འདི་ ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྫ་དྲེལ་དཀར་དགོན་གྱི་ སྤྲུལ་སྐུ་ཚེ་རིང་ནས་གཙོ་བོའི་སྦྱིན་བདག་དང་། དྲེལ་དཀར་སྡེ་དགོན་སྤྱི་དང་ཁྱད་པར་དྲེལ་དཀར་བཤད་གྲྭའི་མཁན་སློབ་ཐུན་མོང་ནས་གྲ་ སྒྲིག་གི་འགན་འཁུར་གནང་ཐོག་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ པས་གཙོ་བོའི་གཟིགས་སྐྱོང་བཅས་ཀྱི་འོག ཟབ་རྒྱས་ངང་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་འཚོགས། དེ་ ཡང་སྤྱི་ལོ་༢༠༡༡སྤྱི་ཟླ་༨པའི་ཚེས་༢ཉིན་ནས་ཉིན་ལྔའི་རིང་འཚོགས་བཞིན་ཡོད་པ་ དང་། ཚོགས་འདུ་དེར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ ཁྲིམས་བློ་གྲོས། རྫ་སེལ་ཤུལ་དགོན་གྱི་ཁྲི་པ་སྙན་གྲགས་ཆེ་བའི་དགེ་བཤེས་ལྷ་རམས་པ་ཆེན་པོ་འཇམ་ དཔལ་བློ་ཤེར། རྫོགས་ཆེན་ཤྲི་སེང་ཧའི་མཁན་ཆེན་ཁྲི་འཛིན་མཁན་པོ་ཨ་ཆོས། ར་རྒྱ་ཤེས་རིག་ནོར་གླིང་གི་གླིང་གཙོ་འཇིགས་མེད་རྒྱལ་མཚན་མཆོག རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་དང་གླིང་བླ་རིན་པོ་ཆེ། རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེ། མཁར་ནང་སོ་དགོན་པའི་དགེ་བཤེས་ལྷ་རམས་པ་བསོད་ནམས་བཟང་པོ། ཀ་བཞི་རོང་ཊིག་པ། གཙང་རིག་སྐལ་བཟང་རྣམ་འདྲེན། བྲག་མགོ་དགེ་བཤེས་བསོད་ནམས། རྫ་ཨ རིག་བཤད་གྲའི་མཁན་པོ་འཇམ་དཔལ་རྡོ་རྗེ། དགེ་མང་མཁན་སྤྲུལ་དོན་གཉིས། ལྕང་མ་མཁན་པོ་མཐུ་སྟོབས། རྨེ་བ་མཁན་པོ་ཀླུ་ཕྱུག་སོགས་ཕྱོགས་སོ་སོ་ནས་མཁན་པོ་དང་དགེ་བཤེས་རིགས་པ་སྨྲ་ བ་བཅས་ཀྱི་མཚན་གནས་མངའ་བ་སུམ་བརྒྱར་ཉེ་བ་ཙམ་ཕེབས་ཡོད་ཅིང་། བགྲོ་གླེང་གི་དུས་ཚོད་ཆ་བགོས་ཀྱིས་མཁས་པ་སོ་སོས་ཆུ་ཚོད་སྐར་མ་བཅོ་ལྔ་བགྲོ་ གླེང་དང་དེ་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་སྐར་མ་ཉི་ཤུ་རྩ་ལྔ་རེ་ལ་གནང་ཡོད། ཚོགས་འདུའི་སྟེང་ཐོག་མར་སེར་ཤུལ་ཁྲི་པ་ལྷ་རམས་པ་འཇམ་དཔལ་བློ་ཤེལ་ནས་རིགས་ པའི་ལམ་ནས་སྟོན་པ་ཚད་མར་སྒྲུབ་པ་ཞེས་པའི་སྐོར་གྱི་གསུང་བཤད་དང་། དེ་རྗེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ བདག་སྐྱོང་བྱ་ཚུལ་གྱི་གསུང་བཤད།
རྫོགས་ ཆེན་མཁན་ཆེན་ཁྲི་པ་ཨ་ཆོས་ནས་སྤྱོད་ལམ་འདུལ་བ་དང་མཐུན་པ། ཉམས་ལེན་བྱང་སེམས་དང་མཐུན་པ་ཞེས་པའི་ཐོག་ལ་གསུང་བཤད། ར་རྒྱ་འཇིགས་མེད་རྒྱལ་མཚན་ནས་སྤྱི་ཚོགས་ཀྱི་སློབ་གསོའི་སྐོར་གྱི་གཏམ་བཤད། རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་ནས་དགོན་པའི་ལམ་ལུགས་རབ་བྱུང་གི་སྡེ་ དངོས་གཙང་དུ་བསྒྱུར་རྒྱུའི་སྐོར་གྱི་གསུང་བཤད། མཁར་ནང་དགེ་བཤེས་ཀྱིས་ཚེ་སྲོག་གི་རིན་ཐང་གླེང་པའམ་མི་ཚེ་ཐར་དུ་གཏོང་བ་ཞེས་ པའི་བརྗོད་གཞི་ལས་བརྩམས་པའི་གཏམ་བཤད། བླ་རུང་མཁན་པོ་གང་བསམ་ལྷུན་གྲུབ་ནས་རྒྱལ་སྤྱིའི་འབུམ་རམས་པ་ཆེན་པོ་བློ་བཟང་ སེང་གེས་བཏོན་པའི་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད། སེར་ཤུལ་དགེ་བཤེས་ཐོས་བསམ་ནས་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཐབས་ སམ་ཅི་ཐུབ་གང་ཐུབ་ཅེས་པའི་ཐོག་ལ་གསུང་བཤད། གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་བོད་སྐད་གཅིག་གྱུར་དང་ལོ་སར་དུས་སྟོན་ གཅིག་གྱུར་ཡོང་དགོས་པ་ཞེས་པའི་ཐོག་ལ་གསུང་བཤད། དབོན་པོའི་རྒན་དགྲ་བླ་ལགས་ཀྱིས་མི་རྩ་གཞན་འགྱུར་གྱི་ཉེན་ཁའམ་བོད་མིའི་དྲང་ བདེན་གྱི་རང་གཤིས་ཉམས་རྒུད་དུ་འགྱུར་བཞིན་པ་ལས་སྐྱོབ་ཐབས་ཞེས་པའི་ཐོག་ལ་ གསུང་བཤད།
