ཟླ་འདིའི་ཚེས་༡༨ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ྋགོང་ས་མཆོག་གིས་བོད་མིའི་མང་གཙོའི་འཕེལ་རིམ་གོང་མཐོར་འགྲོ་ཐབས་དང་ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་མང་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས་ཞེས་གསུང་འཕྲིན་གནང་ཡོད་པ་རེད།
གསུང་འཕྲིན་དེའི་ནང་འཁོད་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་ཐོག་ངོ་འབྱོར་སྤྱི་འཐུས་རྣམས་དང༌། རེས་མོས་ཚོགས་གཙོ་གསར་པ་བཅས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་ཡིན། དེང་སྐབས་བོད་ནང་གི་གནས་སྟངས་དང་ང་ཚོའི་ལངས་ཕྱོགས་བཅས་ཐེངས་མར་བརྗོད་ཟིན་ཁར། ཉེ་ཆར་གསུམ་དུས་ཀྱི་ཡོངས་ཁྱབ་གསུང་འཕྲིན་དུའང་ཞིབ་འཁོད་ཡོད་པ་ཀུན་གྱི་བློ་ངེས་ཡོད་ཤག་ལ་བསྐྱར་ཟློས་མ་དགོས།
ཉེ་བའི་བདུན་ཕྲག་ཁ་ཤས་ནང་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་དང༌། བོད་མིའི་ཞི་བའི་གྱེན་ལངས་དང་བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་བཅས་དང་བསྟུན་ཡོ་རོབ་དང་ཨ་རིའི་གྲོས་ཚོགས་ཀྱིས་མཚོན་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་གི་ཐུགས་སྣང་ཆེན་པོས་དོན་སྙིང་ལྡན་པའི་གྲོས་ཆོད་བཞག་པ་དང༌། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་སྟོན་བྱས་པ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་སྟོབས་སྤེལ་བའི་ཆ་རྐྱེན་དང༌། བོད་ཀྱི་རྩ་དོན་ལ་ཕན་ངེས་བྱུང་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་གལ་གནད་ཆེ་ཤོས་ཤིག་ཡིན་པས། དེའི་ངོས་ནང་ཀྱང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་རྣམས་ཀྱི་དབུས་དང་མངའ་སྡེའི་གྲོས་ཚོགས་ཁག་དང་འབྲེལ་ལམ་གང་ཐུབ་ཀྱིས་བོད་ཀྱི་འདས་པའི་བྱུང་རབས་དང༌། ད་ལྟའི་གནས་བབ། འབྱུང་འགྱུར་གྱི་མངོན་འདོད་བཅས་ཀྱི་སྐོར་གོ་རྟོགས་གོང་མཐོར་སྤེལ་སླད་དྲིལ་བསྒྲགས་དང༌། དོན་འབྲས་ཐོན་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཀྱི་འབད་རྩོལ་ཤུགས་སྐྱེད་དང་འབྲེལ། སྒྲུབ་ཕྱོགས་ཀྱི་ལས་འགུལ་གང་ལ་ཇི་འོས་ཐོག་འབད་འབུངས་སྔར་ལྷག་བྱ་གལ་ཆེ། དེ་བཞིན་བོད་མིའི་མང་གཙོའི་འཕེལ་རིམ་གོང་མཐོར་འགྲོ་ཐབས་དང་ཁྲིམས་བཟོའི་ལས་དོན་གནད་སྨིན་ཡོང་ཐབས་སུ་སྤྱི་འཐུས་ཚང་མས་མང་གཙོའི་ལྟ་གྲུབ་དང༌། ཁྲིམས་ཀྱི་དབང་བསྒྱུར་ལ་སྙིང་ནས་བརྩི་བཀུར་ཐོག གུ་ཡངས་དཀྱེལ་ཆེའི་བློ་གྲོས་ཀྱིས་རྟོན་བཞིའི་འཇུག་ལྡོག་མ་འཆོལ་བའི་སྒོ་ནས་སྤྱི་སྨན་འདུན་གྲོས་ལྷུག་པོར་གནང་དགོས། སྐབས་བབ་གྲོས་ཚོགས་ཀྱི་ལས་དོན་ལམ་ལྷོང་དང༌། འགྲོ་ཀུན་བདེ་བའི་སྨོན་འདུན་བཅས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༡༧ ལ།
