན་དྲི་མ་ཐུལ། །
ཏྰ་ལའི་བླ་མར་བོང་ཞྭ་ཁྲ་མོར་གཡོག །
སྨོ་རི་བོན་འདྲེས་བོད་ཆོས་ཐ་ར་ཟིག །
ཆོལ་གསུམ་སྐྱག་དུག་ནག་པོས་ཆིག་སྒྲིལ་ན། །
རང་ཆོས་བསྟན་སྲིད་གཡོ་སྒྱུའི་གོད་ཁར་གཡུགས། །
སྤོབས་པ་མཐའ་ཡས་བདེན་ཆེན་རྒྱ་མ་འཇལ། །
གཞོན་ནུ་ཟླ་མེད་ལུང་རིང་སྲང་ལ་ཚད། །
སྟག་གསོད་འབྲོང་འདུལ་གཟུར་གནས་ཕྱག་རྒྱ་ཅན། །
ལྷག་པ་ཡེ་ཤེས་དྲང་སྲོང་དམོད་ཚིག་ཐལ། །
བདེན་བཞི་རྟེན་འབྲེལ་མ་ནོར་ལམ་བཟང་དོན། །
ལྟ་སྒོམ་སྤྱོད་འབྲས་མ་མ་ནོར་རྒྱུད་ལ་འབྱོར། །
ཐེག་པའི་ལམ་རིམ་མ་ནོར་ལེགས་གཟིགས་ནས། །
དམ་པའི་ཆོས་ཀུན་དར་ཞིང་རྒྱས་གྱུར་ཅིག །
དུག་ལ་སྨན་དུ་འཁྲུལ་ན་འཆི་བ་ཡིན། །
རྫུན་ལ་བདེན་དུ་འཛིན་ན་བསླུ་བ་ཡིན། །
བོང་ལ་བོད་དུ་བལྟ་བ་གོལ་བ་ཡིན། །
གཤིན་ར་གསོན་དུ་མཐོང་ན་ཤི་འདྲེའོ། །
བོན་པོ་རང་རྐུབ་སྟོན་ནས་བན་ལ་སྡང་། །
བོན་མིང་གཡོ་སྒྱུ་ཟོར་སྦྱོར་འཁོར་ལོ་སྐོར། །
སྨན་མོ་མི་གཙང་བོང་མཇེར་ཆགས་པས་སྨྱོས། །
མ་རིག་སྟག་ར་སྐྱག་ཆེན་དྲི་མ་ཐུལ། །
ཏྰ་ལའི་བླ་མར་བོང་ཞྭ་ཁྲ་མོར་གཡོག །
སྨོ་རི་བོན་འདྲེས་བོད་ཆོས་ཐ་ར་ཟིག །
ཆོལ་གསུམ་སྐྱག་དུག་ནག་པོས་ཆིག་སྒྲིལ་ན། །
རང་ཆོས་བསྟན་སྲིད་གཡོ་སྒྱུའི་གོད་ཁར་གཡུགས། །
སྤོབས་པ་མཐའ་ཡས་བདེན་ཆེན་རྒྱ་མ་འཇལ། །
གཞོན་ནུ་ཟླ་མེད་ལུང་རིང་སྲང་ལ་ཚད། །
སྟག་གསོད་འབྲོང་འདུལ་གཟུར་གནས་ཕྱག་རྒྱ་ཅན། །
ལྷག་པ་ཡེ་ཤེས་དྲང་སྲོང་དམོད་ཚིག་ཐལ། །
བདེན་བཞི་རྟེན་འབྲེལ་མ་ནོར་ལམ་བཟང་དོན། །
ལྟ་སྒོམ་སྤྱོད་འབྲས་མ་ནོར་རྒྱུད་ལ་འབྱོར། །
ཐེག་པའི་ལམ་རིམ་མ་ནོར་ལེགས་གཟིགས་ནས། །
དམ་པའི་ཆོས་ཀུན་དར་ཞིང་རྒྱས་གྱུར་ཅིག །
ངོ་ནས་བཤད་ན་འདིའི་ནང་གི་བོན་ཕྱོགས་ཀྱི་ཡི་གེ་བ་རྣམས་ནི་མར་ལས་གྲུབ་པའི་སྟ་རེ་ཁས་ནས་གཞན་ལ་དགྲ་འཐབ་བྱེད་པ་དང་མཚུངས་པར་རྣོ་རྩ་ནས་མི་འདུག རྟགས་བསལ་སྐོར་བཤད་མེད་པའི་སྐབས་སུ། ཆོས་ཅན། ཡིན་པར་ཐལ། ཡིན་པའི་ཕྱིར་སོགས་རྫོགས་རྒྱུ་མེད་པར་འབྲི་རྒྱུ་འདུག