དྲེལ་ དཀར་མཁན་པོ་བློ་ཤེར་ནས་དུས་རབས་དང་མཐུན་པའི་དགོན་སྡེའི་ཁ་ཕྱོགས་ཅེས་པའི་ ཐོག་ལ་གསུང་བཤད། བླ་རུང་མཁན་པོ་ཆོས་ཐོ་ནས་དགེ་འདུན་པའི་མནབ་བཟའ་གཅིག་གྱུར་དགོས་པ་དང་དམར་ཟས་ སྤོང་དགོས་པའི་སྐོར་གྱི་གསུང་བཤད། ཀ་བཞི་རོང་ཊིག་པས་མི་རིགས་ནི་ཆོས་ལུགས་ཀྱི་ཞིང་ས་ལྟ་བུ་ཡིན་པས་མི་རིགས་ཆོས་ ལུགས་ལས་ཀྱང་གལ་ཆེ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད།
བླ་ རུང་མཁན་པོ་བརྩོན་འགྲུས་མཐར་ཕྱིན་ནས་མི་མང་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་ སྟངས་ཞེས་པའི་ཐོག་ལ་གཏམ་བཤད། བླ་རུ་མཁན་པོ་རིག་རྔ་ནས་དགེ་འདུན་པས་དམར་ཟས་ངེས་པར་དུ་སྤོང་དགོས་པ་ཞེས་པའི་ ཐོག་ལ་གསུང་བཤད། བྲག་མགོ་དགེ་བཤེས་བསོད་ནམས་ནས་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་ཕྱོགས་ ཀྱི་སྐོར་ཞེས་པའི་གཏམ་བཤད། དྲེལ་དཀར་མཁན་པོ་ཆོས་དགས་མཁས་པའི་ལྷན་ཚོགས་ཀྱི་དགེ་སྐྱོན་གླེང་བ་ཞེས་པའི་ བརྗོད་གཞིའི་ཐོག་ལ་གསུང་བཤད། རྨེ་བ་མཁན་པོ་ཀླུ་ཕྱུག་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་བསྡུ་སྒྲིག་བྱེད་ཕྱོགས་ ཀྱི་སྐོར་ཞེས་པའི་ཐོག་ལ་གསུང་བཤད་གནང་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ནས་བཅུ་མཚན་མོ་ཆུ་ཚོད་བཅུ་པའི་བར་ཐུན་མོང་ གླེང་སྟེགས་ཞེས་པའི་སྟིངས་འཛིན་དམིགས་བསལ་མེད་པའི་རང་མོས་ཀྱི་བགྲོ་གླེང་ གནང་གིན་ཡོད་པ་དང་། དེ་ཡང་ཚེས་གཉིས་ནས་ཚེས་བདུན་གྱི་བར་ཉིན་ལྔའི་རིང་ལ་བགྲོ་གླེང་གནང་རྒྱུ་ཡིན་ པ་དང་། ཉིན་བཞི་པ་ལ་གྲུབ་མཐའ་ཁག་སོ་སོའི་དབུ་མའི་ལྟ་གྲུབ་ཀྱི་འཛིན་མཚམས་སྐོར་ལ་ བགྲོ་གླེང་གནང་རྒྱུ་སོགས་ཀྱི་བགྲོ་གླེང་གི་ལས་རིམ་མུ་མཐུད་འགྲོ་བཞིན་པ་རེད་ འདུག གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་པའི་ངོས་ནས་ཀྱང་ཐེངས་འདིའི་ གངས་ལྗོངས་མཁས་པའི་ལྷན་ཚོགས་ནི་གངས་ལྗོངས་མཁས་པའི་ལྷན་ཚོགས་དབུ་ཚུགས་ནས་ད་ བར་ཐེངས་བརྒྱད་ཀྱི་རིང་གི་རིས་མེད་ཀྱི་མཁས་པའི་འདུ་འཛོམ་རྒྱ་ཆ་ཤོས་དང་བཀོད་ སྒྲིག་ཚགས་ཚུད་ཤོས། སྣེ་ལེན་སེམས་ཐག་ཉེ་ཤོས་སུ་གྱུར་ཡོད་པའི་ཞལ་བཞེས་ཀྱི་གསུང་བཤད་ཀྱང་གནང་ཡོད་ འདུག ཚོགས་འདུ་འཚོགས་ནས་ཉིན་གསུམ་གྱི་རིང་ཆོས་དང་རིག་གཞུང་མི་རིགས་དང་སྐད་ཡིག་ སོགས་ཀྱི་སྐོར་ལ་ཧ་ཅང་གཞི་རྒྱ་ཆེ་བའི་གོ་བསྡུར་དང་བགྲོ་གླེང་གནང་བཞིན་ཡོད་ པ་དང་། དེ་ཡང་གཙོ་ཆེ་བའི་ཆ་ནས་སྤྱིའི་བཀའ་མོལ་མང་ཤོས་ཤིག་མཐུན་སྒྲིལ་དང་རིས་མེད་ དཀར་ཟས་རང་ལུགས་སོགས་ཀྱི་སྟེང་བྱུང་ཡོད་པ་དང་། དེ་ཡང་ཆོལ་ཁ་རིས་མེད་དང་ཆོས་ལུགས་རིས་མེད། ཆོལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་ཞེས་པ་གཉིས་ཀྱི་ཐོག་གནས་གཙོ་བོར་བཀའ་མོལ་གནང་ འདུག
