(གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་བྱ་དགའི་ཨང་རིམ་ནང་དུ་ཚུད་པའི་རྩོམ་ཡིག་རྩེ་ཕུད་བཅུའི་གསལ་བསྒྲགས།)
ཕྱི་ལོ་༢༠༡༡ལོའི་ཟླ་བ་༨་ཚེས་༡༤ཉིེན་སེར་འབྲས་དགའ་གསུམ་ནས་རྩོམ་རིགས་ལ་ཐུགས་རྒྱུས་ཡོད་པའི་འཐུས་མི་རེ་དང་སྦེལ་ཀོབ་རྙིང་དགོན་རྣམ་གྲོལ་གླིང་ནས་འཐུས་མི་གཅིག དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་ནས་སློབ་དགེ་གཉིས་བཅས་ཁྱོན་གཤམ་འཁོད་ལྟར་དཔྱད་འདེམས་དྲུག་སེར་སྨད་ཚ་བ་ཁང་ཚན་དུ་གདན་འདྲེན་ཞུས་ཏེ་དཔྱད་འདེམས་སྐོར་བ་གཉིས་པར་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་བྱ་དགའི་ཨང་རིམ་ནང་དུ་ཚུད་པའི་རྩོམ་ཡིག་རྩེ་ཕུད་བཅུ་དཔྱད་འདེམས་བྱས་པ་གཤམ་གསལ་ལྟར་ཡིན། དེ་ཡང་རྩོམ་ཡིག་རྩེ་ཕུད་བཅུ་ལས་ཨང་རིམ་དང་གཉིས་ཀྱི་བང་རིམ་མིན་པར་མཁྱེན་པར་མཛོད།
༡༽བཙུན་མ་བློ་བཟང་བྱང་ཆུབ། ་་་་་་་་་་་་་་་ས་ར་མཐོ་སློབ།
༢༽ཨ་ལོད་ཚེ་རིང་། ་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༣༽དབྱངས་འབུམ་ཚེ་རིང་། ་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༤༽ཨུ་རྒྱན་བཀྲིས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཀྲིས་ལྗོངས།
༥༽ཟླ་བ་བྱང་ཆུབ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་འབྲས་སྒོ་མང།
༦༽འཇམ་དབྱངས་དོན་གྲུབ། ་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༧༽ ཁྲ་མིག་བསོད་ནམས་རྒྱལ། ་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༨༽དབང་ཆེན་རྡོ་རྗེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༩༽ཞི་བདེ་ཟླ་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གྷོ་པ་ཕུག་སློབ་གྲྭ།
༡༠༽ཆོས་ཉིད་འོད་ཟེར། ་་་་་་་་་་་་་་་་་་་་་་་་་་་་་རྡ་ས་བང་ཆེན།
ཀ༽ དཔྱད་འདེམས་པ།
༡༽ དགའ་ལྡན་དགེ་བཤེས་ཀླུ་སྒྲུབ་བཟོད་པ་ལགས།
༢༽འབྲས་སྤུངས་དགེ་བཤེས་འཇིགས་མེད་རྒྱ་མཚོ་ལགས།
༣༽སེ་ར་སོག་རྫོང་བཀྲིས་རྒྱལ་པོ་ལགས།
༤༽རྣམ་གྲོལ་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལས་གཉེར་པ་འགྱུར་མེད་ལགས།
༤༽སྦེལ་ཀོབ་གཏན་སློབ་དགེ་རྒན་ཚེ་བརྟན་བཀྲིས་ལགས།
༥༽ཧུར་སུར་གཞིས་སློབ་དགེ་བློ་བཟང་བསྟན་རྒྱས་ལགས།
གངས་ལྗོངས་གེ་སར་ཚང་འགྲན་རྩོམ་གོ་སྒྲིག་པ་བྱ་ཁྲ་བསོད་ནམས་ནས།།
དགའ་བསུ་ཡོད།
རྩོམ་ཡིག་དེ་དག་མི་འགྱང་བར་བལྟ་ཀློག་ཐུབ་པའི་རེ་བ་ཞུ།
གངས་ལྗོངས་གེ་སར་ཚོགས་པ་ལ་བཀྲ་ཤིས་བདེ་ལེགས།
གངས་ལྗོངས་གེ་སར་ཚང་གིས་བོད་སྐད་ཡིག་གི་སླད་དུ་འདི་ལྟར་ལས་འགུལ་སྤེལ་བ་དགའ་བསུ་ཞུ། ད་དུང་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་འདི་ལྟར་གནད་འགག་ཅན་གྱི་བརྗོད་གཞི་ཞིག་བདམས་ཏེ་རྩོམ་པ་པོ་དག་ལ་གོ་སྐབས་ཤིག་བསྐྲུན་པ་ཧ་ཅང་བཟང་གི དཔྱད་འདེམས་པ་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་འདེམས་པར་ཡིད་ཆེས་ཡོད། ཡིན་ན་སྤྱི་ཚོགས་ཀྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་ན་ང་ཚོས་ཇི་ལྟར་བྱེད། གོ་སྒྲིག་པ་བྱ་ཕྲ་བསོད་ནམས་ལགས་ཀྱིས་དཀའ་ངལ་གདུང་ལེན་བྱས་ཏེ་སྔ་གཞུག་ཀུན་དུ་འབད་པ་ནི་བོད་སྐད་ཡིག་གི་ཆེད་དུ་ངོས་འཛིན་ཡོད།
ང་རང་ནི། མི་སུ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེ་ཡི་ཆེད་དུ། གོམ་པ་གང་སྤོས་པ་དང་ཡིག་འབྲུ་གཅིག་སྤེལ་བ་ཡིན་ན། དེ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་ཞུ་མཁན་ཞིག་ཡིན་པའི་ཆ་ནས། ངས་ཁྱེད་ཅག་གི་ལས་གཞི་དེ་དག་བསྟུད་མར་སྤེལ་ཐུབ་པར་རེ་སྐུལ་དང་ད་རེབས་ཀྱི་ལས་ལམ་ལེགས་འགྲུབ་བྱུང་བ་དེར་འཚམ་འདྲི་དང་དགའ་གུས་གྲངས་མེད་ཡོད་ལགས།
ཐུགས་རྗེ་ཆེ་བྱ་བ་རླབས་ཆེན་སྤེལ་བ།
མཁྱེན་སྤྱན་ཡངས་པ་གེ་སར་ཚང་དང་མཚུངས་མེད་ཁབརྡ་ཚང་ལ་ཆེད་ཞུ།
བློ་ཕམ་པ་ཞིག་ལ་མཁྱེན་ལྡན་པ་རྣམ་པ་ལྷན་རྒྱས་ཀྱིས་གཡག་མགོ་བཀལ་ནས་གླང་ཤ་བཙོང་པ་འདྲ་བོ་
ཆགས་འདུག་
