གཟའ་སྤེན་པའི་ཉིན། རྩོད་པ་ཅན་གྱི་བོད་རིགས་རྩོམ་འབྲི་བ་སྐད་གྲགས་ཅན། འཇམ་དབྱངས་ནོར་བུས་ནེའུ་ཡོག་ཏུ་བོད་རང་བཙན་གྱི་གཏམ་བཤད་གནང་གི་ཡོད་། ཐེངས་འདིར་། འཇམ་དབྱངས་ནོར་བུས་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཁག་དྲ་ངོས་སུ་བསྟན་ནས་གཏམ་བཤད་གནང་གི་ཡོད་ཅིང་། དེ་ཡང་། བོད་རང་བཙན་གྱི་ལག་སོན་ཡིག་ཆ་ཁག་ལ་འགྲེལ་བཤད་དང་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་གི་ཡོད་། རང་བཙན་གཏམ་བཤད་འདི་བཀོད་སྒྲིག་གནང་མཁན་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིན།
དུས་ཚོད་། གཟའ་སྤེན་པ། ཕྱི་དྲོའི་ཆུ་ཚོད་གཉིས་པ།
ཟླ་ཚེས། སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན།
ས་གནས།
Sagarmatha
Roosevelt & 62nd St., Jackson Heights, NY
འཇམ་དབྱང་ནོར་བུ་ཟེར་མཁན་གྱི་མི་འདི་ལ་ལྟ་བ་དང་ལང་ཕྱོགས་གཏན་པོ་ཞིག་མི་འདུག་འདི་ལོ་འོས་བསྡུ་སྐབས་ཀྱི་ཁོ་ཡི་བྱས་སྟངས་མཐོང་དུས་ཧ་ཅང་གི་བློ་ཕབས་བྱུང་།་སྔོན་མ་ངས་ཁོང་ལ་ཧ་ཅང་གི་གུས་རྩིས་ཞུ་ཡི་ཡོད།་་ད་ལོ་ཁོ་ཡི་གཏམ་བཤད་དང་རྩོམ་འབྲི་སྟངས་མང་པོ་ཞིག་མཐོང་དུས་དངོས་གནས་སེམས་སྟེང་ནས་མི་དགའ་བ་ཆགས་སོང་།་་མི་འདི་ག་དུས་ཡིན་ན་༧་གོང་ས་མཆོག་ལ་སྐྱོན་བྱེད་ཡ་མ་གཏོགས་གཞན་གང་ཡང་བྱེད་ཀྱི་མ་རེད་དོ།་་་གྲོགས་པོ་གཟབ་གཟབ་གནང་དགོས་ཀྱི་ཡོད་དོ།
སྐུ་ཞབས་འཇམ་དབྱངས་ནོར་བུ་མཆོག་ནས་དུས་ནས་དུས་སུ་བོད་རང་བཙན་གྱི་ཅེད་དུ་སྐད་ཤུགས་ཆེན་པོས་འཛམ་གླིང་འདི་ཡོམ་ཡོམ་སྒུལ་བཞིན་པར་ཐུགས་རྗེ་ཆེ་ཞུ།
འཇམ་དབྱང་ནོར་བུ་ཟེར་བའི་མི་འདིས་རྒོལ་དགོས་ས་རང་ཡུལ་བཙན་ཕྲོག་བྱེད་ཁན་རྒྱ་དམར་གཞུང་ལ་ཁ་བཏད་མི་བཅོག་པར་ དུས་དང་རྣམ་པ་ཀུན་དུ་ ༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་འགལ་དང་སྐྱོན་བརྗོད་ སྤྱོད་སློག་ཤ་ཏག་བྱེད་ལེའི་རྩོམ་་སྤེལ་བསྡད་ལེ་ལ་ མི་འདི་མཁས་དབང་མི་ཚད་མཁས་དབང་གི་རྒྱལ་པོ་ཡིན་ཡང་སྐྱུགས་མན་གཏིང་ནས་ལང་སོང་ ཁོ་ལ་བོད་རང་བཙན་གྱི་སེམས་ཤུགས་དང་ཡིད་མཆེས་ཞེན་ཁོག་ངོ་མ་ཞིག་ཡོད་ན་དུས་རྒྱུན་དུ་ནས་ཆི་གང་མི་བྱེད་པར་ དུས་དུས་སུ་གཏམ་བཤད་འདྲ་དང་ ༧གོང་ས་མཆོག་དང་ བོད་གཞུང་ལ་མི་དགའ་ལེའི་སྐྱོན་བརྗོད་ཀྱི་རྩོ་མ་རེ་གཉིས་འདྲ་བྲིས་ན་རང་བཙན་རག་ལེ་རེད་དམ་ འཇམ་དབྱང་ནོར་བུ་ནས་ བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ འཛམ་གླིང་གཞི་བདེའི་དེད་དཔོན་ཆེན་པོ་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ འཛམ་གླིང་ནང་སྙན་གྲགས་ཅན་གྱི་ཧར་ཝརཊ་གཙུག་ལག་སློབ་གྲ་ནས་གཟི་བརྗིད་དང་ལྡན་པའི་ངང་ཡོངས་གྲགས་སུ་མཁས་དབང་ངོ་ཐོག་གི་མཚན་གསོལ་ཐོབ་པའི་ བོད་མིའི་སྲིད་སྐྱོངས་གསར་པ་བློ་བཟང་སེངྒེ་ལགས་ཀྱི་དབུ་འཁྲིད་པའི་བོད་གཞུང་ལ་རྒྱབ་སྐྱོར་གྱིས་བོད་དོན་ཐོག་ཆར་གྲུ་མཉམ་འདེགས་བྱེད་རྒྱུ་ལས་ བཙན་བྱོལ་གྱི་སྒྲིགས་འཛུགས་ལ་མི་དགའ་བའི་སྐྱོན་ཁོ་ན་འཛུགས་མི་བསྡད་ལེའི་རེ་བ་དང་འབོད་བསྐུལ་ཞུ་ལེ་ཡིན་།
༄༅།།སྐུ་ཞབས་འཇམ་ནོར་ལགསཐུགས་རྗེ་ཆེ་རང་བཙན་མུ་མཐུད་ནས་བརྩོད་རོགས་གནང་རྒྱབ་སྐྱོར་ཆེན་པོ་ཡོད་གང་ཡིན་ཟེར་ན་རང་བཙན་བརྩོད་མཁན་མེད་ན༸གོང་ས་མཆོག་ནས་དབུ་མའི་ལམ་གསུངས་པ་བོད་མིའི་ཐོབ་ཐང་རང་བཙན་དང།།་དེང་སྐབས་རྒྱ་ནག་དམར་གཞུང་གི་བོད་ཐོག་འཛིན་པའི་ལྟ་གྲུབ་ངན་པ་གཉིས་ཀྱི་དབུས་ན་ཡོད་པའི་ཆོལ་གསུམ་གཅིག་བསྒྲིལགྱི་རང་སྐྱོངས་ཚད་ལྡན་ཐོབ་དགོས་པས་ས།།
མིང་བོད་དགའ་ཞེས་བཅོས་རོགས།
བོད་གངས་ཅན་ལྗོངས་ཀྱི་བཙན་པོའི་བུ་རྒྱུད་ཁེར་རྒྱུག་མ་གྲགས་ཅན་རྩོམ་པ་པོ། འཇམ་དབྱངས་ནོར་བུ་ལ་གུས་འདུད་དང་། ཁྱེད་ཀྱིས་མུ་འཐུད་དེ་བོད་མི་མང་ཚོགས་ཀྱི་མངོན་འདོད་ངོ་མ་དེ་མཐའ་གསལ་ཐབས་གནང་རོགས་ཞུ། འདིར་བོད་བཙན་པོའི་ཟུངས་ཁྲག་འཇིབ་མཁན་དང་། རྒྱ་ཁྱི་འགའ་ཡོང་གིན་འདུག་ཀྱང་ཁྱེད་ནི་ནམ་ཡང་བྱ་ལམ་ནས་འགྲོ་གིན་ཡོད་པས་ང་ལ་སེམས་འཁྲལ་མེད།
དགའ་བསུ་ཡོད་གང་ཐུབ་ཅི་ཐུབ་ཀྱི་བཤད་དགོས་པ་རེད།
ཡབ་གཞིས་མག་པ། ཁམས་པའི་ཕོ་རྒོད། རང་བཙན་རྒྱལ་པོ། མཁས་པའི་དྭངས་རྩེ། ཁྱེད་ལ་རྒོལ་མཁན་དག་ཡབ་གཞིས་ཚང་ལ་མི་དགའ་མཁན་ཁ་ཤས་ཡིན་པ་ལས་གཞན་ག་ལ་ཡིན། ཡིན་ནའང་། རང་བཙན་ནི་རྒྱལ་ཁབ་འཛུགས་མྱོང་མེད་མཁན་ཞིག་གིས་གསར་དུ་བརྩོན་བཞིན་པ་ཞིག་དང་། སྔོན་མ་རྒྱལ་ཁབ་ཡོད་མཁན་ཞིག་གིས་རྒྱལ་ཁབ་སླར་གསོ་ཞེས་འབོད་པ་ལས་རང་བཙན་ཞེས་བཤད་མི་སྲིད་པར་སྙམ།
ཝེ་འཇམ་ནོར། དང་པོ་རང་ཉིད་རང་བཙན་ཐོབ་བྱས་ནས་རྗེས་སུ་བོད་རང་བཙན་ལ་ཤུགས་རྒྱོབས། ཁ་སྟོང་ནང་གི་ཚིག་སྟོང་གིས་གང་ཡང་མི་ཕན།
བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ཐ་ན་མདང་སྐྱེས་བྱིས་པ་དང་དགོང་ཤི་རྒན་ཁོག་ཡན་ཆད་ནས་བོད་རང་བཙན་མི་དགོས་མཁན་གཅིག་ཀྱང་མེད་ཟེར་ན་ཕལ་ཆེར་མ་འགྲིག་པ་མེད།
ཡིན་ན་ཡང་། རང་བཙན་གི་ལས་ཀ་དེ་ཆབ་སྲིད་གི་ཅིག་ཡིན་ཙང་ཆབ་སྲིད་གི་ལས་ཀ་ཅིག་ཡིན་ན་ལག་ལེན་གི་ཐོག་དང་དངོས་ཡོད་གི་ཐོག་ནས་མ་གཏོགས་ཡོང་ཐབས་མེད་པ་ཞིག་རེད།
ཁོང་ཚོ་མི་ཁག་ཅིག་ནི་རང་བཙན་ཤོད་པ་པོ་ཞིག་ཡིན་པ ་ལས་རང་བཙན་འཐབ་བརྩོད་པ་ཅིག་མིན་ཐོག་རང་བཙན་བརྩོད་ལེན་ཞིག་དེ་བས་ཀྱང་མིན།
ད་དུང་ཁོ་ཅག་གི་ཁ་གཏད་ས་ནི་བོད་གཞུང་དང་བོད་མིའི་དབུ་འཁྲིད་ཐོག་ཡིན། འདི་ལྟར་ལོ་གྲངས་མང་པོ་སོང་རེད། འདི་དག་གིས་ངུ་སྒྲ་ག་ཚད་སྒྲོག་ན་ཡང་་ཕ་རིའི་འབྲོང་མགོ་རྡོ་ཡིན་པ་དེ་སྔོན་ནས་ཤེས་ཡོད།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་བཙན་གྱི་གཏམ་བཤད་གནང་ནས་ལོ་སྒྱུས་ཐོག་
བོད་བཙན་ཡིན་པ་སྒྲུབས་པ་དང་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེས་ལྟར་ལྟའི་གནས་
སྟངས་འོག་ནས་བོད་རྒྱ་ཞི་མོལ་གྱི་ཐབས་ལམ་ལ་བརྟེན་བོད་ཀྱི་རང་དབང་བསྐྱར་གསོ་ཡི་གཞི་བྱེས་
མཉམ་དུ་འཛོམས་པ་དང་༸གོང་ས་༸མཆོག་ཕོ་བྲང་པོ་ཏ་ལ་རུ་གདན་འདྲེན་གྱིས་བོད་ཀྱི་བདེན་མཐའ་
བསལ་བའི་སྨོན་འདུན་གྲགས་མེད་ཞུ།
ཨ་ཁ་གྲངས་མེད་གྲངས་མེད་གྲགས་མེད་མ་རེད་དོ།
དྲྭ་གྲོགས་ཚོ། སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ནི་ཕལ་ཆེར་བོད་མི་རིགས་ཀྱི་ནང་ནས་རང་བཙན་འཐབ་རྩོད་ཀྱི་རྒྱལ་སྲས་མཐའ་མ་དེ་ཡིན་པའི་ཚད་རེད། འདི་ལྟ་བུའི་རང་བཙན་འཐའ་རྩོད་ཀྱི་རྒྱལ་པོ་ཁོང་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མི་དགའ་བའི་མུག་ཤི་བགྲང་བས་ཅང་ཕན་ཐོག་མེད། དེའང་བོད་མི་རིགས་ཀྱི་ལྟ་བ་དང་གྲུབ་མཐའ་ཞིག་གི་སྒང་ནས་རང་ཚུགས་ཀྱི་ལྟ་བའི་ལངས་ཕྱོགས་རྩོད་བཞིན་ཡོད་པ་ལས། ཆོས་ལུགས་ཀྱི་དད་པ་དག་སྣང་གི་མངའ་དབང་ལ་ཡིད་ཆེས་མེད་པ་མ་རེད་ལ། ༸གོང་ས་མཆོག་ལ་ངོ་རྒོལ་ཞུས་པའི་སྐྱོན་སྤུ་རྩེ་ཙམ་ཡང་མེད་པ་ཤེས་པར་གྱིས། མཁས་དབང་འཇམ་དབྱངས་ནོར་བུའི་ལྟ་བ་རྒྱལ་ལོ། རང་བཙན་རྒྱལ་ལོ། བོད་རྒྱལ་ལོ། །