ཉིན་བཞི་པར་ཆོས་བརྒྱུད་ཆེན་པོ་ཁག་གི་འཐུས་ཚབ་རང་བཞིན་གྱི་ཆོས་སྨྲ་བ་ཆེན་པོ་དག་གིས་གྲུབ་མཐའ་སོ་སོའི་དབུ་མའི་ལྟ་གྲུབ་གྱི་བཞེད་མཚམས་ལས་བརྩམས་པའི་བཀའ་སློབ་གནང་ཡོད་པ་དང་། དེ་ཡང་རི་བོ་དགེ་ལྡན་པའི་ལྷ་རམས་པ་འཇམ་དཔལ་བློ་ཤེར། སྔ་འགྱུར་རྙིང་མའི་བླ་རུང་མཁན་པོ་ཆོས་ཐོ། འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་ཚེ་དབང་བཀྲ་ཤིས། དེ་བཞིན་དཔལ་ལྡན་ས་སྐྱ་པ་དང་། རྒྱལ་བ་ཇོ་ནང་པའི་སྐུ་ཚབ་ཀྱིས་ཀྱང་གསུང་བཤད་གནང་ཡོད་པ་དང་། དེ་དེ་དག་གི་ནང་ནས་ཀྱང་བླ་རུང་བཀའ་བརྒྱུད་འཛིན་གྲྭའི་མཁན་པོ་ཚེ་དབང་བཀྲ་ཤིས་ཀྱིས་རྩ་བའི་ཆ་ནས་བཀའ་སློབ་བཀའ་བརྒྱུད་གྲུབ་མཐའི་ཐོག་ནས་གསུངས་ཤིང་། མཇུག་ཏུ་ཆོས་བརྒྱུད་ཁག་གི་མཐར་ཐུག་གི་དབུ་མའི་ལྟ་བ་འགལ་མེད་ཡིན་པའི་འབེལ་གཏམ་ཧ་ཅང་རྒྱས་པར་གསུངས་པར་ཚོགས་ཞུགས་པ་ཡོངས་ནས། ད་སྔོན་ང་ཚོས་སེམས་ཤུགས་དང་ལྷག་བསམ་གྱིས་རིས་མེད་ལབ་བསྡད་པ་དེ་ད་ཆ་ལུང་རིགས་ཀྱི་ལམ་ནས་རིས་མེད་དུ་གྲུབ་པ་རེད་ཅེས་གདེངས་འཇོག་ཆེན་པོ་གནང་བར་མ་ཟད། ལོ་སྔ་མ་ཁག་གི་གྲུབ་མཐའ་ཕན་ཚུན་བགྲོ་གླེང་སྐབས་དང་བསྡུར་ན་བཀའ་མོལ་གྱི་འགང་དང་། ཕན་ཚུན་སྐད་ཆའི་གོ་བརྡ་འཕྲོད་སྟངས། དོན་ལ་གཅིག་གྱུར་ཡིན་པའི་ཐུན་མོང་གི་འདུ་ཤེས་འཁྱེར་སྟངས་བཅས་མངོན་གསལ་ཆེ་བའི་ཡར་རྒྱས་ཕྱིན་ཡོད་པའི་མྱོང་ཚོར་ཡང་གཅིག་མཐུན་དུ་བྱུང་འདུག
སྤྱིར་ཚོགས་འདུ་འདིར་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་དགེ་འདུན་པ་མཉམ་ཞུགས་གནང་ཡོད་པ་དང་རོང་བོ་བསྟན་པ་ཆོས་འཕེལ་དང་ལུ་མདོ་མཁན་པོ་ཟླ་དབང་སོགས་མཁས་པ་གཞན་གྱིས་ཀྱང་མི་མཐུད་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་ཉིན་བཞི་པར་ཨ་རིག་འབྲུག་གྲགས་རིན་པོ་ཆེ་ཡང་ཆེད་ཕེབས་ཀྱིས་བཀའ་སློབ་དང་། ཉིན་ཐ་མར་མཇུག་སྡོམ་གྱི་མཛད་སྒོའི་ཐོག་མཁས་པའི་ལྷན་ཚོགས་དང་ཚོགས་ཞུགས་པ་ཐུན་མོང་གི་ངོས་ནས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། ར་རྒྱ་འཇིགས་མེད་རྒྱལ་མཚན། ལྷ་རམས་པ་འཇམ་དཔལ་བློ་ཤེར་བཅས་ལ་《གངས་རིའི་རྩ་ལག》་ཅེས་པའི་ཕུལ་བྱུང་གཟེངས་ཡིག་ཅིག་ཀྱང་འབུལ་ལམ་ཞུས་པ་དང་ཉིན་དེར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དངོས་སུ་བཞུགས་མེད་སྟབས་བླ་རུང་མཁན་པོ་གང་བསམ་ལྷུན་གྲུབ་ནས་ཁོང་གི་ཚབ་གནང་ནས་གཟེངས་རྟགས་བཞེས་གནང་མཛད། དེ་ཡང་གཟེངས་རྟགས་ཀྱི་ཡི་གེར། གངས་ཀྱི་རི་བོའི་གཙུག་ཏོར་མངོན་མཐོ་བར། །
ཉིད་ཀྱིས་བརྩེ་བས་བཞག་པའི་ཞབས་ཀྱི་རྗེས། །
རྡུལ་བྲལ་གསེར་གྱི་འོད་སྣང་འབུམ་བརྡལ་བ། །
སྲིད་པའི་མཐར་ཡང་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་འཁོད་ཡོད་འདུག
མཐར། གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་རྒྱུན་ལས་མཁས་མཆོག་རོང་བོ་བསྟན་པ་ཆོས་འཕེལ་དང་སེར་ཤུལ་དགེ་བཤེས་ཐོས་བསམ་གཉིས་ཀྱིས་ཐེངས་འདིའི་ཚོགས་འདུ་ཚུགས་ཡུལ་དྲེལ་དཀར་དགོན་གྱི་མཁན་སྤྲུལ་གོ་སྒྲིག་པ་དག་ལ་གཟེངས་བསྟོད་གཟིགས་གསོལ་དང་། ལག་བསྟར་དགོས་པའི་གྲོས་ཆོད་དོན་ཚན་ཁག་ཅིག་ཡོངས་བསྒྲགས་དང་འབྲེལ། འདས་པའི་ལོ་འདི་དག་གི་རིང་གི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་ལས་སྡོམ་སྙན་ཞུའི་གཏམ་བཤད་གནང་བར་མ་ཟད། རྫ་དྲེལ་དཀར་དགོན་གྱི་ངོས་ནས་ཀྱང་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པར་དམིགས་བསལ་ཐུགས་རྗེ་ལེགས་འབུལ་གྱི་འབུལ་རྟེན་ཕུལ་ཏེ་རྒྱལ་ཁའི་ངང་ནས་མཇུག་དྲིལ་འདུག
ཡི་རང་དང་དགའ་བསུ་ཡོད།། སྤྲུལ་སྐུ་ཚེ་རིང་བཀྲ་ཤིས་བདེ་ལེགས།
ངོ་སོ་བསྟོད། ངོ་སོ་བསྟོད།
གངས་ལྗོངས་མཁས་པའི་ལྷན་ཚོགས་ངོ་སོ་བསྟོད།།
རིས་མེད་མཁས་དབང་རྣམ་པ་ངོ་སོ་བསྟོད།།
ཆོལ་ཁ་ཆོས་བརྒྱུད་མཐུན་སྒྲིལ་ངོ་སོ་བསྟོད།།
ཚེ་རིང་བཀྲ་ཤིས་ཁྱོད་ཀྱང་ངོ་སོ་བསྟོད།།
ཚོགས་མི་ཚང་མ་དང་གོ་སྒྲིག་པ་རྣམས་ལ་བཀྲ་ཤིས་བདེ་ལགས་ཡོད།
ཡང་བླ་རུང་གི་བླ་རྫུན་རེ་སླེབ་འདུག། སྐུ་མཁྱེན་་་བླ་རུང་སྒར་ལ་ཞབས་འདྲེན་མ་ཞུ་རོགས་་་དེང་སང་བླ་རུང་གི་བླ་རྒན་ཁ་ཤས་ཀྱིས་དམངས་ཀྱི་དཔལ་འབྱོར་ལ་ཏོ་ཕོག་ཆེན་པོ་གཏོང་གི་འདུག།།དེ་འདྲ་རྩ་ནས་མི་གནང་བར་མཁྱཻན་མཁྱཻན།
རབ་བྱུང་ན་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱིས་བོད་ས་ཡོངས་སུ་དམངས་ཁྲོད་དུ་དེང་དུས་ཀྱི་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་སུ་མཐུན་སྦྱོར་དང་ལག་བསྟར་གནང་རོགས། བོད་པ་ཚང་གནའ་ནས་ད་བར་དུ་སྲོལ་རྒྱུན་གོམས་བཤིས་ཆོས་ལུགས་ཐོག་ཡག་ཐག་ཆོད་ཡོད། འོན་ཀྱང་དེང་དུས་ཤེས་ཡོན་ཐོག་སྟོང་ཆ་ཆེན་པོ་ཞིག་ལྷགས་ཡོད་པ་དང་དེས་བོད་ལ་གྱོང་རྒུད་ཆེན་པོ་ཐེབ་ཡོད་པ་ཤེས་རྒྱུ་གལ་ཆེ།
གཞན་ཡང་འབྲོག་པས་ཤ་མར་མ་ཟོས་ན་ཅི་ཞིག་ཟ་དགོས་པ་རེད། སེམས་ཅན་འཚོ་སྐྱོང་བྱས་པས་དགོས་པ་ཅི་ཡོད།
ཡང་དགེ་བཅུའི་ཁྲིམས་སྤེལ་དགོས་ས་དགོན་པའི་ནང་མི་སྤེལ་བར་ཁྱིམ་པ་ཕོ་མོའི་སྤྱི་ཚོགས་ནང་སྤེལ་བ་ལ་དགོས་པ་ཆུང་། དགོན་པའི་ནང་གང་བྱུང་མང་བྱུང་བྱས། དམ་ཆོས་འདུལ་བའི་ལག་ལེན་ཕར་ཞོག་མི་དགེ་བཅུ་སྤོང་གི་ཁྲིམས་ཆ་ཚང་བ་ཞིག་ཡོད་དམ།
བླ་གྲ་མང་པོ་ཙི་ནུའི་ཡུལ་དུ་ཕྱིན། །དགེ་བཅུའི་ཆོས་ཁྲིམས་རང་གི་ཡུལ་ནས་ལྷགས། །རྒྱ་མི་ཕྱུག་པོ་མཐོང་དུས་དགེ་བཅུའི་ཁྲིམས། །དྲན་པའི་ཡུལ་ན་མེད་དོ་བཙུན་པ་ལགས། །ཅ་དངོས་ཡག་པོ་མཐོང་དུས་དགེ་བཅུའི་ཁྲིམས། །དྲན་པའི་ཡུལ་ན་མེད་དོ་བཙུན་པ་ལགས། །རྒྱ་སྒོར་ཆགས་པ་མཐོང་དུས་དགེ་བཅུའི་ཁྲིམས། །དྲན་པའི་ཡུལ་ན་མེད་དོ་བཙུན་པ་ལགས། །སྦྱིན་བདག་རང་ལ་འགུག་དུས་དགེ་བཅུའི་ཁྲིམས། །དྲན་པའི་ཡུལ་ན་མེད་དོ་བཙུན་པ་ལགས། །གྲོང་ཁྱེར་ནང་དུ་བག་མེད་ལ་རོལ་དུས། །དམར་ཟས་སྤོང་དང་དགེ་བཅུའི་ཁྲིམས་ཀྱང་མེད། །རྒྱ་རིགས་རྐུབ་ལྡག་རང་རིགས་གཉའ་གནོན་མཁན། །དེ་འདྲའི་སྟོན་པ་བོད་པའི་ལྷ་སྐལ་རེད། །ཇི་འདྲའི་བསོད་ནམས་ཆེ་བའི་བོད་པ་ཚང་། །