གང་ཡིན་ཟེར་ན་ཁྱེད་རྣམ་པས་གསུངས་གསལབསྒྲགས་གནང་བ་དེ་དག་༼རྩོམ་ཡིག་རྩེ་ཕུད་་བཅུ་རེད་མི་འདུག་དེ་ནི་རྩོམ་པ་པོ་རྩེ་ཕུད་བཅུ་༽རེད་འདུག།
དེ་གཉིས་གཅིག་པ་མ་རེད་དེ་ཉིད་འགལ་བ་རེད།
གལ་ཆེའི་དབྱེ་བ་འདི་རིགས་ཀྱང་དམིགས་གསལ་གྱི་དགག་བྱ་མེད་ན་བེད་སྤྱོད་གནང་ན་བོད་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་པས་དེ་ལ་ཡང་སྲུང་སྐྱོབ་དང་བརྩེ་བཀུར་ངེས་པར་དུ་གནང་རོགས་གནང་ཞེས་ལན་
བརྒྱར་ཞུ་རྒྱུ་ཡིན།
རྨོངས་རྒན་བདག་གིས་བརྟག་ན་སྐབས་འདིར་རྩོམ་ཡིག་གི་མིང་ངམ་རྩོམ་བྱང་གི་ཚབ་ཏུ་རྩོམ་པ་པོ་དང་
བཞུགས་གནས་བྲིས་གནང་བར་དགག་བྱ་དང་དགོས་པ་དམིགས་གསལ་གང་ཡང་ཡོད་མི་སྲིད་དོ་སྙམ་མོ།
མཁྱེན་སྤྱན་ཡངས་པ་གེ་སར་ཚང་དང་མཚུངས་མེད་ཁབརྡ་ཚང་ལ་ཆེད་ཞུ།
བློ་ཕམ་པ་ཞིག་ལ་མཁྱེན་ལྡན་རྣམ་པ་ལྷན་རྒྱས་ཀྱིས་གཡག་མགོ་བཀལ་ནས་གླང་ཤ་བཙོང་པ་འདྲ་བོ་

ཆགས་འདུག་གཱ་

དེ་ལྟར་གནང་ན་རང་མི་རིགས་འདིའི་རིག་གཞུང་འདི་ཉིད་ཡུན་ཏུ་གནས་ངེས། ཡིད་རངས་ཞུ། གོང་ནས་གོང་དུ་འཕེལ་བར་ཤོག
ངག་ཁྲི་ལགས་ཀྱི་ལ་རྒྱབ་སྐྱོར་ཡོད
འོ་རེད ད་དུང་ཤམབྷ་ལའི་དྲ་ཐོག་དཔལ་ལྡན་རྡོ་རྗེ་ཟེར་བ་ཞིག་གི་འདི་ལྟར་བྲིས་འདུག
གངས་ལྗོངས་གེ་སར་ཚང་གི་རྩོམ་འགྲན་གྱི་རྩོམ་སྒྲིག་པ་མཆོག་ལ་
ཆེད་གསོལ།
སྤྱིར་ངས་ཁྱེད་རང་དང་ཐོག་ཟིན་བྲིས་སྤེལ་སྟངས་དང་ཟིང་སློང་སྟངས་མཐོང་མ་ཉིད་ནས་ཉམས་མྱོང་དང་རིག་གནས་ཆུ་ཚད་མེད་ཁར་མིང་གྲགས་ལ་དགའ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་ལ། བྱུང་པ་ནང་བཞིན་གངས་ལྗོངས་གེ་སར་ཚང་གིས་བོད་ཀྱི་བསྟན་དོན་ཐུགས་ལ་བཅངས་ནས་འགྲོ་གྲོན་ཕངས་མེད་དུས་བཏང་པའི་རྩོམ་འགྲན་དེ་ཁྱེད་ཀྱིས་དཔྱད་འདེམས་པ་འདེམས་སྒྲུབ་བཟོ་སྟངས་དེས་སྤྱི་ཚོགས་ན་གླེང་སློང་ཅན་ཆགས་ནས་ད་རྩོམ་འགྲན་སྟག་འདྲ་མོ་དེ་གོ་མེད་ཚོར་མེད་ཝ་མོ་ནང་བཞིན་ཆགས་ཟིན་པ་རེད། ད་རྩོམ་འགྲན་དེ་ཇི་ལྟར་བསྒྲགས་ཀྱང་བྲོ་མེད་མཁན་གྱུར་ཚར་པ་སྤྱི་ཚོགས་ཐོག་ཡོངས་གྲགས་རེད། ཁྱེད་ཀྱིས་རྣ་བ་ཕྱེ་ནས་སྤྱི་ཚོགས་ཐོག་གི་སྐད་ཆ་ལ་ཉོན་ན་ཤེས་ནི་རེད།