གོང་ས་མཆོག་གིས་བོད་ལ་རང་བཙན་གྲིས་བཅད་པ་ནང་བཞིན་ཞིག་མི་འདུག་ཅེས་བཀའ་སློབ་གསལ་བོ་ཕེབས་སོང་། ད་འཇམ་དབྱངས་ནོར་བུས་ཕྱེད་རང་བཙན་ཞིག་ཁུངས་སྐྱེལ་རྒྱུ་ཡིན་ནམ།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་དུས་རྟག་ཏུ་བོད་རང་བཙན་ཡིན་ཟེར་པ་རེད། དེ་ནི་ལོ་རྒྱུས་ཐོག་ནས་སྒྲུབ་ཐུབ་པ་ཞིག་ཡིན་ཟེར་གྱི་ཡོད་པ་རེད། མ་ཟད་ཁོང་ལ་སྙིང་སྟོབས་དང་སྤོད་པ་ཡོད་བ་རེད་དེ་ནི་ལོ་རྒྱུས་ཀྱི་ཁ་གྲགས་ཀྱི་རེད་ཟེར་པ་ཡིན། ངེས་པར་འདི་འདྲ་ལྟ་ཚུལ་ཡོད་དགོས་པ་ཞིག་རེད། གང་ལྟར་༧གོང་ས་མཆོག་གི་གནས་སྐབས་རིང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་འདི་མཉམ་ཆགས་སུ་མི་འགྲོ་བའི་ཆེད་དུ་རྒྱ་བོད་གཉིས་དབུ་མའི་ལམ་གྱི་ཐོག་ནས་ཞུ་འགྲིག་ཞིག་བྱུང་ན་བསམ་བཞིན་ཡོད་པ་མ་ཡིན་ནམ། ཡི་རིང་ཡོད་རྩོམ་པ་པོ་ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཀླུ་སྨྱོན་ལགས། གོང་དུ་ཁྱེད་ཀྱིས་”གོང་ས་མཆོག་གིས་བོད་ལ་རང་བཙན་གྲིས་བཅད་པ་ནང་བཞིན་ཞིག་མི་འདུག་ཅེས་བཀའ་སློབ་གསལ་བོ་ཕེབས་སོང་།” ཟེར་བའི་དོན་སྙིང་ངོ་མ་༸གོང་ས་མཆོག་གིས་བོད་རང་བཙན་གཙང་མ་ཞིག་མི་འདུག་གསུངས་པའི་དོན་ཡིན་ནམ།
ཀླུ་སྨྱོན་ལགས་ཀྱིས་ཕྱེད་རང་བཙན་ཡིན་པ་འདོད་ན་ཐང་འོན་བོད་མི་རིགས་ཀྱི་དུས་ནམ་ཡང་ཕྱེད་རང་བཙན་ཞེས་པ་ཞིག་གླེང་གི་མ་རེད་ལ་དེ་འདྲ་ཞིག་མ་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་ཁ་གྲགས་ཀྱི་རེད་ཟེར་གྱི་ཡོད་དེ་དོན་ལྡན་ཡིན།
མཁས་དབང་འཇམ་དབྱངས་ནོར་བུ་ལགས། ཁྱེད་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ངོས་རང་ཡིད་དབང་འཕྲོག་སོང་། ཁོ་བོས་བལྟས་ན་བོད་མི་རིགས་ཀྱི་ཁྲོད་ནས་བོད་གཞུང་གི་གོ་གནས་མེད་པ་གང་ཞིག་གིས་རྒྱ་ནག་ལ་ཡར་ལན་གྱིས་འགོག་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། རྒྱ་དམར་གཞུང་ལ་དོན་དམ་༷པར་སེམས་ལ་ན་ཟུག་སློང་རྐྱེན་བཟོ་མཁན་ནི་ཁྱོད་ཉིད་ཡིན་འདུག ཁྱེད་ལྟ་བུས་གང་ཟག་སྒེར་གཅིག་གིས་རྒྱ་ནག་དམར་པོའི་གཞུང་ལ་འབེན་བཙུགས་ཀྱིས་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ལན་མང་ཡོད། ལོ་ཤས་སྔོན་ཁྱེད་ཀྱིས་རྒྱ་གར་ཡུལ་གྲུ་ཁག་ལ་བོད་རྒྱལ་ཁབ་དེ་རང་བཙན་ཡིན་པའི་ཁུངས་སྐྱེལ་དང་གསལ་བཤད་གནང་ཆེད་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་དེས་རྒྱ་ནག་ཤིན་ཏུ་ཁོང་ཁྲོ་ལངས་ནས་ཁྱེད་ལ་དམིགས་ནས་ལན་འདེབས་བྱེད་དགོས་ཐུག་སོང་བ་དེ་ནི་ཡོངས་གྲགས་ཡིན། ཁོ་བོས་མཐའ་གཅིག་ཏུ་ཁྱེད་ཀྱི་ལས་འགུལ་དེས་ལོ་ཤས་རྗེས་བོད་ལ་རང་བཙན་རག་ཐུབ་པའི་གདེང་ཚོད་གཅིག་འབྱིན་མ་ཐུབ་ན་ཡང་རྒྱ་ནག་གི་རྒྱལ་ཁབ་ཟེར་བ་དེ་འཛམ་གླིང་སྟེང་དུ་རང་དབང་རྡོག་རོལ་གཏོང་མཁན་གྱི་གཏེ་པོ་གཅིག་ཡིན་པ་སྟོན་པ་དེས་ངོ་ཚ་ཁ་སྐྱེངས་བཟོས་པ་དེས་རྒྱ་ནག་ལ་ང་ཚོ་བོད་མི་རིགས་ཟེར་བའི་ལས་འགུལ་དེ་ལས་སླ་པོ་ཞིག་ཞི་འཇམ་གཏོང་ཐུབ་ཀྱི་མེད་པ་ཤེས་ཐུབ་པ་བཟོས་ཡོད།
གཅིག་བྱས་ན་ངས་སྐད་ཆ་མཐོ་དྲག་གི་ཡོད་མེད་མི་ཤེས། འོན་ཀྱང་། གསལ་པོར་ཞུས་ན། འདས་པའི་ལོ་བཅུའི་ནང་བཀའ་ཁྲི་ཟམ་གདོང་གི་སྲིད་གཞུང་སྐབས་གཞུང་འབྲེལ་གྱིས་གསལ་བཤད་འདྲ་མིན་ལ་བརྟེན་ནས་བོད་མི་ཁྲོད་ལ་རང་བཙན་ལྟ་གྲུབ་འཛིན་མཁན་རྣམས་ནི་བོད་མི་རིགས་ཁྲོད་ནས་ཆེས་སྡུག་ཤོས་དང་ཐ་ན་དགྲ་བོ་རྒྱ་ནག་ལས་ཀྱང་སྡུག་པའི་ལྟ་ཚུལ་ཞིག་བཟོས་སོང་། དེ་ནི་ཧ་ཅང་ཆེས་ཐལ་དྲག་སོང་བསམ་པ་ཞིག་ཏུ་མཐོང་། སྤྱིར་གཞུང་གི་ལངས་ཕྱོགས་ལམ་དབུ་མ་དེ་འཛིན་དགོས་པ་ཡིན་དང་ཡིན། ཡིན་ན་ཡང་དམངས་གཙོ་རྒྱལ་ཁབ་གཅིག་ཡིན་པའི་ཐོག་ནས་ཕྱོགས་གཞན་གྱི་ལངས་ཕྱོགས་ལ་ཡང་བསམ་ཤེས་ཡོད་པའི་འདུ་ཤེས་གཅིག་འཛིན་དགོས་པ་ནི་གནད་འགག་ཅིག་ཡིན།
༄༅།།སྐུ་ཞབས་འཇམ་ནོར་ལགས་སུ་ཞུ་རྒྱུར་ཁྱེད་རང་ནས་རང་བཙན་གཏམ་བཤད་སྤེལ་བར་ཐུགས་རྗེ་ཆེ།འོན་ཀྱང་༌༸གོང་ས་མཆོག་གི་དགོངས་པ་གསལ་རྟོགས་ཐུབ་པར་འབད་བརྩོན་གནང་རོགས།།
གོང་ས་མཆོག་གི་བཀའ་སློབ་དེ་ཧ་ཅང་གསལ་བོ་རེད། ཁྱེད་རྣམ་པས་མཇལ་ཡོད་ཀྱི་རེད་འདོད།
གོང་ས་མཆོག་གི་བཀའ་སློབ་དེའི་དགོངས་དོན་ངོ་མ་གང་ཡིན་ཤེས་འདོད་ཡོད་ན་གོང་ས་མཆོག་གི་དྲ་ཚིགས་སོགས་སུ་སོང་ནས་བཀའ་འདྲི་ཞུས་དང་གསལ་བོ་ཆགས་ཀི་རེད་འདོད།
འཇམ་དབྱངས་ནོར་བུས་གཏམ་གྲགས་ཆེན་འདྲ་གསར་བཤད་བྱ་ཁུལ་བྱེད་མོད་ཀྱང་། ཁོས་བྲིས་པ་ལ་ཞིབ་ཏུ་བལྟ་དུས་བློ་བསྐྱེད་ནུས་པ་ཅང་མི་འདུག ཁོའི་ཆོ་འཕྲུལ་གྱི་གནད་འགག་ནི་བོད་མི་མང་ཆེ་བས་བལྟས་མ་མྱོང་བའི་དབྱིན་ཡིག་གི་དཔེ་དེབ་བཀླགས་མྱོང་བ་ཙམ་ཡིན།
ངས་བལྟས་ན་བཙན་བྱོལ་བ་མང་ཆེ་བས་ནི་རང་གིས་དཔེ་ཆ་མི་ལྟ་བར་གྲགས་འདོད་ཅན་གྱི་མི་ལ་ལས་མཁས་མདོག་མདོག་གིས་སྐད་ཆ་སྤམ་པོ་སྨྲ་བ་ཐོས་ན། མཁས་དབང་ག་གེ་མོ་ཞེས་ཆོ་ལོ་སྤྲད་དེ་རང་ཉིད་གླེན་གྲལ་དུ་སྡོད་པ་འདིས་ལན་པ་ཡིན།
འཇམ་དབྱངས་ནོར་བུས་རང་བཙན་སྨྲ་བ་ནི་ཁ་དོག་རྣམ་པར་བཀྲ་བའི་དབུགས་ལྒང་ཞིག་དང་ཀུན་ནས་མཚུངས་ཏེ། རང་བཙན་གྱི་ཁ་ཕོ་སྟོང་པའི་ནམ་མཁའ་ལ་གཡེང་བ་ཁོ་ན་ལས། ལྗིད་ཏིག་ཏིག་གི་གོམ་ཁ་ཞིག་གིས་རང་བཙན་གྱི་ས་ཆེན་མནོན་པ་དཔེ་མི་སྲིད་དོ།།
བརྒྱ་ཁ་གཅིག་བཅད་ཀྱི་ལམ་ལུགས་ལ་དད་འདུན་མེད།
ཡིན་ན་ཡང་རང་དབང་ལུང་པའི་ནང་མི་རིགས་ཀྱི་ཆེད་དུ་ཅི་ནུས་སྒྲུབ་ཆོག་ལ། སྒྲུབ་རོགས་ཞུ་རྒྱུ་ཡིན།
སྤྱི་ཤེས་ཡོན་པ་ལ་དགོས་རྒྱུ་དེ་ལྷག་བསམ་དང་འགན་ཁུར་དེ་རེད།
དེ་མེད་རྒྱུ་ན་མཇུག་འབྲས་ལ་བློ་ཕམས་པ་སྐྱེ་དགོས་པ་ཞིག་ལས་ཡོད་མི་སྲིད།
མདོར་ན་རྒྱབ་སྐྱོར་ཡོད།
གང་ལྟར་འཇམ་ནོར་ལགས་ཀྱི་༸གོང་ས་མཆོག་འཛམ་གླིང་སྟེང་གུས་བཀུར་ཆེན་པོ་ཞུ་ཡུལ་གྱི་དབུ་འཁྲིད་ཡིན་པ་མཁྱེན་རྟོགས་དགོས་ནི་རེད།ྲ
འཇམ་དབྱངས་ནོར་བུ་མཆོག་ནི་གླིང་ནང་མིང་གྲགས་ཡོད་པའི་གངས་རིའི་ཁྲག་རྒྱུན་ལས་མཆེད་པའི་རྩོམ་པ་ཞིག་དང་། རང་གི་ལྟ་གྲུབ་རྒྱུན་སྐྱོང་ཐུབ་མཁན་གྱི་མི་རང་ཚུགས་ཐུབ་པ་ཞིག་ཀྱང་ཡིན། རང་རེའི་སྤྱི་ཚོགས་ནང་མིང་ཡོད་པའི་མི་མང་པོ་ཞིག་ལྷོ་ཤིང་ལྗོན་པ་རླུང་གི་རྒྱུག་ཕྱོགས་སུ་གཡོ་བ་བཞིན། དེ་རིང་རང་བཙན་དང་། སང་ཉིན་དབུ་མའི་ལམ་སོགས་ལམ་བཞི་གའི་རྗེས་འཇུག་ཏུ་རློམས་པའི་རང་ཚུགས་མི་ཐུབ་པའི་མི་དེ་དག་དང་མི་འདྲ་བ་ཡིན། དེ་སྐབས་བོད་རང་བཙན་ཡིན་པར་འདོད་མཁན་རྣམས་ལ་ཕྱི་རྒྱ་མིའི་དམག་གིས་སྡང་ཞིང་ནང་རང་རིགས་རྣམས་ནས་ཀྱང་མིག་གི་ལིང་རྡོག་ཏུ་རྩི་བ་ནི་ཐབས་སྐྱོ་བོ་ཞིག་ཡིན།
རང་བཙན་འཐབ་རྩོད་པ་འཇམ་ནོར་ལགས་ཀྱིས་རང་བཙན་བསྒྲུབ་བྱེད་ཀྱི་དཔང་རྟགས་ཁུངས་བསྐྱེལ་ཡིག་ཆ་འཚོལ་བསྒྲུབ་གནང་ནས་རང་བཙན་ལས་འགུལ་སྤེལ་གནང་བར་རྗེས་སུ་ཡིད་རངས་ཡོད་ལ་ཐུགས་རྗེ་ཆེ། ཡང་དྲ་གྲོགས་འགའ་རེས། ༧གོང་ས་མཆོག་དང་དབུས་གཞུང་གི་བཞེངས་ཕྱོགས་དབུ་ལམ་ལྟ་གྲུབ་དང་འཇམ་ནོར་ལགས་དང་གཞོན་ནུ་སོགས་ཀྱི་བཞེངས་ཕྱོགས་རང་བཙན་ལྟ་གྲུབ་གཉིས་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཚུལ་གསུངས་པ་ནི་བདེན་པར་མ་ཡིན་ཏེ། དམངས་གཙོ་དང་རང་དབང་དུ་བརྗོད་ཀྱིན་པའི་བཙན་བྱོལ་སྤྱི་ཚོགས་ནང་ལྟ་གྲུབ་འདྲ་མིན་ཡོངས་ཆོག་པ་རྒྱལ་བའི་དགོངས་པ་མཐར་ཐུག་ཡང་རེད་ལ་དམངས་གཙོ་དང་རང་དབང་དུ་རློམས་པས་ཕྱིར་། དཔེར་ན་ནུབ་ཕྱོགས་དམངས་གཙོ་ཧ་ཅང་ཚད་མཐོ་བའི་ལུང་པའི་ནང་ལྟ་གྲུབ་འདྲ་མིན་གྱི་སྲིད་དོན་ཤོག་ཁག་མང་པོ་འདུག་ལ་དེ་དག་ཐམས་ཅད་ཕན་ཚུན་སྟོད་རེས་ནམ་ཡང་མི་བྱེད་ལ་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྒོ་ནས་ཕན་ཚུན་སྐྱོན་འདོན་ཁོ་ན་བྱེད་པ་དེས་ཡར་རྒྱས་ཀྱི་ཐབས་ལམ་བཟང་ཤོས་རེད་འདུག་ལ་དམངས་གཙོའི་བསྒྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།
དེ་ནས་ཨ་གུ་ཀླུ་སྙོན་ལགས།
༧གོང་ས་མཆོག་གིས་ནམ་རྒྱུན་དབུ་ལམ་གྱི་བྱུང་རབས་གསུང་དུས། ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མ་ཡིན་པ་དངོས་ཡོད་གནས་ཚུལ་རེད་ད་ཆ་རྒྱ་བོད་གཉིས་ཀའི་ཁེ་ཕན་ལ་བལྟས་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་མི་འགྲོ་བར་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་གསུང་གི་འདུག། འོན་ཀྱང་ད་ཆ་༧གོང་ས་མཆོག་གིས་བོད་ལ་རང་བཙན་གྲིས་བཅད་པ་ནང་བཞིན་ཞིག་མི་འདུག་ཞེས་པའི་བཀའ་སློབ་གསལ་པོ་ཕེབས་ཚུལ་བདེན་ན་འདི་གཉིས་འགལ་ཟླ་རེད་འདུག། འོ་ན་བཅོམ་ལྡན་འདས་ཀྱི་དགོངས་པ་ལྟར་དྲང་དོན་དང་ངེས་དོན་སྒྲ་ཇི་བཞིན་པ་དང་ཇི་མི་བཞིན་པ་ཁས་བླངས་དགོས་པ་ཨེ་རེད། བོད་ཀྱི་ལོ་རྒྱུས་དེ་ཡང་ཀྱོག་ཀྱོག་འདྲ་ཞིག་ཆགས་སོང་།
ངས་གོང་ས་མཆོག་གི་བཀའ་ལ་དྲང་དོན་ངེས་དོན་འབྱེད་མི་ཤེས། ལོ་གཉིས་ཀྱི་གཡས་གཡོན་ཞིག་ལ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཐོག་ཏུ་བཀའ་སློབ་བསྩལ་པའི་ནང་ཧ་ཅང་ཞལ་གསལ་བོའི་སྒོ་ནས་དེ་ལྟར་གསུངས་འདུག མི་བདེན་བསམས་ན་གོང་ས་མཆོག་གི་དྲ་ངོས་སུ་སོང་ནས་ཞིབ་འཇུག་བྱོས།
ངས་སྔོན་ཆད་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་རང་བཙན་གཙང་མ་ཞིག་མི་འདུག ཡིན་ཡང་ཕྱིས་སུ་རང་བཙན་རྩོད་དང་མི་རྩོད་དེ་བོད་མི་སོ་སོའི་འདོད་པ་རེད་ལབ་པར། དྲ་གྲོགས་ཁག་ཅིག་གིས་རྒྱུ་མཚན་མེད་པའི་ཚིག་རྩུབ་ཀྱི་གྲི་དང་སྟ་རེ་ཁུར་ནས་མཆོངས་ཡོང་སྟེ་མི་ཉམ་ཆུང་ང་འདྲ་བོ་གསོད་གྲབ་བྱས་སོང་ཡང་། ངས་གོང་ས་མཆོག་གི་གསུང་འདི་ལན་གཅིག་དྲངས་པ་ཙམ་གྱིས་ཁོང་ཅག་གི་ཞལ་དུ་རྡོ་རྗེ་བཞག་པ་ཅི་བཞིན་ཐ་ན་མི་ཆེན་དཔོན་ཆེན་གྱི་སྐད་ཆར་སྤྲེལ་ལད་འཁྲབ་སྤྱད་ཀྱི་དྲང་ངེས་ཞེས་པའི་ལྷན་པ་སྙིང་རྗེ་བོ་དེ་ཡང་རྒྱག་ལོང་ཙམ་ཡང་མ་བྱུང་བར་གདོན་བགེགས་ལ་གུ་གུལ་བདུགས་པ་ཅི་བཞིན་ཕྱི་བལྟས་མེད་པར་རང་རང་སར་བྲོས་སོང་། ཧ་ཧ་ཧ།
༸གོང་ས་མཆོག་ནི་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་མགོན་པོ་དང་། ལྷག་པར་དུ་རང་ཅག་བོད་མི་རིགས་ཀྱི་སྐྱབས་འགྲོའི་ཡུལ་མཆོག་མཐར་ཐུག་པ་ཞིག་ཡིན་པ་བཤད་ག་ལ་དགོས། དེ་བས་ན་སྨྲ་བའི་སེང་ཆེན་འཇམ་ནོར་གྱིས་འགྱུར་བ་མེད་པའི་རང་ལྟ་མཆོག་འཛིན་བོད་རང་བཙན་གྱི་ཕྱོགས་སུ་རིམ་པས་ཨ་མཐས་སུ་ཆེ་བ་འདིས་༸གོང་ས་མཆོག་ལ་མ་གུས་པ་དང་། བཀའ་ལུང་ཟབ་མོར་གྱེན་ལྡོག་ཞུས་པ་མིན་ལ། ད་དུང་བཙན་བྱོལ་བོད་གཞུང་ཞེས་རྡ་སའི་བོད་བཙན་པོའི་སྐུ་ངོ་ཚོར་ངོ་རྒོལ་ལྟ་བུའི་ཕྱག་ལས་ཤིག་གཏན་ནས་མ་རེད་འདོད། ད་དུང་དྲ་གྲོགས་ཁག་ཅིག་གིས་འཇམ་ནོར་༸གོང་ས་མཆོག་དང་། བོད་གཞུང་ལ་ཁ་གཏད་དུ་ལངས་ཡོད་ཚུལ་གཏམ་འཆལ་རྒྱུན་འཇགས་སུ་ཡོད་པ་འདིའི་ཟུར་ནས་རྙེད་ཐུབ་པ་ནི།། ད་དུང་བོད་མི་རིགས་འདི་གཉིད་མཐུག་པོ་ལས་སད་མ་ཐུབ་པའི་ངན་རྟགས་རེད། སུ་ལ་ཐུག་ཀྱང་འཇིགས་ཞུམ་མེད་པར་བོད་མི་རིགས་འདི་འགྱེལ་ས་ནས་རིམ་པས་ཀོག་གིས་ལངས་ཕྱིར་རང་བཙན་འཐབ་རྩོད་ཀྱི་དཔའ་བོའི་ཁྱུ་མཆོག མཁས་དབང་འཇམ་དབྱངས་ནོར་བུ་དང་། བསྟན་འཛིན་བརྩོན་འགྲུས་སོགས་དེང་དུས་ཀྱི་ཤེས་ཡོན་ཅན་རྣམས་ནི་ཀྱག་ཀྱག་གི་ལོ་ཟླར་བརྙེས་པའི་མི་རིགས་ཤིག་གི་མདུན་ལམ་དུ་རེ་བའི་འོད་སྟོང་སྤར་བའི་སྒྲོན་མེའི་ཚོམ་བུ་དང་། འགལ་ཟླ་རྒྱ་ནག་ཚང་གི་མིག་རྩར་གྲི་རྩེ་ལྟ་བུའི་བོད་གངས་ཅན་པའི་དཔའ་བོའི་གྲལ་རེད། ཨ་ལ་ལ། ཀྱེ་མ་ཧུད། ད་དུང་ཁོ་ཅག་བོད་གངས་ཅན་པའི་རྡར་མ་ཁག་ཅིག་གི་མིག་ལམ་ན་མི་ཤོང་བ་འདི། ཅི་ཡིས་ལན། ཅི་ཡིས་ཕུངས།
ཐོག་མའི་རང་བཙན་གྱི་ལྟ་བ། རང་སྐྱོང་ལྗོངས་སུ་བསྒྱུར་སོང། རང་སྐྱོང་ལྗོངས་དེ་རྒྱ་ནག་གི་ཆ་ཆས་སུ་གྱུར་གྲབ་འདུག ནམ་ཞིག་བོད་འདི་རྒྱ་ནག་གི་ཆ་ཤས་སམ། རྒྱ་ནག་གི་མངའ་ཁོངས་ཡིན་ཞེས། བོད་མི་མང་པོ་ཞིག་བོད་ལ་ཕྱིར་ལོག་སོང་། དེ་དུས་འཇམ་ནོར་དང་། བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་རང་སྲོག་མེའི་ཞུགས་མར་མི་འབུལ་བའི་ངེས་པའང་མེད། དོན་ངོ་མ། བོད་རང་ལ་གདེངས་ཚོད་དང་། རང་སྐྱ་འཕེལ་བའི་ལྟ་བ་ཞིག་མེད་པས་འདི་ལྟར་ལན་པ་རེད། བོད་དོན་འདི་འཛམ་གླིང་ནང་དཔལ་འབྱོར་ཚོང་བསྒྱུར་ཡོ་ཆས་ཀྱི་འཐེབ་གནོན་དུ་གྱུར་སོང། བོད་འདི་ཨ་རི་དང་རྒྱ་ནག་དབར་གྱི་རྐང་རྩེད་སྤོ་ལོ་ལྟར་གྱུར་སོང། བོད་འདི་བོད་མི་གླེན་པ་ཁག་ཅིག་གིས་རང་སྲོག་གཅོད་པའི་མེ་དཔུང་དུ་གྱུར་སོང་། བོད་འདི་གཞིས་ལུས་བོད་མིའི་རེ་བའི་མིག་འབུར་ཐང་དུ་འགྱེལ་སའི་ཁྲག་གི་གཡུལ་ས་རུ་གྱུར་སོང། བོད་འདི་མགོ་བདེ་བཙན་བྱོལ་བ་མང་པོ་ཞིག་གི་གཡོ་དང་ཁྲམ་པས་འཁོར་ལོ་བསྐོར་སའི་ཞལ་འདེབས་སྒམ་ཆེན་ཞིག་ཏུ་གྱུར་སོང། མདོར་ན། ངའི་ཨ་མྱེ་ཚོ། ཨ་ཁུ་ཚོ། ཨ་ནེ་ཚོ། ཕ་རབས་ཚོ། མ་རབས་ཚོ། གང་ན་ཡོད། དགོངས་པ་མ་ཚོམས། ངེད་ཚོས་ཁྱེད་ཚོའི་ཞལ་ཆེམས་རླུང་ལ་སྤུར་གྲབ་འདུག ངེད་ཚོས་ཁྱེད་ཚོའི་སྙིང་ཁར་གྲི་རྩེ་གཏོད་གྲབ་འདུག །།། ངའི་སེམས་ལ་ནད་ཅིག་འདུག ངའི་སྙིང་ལ་གཟེར་ཞིག་འདུག
ད་ནི་ཀླུ་སྨྱོན་ཁྱོད་རང་ཡང་བོད་རྒྱ་ནག་གི་མངའ་ཁོངས་སུ་འཇུག་འདོད་མཁན་ཡིན་ས་རེད། དེ་ཡིན་ན། གནས་ཚུལ་ཐ་དད་རེད། ༸གོང་ས་མཆོག་གི་དགོངས་གཞི་ངོ་མ་ཁྱེད་ཀྱིས་བཤད་པ་ལྟར་མ་རེད། ཁོང་གིས་གསུངས་ན། རང་བཙན་རྩོད་པ་ནི་ཤིན་ཏུ་བསྒྲུབ་དཀའ་བ་མ་ཟད། ལོ་རྒྱུས་ཀྱིས་ང་ཚོར་རྒྱབ་སྐྱོར་གྱིས་ཁ་དྲག་ས་མ་རེད། གང་ཡིན་ཟེར་ན། ༡༩༡༤ ནས་ ༡༩༥༩ བར་གྱི་བོད་ཟེར་བ་ནི་ཕྱི་ཚུལ་དུ་བོད་རང་སྐྱོང་ལྗོངས་མ་གཏོགས་ས་ཁུལ་གཞན་ལ་ཁྱབ་ཐུབ་ཀྱི་མེད། བྱས་ཙང་། རང་བཙན་རྩོད་ན་ཡང་རྙོག་གཞི་ཅན་ཞིག་ཏུ་ཆགས་ཡོད། གསུངས་པ་འདི་ཡིན། འོན་ཀྱང་། ཁོ་བོས་ཚིག་ཐག་ཆོད་པོའི་ཐོག་ནས་བཤད་ཐུབ་པ་ནི། དེང་སང་རང་བཙན་རྩོད་ལེན་པ་ཚོགས་པ་དང་སྒེར་སུ་ཡིན་རུང་གི་གཞི་རིམ་གྱི་ལྟ་གྲུབ་ནི་གཉིས་ཁོ་ན་འཛིན་གྱིན་ཡོད། དེ་ནི་བོད་ཆོལ་ཁ་གསུམ་པོ་དེ་གཞུང་གཅིག་གི་འཛིན་སྐྱོང་འོག་ཏུ་ཡོད་པའི་ཐོག་ནས་རང་བཙན་རྩོད་རྒྱུ་དང་། དེ་ཡང་ལམ་འཚེ་བ་མེད་པའི་ཐབས་ལམ་གྱི་ཐོག་ནས་རྩོད་པ་དེ་གཉིས་ཡིན། དེ་ལ་ཁྱེད་རང་ཐུགས་དོགས་གང་ཡང་དགོས་ཀྱི་མེད། སྤྱིར་ལོ་ཤས་སྔོན་ཧོར་གཙང་འཇིགས་མེད་ཀྱིས་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་བཤད་པ་ཞིག་ཁོ་བོས་དྲན་སོང་། བྱས་ཙང་། འགྲེལ་བཤད་དང་གོ་བ་ལོག་སྒྲུབ་མ་མཛད་ན་ལེགས། བོད་དོན་འཐབ་རྩོད་བྱེད་མཁན་རྣམས་ཀྱི་སེམས་ཤུགས་ཆགས་རྐྱེན་གྱི་ཚིག་རང་གི་དོགས་པ་རྣམ་རྟོག་ལ་ཤར་ཚད་བདེན་པར་བཟུང་ནས་མ་སྤེལ་ན་ལེགས་སྙམ།