ཚངས་དབྱངས་ཁྱོད་ཀྱི་མིག་སྔོན་ན་ཡག་པོ་ཞིག་གཏན་ནས་མེད་པའི་ཕྱིར། ལྷག་པར་བོན་ནག་ཁྱེད་ཚོས་ཏྰ་ལས་བླ་མ་ལ་ཡང་ཁ་ངན་རྫུན་གཏམ་ག་ཚོད་སྤེལ་ཡོད་དྲན་ཀི་འདུག་གམ། མ་ཚད་སངས་རྒྱས་ཆོས་ཀྱིས་བོད་འདི་བརླགས་པ་པ་རེད་ཅེས་མོའུ་ཀྲུའུ་ཞུ་ལྟ་བ་རང་འཛིན་པ་ཚོར་ཚུལ་ཁྲིམས་བློ་གྲོས་དང་ཏྰ་ལའི་བླ་མ་ལ་སྡང་བ་ཁག་མི་འདུག ལོག་པའི་ལམ་ལ་མཐའ་མེད་ཕྱིར། དེ་དག་འདིར་ནི་སྤྲོས་བྱ་མིན། ཞེས་པ་ནང་བཞིན་ནོ།
གངས་ལྗོངས་མཁས་དབང་རྣམ་པའི་ཐུགས་འདོད་ལྟར་འགྲུབ་པའི་སྨོན་འདུན་ཞུ་་་་་་་་་་་་་་་
ཡང་དེ་རིང་མཁན་པོ་ཚུལ་བློས་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་བྱ་ངན་དེ་འདྲ་བཤད་མེད་པའི་སྨོན་ལམ།
ཁོ་རེ་ལྷག་པ་ཡེ་ཤེས་ཁྱོད་ངོ་མ་བན་དགའ་བོན་སྡུག་ཚུལ་བློ་ལྟ་བུ་ཞིག་དང་ཁྱོད་ཀྱི་ཁ་ངན་ཆུ་ཕྲ་དེ་
ཡང་གྲུབ་མཐའ་ཁོ་ནར་དམོད་པའི་དམོད་མོ་བ་ཞིག་རེད་མི་འདུག་གི། ཁྱོད་རང་བསམ་བློ་ཐོངས་
དང་མཆན་མཁན་གཞན་པ་ཚོས་གང་ཟག་སྒེར་བས་བྱེད་སྟངས་ཀྱིས་སྤྱི་ཚོགས་སྤྱི་དང་གྲུབ་མཐའ་
ཕན་ཚུན་དབར་ཞི་འཇམ་དང་མཐུན་འབྲེལ་ལ་གནོད་པའི་རིགས་སྔོན་འགོག་བྱས་པ་ཙམ་རེད་
མི་འདུག་གི་དེ་ལ་ཉེས་སྐྱོན་ཇི་ལྟར་ཡོད། ཁྱོད་རང་གི་བཤད་སྟངས་ལ་གཅིག་ལྟོས་དང་གཞན་གྱི་
སྐྱོན་ཡོན་ལ་བརྟག་དཔྱད་གང་ཡང་མེད་པར་གང་ཟག་དེའི་གྲུབ་མཐའ་ལ་ངན་སྨྲས་དང་མིང་ངན་
འདོགས་རྒྱུ་ཁོ་ནར་འབད་པ་བྱས་བསྡད་ན་ཕན་ཚུན་དབར་མཇུག་འབྲས་བཟང་པོ་ཞིག་ག་དུས་
ཐོབ་རྒྱུ་ཡོད་དམ། ནག་པོའི་ཐ་སྙད་གཅིག་འདོགས་ཐུབ་དུས་གླད་པ་ཡངས་སེང་སེང་འདྲ་ཆགས་
རྒྱུ་འདུག་གམ། སྒོ་གསུམ་གྱི་ནང་ནི་ངག་གི་སྒོ་ནས་ལས་འབྲས་མེད་པ་ཕྱི་རོལ་པའི་སློབ་དཔོན་
ཞིག་གིས་བྱིན་གྱིས་རླབས་ཟིན་པ་མིན་ནམ།
ཨོ་རྒྱན་རིག་འཛིན་ཟེར་བ་ཁོ་གསེར་རྟ་ནས་ཡིན་པ་འདྲ།
རིས་མེད གསར་གཏོད་ ཆིག་སྒྲིལ་ ནང་ཚག་རིས་མེད་ཕྱེད་རིས་མེད་སྟོན་པ་གཅིག་ཡིན་པས་རེས་
མེད་ཡག་པོ་རེད་བཀྲ་ཤིས་བདེ་ལེགས་
ལྷག་པ་ཡེ་ཤེས་ལགས་མུན་ནག་མདའ་འཕེན་མ་བྱེད་ཚངས་དབྱངས་ཟེར་བ་འདི་བོན་པོའི་གྲུབ་མཐའ་ལ་
ཞུགས་མཁན་ཞིག་མ་རེད་གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཁོ་རང་མི་གཅིག་ལ་ལབ་དགོས་པ་ལས་
གྲུབ་མཐའ་སྤྱིར་དམོད་དགོས་པ་ཅི་ངས་ཁེ་ཉིན་ནས་ཞུས་ཡོད་བོན་གྱིས་ཁྱོད་རང་གི་ཕ་མ་དམར་མཆོད་
ཕུལ་སོང་ངམ་??? ངེས་འདི་འདྲ་བྲིས་དུས་ང་ལ་ཡང་བོན་ནག་ལབ་རྒྱུ་རེད་བོན་ནག་ལབ་ན་ལབ་བཎ
ནག་ལབ་ན་ག་རེ་ལབ་ན་ལབ་རོགས་ང་ལ་ཁྱད་གང་ཡང་མེད་ཡིན་ན་ཡང་ང་ནི་བོད་མི་རིགས་ཚང་མ་རིས་
མེད་
མཁན་ཆེན་ཚང་རྒྱ་བླ་ཡིན་ཚང་སྤྱི་ཚོགས་ལ་བསམ་བློ་མ་བཏང་བར་གཏམ་བཤད་འདྲ་མིན་ཞིག་གནང་བཞིན་ཡོད་པར་མ་ཟད་འབྲོག་པའི་འཚོ་བ་ཁ་འཐོར་བྱེད་ཀྱི་ཡོད་པ་འདི་ནི་རྒྱ་ནག་དམར་གཞུང་གི་ཐབས་ལམ་ལས་མ་འདས།
བོན་ལ་དཀར་ནག་མེད་དེ་བན་ལ་དཀར་ནག་མེད་པ་བཞིན་ནོ།
ཚུལ་ཁྲིམས་བློ་གྲོས་ཟེར་བ་དེ་ལ་རྒྱ་དམར་གཞུང་གི་ཆབ་སྲིད་གོ་གནས་འདྲ་སྤྲད་ཡོད་དམ། བླ་ཆེན་སུ་ཞིག་གིས་རྒྱ་དམར་གཞུང་གི་འདོད་མོས་དང་མཐུན་པ་ཞིག་བཤད་པ་དང་སྒྲུབ་པ་བྱས་ན་དེ་ལ་རྒྱ་དམར་གཞུང་གིས་གོ་གནས་ཆེན་པོ་རེ་སྤྲད་ཡོང་བ་ཡིན་དུས་སུ་ཞིག་རྒྱ་བླ་ཡིན་ཤེས་ལས་སླ་པོ་རེད།
I am thinking Tsultrim Sodoe is very bad.
I am thinking Tsultrim lodoe is not good. He id very bad.