མ་ཁྱབ་ཅེས་ལན་གཅིག་བཏབ་པའི་རྗེས་ལ། ཆ་ཚང་སྡུམ་སེ་ཆད་ནས་ད་ཚིག་བཅད་འབྲི་བ་དང་བསླབ་བྱ་རྒྱག་པའི་འགོ་འདྲ་ཞིག་བཙུགས་ཡོང་གི་འདུག དང་པོ་ནས་ངས་དེ་ཙམ་ལས་མི་འདུག ཕན་ཚུན་ཚིག་ངན་རིགས་མ་བཤད་ཟེར་ནས་ཞུ་བ་ག་ཚོད་བྱས་ཀྱང་། མི་ངན་བཀག་ན་མི་ཁོག་ཟེར་བ་བཞིན་ཤོར་ཤོར་ངར་ངར་བྱས་ཡོང་གི་འདུག ད་ཤོད་ཡ། འོར་མོ་ལུང་རིང་སྟོན་དང་། ངེད་ཚོའི་ཕ་ཆོས་མ་ཆོས་དར་ས་དེར་གནས་མཇལ་ལ་སོང་ནས་ཚོགས་བསགས་ན་འགྲིག་ཀ སྟོན་པ་ཤྰཀྱ་ཐུབ་པ་སོགས་རྒྱ་གར་བ་རེད་ཟེར། ད་འོ་ན་ངེད་ཚོ་ལ་འབྲེལ་བ་ཡོད་ས་དེ་དག་དག་ཞིག་ཤོད་དང་། ཡང་བཤད་རྒྱུ་ཡོད་པ་མ་རེད། ཕར་དེད་འགྲོ་དུས་ཐིག་ལེ་ན་ད་ལ་ཐིམ། ན་ད་ཡང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་འགྲོ་གི་འདུག།
ཆོས་ལུགས་དང་། མཚན་ཉིད་རིག་པ། ལོ་རྒྱུས་སོགས་བཤད་དུས་བདེན་རྫུན་གྱི་རྒྱ་མར་གཞལ་དགོས་པ་མ་གཏོགས་དེ་ལ་མི་རིགས་རིང་ལུགས་ཀྱི་རྒྱ་རྡོ་བསྣན་ནས་རིན་ཐང་ཇེ་ལྗིད་ལ་གཏོང་གི་ཡིན་ཟེར་བ་དེ་ཁུངས་འཁྱོལ་གི་མེད་པའི་རྟགས་རེད། ཆོས་ལུགས་ཆོས་ལུགས་རེད། མཚན་ཉིད་རིག་པ་ནི་མཚན་ཉིད་རིག་པ་རེད། དེ་ལ་བདེན་པའི་ཆ་གང་དུ་འདུག ཕན་ཐོགས་གང་དུ་འདུག བེད་སྤྱོད་གང་དུ་འདུག་ཟེར་ནས་རིན་ཐང་གཞལ་བ་མ་གཏོགས་འདི་ངའི་ཕ་མེས་ཀྱི་རེད་ཟེར་ནས་རྩ་བ་ཆེན་པོ་དང་། འདི་མི་རིགས་གཞན་གྱི་རེད་ཟེར་ནས་མར་གཡུག་པ་འདི་རིགས་ལ་བློ་གཟུ་བོར་མི་གནས་པ་ཟེར་བ་རེད། ལྷག་པར་ཡང་ལོ་རྒྱུས་ལྟ་བུ་ཡིན་ན་གང་ཞིག་བྱུང་བ་དེ་ཤོད་དགོས་པ་རེད། མ་གཞི་བོན་རང་གི་ལུགས་ལ་བོན་ནི་སྟག་གཟིག་གི་སྐད་ལས་ཞང་སྐད་དུ་བསྒྱུར། དེ་ནས་བོད་སྐད་དུ་བསྒྱུར་བ་ཡིན་སྟབས་རྒྱལ་བ་ཤཀྱཱ་ཐུབ་པའི་ལུགས་ལས་ཀྱང་ང་ཚོ་དང་རྦད་དེ་ཐག་རིང་པོ་ཆགས་ཡོད། ང་ཚོས་ཡོད་ཚད་ཚང་མ་རྒྱ་གར་ལ་ཁུངས་གཏུག་གིན་མེད། ཡིན་ན་ཡང་ནང་བསྟན་རིག་གནས་དང་འབྲེལ་ཏེ་བོད་ཀྱི་རིག་གནས་ཁྲོད་དུ་རྒྱ་གར་རིག་གནས་ཀྱི་ཤན་ཤུགས་ཟབ་མོ་ཞིག་ཐེབས་ཡོད་སྟབས་དེ་ཚོ་མི་བཤད་རང་བཤད་རེད། དེ་སྡུག་པོ་ཞིག་མ་རེད། མ་ཧ་བྷ་ར་ཏའི་ཡུལ་གྱི་རིག་གནས་ནི་འཛམ་གླིང་འདིར་རྒྱ་ཆེ་བ་དང་། གཏིང་ཟབ་པ། བྱུང་སྔ་བ། འཕེལ་འགྱུར་གྱི་བྱུང་བ་འཁྲུག་པོ་བཅས་ངོ་མཚར་མཐའ་ཡས་པའི་བང་མཛོད་ཅིག་ཡིན་སྟབས་ང་ཚོས་རྒྱ་གར་རིག་གནས་ནང་འདྲེན་ཐུབ་པ་དེ་སྤོབས་པ་དང་ངོམ་སོ་བྱེད་ཆོག་པ་ཞིག་རེད།
སྟོན་པ་གཤེན་རབ་བོད་མིན་པ་ནི་སྔོན་གྱི་སྟོན་པ་གཤེན་རབ་ཀྱི་ན་བཟའ་དང་དེང་སང་གི་བོན་པོ་ཚོས་སྟོན་པ་གཤེནརབ་ཀྱི་ཆ་ལུགས་ལ་རིག་གནས་གསར་བརྗེ་བྱས་ཕྱིན་གྱི་ཆ་ལུགས་དེ་ལ་བལྟས་ན་ཡང་ཤེས་ནུས། སྟོན་པ་གཤེན་རབ་བོད་ཡིན་ན་མཐོ་སྒང་གི་ཚ་གྲང་དང་བསྟུན་དེ་ཚར་སློག་དང་ཝ་ཞྭ་ལྟ་བུ་ན་བཟའ་འཐུག་པོ་མནབ་རིགས་ཀྱང་སྟོན་པ་གཤེན་རབ་འདིས་ན་བཟའ་མང་པོ་ཞིག་མནབ་མི་འདུག ན་བཟའ་འདི་འདྲ་སྲབ་མོ་ཞིག་མནབ་ནས་བོད་མཐོ་སྒང་དུ་བཞུགས་ཐུབ་རྒྱུ་མ་རེད།
གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་དེ་བདེན། མ་འགྲིགས་པ་དེ་རང་ལུགས་འཇོག་རྒྱུ་མེད་པས་མ་འགྲིགས་པ་རེད། མི་གཞན་ལ་ཕར་ཁ་འཁོར་ནས་སྐྱོན་བརྗོད་བྱས་བསྡད་རྒྱུ་དེ་གཅིག་པོ་རིག་པ་སྨྲ་བའི་ལས་འགན་མ་རེད། ལྷག་པར་ཡང་མི་གཞན་ཞིག་གིས་དགག་བཞག་དེ་ལུང་འདྲེན་བྱས་བསྡད་ན་དེ་ལས་ཀྱང་ཕན་ཐོགས་གི་མ་རེད། རང་ལུགས་འཇོག་དགོས་པ་རེད།
འོལ་མོ་ལུང་རིང་ལྟ་བུ་ཡིན་ན་ཡང་འདི་གནད་འགག་ཆུང་ཆུང་ཞིག་མ་རེད། འདི་ལྷ་ཡུལ་ཟེར་བ་རེད་དམ། ཀླུ་ཡུལ་ཟེར་བ་རེད། མི་ཕལ་བས་མཐོང་ཐུབ་གི་རེད་དམ་མ་རེད། མི་སུ་འདྲ་ཞིག་གིས་མཐོང་ཐུབ་གི་རེད། དེ་ཚོ་ཁ་གསལ་པོས་རང་ལུགས་འཇོག་དགོས་པ་རེད། རང་རང་ལ་སེམས་གཏིང་ན་འདི་རེད་དང་འདི་མ་རེད་སྙམ་པའི་ཡིད་ཆེས་ཤིག་ཡོད་པ་དེ་བཤད་དགོས་པ་རེད། རང་རང་ལ་འདི་རེད་སྙམ་པའི་ངེས་ཤེས་ཤིག་མེད་ན་ད་མ་འགྲིགས་པ་རེད།
ལུས་ལ་གོས་ངན་གཞང་མོའི་སྔོ་ཆས་གྱོན།།
ངག་ཏུ་གཟུངས་ངན་ཐལ་ཚན་མི་བཙུགས་བཟླ།།
ལས་སུ་ཉེས་མེད་སེམས་ཅན་དམར་མཆོད་དང་།།