དགྱ་ནག་གཞུང་ལ་སུང་གཙེ་བཟོས་མཁན་རང་བཙན་འཐབ་རྩོད་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་སུ་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ།
“༡༩༡༤ ནས་ ༡༩༥༩ བར་གྱི་བོད་ཟེར་བ་ནི་ཕྱི་ཚུལ་དུ་བོད་རང་སྐྱོང་ལྗོངས་མ་གཏོགས་ས་ཁུལ་གཞན་ལ་ཁྱབ་ཐུབ་ཀྱི་མེད།”
“ངས་སྔོན་ཆད་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་རང་བཙན་གཙང་མ་ཞིག་མི་འདུག ཡིན་ཡང་ཕྱིས་སུ་རང་བཙན་རྩོད་དང་མི་རྩོད་དེ་བོད་མི་སོ་སོའི་འདོད་པ་རེད་ལབ་པར།”
འདི་གཉིས་ལ་ཁྱད་པར་ག་རེ་འདུག་གསུངས་དང་།
ངས་གོང་དུ་ལུང་བསྟན་བརྒྱབ་པ་ལྟར་ད་ནི་མི་ཆེན་དཔོན་ཆེན་གྱི་གསུང་ལ་སྤྲེལ་ལད་འཁྲབ་སྤྱད་ཀྱི་དྲང་དོན་དང་ངེས་དོན་གྱི་ལྷན་པ་སྙིང་རྗེ་བོ་དེ་ང་ཚོའི་མིག་མདུན་དུ་འཕྱར་གི་འདུག་ད། ཤུགས་རྒྱོབས།
གནའ་བོའི་རྒྱ་གར་ཡུལ་གྱི་ཐེག་ཆེན་ཚོས། །
སྟོན་པའི་གསུང་ལ་དྲང་ངེས་ལྷན་པ་བརྒྱབ། །
ལོས་ཡིན་ཐེག་ཆེན་བཀའ་རུ་ཇི་ལྟར་བསྒྲུབ། །
ལོས་ཡིན་གསང་སྔགས་ཁྲོམ་དུ་ཇི་ལྟར་འདོན། །
དེང་གི་བོད་པ་ཐུགས་རྡུགས་འདི་ཚོས་ཀྱང་། །
གོང་སའི་གསུང་ལ་དྲང་ངེས་ལྷན་པ་བརྩེགས། །
ལོས་ཡིན་རང་གི་ཞེ་འདོད་ཇི་ལྟར་བསྒྲུབ། །
ལོས་ཡིན་རང་གི་རྐུབ་སྟེགས་ཇི་ལྟར་བསྲུང་། །
རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་གི་མཇལ་བཅར་སྐབས་སེ་ར་བླ་སྤྱིའི་འདུ་ཁང་དུ་སྩལ་བའི་བཀའ་སློབ་དང་། བཙུན་པ་ཟམ་གདོང་གིས་སུད་སི་ནས་གནང་བའི་བཀའ་སློབ་ཅིག་ནས་འཕྲོས་ཏེ། གཞོན་ལྷན་དང་དབུ་མའི་ལས་འགུལ་ཁང་གི་ཚོགས་མི་ལྷན་བཅར་གྱིས་མཇལ་ཁ་ཞུས་སྐབས་གཞོན་ལྷན་ཚོགས་མི་ཞིག་གིས༧གོང་ས་མཆོག་སྐུ་རླུང་བཞེངས་པའི་དྲི་བ་བཏང་བ་དེ་ལ། རྗེས་སུ་བཙུན་པ་ཟམ་གདོང་གིས་ཧ་པ་པུར་གཞིས་ཆགས་ནས་མི་མང་གིས་དྲི་བ་བཏང་བར་ལན་འདེབས་བྱས་པ་སོགས་སུ་བོད་ལ་རང་བཙན་ག་འདྲ་ཞིག་ཡོད་མེད། ལྷག་ཏུ་བོད་ལ་རྒྱལ་སྤྱིའི་ཁྲིམས་དང་ལོ་རྒྱུས་བཞེད་ཕྱོགས་ཀྱི་ངོས་སུ་རང་བཙན་ག་འདྲ་ཞིག་ཡོད་མེད་གསལ་ཞིང་གསལ་བ་གསུངས་འདུག་པས། ལྷན་པ་ཡར་རྒྱབ་མར་རྒྱབ་གང་ཡང་མི་འདུག་ཅེས་སྐུལ་མ་བྱེད་འདོད་བྱུང་།
སེ་རའི་བཀའ་སློབ་དེ་དང་བར་སྐབས་དེར་བཀའ་ཤག་གིས་བཀྲམས་པའི་དབུ་མའི་ལམ་གྱི་དེབ་སེར་ཞིག་ཡོད་པ་དེ་གཉིས་ལ་འབྲེལ་བ་ཤིན་ཏུ་ཆེན་པོ་འདུག དེབ་དེར་དབུ་མའི་ལམ་དུ་བསྐྱོད་དགོས་པའི་རྒྱུ་མཚན་སྔོན་མ་ལས་ཁ་གསལ་བོ་བཀོད་འདུག་པ་ལྟ་འདོད་ཡོད་ན། བོད་གཞུང་དྲ་ངོས་སུ་འདུག
གཙོ་བོ་ལོ་རྒྱུས་རང་གིས་སྦྱངས། དེ་ནས་མི་ཡི་ལྟ་སྟངས་ལ་ཉན། བར་དུ་དཔྱད་པ་ཁུངས་ཐུབ་ཀྱིས་གཞི་བཙུགས་ན། རང་བཙན་མ་ཕྱིན་ག་རེ་བཤད་ཀྱི་ཡོད་ནའང་། འོ་དེ་དེ་འདྲ་ཞིག་ཡིན་ཨ་བསམ་བསམ་ཞིག་དྲན་པར་འཁོར་ཐུབ་ཀྱི་རེད། དེ་མིན། གྱང་ཁའི་རྩི་ཤིང་རླུང་གིས་སྒུལ་བ་ལྟར་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཡིས་ཅི་གང་ཕན་ནི་མ་རེད།
རྣམསཔ་ཚོར་ངེས་གཅིག་བཤད་འདོད་བྱུང་།
ད་འཇམ་ནོར་ལྟ་བའི་ཕྱི་ཡི་ཤེས་ཡོན་ཡོད་འཁན་རེ་གཉིས་ཡོད་པ་དེ་ཚོར་ཁ་གཏོང་གང་ཐུབ་དང་དམའ་འབེབ་བྱེད་གང་ཐུབ་བྱེད་དགོས་དོན་ཨེ་ཡོད།
ཁྱེད་ཚོས་བཤད་པ་བཞིན། དངོས་དོན་དང་དྲང་བདེན་གང་ཡིན་གཤོད་དཀའ་ན་ཡང་ཁྱེད་ཚོའི་རེ་བ་ལྟར་བོད་མའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་པའི་གོ་ས་ནི། བློ་སེངས་ལ་ཐོབ་པ་རེད་དེར་བརྟེན་དགའ་སྒོམ་བྱོས་མི་ལ་ཕར་རྐྱང་པ་བལྟ་མ་འདོད། སོ་སོས་ག་རེད་བྱེད་ཀྱི་འདུག་བསམས་བློ་འདྲ་བཏང་ན་མི་ལེགས་སམ།
ལར་ནས་བློ་སེང་གི་ག་རེ་བྱེད་ཀྱི་ཡོད་མེད་གསལ་པོ་ཆགས་སོང་བསམ་གྱི་ཡོད། དེ་ནི་འབྱུ་འགྱར་ལོ་ལྔའི་ནང་ཚུད་ལ་(ཀླད་རྙིང་ ཤེས་འཇོན་ ལྷག་བསམ་ གྲང་ཚུགས་མེད་པ་དེ་ཚོའི་དཀའ་ལས་བརྒྱབ་ཏེ་མ་རྩ་ཕྲན་བུ་ཡོད་པ་དེ་)ཁོ་རང་གི་གསར་གཏོད་ཡིན་ཁུལ་གྱི་མིང་ཐོག་ནས་གཞུང་དངུལ་གང་ཡོད་པ་རྣམས་སྟོང་གསང་ངེ་བཞགས་ཏེ། སྐབས་བཞི་པའི་གྲ་འགྲིག་བྱེད་རྒྱུ་དེ་རེད་དོ།།
གོང་མ་ལ་སྤྲད་ལས་ཁྲབ་དགོས་དོན་མེད་ལ། འཁང་ར་བྱེད་དགོས་དོན་མེད། མེས་པོ་གོང་མ་ཚོས་བྱས་པ་ལ་དྲིན་ལན་ཤེས་པ་ནི་ཡ་རབས་བཟང་སྤྱོད་ཀྱི་མི་རིགས་མཚོན་བྱེད་གཅིག་ཀྱང་ཡིན། ཡིན་ན་ཡང་བྱས་ཚད་ལ་བདེན་པར་བཟུང་དགོས་པར་བཤད་ཀྱིན་མེད། ཁྱེད་ཀྱི་གོ་བ་དེ་དང་ཁོ་བོས་བཤད་པ་གཉིས་ལ་ཁྱད་པར་ཡོད། སྐབས་དེ་དུང་བོད་གཞུང་གིས་ས་ཁུལ་ཡོངས་རྫོགས་ལ་ཁྱབ་ཐུབ་ཀྱི་མེད་པ་བདེན་པ་ཡིན་ཡང་། མཐའ་མཚམས་ས་ཁུལ་དེ་དག་བོད་ས་མ་ཡིན་པར་སུས་ཀྱང་བཤད་ཀྱིན་མེད། ཐ་ན་རྒྱ་ནག་གིས་ཀྱང་བཤད་ཀྱིན་མེད། བྱས་ཙང་། དེ་ལ་ཁྱོད་སྒྲོགས་དགོས་པར་མིན་འདུག
ཁྱེད་ཀྱིས་རང་བཙན་རྩོད་པའི་རྒྱུ་མཚན་གྱིས་མཐའ་མཚམས་ས་ཁུལ་རྣམས་བོད་ས་མ་ཡིན་པར་སྒྲུབ་ཐུབ་ཀྱི་ཡོད་ན། འདིས་གང་ཟག་སྒེར་པ་འགའ་ཞིག་ལ་ཁྱེད་ཀྱིས་སྐྱོན་བརྗོད་འགྲོ་ཐུབ་ཀྱང་། ཚོགས་པ་ཁག་ལ་སྐྱོན་བརྗོད་འདི་འགྲོ་གིན་མ་རེད། དེས་ཁོང་ཚོའི་ལས་འགུལ་དང་དམིགས་ཡུལ་ལ་འགོག་རྐྱེན་བཟོ་ཐུབ་ཀྱི་མ་རེད།
དབུ་མའི་ལམ་རྩོད་མཁན་རྣམས་ཀྱིས་རང་བཙན་རྩོད་ལེན་པར་འགོག་རྒོལ་གྱི་ཚིག་མཚོན་ལེགས་ཤོས་དེ་ཁྱེད་ཀྱིས་བཤད་པ་དེ་རེད་འདུག་སྙམ་ནས་དབུ་མའི་ལམ་རྩོད་མཁན་གྱི་བོད་མི་མཐོ་དམན་ཚང་མས་དེ་བེད་སྤྱོད་བྱེད་བཞིན་འདུག་མོད་དོན་དམ་པར་ཚིག་དེས་འུ་ཅག་བོད་རིགས་ཁྲོད་དུམ་བུར་གཏོང་བྱེད་ཀྱི་ཚིག་ལས་མ་འདས་སོ། །
ཀླུ་སྙོན་ལགས།
ཁྱོད་ཀྱིས་དེ་ལྟར་༧གོང་ས་མཆོག་གི་གསུང་དྲང་ངེས་འབྱེད་མི་ཤེས་ན་གསུང་སྔ་ཕྱི་མང་པོའི་ནང་མི་འདྲ་བ་ནས་རྡོག་བསྒྲུག་བརྒྱབ་ནས་རང་བཙན་རྩོད་ལེན་པར་རྒོལ་རྒྱུ་དེ་བཞག་ན་དགའ་གི་རེད། དེ་མིན་སྔོན་ཆད་བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་རང་བཙན་གཙང་མ་ཞིག་མི་འདུག་ཞེས། སྔོན་ཆད་ཞེས་པའི་དུས་ཆད་དེ་དུས་རབས་ག་དུས་ངོས་འཛིན་ནམ། རྒྱ་མི་གུང་ཁྲན་སྔོན་ཆད་ནས་བོད་ནང་ས་སྐྱེས་རྡོ་སྐྱེས་འདྲ་ཞིག་རེད་པས། འོ་ན་བོད་འདི་རྒྱལ་ཁབ་གཞན་ཞིག་གི་དབང་བསྒྱུར་འོག་ཡོད་དམ་ཡང་ན་བོད་འདི་སིལ་བུར་རྒྱུན་ཆད་མེད་པར་གནས་ཡོད་དམ། ༧གོང་ས་མཆོག་གི་དབུས་དགའ་ལྡན་ཕོ་བྲང་སྲིད་གཞུང་བཙན་བྱོལ་དུ་ཕེབས་མ་ཐག་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་ནས་རང་བཙན་གཙང་མ་གསལ་བསྒྲག་གནང་དགོས་དོན་གང་ཡིན་ནམ། དེ་ལྟར་ཡིན་ན་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་གཏོང་དགོས་དོན་མི་འདུག་ལ་རང་བཙན་གཙང་མ་གསལ་བསྒྲག་གནང་དགོས་དོན་ཡང་མི་འདུག།