སྤྱིར་བཏང་དེ་རིང་དཔྱད་འདེམས་པ་ཁ་ཤས་ལ་རྒྱུས་མེད་ལ།ཁ་ཤས་ལ་རིག་གནས་ཀྱི་ཆུ་ཚད་ཡག་པོ་འདུག་ འོན་ཀྱང་དཔྱད་འདེམས་ཚར་ག་ཚོད་བྱས་ཀྱང་ཐོག་མའི་གསལ་བསྒྲགས་ཀྱི་འབྲུ་དོན་དང་འགལ་ཚར་པ་རེད་ལ། ད་ཁྱེད་ཀྱིས་དཔྱད་འདེམས་ཚར་ག་ཚོད་བྱ་རྩིས་ཡོད་མེད་དང་། དཔྱད་འདེམས་པ་ཚོ་ལ་དུས་ཚོད་ག་ཚོད་སྤྲོད་ཡོད་མེད། ད་དུང་དཔྱད་འདེམས་པ་ཚོར་རྩོམ་ཡིག་དང་མཉམ་རྩོམ་པ་པོ་ཡི་མིང་སྤྲོད་ཡོད་མེད་སོགས་ལན་གསལ་པོར་གནང་རོགས་།
ད་དུང་ཁྱེད་ཀྱིས་ལས་ཀ་བཟོ་སྟངས་རྦད་དེ་ནོར་ཚར་པ་རེད། ཁ་ལག་སྔོན་དང་ཕུར་པ་གཞུག་ཁྱེར་པ་ནང་བཞིན་རེད། གོ་མེད་ཚེར་མེད་བོང་གུའི་མཐེ་ལངས་པ་ནང་བཞིན་གསལ་བསྒྲགས་རེ་བཟོ་པ་དེ་ག་རེ་ཡིན་ཟེར་གྱིན་ཡོད་རེད།
ཧཧཧཧ
ང་ཚོས་ཉག་ཕྲ་བའི་དུས་སྐབས་འདི་འདྲ་ཞིག་ལ་དེ་ལྟར་ཁ་རྡུང་གཏོང་ཉན་ཡ། རྗེས་སུ་ཡི་རང་གི་གནས་རེད། ཁྱེད་ཅག་གི་ལས་དོན་ལམ་ལྷོང་ཡོང་བར་ཤོག
ཤེས་རབ་དགའ་ཚལ་གླིང་གི་སློབ་མ་ཚོ་སྙན་ངག་
འབྲི་པ་ལ་ཧ་ཅང་གདེངས་ཚོད་ཁོང་ཚོའི་མིང་ཟུར་
ཙམ་ཞིག་ཀྱང་སླེབས་མི་འདུག་པ་ཅི་བྱུང་བ་རེད།
ཁྱེད་ཚོས་རྩོམ་བརྡ་དེ་ཁོང་ཚོ་ལ་མ་འབྱོར་མ་ཡིན་ནམ།
དེ་རིང་ངའི་ཕམ་ཁ་རང་ཉིད་ཀྱིས་མཐོང་བྱུང།
ད་ང་ཚོས་མཚོན་ཁ་དང་སྨྱུག་ཁ་ནང་ལ་སྐོར་ནས་འདུག་པའི་དུས་ཚོད་མ་རེད། མི་རིགས་ཀྱི་ཆེད་དུ་ཁབ་སྐུད་པ་ཞིག་གིས་ཀྱང་ཞབས་འདེགས་མི་ཐུབ་ན་ཁ་ཚོན་མཐོན་པོ་མཐོན་པོ་རེ་བཤད་ནས་འདུག་པའི་བྱ་སྤྱོད་དེ་དག་ཕར་གཡུགས། ༧གོང་ས་མཆོག་གིས་ག་དུས་ཡིན་ཡང་ཕན་མི་ཐོགས་ན་གནོད་མ་སྐྱེལ་ཞེས་ཡང་དང་ནན་གྱིས་གསུང་གིན་པ་མ་ཡིན་ནམ། མི་རིགས་འདི་ལ་ངོ་མ་ངོ་གནོང་ནི་ཞིག་རེད། མི་རིགས་ཀྱི་སྐད་ཡིག་དང་བདེ་སྡུག་སོགས་ཀྱི་ཆེད་དུ་རང་ནུས་ལ་དཔག་པའི་ལས་དོན་རེ་བརྩོན་པར་ཡང་ཁ་རྡུང་འདྲ་བཏང་ནས་བསྡད་པ་ཡིན་ན་ཡང་སྙིང་དོན་མཐུན་གྱི་ལས་དེ་སུས་བྱེད། ངོ་མ་ཁ་ཡིས་བཤད་ནས་ལྷ་བཞེངས། ལག་ལ་བཞག་ན་སྣབས་ལུག་ཟེར་བ་ཅི་མ་བདེན།