བནྡེའི་ཆོས་རྣམས་བརྐུ་བཤུ་བྱེད་ལ་བྲེལ།།
ཇག་པས་རྟ་འདེད་རྟ་བདག་ཐོག་ལ་ཁྲོ།།
ཁྱི་རྒན་བག་ལེབ་བརྐུས་ནས་བདག་པོར་ངེར།།
བོན་པོས་བན་ཆོས་བཤུས་ནས་བན་ལ་སྡང་།།
རྒྱུ་འབྲས་མེད་པའི་མི་ཡིས་ཅི་ཡང་བྱེད།།
ཇི་ལྟར་བཤད་ཀྱང་གཤེན་རབ་མ་རྙེད་ཐལ།།
ཇི་ལྟར་བཙལ་ཀྱང་ལུང་རིང་མ་རིག་ཐལ།།
ཇི་ཙམ་གླེང་ཡང་བོན་ཁུངས་མ་འཁྱོལ་ཐལ།།
ད་ནི་ཁ་ཤ་འཐེན་ལ་བྲང་ཁོག་རྡུངས།།
ལྷག་ཤེས་ལ་སོགས་རིགས་པའི་སེང་གེ་རྣམས།།
གསོད་ན་ནམ་ནོར་ལ་སོགས་གླང་རྒན་དག།
བསད་ཀྱང་རུང་མོད་སྟག་ར་སྨན་མོ་སོགས།།
བྱི་བ་ཙི་ཙི་བསད་ལ་དཔའ་རྟགས་གང་།།
བོན་པོས་ལུང་རིགས་མར་གྱི་སྟ་རེ་ཡིས།།
བན་དེའི་ཆོས་ཀྱི་མེ་ལ་གཞུས་པ་ལས།།
གསུར་དྲི་དྲག་ཏུ་འཐུལ་བའི་མཆོད་སྤྲིན་འདི།།
གཤེན་གྱི་རིང་ལུགས་མཚོན་པའི་མེ་ལོང་ཉིད།།
འགྲོ་ཞོར་ལ་གླུ་ཞིག་བླངས་པ་ཙམ་ལས་ཅི་ཡང་མིན་པས་སྟག་ར་སོགས་མ་ཁྲོ་རོགས།
དངོས་ནས་སྤོབས་མཐའ་སོགས་ལྷོད་ལ་བཞུགས་ཡོད་ས་རེད་ད་ཁྱེད་རྣམས་ལྷོད་ལྷོད་ངང་ངན་
ཚིག་དང་དམོད་ཚིག་གཅིག་མེད་པའི་སྒོ་ནས་བགྲོ་གླེང་ཞིག་བྱ་འདོད་རེད། ལྟས་མོ་བལྟ་གི་ཡིན་ད། དམོད་པའི་སྦྱིན་བདག་དམོད་ཚིག་དོར་བ་འདི། མཚན་མོས་མུན་པ་གསལ་བའི་ཚུལ་མིན་འགྲོ།
སྟག་རས་ལུང་རིག་མཆེ་སྡེར་རབ་རྔམ་པས།
མིག་བརྒྱད་མིག་ལ་སྣང་བར་ར་རི་གྱུར།
སྤོབས་པ་སྤོབས་མེད་མཐའ་རུ་ལྟུང་བ་བྱས།
ཟླ་མེད་མགོ་ལ་རིག་པའི་སྟ་རེ་བརྒྱབས།
ལྷག་ཤེས་སྐྲག་ཅིང་རིག་ཚོར་མ་ཟིན་གྱུར།
སྟག་གསོད་སྟག་གི་ཁར་སྒོ་དབང་མེད་ལྷུང།
སྨན་མོ་སྨན་གྱི་མཚོ་མོ་འདི་རུ་སྐྱིལ།
མིག་བརྒྱད་མིག་གཅིག་ཅུང་ཟད་གསལ་བར་གྱུར།
སྤོབས་པའི་ལྟ་ངན་འདི་ལ་དུག་ཏུ་གྱུར།
ཟླ་མེད་རིག་འཆལ་འདི་ལ་ཅུང་ཟད་ཕན།
ལྷག་ཤེས་སྨྱོན་པ་འདི་ཡི་ཁྲག་རྩ་རྒྱས།
སྟག་གསོད་རྨས་མ་འདི་ཡི་ཁྲག་རླུང་འཁྲུལ།
ཧཧཧཧཧ་བྲེལ་གླུ་ཡིན
རྩོམ་འདིར་མཆན་སྒོ་བཀག་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com