འདྲེ་མགོ་ཅན་ལགས།
ཁྱོད་ཀྱི་ཚད་མའི་སྐྱེས་བུ་བཙུན་པ་ཟམ་གདོང་ཚང་གིས་བཀྲམས་གནང་བའི་དབུ་མའི་ས་ལམ་གྱི་དགོངས་འགྲེལ་དེ་ལ་ཀྲུང་ནན་ཧེའེ་ཡི་སེམས་དཔའ་དང་སེམས་མ་ཚོས་ངོས་ལེན་ཡོད་མེད་གསལ་པོ་ཞིག་གསུངས་རོགས་གནང་། དེ་མིན་དགོངས་འགྲེལ་དང་མཆན་འགྲེལ་མང་པོས་ཅང་ཕན་ནི་མ་རེད།
གསེར་འབྲུག་ལོ་ལོ། ཁྱོས་གྲོས་ཆོད་དོན་ཚན་བཅུ་བདུན་དེ་འབྲི་ཆུ་ཡར་རྒྱབ་སྟེ་བོད་རང་སྐྱོང་ལྗོངས་གཅིག་པོའི་ཆེད་དུ་བཞག་པ་ཞིག་ཡིན་པ་ཙམ་ཡང་མི་ཤེས་སམ། མི་ཤེས་ན་གྲོས་ཆོད་ཀྱི་དོན་ཚན་ཁག་རེ་རེ་བཞིན་ཀློགས་ཤིག
ཀླུ་སྨྱོན་ལགས། ཁྱེད་ཀྱི་རྒྱ་ནག་དམར་གཞུང་གི་ཐུགས་ཟེན་ངེས་རེད། བོད་མི་རིགས་ཟེར་པ་འདི་སྐད་རིག་གཞུང་གོམ་གཤིས་སོགས་གང་ཅིའི་ཆ་ནས་རྒྱ་ནག་དང་ཐད་ཐད་ཡིན་པ་གསལ་བོ་རེད། དེ་ལ་ད་དུང་ཡང་བཙན་གྱི་རྒྱ་ཁུངས་སུ་སྒྲུབ་དགོས་པ་འེ་ཡོད་ལགས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཁྱེད་ནི་སྐད་གྲགས་ཅན་མཁས་དབང་དང་རང་རྩན་འདོད་མཁན་མི་ཞིག་ཡིན་པ་འདྲ། ཁྱེད་ནི་ག་ཚད་མཁས་ཀྱང་གོང་ས་མཆོག་ལ་འདྲེན་ཐབ་བྲལ། ་ཁྱེད་ཀྱིས་ག་ཚད་བཤད་ཀྱད་དབུ་མའི་ལམ་ལས་སྙེད་ཐབས་བྲལ། ཁྱེད་ནི་ཡག་རུ་ཟེར་ཉན་མང་ཡང་སྡུག་རུ་ཟེར་ཉན་མང་གང་བཤད་ན་ཡང་བོད་མི་ས་ཡ་དྲུག་གི་བར་དུ་དཀྲུག་ཤིང་མ་རྒྱག་ཨ། དེ་ནི་ཁྱེད་ཀྱིས་ཕྲག་པར་ཡོད་པའི་འུས་འགན་ཞིག་ཡིན་པ་རྗེད་མི་རུང་།།།།
ཤར་མདའ་ལགས། མི་རིགས་གཉིས་ཀྱི་སྐད་དང་རིག་གཞུང་ཐ་དད་ཡིན་པ་དང་མི་རིགས་དེ་གཉིས་ཀྱིས་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་གནས་སྟངས་གཉིས་རྦད་དེ་ཁ་ཁ་སོ་སོ་རེད། དཔེར་ན་ཡོ་རོབ་པ་དག་རྒྱ་གར་དུ་བསླེབས་དུས་རྒྱ་གར་བ་དང་ཡོ་རོབ་པ་དག་མི་རིགས་དང་རིག་གཞུང་རྦད་དེ་ཁ་ཁ་རེད་དེ། ཡོ་རོབ་པ་ཚོའི་གཡོ་སྒྱུ་དང་དྲག་ཤུགས་ལ་རྒྱ་གར་བ་ཚོས་ཁ་ཡ་མ་ཡོང་བར་ལོ་ངོ་ཉིས་བརྒྱ་ལྷག་ཅིག་ལ་རང་བཙན་ཤོར་ནས་དབྱིན་ཇིའི་འོག་ཏུ་བསྡད་པ་དེ་ལོས་ཤེས། དེ་བཞིན་ཡོ་རོབ་པ་དག་ཨ་རིའི་ས་ཐོག་ཏུ་བསླེབས་པའི་དུས་དེར་ཡང་ཨ་རིའི་གདོད་མིའི་མི་རིགས་དང་ཡོ་རོབ་པ་དག་གི་མི་རིགས་དང་རིག་གཞུང་རྦད་དེ་ཁ་ཁ་རེད་དེ། ཡོ་རོབ་པ་དག་གི་མེ་མདའི་འོག་ནས་ཨ་རིའི་གདོད་མིའི་མི་རིགས་ཀྱི་རང་བཙན་ཤོར་ནས་བརྒྱ་ཕྲག་འདི་སྙེད་ཅིག་ལ་མི་དཀར་གྱི་འོག་ལ་ཡོད་པ་རེད། དཔེ་མཚོན་འདི་དག་གིས་མི་རིགས་ཤིག་གི་
རང་བཙན་ཤོར་ཡོད་དང་མེད་དེ་མི་རིགས་དེ་དང་དེའི་ཁ་གཏད་ཀྱི་དབང་སྒྱུར་བ་གཉིས་མི་རིགས་ཁ་ཁ་ཡིན་མིན་དང་རིག་གཞུང་ལོགས་ཀ་ཡིན་མིན་གྱིས་དབྱེ་འབྱེད་བྱེད་པ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད་པའི་སྐད་ཆ་ཞིག་ཡིན་ཞིང་། ང་ཚོ་བཙན་བྱོལ་བའི་ཁྲོད་དུ་ཆབ་སྲིད་མཁས་ཅན་ཞིག་མེད་པའི་ཉེར་ལེན་གྱིས་ད་བར་དུ་བོད་རྒྱ་ཁོངས་མིན་པའི་སྒྲུབ་བྱེད་དུ་བོད་རྒྱ་མི་རིགས་གཉིས་མི་རིགས་ཁ་ཁ་དང་རིག་གཞུང་ལོགས་ཀ་ཡིན་ཞེས་ཁ་ན་ན་བར་དུ་བསྒྲགས་པ་རེད་དེ། འཛམ་གླིང་སྟེང་གི་སྲིད་དོན་པ་སྤྱང་གྲུང་འཛོམས་པ་ཚོས་མི་རིགས་ཁ་ཁ་ཡིན་པ་དང་རིག་གཞུང་ལོགས་ཀ་ཡིན་པ་ཙམ་གྱིས་ས་ཁུལ་མི་འདྲ་བའི་བར་གྱི་བདག་དབང་གི་གནད་དོན་དེ་ཐག་གཅོད་བྱེད་ཐབས་བྲལ་བ་དེ་ཁོང་དུ་ཆུད་ཡོད་པས། རང་ཅག་ལ་དེ་རིང་བར་དུ་ཁྱོད་ཚོ་བོད་དེ་སྤྱི་ལོ་ང་དགུ་ལོའི་བར་དུ་རང་བཙན་གཙང་མ་རེད་ཟེར་མཁན་ཞིག་ཕལ་ཆེར་མ་བྱུང་བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་རེད། དེའི་ཕྱིར་ང་ཚོས་རྒྱ་མི་ལ་ང་དགུ་ལོའི་བར་དུ་བོད་ལ་རང་བཙན་གཙང་མ་ཞིག་ཡོད་པའི་སྒྲུབ་བྱེད་དུ་མི་རིགས་དང་རིག་གཞུང་ཁ་ཁ་ཡིན་པའི་རང་མགོ་རྡུང་བྱེད་དེ་ཡང་འདྲེན་སྐྱར་འདྲེན་མི་བྱེད་པར། ང་དགུ་ལོའི་གོང་དུ་བོད་ཆོལ་ཁ་གསུམ་གྱི་ས་གནས་གང་ཞིག་ཏུ་དཔོན་ཆེན་གང་ཞིག་བསྐོ་འཇོག་བྱེད་ཀྱང་བོད་གཞུང་གིས་རྒྱ་ནག་གཞུང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་པར་བསྐོ་འཇོག་བྱས་ཡོད། རྒྱལ་བ་པཎ་ཆེན་གྱི་སྐུ་ཕྲེང་གང་ཞིག་གི་ཡང་སྲིད་ངོས་འཛིན་བྱེད་དུས་ཀྱང་རྒྱ་ནག་སྲིད་གཞུང་གང་ཞིག་གི་ཐེ་བྱུས་ཀྱང་མེད་པར་བོད་པའི་བླ་ཆེན་དག་གིས་རང་དབང་གིས་སྤྲུལ་སྐུ་ངོས་འཛིན་བྱས་ཡོད་ཅེས་པའི་ལོ་རྒྱུས་ཡིག་ཆ་ཁུངས་དག་ཕ་རོལ་པོ་ལན་མེད་དུ་གཏོང་ཐུབ་པ་རེ་ཡོད་ན་ནི་དེ་ལ་མི་དགའ་གང་ལ་དགའ་ཡང་། ཁོ་བོས་ལོ་མང་སྔོན་ཞིབ་འཇུག་བྱས་པའི་འབྲས་བུར་ས་པཎ་ནས་རྭ་སྒྲེང་བར་དུ་བོད་ཀྱི་བླ་ཆེན་དཔོན་ཆེན་ཉིས་བརྒྱ་བདུན་ཅུ་བརྒལ་བ་ཞིག་ལ་སོག་གཞུང་རྒྱ་གཞུང་མན་གཞུང་སོགས་ཀྱིས་སྟངས་འཛིན་གྱིས་དཔོན་ས་དང་ཆོ་ལོ་མི་འདྲ་བ་སྤྲད་འདུག་པས། ད་ནི་བསམ་བཞིན་དུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱེད་རྒྱུ་ཡིན་ནམ་ལོ་རྒྱུས་ཀྱི་ཤོག་ལྷེ་དཀར་པོའི་ངོས་སུ་སྣག་ཚ་ནག་པོས་བྲིས་ཚར་བའི་དངོས་ཡོད་གནས་སྟངས་ལ་ཁས་ལེན་སྟེར་དགོས་ཁྱེད་ཅག་གིས་ཤེས་གསལ་ལྟར་ཡིན་ན། ད་ནི་ནམ་རྒྱལ་པོ་ཡིན་ཡང་ལངས་ཚོད་དང་མོ་མོ་རྭ་ཅོ་ཡིན་ཡང་ཚོས་ཚོད་དུ་བསླེབས་མི་འདུག་གམ།
གསེར་འབྲུག་ལགས།
ཀྲུང་ནན་ཧའེ་ནས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ཡོད་ཚད་རྒྱུ་མཚན་ལྟར་སྣང་འབའ་ཞིག་ཡིན་པ་དེས། ངོས་ལེན་མ་བྱས་པར་ཁྱེད་ཀྱིས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་དམ།
བཙུན་པ་ཟམ་གདོང་གི་དེབ་སེར་དེའི་ནང་དོན་ཆེན་ ༤ པའི་ནང་གསེས་ང་པར་འདི་ལྟར་འཁོད་འདུག
༼ ཁྱད་པར་དུ་བོད་རིགས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པ་དེ་ཡང་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་མཐའ་ནས་རིམ་ཟོས་ཀྱིས་དགའ་ལྡན་ཕོ་བྲང་གི་མངའ་འོག་ནས་ཟུར་དུ་གྱེས་ཏེ་ཕྱི་ལོ ༡༩༥༡ ལོར་བོད་རང་བཙན་ཤོར་སྐབས་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་པས། ལོ་རྒྱུས་དང་སྦྲེལ་ཏེ་རང་བཙན་བསྐྱར་གསོ་བྱུང་ཡང་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་དུ་ཡོད་སྟབས་བོད་སའི་ཆ་ཤས་ཤིག་རྒྱ་ནག་ནས་ཁ་བྲལ་བ་ལས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་མིང་དོན་མཚུངས་བ་ཞིག་བྱུང་ན་འཕྲལ་ཕུགས་དགེ་མཚན་ཆེ་བའི་རྒྱུར་མངོན་པས་འདི་ཡང་བསམ་ཞིབ་དགོས་པ་ཡིན།༽
༧གོང་ས་མཆོག་གི་བཀའ་སློབ་སྐད་གྲགས་ཅན་དེའི་ནང་གི་འབྲེལ་ཡོད་ཅིག་བྲེས་གཏུབ་ཀྱིས་འདིར་བཞག་ཡོད་པས། འགོ་ཚོས་ནས་གླེང་ན་བུ་རབས་རེད་ཡ།