༦༽ ཨོ་རྒྱན་རིག་འཛིན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༨ སྐར་མ་ ༢༩
མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག །རྒྱ་དམར་སྲིད་གཞུང་མགོ་སྟེང་སློག་པར་ཤོག །
བོད་ཡུལ་བླུན་པོའི་རྨོངས་དད་སེལ་བར་ཤོག །བོད་འཇོམས་བླ་སྤྲུལ་མིང་མེད་བྱེད་པར་ཤོག །
ལྷག་པར་བོད་ནང་གི་བྱ་སྤྱོད་ཐལ་དྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ལ་གནད་ལ་ཁེལ་བའི་བསླབས་བྱ་རེ་མཁས་དབང་ཁོང་གིས་གནང་ཐུབ་པར་ཤོག
ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ཀྱི་ཆོས་སྲིད་མཉམ་བསྲེས་ཀྱི་ཐལ་ཆ་ནི་ཧ་ལས་དགོས་པ་རང་རེད།
ང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ངས་ཚུལ་ཁྲིམས་བློ་གྲོས་ཀྱི་བཟང་ཕྱོགས་གཅིག་པུ་སྟེ། ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་མཐོང་པས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་དེའི་རྗེས་ནས་ང་ཚོས་ཁོང་གི་སྐྱོན་ཆ་ཚབས་ཆེན་གང་མང་ཞིག་མཐོང་བྱུང། ངོ་མ་ཚུལ་ཁྲིམས་བློ་གྲོས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་མཁན་ཞིག་རེད།
༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་བཞིན་ཡོད་པ་རེད། ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ།
གངས་ཀྱི་རི་བོའི་གཙུག་ཏོར་མངོན་མཐོ་བར། །
ཉིད་ཀྱིས་བརྩེ་བས་བཞག་པའི་ཞབས་ཀྱི་རྗེས། །
རྡུལ་བྲལ་གསེར་གྱི་འོད་སྣང་འབུམ་བརྡལ་བ། །
སྲིད་པའི་མཐར་ཡང་ཀུན་གྱི་སྙིང་ལ་གནས། །
བསྟན་འཛིན་མིང་ཅན་བོད་ཡིག་མི་ཤེས་མཁན། །
བསྟན་པ་མི་ཤེས་བན་བོན་ཕྱོགས་རིས་ཅན། །
བསྟན་བཤིག་བསམ་ནས་དྲ་འདྲེ་མངོན་རྒྱུགས་ཚོས། །
བསྟན་འཛིན་དམ་པ་མཇལ་ཚེ་ཕྲག་དོག་སྐྱེ། །
ད་ཡིན་ན་ངོ་མ་ལྷག་ཤེས་བདེན་གི་ཡ།
གངས་ལྗོངས་ཀྱི་མཁས་དབང་རྣམ་པ། དཔྱོད་ལྡན་གྱི་གཞོན་ནུ་གསར་སྐྱེ། རྒྱལ་ཕྱི་ནང་ན་འཁོད་པའི་བོད་རིགས་སྤུན་ཟླ་ཚོ་གསོན་དང་། །བདེན་པ་དྲང་པོ་བཤད་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་མཁན་པོ་འཇིགས་ཕུན་གྱི་ཐུགས་སྲས་ཡོད་ན་གཅིག་ཆོག མེད་ན་ཐབས་ཆག་པའི་མཁན་པོ་ཞིག་རེད་འདུག ཁོང་ལ་སྨད་ན་མཁན་པོ་འཇིགས་ཕུན་ལ་སྨད་པ་གཅིག་མཚུངས་རེད། དེས་ན་སྤྱི་དོན་རང་དོན་ཞོར་ལ་ཐོབ་པའི་ཏྰ་ལའི་བླ་མས་ཀྱང་རྒྱལ་ཕྱི་ནང་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལས་ལྷག་གཅིག་དེང་དུས་མི་འདུག ང་ཚོ་བོད་མིའི་བསོད་ནམས་ཟེར། དཔེ་དགའ་བོ་བྱུང་། ཡི་རང་དང་བསྔགས་བརྗོད་ཡོད་ཅེས་ཡང་ཡང་དང་ཞེས་སོགས་དང། །རང་དོན་ཁ་ལ་ཁྱེར་སྤྱི་དོན་ཁོ་ན་གཉེར་བའི་གཟན་དཀར་རིན་པོ་ཆེས་ཀྱང་། ད་ལྟ་གངས་རིའི་ལྗོངས་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་མངོན་པར་མཐོ་ཞིང་གཞན་ཕན་རྣམ་དཀར་གྱི་ཕྲིན་ལས་མཚུངས་པ་མེད་པ་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གི་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་པས་གཞི་བསླངས་པ་དང་། གཞན་ཡང་གངས་ལྗོངས་རིག་གནས་ཀྱི་མདུན་ལྗོངས་ལ་གཟིགས་པ་ཡངས་ཤིང་ལྷག་བསམ་དགེ་བའི་དཔྱོད་ལྡན་མཁྱེན་ཡང་དུ་མས་དུས་ཡུན་རིང་པོར་དཀའ་བ་མང་དུ་སྤྱད་པའི་འབྲས་བུ་འབའ་ཞིག་ལགས་པས་ཤིན་ཏུ་ཡི་རང་དང་ལེགས་སོ་བརྗོད་པའི་འོས་སུ་ཆེ་ལ། ངེད་ཀྱིས་ཀྱང་འདིར་ཆེད་དུ་ཚུལ་ཁྲིམས་བློ་གྲོས་ལགས་ལ་བཀའ་དྲིན་ཆེ་ཞེས་ཙེ་ཐག་པ་ནས་ཞུ་ཞིང་། སླད་ཀྱང་འདི་དང་འདི་ལྟ་བུའི་གངས་ལྗོངས་རིག་གནས་ལ་གཅིག་ཏུ་ཕན་པའི་གཞན་ཕན་གྱི་མཛད་པ་གང་བརྩམས་པ་གེགས་མེད་ལེགས་པར་འགྲུབ་པའི་སྨོན་འདུན་ཞུ་བ་ལགས། ཞེས་པའང་ཐུབ་བསྟན་ཉི་མ་ནས་་་ཞེས་དང་། གནའ་དེང་རིགས་ལམ་ལ་བྱང་ཆུབ་པའི་རྨི་ལམ་དབང་ཕྱུག་གིས་ཀྱང་། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཞེས་ཁ་ནས་མ་ཎི་འདོན་འདོན་དང་།གསོལ་འདེབས་དད་པའི་མཆོད་སྤྲིན་ལས། །ལྟ་བ་ཀློང་ཆེན་རབ་འབྱམས་ཐུགས་དགོངས་ཀྱི་ངོ་བོ། །སྒོམ་པ་མཁྱེན་བརྩེ་འོད་ཟེར་ཕན་བདེ་ཡི་རང་བཞིན། ། སྤྱོད་པ་རྒྱལ་བའི་མྱུ་གུ་མཚུངས་མེད་ཀྱི་ཐུགས་རྗེ། །འབྲས་བུ་བསྟན་པའི་བདག་པོ་སྙིང་དབུས་འདུད་དོ། །བསྟན་འགྲོའི་དོན་ཆེན་འགྲུབ་པའི་བྱིན་རླབས་ཞིག་སྩོལ་ཤོག །ཨོཾ་ཤྰི་ལ་མ་ཏི་བཛྲ་སིདྡྷི་ཧྰུཾ་ཨ། །ཤྲྰིས་སྙིང་ནས་སྨོན་པ་དགེའོ། །ཞེས་སོགས་བཟང་ངན་ཀུན་པོས་མགྲིན་གཅིག་གི་དབྱངས་དང་དགོངས་པ་གཅིག་གི་བསྔགས་བརྗོད་མཛད་པ་ལ་བོན་ནག་འགའ་ཞིག་དང་ཨོ་རྒྱན་ཙམ་འཛིན་པ་ཚོ་མ་དགའ་རུང་སྒེར་སྐྱོན་མ་རིག་པས་སྒྲིབ་པ་ཁོ་ནའོ། །
གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་སོགས་ཀྱིས་ཞེ་ཐག་ནས་དང་ཨོ་རྒྱན་མིང་འཛིན་པ་ཚོས་ཐོ་ཅོ་དང་ཅོ་དྲི་བ་འབའ་ཞིག་ལགས་སོ།
མཁན་ཚུལ་ཁྲིམས་བློ་གྲོས་ཚང་སྐུ་ཡོན་ཆེ་ལ་་་བོད་གངས་ཅན་པའི་ཆོས་དང་རིགས་གཞུང་ལ་ལྷག་བསམ་རབ་ཏུ་དཀར་བའི་སྐྱེས་བུ་ཞིག་ནི་ཡིན་ཚོད་གདའ ། འོན་ཅང་ཁོང་གི་སློབ་ཁྲིད་གནང་བའི་འོད་སྡེར་མང་དག་ཅིག་་་་་ངས་ཉན་རྒྱུ་བྱུང་བའི་རྒྱུ་རིམ་ནང་གི་ཚོར་སྣང་ཞིག་ལ་་་་སྤྱིར་ལུང་རིག་གི་ལྟ་གྲུབ་ཀྱི་ཆ་ནས་མིན་པར་འབྲེལ་ཡོད་མེད་ལ་མི་བལྟ་བར་་་་དགེ་ལྡན་པ་ལ་དབུ་ཕོག་ཞབས་ཕོག་གི་ཚིག་རྣ་ལ་མི་སྙན་པ་མང་དག་རེ་གསུངས་ཀྱི་འདུག་པས་་་་་དེ་ཚོ་ཁོང་གི་མཛད་འཕྲིན་ལ་གནོད་པ་ལས་ཕན་ཐོག་མེད་ཙང་སྙན་པོ་མ་བྱུང་ ། ཐེངས་ཅིག་ཁོང་གིས་ཀླུ་སྒྲུབ་དགོངས་རྒྱན་དཔེ་ཁྲིན་བྱས་པའི་འོད་སྡེར་ཅིག་ལ་ཉན་པ་ཡིན་་མཐུན་སྣང་དུ་གྲུབ་མ་གྲུབ་བཤད་སྐབས་༼ ཁ་ཆེ་ཚོར་་་་་རྔ་མོང་གྱི་ཤ་ཟ་རུང་མིན་ལ་སྐད་ཆ་དྲིས་ན་་་་ཟ་རུང་བའི་སྒྲུབ་བྱེད་དུ་་་་ཀོ་རན་དུ་ཟ་ཆོག་པར་གསུངས་འདུག་ཟེར་སྲིད ༽ མཁན་པོ་ཚང་གི་འདིའི་དོན་ཁྲིད་སྐབས་་་་་ཀོ་རན་་་ཁ་ཆའི་གསུང་རབ་ཟེར་ནས་འགྲེལ་དགོས་བ་ལ་་་་དེ་ལྟར་མིན་པར་མི་ཁྱིམ་ནང་གི་གོ་ར༼ མེ་ཐལ་འཐེན་སའི་ར་སྐྱོར ༽ ནང་ནས་ཟ་ཆོག་པ་ལས་ཕྱི་རོལ་ཏུ་ཟ་ཆོག་གི་མ་རེད་ཟེར་ནས་ཁ་ཆེས་ཚོས་བཤད་ཀྱི་ཡོད་ས་རེད་ཟེར་་་་་་སྤྱིར་ཁ་ཆེའི་ཀོ་རན་ཟེར་ན་ཁོ་ཚོའི་སྟོན་པའི་གསུང་རབ་ཡིན་པ་ཆེས་སྤྱིར་གཏང་གི་རྒྱུན་ཤེས་ཞིག་ཡིན་པས་་་ཡ་མཚན་པ་འདྲ་ཞིག་བྱུང་་་་་་དེ་ཚོ་ད་ཁོང་གི་ཐུགས་སྙམ་མ་གནང་བའི་སྐྱོན་ལོས་ཡིན་་་་་་་་་་་་་་་་་་་་་
མཁན་ཚུལ་ཁྲིམས་བློ་གྲོས་ཚང་སྐུ་ཡོན་ཆེ་ལ་་་བོད་གངས་ཅན་པའི་ཆོས་དང་རིགས་གཞུང་ལ་ལྷག་བསམ་རབ་ཏུ་དཀར་བའི་སྐྱེས་བུ་ཞིག་ནི་ཡིན་ཚོད་གདའ ། འོན་ཅང་ཁོང་གི་སློབ་ཁྲིད་གནང་བའི་འོད་སྡེར་མང་དག་ཅིག་་་་་ངས་ཉན་རྒྱུ་བྱུང་བའི་རྒྱུ་རིམ་ནང་གི་ཚོར་སྣང་ཞིག་ལ་་་་སྤྱིར་ལུང་རིག་གི་ལྟ་གྲུབ་ཀྱི་ཆ་ནས་མིན་པར་འབྲེལ་ཡོད་མེད་ལ་མི་བལྟ་བར་་་་དགེ་ལྡན་པ་ལ་དབུ་ཕོག་ཞབས་ཕོག་གི་ཚིག་རྣ་ལ་མི་སྙན་པ་མང་དག་རེ་གསུངས་ཀྱི་འདུག་པས་་་་་དེ་ཚོ་ཁོང་གི་མཛད་འཕྲིན་ལ་གནོད་པ་ལས་ཕན་ཐོག་མེད་ཙང་སྙན་པོ་མ་བྱུང་ ། ཐེངས་ཅིག་ཁོང་གིས་ཀླུ་སྒྲུབ་དགོངས་རྒྱན་དཔེ་ཁྲིན་བྱས་པའི་འོད་སྡེར་ཅིག་ལ་ཉན་པ་ཡིན་་མཐུན་སྣང་དུ་གྲུབ་མ་གྲུབ་བཤད་སྐབས་༼ ཁ་ཆེ་ཚོར་་་་་རྔ་མོང་གྱི་ཤ་ཟ་རུང་མིན་ལ་སྐད་ཆ་དྲིས་ན་་་་ཟ་རུང་བའི་སྒྲུབ་བྱེད་དུ་་་་ཀོ་རན་དུ་ཟ་ཆོག་པར་གསུངས་འདུག་ཟེར་སྲིད ༽ མཁན་པོ་ཚང་གི་འདིའི་དོན་ཁྲིད་སྐབས་་་་་ཀོ་རན་་་ཁ་ཆའི་གསུང་རབ་ཟེར་ནས་འགྲེལ་དགོས་བ་ལ་་་་དེ་ལྟར་མིན་པར་མི་ཁྱིམ་ནང་གི་གོ་ར༼ མེ་ཐལ་འཐེན་སའི་ར་སྐྱོར ༽ ནང་ནས་ཟ་ཆོག་པ་ལས་ཕྱི་རོལ་ཏུ་ཟ་ཆོག་གི་མ་རེད་ཟེར་ནས་ཁ་ཆེས་ཚོས་བཤད་ཀྱི་ཡོད་ས་རེད་ཟེར་་་་་་སྤྱིར་ཁ་ཆེའི་ཀོ་རན་ཟེར་ན་ཁོ་ཚོའི་སྟོན་པའི་གསུང་རབ་ཡིན་པ་ཆེས་སྤྱིར་གཏང་གི་རྒྱུན་ཤེས་ཞིག་ཡིན་པས་་་ཡ་མཚན་པ་འདྲ་ཞིག་བྱུང་་་་་་དེ་ཚོ་ད་ཁོང་གི་ཐུགས་སྙམ་མ་གནང་བའི་སྐྱོན་ལོས་ཡིན་་་་་་་
མཁན་ཚུལ་གྱིས་ཞབས་འདྲེན་ཚབ་ཆེན་མང་དག་ཅིག་ཞུས་རབས་ནི་དངོས་བདེན་རེད་འདུག ཁོང་མཁན་འཇིགས་མེད་ཕུན་ཆོགས་ཀྱི་སློབ་མ་གྲགས་ཆེན་ཡིན་པ་དངོས་བདེན་རེད་འདུག ད་གང་ཤེས།
ཞབས་འདྲེན་ཟེར་ན་རེད། ཁོང་གིས་དགེ་བཅུའི་ཁྲིམས་ཟེར་བར་ཁག་བཞག་སྒོ་ཕྱུགས་རིགས་བཤས་ཚོང་མི་ཆོག་པར་བྱས་པར་བརྟེན་ནོར་ལུག་བེད་སྤྱོད་བྱེད་མ་བཅུག་པ་དེས་འབྲོག་ཕྱོགས་མེད་པ་ཆགས་བཞིན་པ་དངོས་བདེན་རེད། དེ་ཚོའི་རིགས་བོད་སྤྱི་ལ་གྱོང་ཆེན་རེད།
ངས་ཀྱང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཡིད་ཆེས་ཧ་ཅང་ཆེ། དེང་སང་གཟན་དཀར་བས་བསྟོད་རབས། བོན་ནག་ཚོས་སྨད་རབས་ཀྱིས་ཕན་ས་མ་རེད།
ཨོ་རྒྱན་རིག་འཛིན་གྱིས་བཤད་པ་དེ་ཚོ་ཚང་མར་ངས་ཁ་ཚང་ཞིབ་འཇུག་བྱས་ཡིན། ཚང་མ་དངོས་ཡོད་རེད་འདུག་ད།
བླ་མས་ཤ་མ་ཟ། སེམས་ཅན་མ་གསོད། ལོས་གསུངས། འོན་ཀྱང་མང་ཚོགས་ལ་བཙན་དབང་གིས་ཁས་ལེན་བྱེད་བཅུག་ན་བདེ་པོ་ག་ལ་ཡོད། འོན་ཀྱང་ང་ཚོས་ཞིབ་འཇུག་བྱས་ན་ཡག་པོ་ཡོད་ངེས།
དགེ་བ་བཅུའི་ཁྲིམས་ཀྱི་ནང་དོན་ཡག་པོ་ཞིག་བལྟས་ཡོད་དམ། དགེ་བཅུའི་ཁྲིམས་ཏེ་རྒྱལ་སྤྱིའི་ཁྲིམས་དང་།སྤྱི་ཚོགས་དང་འཁོར་ཡུག འཕྲོད་བརྟེན། སློབ་བསོ། ཆོས་ལུགས། གནའ་དེང་རིགས་པ་གང་ལ་འགལ་བ་དང་ཕོག་ཐུག་ཡོད་པ་རྣམས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ཡོད་དམ། རྒྱུ་མཚན་གང་ཡང་མེད་པར་ཕྲག་དོག་དང་ཕྱོགས་རིས་ཁོ་ནའི་མཆར་གཏམ་སྣ་ཚོགས་རྒྱུད་ལམ་སོ་སོར་སྤེལ་ཏེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་ལ་ཁ་གཏད་གཅོག་ལུགས་ལ་བལྟས་ན། གསར་རྙིང་གི་གྲུབ་མཐའི་ཕྱོགས་ཞེན་དང་། ཡང་ན་ས་ཁུལ་དེར་གནས་ཀྱི་མགོ་གཙོ་སྒེར་བ་འགའ་ཞིག་གི་ལངས་ཕྱོགས་འཛིན་པ་མ་གཏོག་རྒྱུ་མཚན་གཞན་གང་ཡང་མི་འདུག
བྱང་ཆུབ་ཀིྱས་ དེ་ཚོར་ཞིབ་འཇུག་བྱས་པ་ཡིན་ཚང་མ་དངོས་བདེན་རེད་འདུག་ཟེར དངོས་བདེན་རེད་འདུག་ཟེར་བ་ཙམ་གིྱ་བདེན་པར་འགྱུར་འགྲོ་བ་ཨེ་ཡིན་ན་ དེ་མིན་འཔང་རྟགས་ཅི་ཡོད བྲག་འགོ་ས་ཁུལ་ལ་བྱོན་ན་མང་ཚོགས་གཏམ་བཤད་སྤེལ་འདུག་ཟེར་བ་དེ་ ས་ཆ་ག་བར་ཡིན་ན་ བྲག་འགོ་ནི་རྫོང་ཞིག་གི་མངལ་ཁུལ་ཡིན་པས་ས་ཁྱོན་ཆེ་ལ་མི་གྲངས་ཀྱང་ཅུང་མང་བའི་ལུང་པ་ཞིག་ཡིན དོན་མེད་དཀྲོག་གཏམ་སློང་བ་ལས་རང་གིས་ནུས་པས་སྤྱི་ཚོགས་ལ་ཕན་པའི་ལས་དོན་ཅུང་ཟད་རེ་ཨེ་འཁྱོལ་བལྟས་ན་མི་འོས་སམ ང་ཚོ་བཙན་བྱོལ་བ་ལས་གཞིས་བཞུགས་མཁས་དབང་རྣམས་ མཁན་པོ་མཆོག་ལ་རྒྱུས་མངལ་ཆེ་བས་ད་རེའི་ཕུལ་བྱུང་བྱ་དགའ་ཁོང་ལ་ཕུལ་བ་དེས་ཀྱང་ཁྱོད་རྣམས་ཀིྱ་རྫུན་རྐུབ་རྡོལ་མི་འདུག་གམ