༼ རང་བཙན་ཐོག་ཕྱིན་ན། ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཤོད་རྒྱུ་ཞིག་དང༌། རང་ཐག་རང་གཅོད་ཀྱི་ཐོག་ནས་ཤོད་རྒྱུ་ཞིག་བཅས་གཉིས་ཡོད། ལོ་རྒྱུས་ཐོག་ཕྱིན་ན་ྋགོང་ས་ལྔ་པ་ཆེན་པོ་ནས་བཟུང་དགའ་ལྡན་ཕོ་བྲང་གི་ཁྱབ་ ཁོངས་ལ་གོ་རྒྱུ་རེད། ཕྱི་ལོ་ ༡༩༥༠ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཐོག་མའི་སྙན་ཞུ་འབུལ་སྐབས་ ༡༩༥༠ ལོར་འབྲི་ཆུ་བརྒལ་ནས་བཙན་འཛུལ་བྱས་བྱུང་ཞེས་འཁོད་ཡོད། འབྲི་ཆུའི་ནུབ་རྒྱུད་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ས་ཆ་ལ་ཤོད་ཀྱི་ཡོད། ཕལ་ཆེར་དེ་དག་ང་ཚོ་བོད་པའི་ཁ་རྒྱུན་ལའང་རྒྱ་སྡེ་དང་བོད་སྡེ་ཞེས་ཤོད་ཀྱི་ འདུག ལོ་རྒྱུས་ཐོག་ནས་བཤད་དགོས་བྱུང་ན་དེ་དག་གླེང་སློང་ཡོང་རྒྱུ་རེད། ཡང་ན་ཆོས་རྒྱལ་མེས་དབོན་རྣམས་གསུམ་སྐབས་ཀྱི་ལོ་རྒྱུས་བཤད་རྒྱུ་ཡིན། ངོས་ཀྱིས་ཉེ་ཆར་རྒྱ་གར་གྱི་ཚགས་པར་ཞིག་མཐོང་བྱུང༌། དེའི་ནང་རྩེ་ཕོ་བྲང་གི་པར་དང་ལོ་རྒྱུས་བྲིས་འདུག་པ་རོབ་ཙམ་ཀློག་པ་ཡིན། དེའི་ནང་རྩེ་ཕོ་བྲང་དུས་རབས་བདུན་པའི་ནང་རྒྱ་ནག་གོང་མས་བསྐྲུན་པ་རེད་ཅེས་ བྲིས་འདུག རྩེ་ཕོ་བྲང་རྒྱ་མི་ལག་རྩལ་པས་བརྒྱབ་པའི་རྣམ་པ་རྩ་བ་ནས་མེད། བོད་པའི་ལག་རྩལ་པས་བརྒྱབ་ཡོད། གཅིག་བྱས་ན་བལ་པོའི་ལག་རྩལ་པ་དེ་འདྲ་ཡོད་ཤས་ཆེ། སྤྱིར་ལྷ་ལྡན་གཙུག་ལག་ཁང་བཞེངས་སྐབས་བལ་པོའི་བཟོ་རྩལ་ཡོད་པ་ཤོད་སྲོལ་ཡོད། རྩེ་ཕོ་བྲང་བོད་པ་རང་གིས་བཞེངས་ཡོད། བར་སྐབས་རྒྱ་གཞུང་གི་ཡིག་ཆའི་ཁོངས་ནས་བསྡུས་སོང་མ་གཏོགས། འགོ་སྟོད་རྒྱ་ཕྱོགས་ཀྱི་ཤོད་ཚུལ་ལ་དུས་རབས་བདུན་པ་ནས་བོད་རྒྱ་ཁོངས་རེད། དེའི་རྒྱུ་མཚན་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ བཙུན་མོར་བཞེས་པ་དང་དེ་མཉམ་དུ་རྩེ་ཕོ་བྲང་ཡང་བཞེངས་པ་རེད་ཅེས་བཀོད་འདུག ཕྱིས་སུ་དུས་རབས་བདུན་པ་ཞེས་མི་ཤོད་པར་དུས་རབས་བཅུ་གསུམ་པ་ཞེས་ཤོད་ཀྱི་འདུག གང་ལྟར་ལོ་རྒྱུས་ཐོག་འགྲོ་དགོས་བྱུང་ན་རྙོག་དྲ་ཆེན་པོ་ཡོད། དེ་དག་ལ་ཚང་མས་བསམ་བློ་གཏོང་དགོས་པ་ཡིན།༽
ད་གནད་དོན་ཟེར་བ་དེ་གང་ནས་གླེང་ན་དགའ་མིན་དང་། གླེང་སྟངས་གསར་བ་ཅི་ཞིག་ཡོད་མེད་ཕྱིར་བཏོན་བྱས་ན་ལས། དེ་མིན་གང་བཤད་ཀྱང་ལམ་ཁ་ཞིག་ཡོད་མེད་མི་ཤེས།
འདྲེ་མགོ་རྡོས་གོང་ས་མཆོག་གི་བཀའ་སློབ་དེ་འདིར་དྲངས་པར་ཐུགས་རྗེ་ཆེ། ངས་ཀྱང་སང་གནངས་ཤིག་ལ་འདིར་འདྲེན་བསམས་ནས་ལག་པར་ཟ་འཕྲུག་ལང་བཞིན་བསྡད་ཡོད།
བཙན་བྱོལ་བའི་མིང་ཅན་གྱི་མཆན་ཨང་སོ་གཅིག་པ་དེར་ཁོ་བོས་ཀྱང་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་བཞིན་པ་སྟེ། བོད་སིལ་བུར་འཐོར་བ་ནས་བཟུང་སྟེ་བོད་ལ་རང་བཙན་གཙང་མའི་ལོ་རྒྱུས་ཤིག་མེད་ཀྱང་། མ་འོངས་པར་བོད་མི་དག་གིས་བོད་བཙན་པོའི་དུས་སྐབས་ཀྱི་རང་བཙན་རྒྱལ་ཁབ་ཆེན་པོ་དེའི་མངའ་ཁོངས་སྐྱར་གསོའི་ལས་འགུལ་སྤེལ་དང་མི་སྤེལ་ནི་བོད་མི་རང་གི་ཐོབ་ཐང་ཞིག་ཡིན་པར་ཁོ་བོས་དུས་རྟག་ཏུ་འདོད། དེའི་ཕྱིར་མདོ་སྨད་པ་སྒྲོལ་མ་སྐྱབས་ཀྱིས་བཏང་བའི་གཞས་་་གངས་ཅན་པ་་་ཞེས་པ་དེར་ཉན་ཐེངས་རེ་རེར། ཁོ་བོའི་མིག་ལམ་དུ་བོད་ཁམས་གཅིག་གྱུར་བྱེད་མཁན་གྱི་བཙན་པོ་རིམ་བྱོན་གྱི་གཟུགས་བརྙན་འཆར་ཞིང་། ཁོ་བོའི་རྣ་ལམ་དུ་བཙན་པོའི་དུས་ཀྱི་དམག་རྟ་ཁྲི་ཕྲག་གི་རྨིག་སྒྲ་གྲག་ཡོང་གིན་འདུག
འོའོ་ཡ་ཨ་གུ་ཀླུ་སྙོན་ལགས།
གྲོས་མཐུན་དོན་ཚན་བཅུ་བདུན་དེ་འབྲི་ཆུ་ཚུར་རྒྱབ་ད་ལྟའི་བོད་རང་སྐྱོང་ལྗོངས་གཅིག་བུའི་ཆེད་དུ་བཞག་པ་ཞིག་ཡིན་དུ་ཆུག་ཀྱང་། པཎ་ཆེན་སྐུ་གོང་མ་པེ་ཅིང་ནས་ཨ་མདོ་བྱང་རྒྱུད་དུ་གཟིགས་བསྐོར་ཐེངས་དང་པོར་འབྲི་ཆུ་ཚུར་རྒྱབ་ཀྱི་གནས་ཚུལ་གཟིགས་མེད་ལ་བྱང་རྒྱུད་ཀྱི་གནས་སྟངས་གཅིག་པུས་ཁོང་གི་ཐུགས་དགོངས་དང་ཡོངས་སུ་འགལ་ཏེ་དགོངས་འཚོམས་དང་འབྲེལ་ཕྱིར་ཕེབས་ལམ་བར་དུ་མེ་འཁོར་ནང་སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ་ཕྱག་བྲིས་དབུ་འཛུགས་གནང་ཏེས་མི་རིང་ཀྲུང་དབྱང་ལ་སྙན་ཞུར་ཕུལ་ཡོད་ཀྱང་དོན་འབྲས་སྨིན་རྒྱུ་ཕར་ཟད་སྟབས་མི་ལེགས་པར་ཁོང་སྐུ་ངོ་མ་ཡང་ཀྲུང་དབྱང་སློབ་གྲྭ་ཆེན་མོར་ཤོག་བུའི་ཞྭ་མོ་གཡོགས་ནས་འཐབ་འཛིང་བཏང་ཏེ་འོ་རྒྱལ་ཆེན་པོ་བྱུང་བ་མ་ཟད་མི་ལོ་བརྒྱད་ལྷག་ཙམ་བཙོན་དུ་བཞུགས་དགོས་བྱུང་བ་རེད། ཁོང་གིས་སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ་དེ་གྲོས་མཐུན་དོན་ཚན་བཅུ་བདུན་གཞིར་བཞག་ཏེ་བྲིས་གནང་མཛད་པར། གྲོས་མཐུན་ལག་ལེན་ལ་མི་འཁྱོལ་བ་མ་ཟད་བོད་མི་རིགས་ཀྱི་རྒྱུ་ནོིར་ལོངས་སྤྱོད་གཏོར་བཅོམ་འཕྲོག་གསུམ་དང་དབང་ཐང་སྒྱུ་ལུས་བཅས་གཞུང་བཞེས་བཏང་བར་ཐུགས་འཕམས་དང་འབྲེལ་བྲིས་གནང་གིས་སྙན་ཞུར་ཕུལ་གནང་མཛད་པ་ཞིག་རེད། འོ་ན་འབྲི་ཆུ་ཕར་རྒྱབ་སྔར་ནས་རྒྱ་སྡེ་ཡིན་ན་བཅིང་གྲོལ་བཏང་དགོས་དོན་མི་འདུག་ལ་པཎ་ཆེན་སྐུ་གོང་མས་དོན་ཚན་བཅུ་བདུན་གཞིར་བཞག་གི་སྙན་ཞུ་ཁྲི་བདུན་མ་བྲིས་གནང་ནས་ཀྲུང་དབྱང་ལ་ཕུལ་དགོས་རྐྱེན་འཕྲད་མི་སྲིད། རྒྱུ་མཚན་པཎ་ཆེན་སྐུ་གོང་མས་སྐབས་དེ་དུས་འབྲི་ཆུ་ཕར་རྒྱབ་ཀྱི་ཨ་མདོ་བྱང་རྒྱུད་ཁོ་ན་མ་གཏོགས་འབྲི་ཆུ་ཚུར་རྒྱབ་བོད་རང་སྐྱོང་ལྗོངས་ཀྱི་གནས་སྟངས་གཟིགས་མེད། ཀླུ་སྙོན་ལགས་ཀྱིས་དོན་ཚན་བཅུ་བདུན་རེ་རེ་བཞིན་གཟིགས་མི་འདུག་ལ་ག་པར་འཁྱབ་ཡོད་མེད་ཡང་དེ་བས་གཟིགས་མི་འདུག།
གངས་ཅན་མཁས་དབང་རྣམས་པ་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ནང་གསལ་སུ་འབྲི་ཆུ་ཤར་ནུབ་གྱི་གནད་དོན་གང་ཡང་གསལ་མི་འདུག། དེའང་དོན་ཚན་བཞི་པ་ནང་གསལ། བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་ཀྲུང་དབྱངས་གི་བརྒྱུར་བཅོས་མི་བྱེད་ཟེར་བ་སྟེ་བོད་སྤྱི་ཡོངས་ལ་གོ་དགོས་པ་ལས་འབྲི་ཆུ་ཚུར་རྒྱབ་དང་ཕ་རྒྱབ་གི་དབྱེ་བ་འཇོགས་ཐབས་མེད་པ་རེད་བསམ། གལ་སྲིད་འབྲི་ཆུ་ཤར་ནུབ་གི་དབྱེ་ཚམས་བཟོས་པ་ཡིན་ན་བོད་ཤར་ཕྱོགས་བཅོས་བརྒྱུར་ཟེར་བ་སྟེ་ཡོང་ཐབས་རྩ་བ་ནི་མེད་པ་རེད། གང་ཡིན་ཞུས་པས་སྤྱི་ལོ་༡༩༤༩ལོའི་སྤྱི་ཟླ།༡༠།ཚེས་༡།ལ་ཀྲུང་གོ་དབུ་རྙེད་པའི་གསལ་བསྒྲགས་སྐབས་ས་ཚམས་གང་ཡིན་པ་མཚམས་མ་གསལ་སྒྲོགས་བྱེད་སྐབས་མདོ་ཁམས་གཉིས་བོད་ས་ཡིན་པར་ངོས་འཛིན་མ་བྱེད་ཐབས་མེད་བྱུང་ཡོད་པ་རེད། དེ་འདྲ་ཡིན་དུས་དོན་ཚན་བཅུ་བདུན་ནང་ཤར་ནུབ་གི་ཁྱད་ཚམས་མེད་པ་རེད་བསམ། པཎ་ཆེན་སྐུ་གོང་མས་མི་རིགས་སྲིད་བྱུས་གཞིར་བཟུང་གི་ཁྲིམས་ལུགས་དང་དོན་ཚན་གཉིས་ཀ་ཐོག་ནས་གསལ་སྟོན་གནང་ཡོད་པ་རེད། དེའང་དོན་ཚན་གསུམ་པའི་ནང་གསལ་་་་མི་རིགས་ས་གནས་རང་སྐྱོང་གི་དབང་ཆ་གསལ་ཡོད། བདུན་པ་ནང་གསལ་ཆོས་ལུགས་ལ་དད་པ་རང་མོས་ཟེར་བ་དེ་རྣམས་ལུགས་མཐུན་གྱིས་གསལ་སྟོན་གནང་བ་རེད་བསམ་འདུག།།
བཀྲ་ཤིས་བདེ་ལེགས། དོན་མེད་འདུག་ན་དགོངས་དག་ཞུས།།
༄༅། །མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱངས་བླང་དམག་གི་སྒྲིགསའཛུགས་སམ། ཡང་ན་མདོ་ཀམས་ཆུ་བཞི་སྒང་དྲུག་བདེ་དོན་ཚོགས་པ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ ༡༤ པ་མཆོག་སྐུ་ཚེ་༧ཞབས་པད་སྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཐེངས་ལྔ་ཕུལ་བའི་བྱུང་རིམ།
དེ་ཡང་བརྟནབཞུགས་ཐེངས་དང་པོ་ནི།
ཕྱི་ལོ་ ༡༩༥༧ ལོར་དུས་ཟིང་ཛ་དྲག་ཅི་ཆེའི་སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲག་ནས་༧སྤྱི་ནོར་༧གོང་ས་༧་སྐྱབས་མགོན་ཆེེན་པོ་མཆོག་ལ་གསེར་ཁྲི་ཁམས་གསུམ་ཟིལ་གནོན་བཞེངས་འབུལ་ཁྲི་འདོད་མཉའ་གསོལ་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བརྩལ་སྐབས་བཅས་སུ་ནོར་གླིང་ཕོ་བྲང་དུ་སྐུ་ཚེ་བརྟན་བཞུགས་ཟབ་རྒྱས་གནད་སྨིན་བསྟར་འབུལ་རྟེན་འབྲེལ་ལེགས་ཚོགས་ཆེ་སྐབས་འབུལ་མཚོན་ཡང་སྤྱི་སྒེར་གཞུང་སོསོ་ནས་ཕུལ་བའི་གོ་སྐབས་བཟང་པོ་ཐོབ་པ་བཅས་བྱུང་བ་ཡིན།
བརྟན་བཞུགས་ཐེངས་གཉིས་པ་ནི།
བོད་ཅེས་པའི་རྒྱལ་ཁབ་འདིར་སྲིད་པ་ཆགས་ནས་བཟུང་ད་བར་བྱུང་མ་མྱོང་བའི་དུས་འགྱུར་ཆེན་པོ་བྱུང་བའི་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ལ་འགལ་རྐྱེན་བར་ཆད་ཕྲ་མོ་རྩམ་མ་བྱུང་སྟེ། རྒྱ་གར་འཕགས་པའི་ཡུལ་དུ་བོད་བསྟན་པ་ཆབ་སྲིད་རང་གི་བདེ་རྩར་ཞབས་སོར་འཁོད། ཕྱི་ལོ་ ༡༩༦༠ ཐམ་པ་ལོར་གནས་མཆོག་རྡོ་རྗེ་གདན་དུ་ཞབས་ཀྱིས་བཅགས་པའི་སྐབས་བོད་ཆོལ་ཁ་གསུམ་ཞེས་པ་འི་མིང་གནས་གྲགས་མ་ཐག་པར། ཆོལ་གསུམ་བོད་མི་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་མནའ་གན་ཐུ་མོ་ཆེ་གནས་མཆོག་དེར་བཞག་པའི་སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱངས་བླངས་དམག་གི་སྒྲིག་འཛུགས་དེ་ཐོག་ནས་གསོལ་བ་ཟེ་ལྟར་བཏབ་ན་འགྲུབ་པའི་གནས་མཆོག་དེ་ན་༧སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་། བོད་བསྟན་སྲིད་རང་དབང་གི་དོན་དུ་ཡོད་ན་དེ་ཡོད་དང་། མེད་ན་དེ་མེད་ཀྱི་དཔེ་ལྟར་ཡིན་སྟབས་གང་ཉིད་ཀྱི་སྐུ་ཙེ་ལ་འགལ་སྐེན་བར་ཆེད་ཕྲ་མོ་རྩམ་མི་འབྱུང་བའི་ཆེད་དུ་སྐུ་ཚེ་སྐལ་བརྒྱར་བརྟན་པའི་བརྟན་བཞུགས་དམ་ཚིགས་དང་ལྡན་པའི་སྒོ་ནས་འབུལ་འཐུས་ཆོག་པའི་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བྐརིན་ཐོབ་པ་ལྟར། ༧སྐྱབས་གནས་དཀོན་མཆོག་གསུམ་དང་། གནས་མཆོག་ཁྲད་པར་ཅན་གྱི་བྱིན་རླབས་ལ་གསོལ་བ་རྩི་གཅིག་ཏུ་བཏབ་པའི་སྒོ་ནས་རྟེན་འབྲེལ་གྱི་ས་ག་མི་སྟོང་རྩམ་གྱི་འབུལ་མཚོན་དང་བཅས་བརྟན་བཞུགས་བསྟར་འབུལ་ཞུ་བའི་གོ་སྐབས་བྱུང་སྟེ་རང་ཡུལ་རང་ལག་ཏུ་སོན་པའི་སྒོ་མོ་དང་པོ་ཞིག་ཕྱེ་ཐུབ་པའི་ངོས་འཛིན་བྱེད་ཐུབ་པ་བྱུང་བ་དེ་ཡིན། མུ་འཐུད་རྗེས་སུ་སྤེལ་མཆོག།
༄། །དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་ཟཆར་ལ་གཞིས་བྱེས་བོད་རིགས་མང་ཚོགས་ཀྱི་ཡང་དག་པའི་མང་གཙོའི་བརྒྱུད་ལམ་ནས་ཡང་ཡང་གཏན་ལ་ཕབ་པའི་མངཚོགས་ཀྱི་མངོན་འདོད་དང་ཐུན་པའི་སྲིད་བྱུས་ཤིག་ཡིན། ནམ་ཞིག་རྒྱུ་མཚན་ལ་བརྟེན་ནས་རང་དབང་གིས་མང་ཚོགས་ཀྱི་མངོན་འདོད་འགྱུར་བ་ཕྱིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་དང་ལེན་ཞུ་རྒྱུ་ལས།
མཁྲེགས་འཛིན་བྱེད་སེམས་སམ། མང་ཚོགས་ལ་སྲིད་བྱུས་བཙན་འགེལ་བྱ་རྒྱུའི་འདུན་པ་ནམ་ཡང་མེད། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱུ་མཙན་གྱི་ལམ་ནས་སྲིད་བྱུས་གོ་རྟོགས་དང་ངེས་པ་རྙེད་པའི་ཐོག་ནས་མོས་མཐུན་དང་ཉམས་ལན་གནང་དགོས། འདི་ལ་དགག་བྱ་གནང་མཁན་ཚོས་ཀྱང་གཞི་རྩ་མེད་པའི་སྒྲོ་བཏགས་དང་མང་ཚོགས་ཀྱི་སེམས་ཚོར་བེད་ལོག་སྤྱད་ཐབས་མ་ཡིན་པར་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་པ་ཞིག་དགོས་རྒྱུ་དེ་གུས་ནིའུ་ཡོག་བློ་བཟང་ནས་རེ་བསྐུར་ཡིན།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་རྗེས་སུ་སྤེལ་མཆོག།།
རྩོམ་པ་པོ་འཇམ་དབྱངས་ནོར་བུས་༧གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་པ་དེ་ནི་ཧ་ཅང་མི་འོས་པ་ཞིག་རེད། འོན་ཀྱང་བོད་གཞུང་ལ་སྐྱོན་བརྗོད་བྱེད་པ་ནི་ཁོ་བོད་འབངས་ཤིག་གི་ཐོབ་ཐང་རེད།
འཇམ་དབྱངས་ནོར་བུ་ལ་་བོད་གཞུང་དང་༧གོང་ས་མཆོག་ལ་མི་དགའ་བའི་བོད་མི་རེ་ཁག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོ་ཉིད་རང་གི་གཞུང་ལ་མི་དགའ་ཡང་རང་གི་མི་རིགས་འདིའི་ཆེད་དུ་རང་གི་རྩོམ་རིགས་ཀྱི་ལམ་ནས་བོད་དོན་ཁྱབ་སྒྲགས་དང་ལས་དོན་ཅི་ཐུབ་ཅིག་སྤེལ་གྱིས་འདུག་པས་ངས་ཁོང་མི་ཐབས་སྡུག་ཤིག་གི་གྲལ་དུ་མི་འཇོག དེ་མིན་བོད་མི་སྐོར་ཞིག་གིས་༧གོང་ས་ཡིད་བཞིན་ནོར་བུ་ལ་མཚན་སྨད་ཞུ་ཅི་ཐུབ་དང་བོད་གཞུང་དང་བོད་མིའི་ཆིག་སྒྲིལ་ལ་གཏོར་བཤིག་བཏང་ཅི་ཐུབ་དང་དེ་བཞིན་བོད་དོན་དང་བོད་མིའི་བདེ་སྡུག་ལ་སེམས་ཤུགས་སྤུ་ཙམ་མེད་མཁན་དེ་ཚོ་ལས་སྡུག་པ་ཅིག་འཇིག་རྟེན་གྲོང་བའི་ཁམས་འདི་ན་མེད།། །།
འཇམ་དབྱངས་ནོར་བུ་ལགས་ནས་བོད་རང་བཙན་གཙང་མ་ཡིན་པའི་ཁུང་ལྡན་གྱི་ལོ་རྒྱུས་ངོ་སྤྲོད་གནང་བ་རྗེས་སུ་ཡི་རང་ཡོད། དོན་ལ་དེ་ལྟར་གྲུབ་ཀྱང་ང་ཚོའི་གཞུང་ཞབས་པ་ཚོས་འདི་འདྲའི་ལས་འགུལ་གོ་ཐོས་ཙམ་ཡང་མེད་པ་ཡིད་སྐྱོ་བའི་གནད་དུ་གྱུར། ལར་ང་ཚོས་རྒྱ་བོད་ཞི་བའི་གྲོས་མོལ་དང་དབུ་མའི་ལམ་ཟེར་བའི་མང་ཚོགས་མགོ་སྐོར་བའི་ལག་ཆ་དེ་ཚོ་ནི་བྲག་ཅིའི་སྒྲ་དང་གཉིས་སུ་མ་མཆིས་འདས་ཟིན་པའི་མོ་ལོ་ལྔ་བཅུ་ལྷག་ཙམ་ལ་ཕྱིར་མིག་ཞིག་བལྟ་ན་ལོང་བ་མ་གཏོགས་ཤེས་ཐུབ་པ་ཆགས་ཡོད་། བགྲངས་བྱ་ཇི་ཙམ་སོང་ཡང་རྒྱ་མིའི་སྲིད་ཇུས་ཇེ་ངན་དང་ཇེ་སྔུག་ང་ཚོའི་སྲིད་ཇུས་ཇེ་སླ་འགྲོ་བཞིན་པ་མངོན་གསལ་དུ་གྲུབ། ད་དུང་ཡིད་སྐྱོ་བ་ཞིག་ལ་བོད་མི་རིགས་ཀྱི་འདོད་དོན་ཡས་སུ་བོར་ཏེ་གོང་གི་བླ་མ་དང་དཔོན་པོ་འོག་གི་མི་མང་གང་ཞིག་ཡིན་རུང་ཆོས་ལུགས་དང་ཆོས་ཁའི་འཐེན་ཁྱེར་ཡར་ངོའི་ཟླ་ལྟར་འཕེལ་ཞིང་ལོ་རྒྱུས་ཀྱི་བདེན་དཔང་ནུས་པའི་བོད་དོན་འཇའ་ལྟར་ཡལ་བའི་ངང་ཚུལ་གཞིགས་ན་གལ་སྲིད་སྒྱུ་མའི་ཕུང་པོ་འདི་ཡི་སྟེང་ལ་བོད་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡོད་ན་རྒྱུ་དང་གོ་ས་སོགས་རང་དོན་ཁོ་ནར་མི་བསྒྲུབས་པར་ཁ་བཤད་དོན་ལ་གནས་པའི་ཕྱག་ལས་ཞིག་གནང་རན་འདུག།།།
དེ་རིང་ངས་གཞི་ནས་ཀླུ་སྨྱོན་ལགས་ནས་མི་རིག་གི་འདུ་ཤེས་མཚོན་པའི་དྲ་ངོས་གི་ཡིག་ཕྲེང་དེ་རྣམས་མཐོང་སྐབས་དགའ་བ་བསྐྱེད་ནས་རྗེས་སུ་ཡིད་རང་ཞུ་རྒྱུ་དང་། ཁྱེད་ཀྱི་བསྙན་ངག་གི་ནང་དོན་ཁ་ཕྱོགས་དེ་བོད་མིའི་ཆབས་སྲིད་ཀྱི་ཐོག་ཏུ་ཕབས་ཐུབ་ན་སྤྱི་མ་རུང་སྙམ།། དྲང་པོ་བཤད་ན་མི་མི་དགའ། རྒྱུག་པ་ཁྱེར་ན་ཁྱི་མི་དགའ་ཟེར་པའི་འཇིག་རྟེན་གཏམ་དཔེ་དེ་བདེན།། གཞན་གྱི་དགའ་མོད་བྱེ་མིན་ལ་མ་ལྟོད་པར། ཁྱེད་ནས་་་་་་་་་་་་་་་་་་་་་་་་་་་་བཙན་བྱོལ་བའི་མིང་ཅན་གྱི་མཆན་ཨང་སོ་གཅིག་པ་དེར་ཁོ་བོས་ཀྱང་དུས་རྟག་ཏུ་རྒྱབ་སྐྱོར་བྱེད་བཞིན་པ་སྟེ། བོད་སིལ་བུར་འཐོར་བ་ནས་བཟུང་སྟེ་བོད་ལ་རང་བཙན་གཙང་མའི་ལོ་རྒྱུས་ཤིག་མེད་ཀྱང་། མ་འོངས་པར་བོད་མི་དག་གིས་བོད་བཙན་པོའི་དུས་སྐབས་ཀྱི་རང་བཙན་རྒྱལ་ཁབ་ཆེན་པོ་དེའི་མངའ་ཁོངས་སྐྱར་གསོའི་ལས་འགུལ་སྤེལ་དང་མི་སྤེལ་ནི་བོད་མི་རང་གི་ཐོབ་ཐང་ཞིག་ཡིན་པར་ཁོ་བོས་དུས་རྟག་ཏུ་འདོད། དེའི་ཕྱིར་མདོ་སྨད་པ་སྒྲོལ་མ་སྐྱབས་ཀྱིས་བཏང་བའི་གཞས་་་གངས་ཅན་པ་་་ཞེས་པ་དེར་ཉན་ཐེངས་རེ་རེར། ཁོ་བོའི་མིག་ལམ་དུ་བོད་ཁམས་གཅིག་གྱུར་བྱེད་མཁན་གྱི་བཙན་པོ་རིམ་བྱོན་གྱི་གཟུགས་བརྙན་འཆར་ཞིང་། ཁོ་བོའི་རྣ་ལམ་དུ་བཙན་པོའི་དུས་ཀྱི་དམག་རྟ་ཁྲི་ཕྲག་གི་རྨིག་སྒྲ་གྲག་ཡོང་གིན་འདུག ་་་་གསུང་པ་རྣམས་གོ་བདེ་ལ་བསྙན་པ་ཞིག་འདུག་གོ།་་་་་་་་རང་ཉིད་ཀྱང་གླུ་གཞས་དེ་རྣམས་ཐོས་སྐབས་ཚམས་རེ་མིག་ཆུ་ཤོར་པ་དང་། ཡིད་སྐྱོ་ཞིང་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟ་སྐབས། ལམ་དབུ་མ་ལས་ལྷག་པ་ཞིག་མ་མཐོང་ངོ།། རང་ཉིད་ནས་ཀྱང་བཙན་པོ་དྲན་གསོ་ཞེས་པའི་གཞས་ཅིག་༢༠༠༥ ལོར་བཟོས་པ་ཡིན།།
འཕན་པོ་བསྟན་དར་པས།། །།
བོད་རང་བཙན་གཙང་མའི་ལྟ་བ་འཛིན་མཁན་གྱི་དཔའ་བོར་རྒོལ་བའི་དྲཱ་གྲོགས་རྣམས་ལ་ནན་དུ་ཞུ་རྒྱུར།
༸གོང་ས་མཆོག་གིས་ལོ་ཉི་ཤུའི་རིང་།བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་དང་བོད་བསིལ་པོའི་དུས་ཀྱི་ཉམས་
ཉེས།དེ་བཞིན་ས་སྐྱའི་སྲིད་དབང་དབུ་ཚུགས་རྗེས་བོད་ཁྲི་སྐོར་བཅུ་གསུམ་དང་།ཆོལ་ཁ་གསུམ་ཞེས་ཐ་སྙད་གསར་པ་འདྲ་མིན་ཞིག་བཏགས་ནས་སླར་བོད་ས་ཡོངས་རྫོགས་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོར་
གནས་པ་མཁྱེན་བཞིན་དུ་༼དོན་ཚན་བཅུ་བདུན་༽རྩིས་མེད་བཏང་ནས་རང་བཙན་སླར་གསོའི་ཕྱག་ལས་
རླབས་ཆེན་གནང་བ་མ་གཏོགས་ཕྱི་ལོ་དོན་དགུའི་རྗེས་ལ་ཏེང་ཞའོ་ཕིང་གི་ཚུར་སྒོ་བརྡུང་པའི་རྗེས་ལ་གཞི་ནས་བོད་ས་སྤྱི་ལ་ཁྱབ་པའི་རང་བཙན་མེད་པར་མཁྱེན་པ་ཞིག་གཏན་ནས་མིན་པས་ང་ཚོ་ཚང་མས་ལོ་རྒྱུས་ཐོག་རང་བཙན་ཡིན་པ་རྣམས་ཁ་གསལ་གཏིང་གསལ་གཅེས་ཉར་དགོས་པ་ནི་མཁས་དབང་འཇམས་
དབྱངས་ནོར་བུ་ལགས་ཀྱི་དགོངས་གཞི་གཙོ་བོ་ཡིན་པ་ལས།
༸གོང་ས་མཆོག་ལ་མ་གུས་པ་དང་ཁ་གཏད་དུ་ལང་པ།བཙན་བྱོལ་བོད་གཞུང་ལ་མི་དགའ་བ་གཏན་ནས་
མིན་ཏེ།ཁོང་གི་ལྷག་བསམ་དང་བྱ་སྤྱོད་ངོ་མའི་ཐོག་ནས་གསལ་བཤད་ཐུབ་པ་ཞིག་ཡིན།
༢༽བོད་ས་ཡོངས་ལ་ཁྱབ་པའི་རང་བཙན་མེད་པའི་སྐོར་གསལ་བཤད་བྱེད་རྒྱུ་ང་ཚོ་བོད་པའི་ལས་ཀ་མིན་པར་རྒྱ་ནག་གཞུང་ལ་དགའ་བའི་མི་དང་ལོ་རྒྱུས་ལ་རྫུན་བཟོ་བྱེད་མཁན་ཚོའི་ལས་འགན་རེད།
༣༽བོད་རང་བཙན་ཁུངས་སྐྱེལ་དང་གསལ་བཤད་བྱེད་པ་ནི་དབུ་མའི་ལམ་གྱི་རྒྱབ་སྐྱོར་བླ་ན་མེད་པ་ཞིག་ཡིན་པ་ལས་འགལ་རྐྱེན་དང་རྙོག་དྲཱ་བཟོ་མཁན་གྱི་གྲས་རྩ་བ་ནས་མིན་པས་དེ་ལུགས་ཀྱིས་རང་བཙན་པ་རྣམས་ལ་དེ་བས་ཀྱང་གུས་ཞབས་ཆེ་བ་དགོས་སོ།
༤༽བོད་རང་བཙན་ནི་དབུ་མའི་ལམ་གྱི་མ་རྩ་གཙོ་བོ་དང་།དངོས་རྒྱུ།ཉེར་ལེན་མེད་དུ་མི་རུང་བ་དེ་ཡིན།
༥༽ལོ་རྒྱུས་ཐོག་གི་༼བོད་རང་བཙན་གཙང་མ་༽དང་༼དོན་ཚན་བཅུ་བདུན་༽ཟེར་བ་དེ་མེད་ན་དབུ་མའི་ལམ་ཟེར་བ་ཡང་དོན་མེད་ཚིག་ཙམ་དུ་མི་འགྱུར་རམ།
༦༽བྲལ་བྱའི་མཐའ་གཉིས་མེད་ན་གྲོལ་བའི་དབུ་མའི་ལམ་ཟེར་བ་ཞིག་ཅི་ལྟར་འབྱུང་ངམ།
༧༽བཙན་བྱོལ་བོད་གཞུང་ངམ་བོད་པའི་གཞུང་གི་སྒྒྲིག་འཛུགས་ཞེས་པ་འདིའི་མིང་དོན་མཚུངས་པའི་ཉེར་ལེན་
གཙོ་བོ་དེ་གང་ཞིག་ཡིན་མིན་དགོངས་པ་བཞེས་དང་ད་གཟོད་རྒྱུ་མཚན་ངང་གིས་མཐོང་ཡོང་།
༨༽བོད་རང་བཙན་གྱི་ལྟ་བ་རིན་པོ་ཆེ་མཐའ་སྐྱོང་གནང་མཁན་ལ་དགག་པ་རྒྱག་རྒྱུ་ང་ཚོ་བོད་པའི་ལས་
འགན་ཨེ་ཡིན་ནམ།
༩༽གལ་སྲིད་བོད་རང་བཙན་གྱི་ལྟ་བ་མེད་པ་བཟོ་རྒྱུ་ང་ཚོ་བཙན་བྱོལ་བོད་པའི་ལས་འགན་ཡིན་ན་རྒྱ་ནག་
གཞུང་གིས་བོད་དང་རྒྱ་ནག་གི་མཁས་པ་དང་ལོ་རྒྱུས་རྫུན་མ་འགྷདྲི་མཁན་གྱི་སྒྲིག་འཛུགས་འཛུགས་པ་དང་
དེ་དག་ལ་གླ་ཆ་མཐོ་པོ་སྤྲོད་དགོས་དོན་མིད་ཅིང་།༸གོང་ས་མཆོག་དང་བོད་གྷགཞུང་ལ་ཁ་གཏད་གཅོག་དོན་ཅི།
༡༠༽ཚུར་རང་བཙན་པར་ལ་རྒོལ་མཁན་རྣམས་ཕ་རིའི་རང་བཙན་མེད་པ་ཚུ་རོལ་དབུ་མ་ཡང་མེད་པའི་གཉིས་མེད་སེངྒེར་མི་འགྱུར་རམ།
འཇམ་དབྱངས་ནོར་བུ་ལགས་ཁྱེད་རང་བཙན་བརྩོད་མཁན་ཡ་
རང་བཙན་བཙོང་མཁན་ཅི་གང་ཧ་མི་གོ་ འཇམ་དབྱངས་ནོར་བུ་ཁྱེད་ཀྱིས་སྐུ་གཟིགས་ཞ྄་དམར་
རིན་པོ་ཆེན་ལ་ཁ་མ་གཏང་ན་ཡག་པོ་རེད་་ང་རང་ཚང་མ་འདུག་བདེ་པོ་རེད་
མི་ངན་ཁྱེད་འདྲ་པོ་ཞིག་གིས་་བཀའ་བརྒྱུད་བསྟན་པའི་བདག་པོ་ཞིག་ཁ་གཏང་པའི་
ཐོབ་ཐང་ཡོད་མ་རེད། ཁྱེད་རང་རང་མགོ་ཐོན་ན་ཡག་པོ་རེ་་མི་ཡི་ཇུག་རྟོག་མ་བྱེད་ན་ཡག་པོ་རེད
གཅིག་བྱས་ནང་རང་བཙན་ནི་ང་ཚོའི་འཐབ་བརྩོད་ཀྱི་རྒྱུ་ཆ་ཞིག་ཡིན་སྲིད།གཅིག་བྱས་ན་དབུ་མ་ནི་དོན་དངོས་ཀྱི་ཐབས་ལམ་འདི་ལས་མེད་པ་ཞིག་ཡིན་རྒྱུ་རེད།འོན་ཀྱང་ང་ཡིས་ཤེས་པ་གཅིག་ནི་དེ་གཉིས་བར་ལ་ཐལ་སྤྱོད་ཆེ་བའི་འཐབ་བརྩོད་བྱས་ནས་སྡད་ན་དེ་ནི་བོད་ཀྱི་རྩ་དོན་གྱི་སྲོག་རྩ་བཅོད་བཞིན་དང་བོད་ནང་ལ་རང་སྲོག་དམར་པོ་བློས་བཏོང་བྱེད་བཞིན་པའི་བོད་མི་རྣམས་ལ་འཇིག་རྟེན་འདི་ཡི་མི་སྐད་གང་ཞིག་ནང་ལ་འགྲེལ་བཤད་རྒྱག་རྒྱུ་མེད་པའི་དམའ་འབེབ་ཆེན་པོ་ཞིག་དང་ང་ཚོ་ཡི་ངོ་ཚ་ཆེན་པོ་གཅིག་རེད། དུས་རབ་༢༡་པ་ཡིས་ང་ཚོ་བྱིས་པའི་བློ་སྒོ་ལས་རྒལ་དགོས་པའི་མགྲོན་བརྡ་བཏང་ནས་དུས་ཡུན་རིང་པོ་སོང་ཡོད་ལ། བོད་ནང་གི་ཆོལ་གསུམ་བོད་མི་རྣམས་ཀྱིས་ང་ཚོའི་རྣ་རྩ་ལ་སྲོག་གི་འཁར་རྔ་སྡུང་བ་དང་ང་ཚོ་ཡི་སྣ་རྩ་ལ་ཤ་ཡི་བདུག་པ་བདུག་ནས་ང་ཚོ་གཉིད་སད་ཐབས་བྱས་ནས་ལོ་རབ་མང་པོ་སོང་བའི་དུས་ཤིག་རེད། ང་ཚོ་ཡི་ཐབ་སྡུག་གི་བྱ་སྤྱོད་འདི་ནི་རྒྱ་ལ་ངོ་ཚ་དགོས་པ་གཅིག་རེད་ཅེས་མང་པོས་བརྗོད་བཞིན་ཡོད་པ་རེད་དེ། དེ་ལས་ཀྱང་སྡུག་པ་གཅིག་ལ། འདི་ནི་ངོ་མ་བོད་ནང་གི་བོད་མི་ཚོ་ཡི་ངོ་ལ་ལྟ་མི་ཕོད་པའི་ངོ་ཚ་ཆེན་པོ་གཅིག་རེད་བསམ་གྱི་འདུག ད་ཚང་མ་ཡིས་གོམ་གང་ཕྱིར་ཤིག་གཅིག་སྒྱོབ། དབུགས་ཐེབ་གཉིས་པ་ཞིག་ཐོན། མིག་འཕུར་ཙམ་གྱིས་ནས་གཅིག་འདངས་ཤིག་རྒྱག་རོགས་གནང་། རིག་གནས་གསར་རྗེ་ཡི་སྐབས་སུ་བོད་མི་ཐལ་སྤྱོད་པ་ཚོ་ཡིས་བོད་ཀྱི་དགོན་སྡེ་གཏོར་བ་དང་། བོད་ཀྱི་བླ་མ་གི་འགོ་ལ་ཞོན་པ་རེད། ད་ལྟ་རང་དབང་ལུང་པ་ཡི་ནང་ཡོད་པའི་བོད་མི་ཐལ་སྤྱོད་པ་རྣམས་ཀྱིས་བོད་ཀྱི་རྩ་དོན་རྩ་མེད་མ་བཟོ་རོགས་ཅེས་ཁྱེད་རྣམས་དང་ཤ་ཁྲག་རིགས་བརྒྱུད་གཅིག་པ་ཡིན་པའི་བོད་མི་ཐ་ཤལ་བ་ང་ཡིས་གསོལ་བ་རྩེ་གཅིག་འདེབ་བཞིན་པ་ཡིན།
བོད་ཀྱི་འབོད་སྒྲ་ནི། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། ཏིང་ཤའོ་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱུང་བར། རང་བཙན་སྐད་འབོད་བྱས་ཡོད་པ་དང་། དེའི་ཕྱི་ནས་ནས་བཟུང་༸གོང་ས་མཆོག་གིས། དབུས་མའི་ལམ་གསར་གཏོད་མཛད་པ་ནས་བཟུང་། གཉིས་སྨན་དབུས་མའི་ལམ་ལ་ཤར་བསྐྱོད་ཐུབ་ན། འགྱོད་པ་ཆུང་བ་འོངས་ངེས་སོ་སྙམ་ལགས།