ཞེས་པའི་གསུང་འཕྲིན་འབྱོར། གསུང་འཕྲིན་དེ་ལ་གྲོས་ཚོགས་ནང་ྋགོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་ཅིག་ཀྱང་བཞག་སོང༌།
གྲོས་ཚོགས་ཀྱིས་ནམ་རྒྱུན་༧གོང་ས་མཆོག་གི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་མིང་སྟོང་ཙམ་རེ་འཇོག་པ་ལས། ༧གོང་ས་མཆོག་གི་གསུང་འཕྲིན་གྱི་དགོངས་དོན་དང་། བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས། བོད་ཀྱི་སྐབས་བབ་ཀྱི་གལ་ཆེའི་དོན་གནད་བཅས་ཐད་འཕྲལ་དུ་གྲོས་བསྡུར་བརྒྱུད་ནས་ཐག་གཅོད་གདོང་ལེན་གང་ཡང་མི་བྱེད། བོད་པ་ཞིག་ཡིན་ཕྱིན་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་ནི་ལག་མཐིལ་གྱི་རི་མོ་བཞིན་དུ་གསལ་ཐག་ཆོད་ཡིན་ན་ཡང་། བོད་མི་མང་གི་སྤྱི་འཐུས་ཚོ་ལ་ཚོར་བ་མེད། ན་ཟུག་མེད། སྡུག་བསྔལ་མེད། དེའི་སྟབས་ཀྱིས་བོད་ཀྱི་གལ་ཆེའི་སྐབས་དོན་དག་ནི་གཡས་བཞག་གཡོན་བསྐྱུར་གྱིས་ཆེས་ཆེར་ནར་འགྱངས་གཏོང་། དེང་སྐབས་བོད་ཁམས་ཡོངས་བཙོན་ར་ལས་ཀྱང་ཐབས་སྡུག་ཅིག་ལ་བསྒྱུར་ཡོད་པའི་དུས་སྐབས་འདི་ལྟ་བུར་ཡང་། ད་རེབ་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ནི་གཙོ་བོ་དཔལ་འབྱོར་གྱི་ལས་དོན་ཐོག་ལ་འཚོགས་ཀྱི་ཡོད་ལུགས་སྤྱི་འཐུས་ཚོགས་གཙོས་བརྗོད་འདུག བོད་ཀྱི་གྲོས་ཚོགས་ཀྱིས་ཅི་ཞིག་བསམ་གྱིན་ཡོད་དམ།
ཉེ་ཆར་རང་ལ་ཡང་རྒྱ་གཞུང་གིས་རྫུན་ཐོག་རྫུན་གྱིས་རྩེག་བཞིན་པེ་ཅིན་དུ་མི་མང་ཚོགས་ཆེན་བསྐོངས། བོད་བཅིངས་འགྲོལ་བཏང་ཚུན་གྱི་བོད་ལྗོངས་གསར་པ་ཞེས་ཡིག་ངག་དང་བརྙན་པར་སོགས་ནས་རྒྱ་ཁྱབ་ཏུ་འཛམ་གླིང་ཁྱོན་ཡོངས་ལ་དྲིལ་བསྒྲགས་བྱས། ཐ་ན་བོད་སྐད་བཤད་ཅིང་བོད་ཆས་སྤྲས་པའི་བོད་མི་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་གཞུང་གི་དཔང་རྟགས་སུ་ཡང་ཡང་མངགས་གཏོང་བྱས། བོད་རྙིང་པའི་སྐབས་ཀྱི་རྣམ་པ་ཟེར་བ་ཡུན་རིང་འགྲེམ་སྟོན་རྒྱ་ཆེར་བྱེད་བཞིན་འཛམ་གླིང་མི་མང་ལ་མིག་སྟོན་བྱས་པ་སོགས་ལ་བོད་གཞུང་གིས་སྐབས་རེར་ཧ་ཅང་མངོན་ཆུང་གི་ལན་འདེབས་ཐུང་ཐུང་རེ་ཙམ་ལས་ཐབས་ནུས་དྲག་པོ་གཞན་གང་ཡང་མི་འདོན། ཨ་ཧོ་ང་ཚོའི་བོད་དོན་ནི་ཇི་ལྟར་འགྲུབ་ཐུབ་བམ།
ཨ་རིར་བསྐྱོད་བཞིན་པའི་རྒྱུག་ཁྱི་ཤིང་རྩ་བསྟན་འཛིན་ཆོས་གྲགས་ཟེར་བ་དེས་ན་ནིང་ཡང་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱས་ཐལ་ཟེར།
བོད་ནང་ལོག་གི་བོད་པ་རྒྱ་གཞུང་གི་ལས་བྱེད་མཐོན་པོའི་འཁྲིས་སུ་ཡོད་མཁན་བོད་པ་ཡིན་ཚད་ལ་རྒྱུག་ཁྱི་ཟེར་ནས་མ་བོས་ན་དངོས་ནས་ཡག་པོ་འདུག གང་ཡིན་ཟེར་ན་ཁོང་ཚོའི་ཤ་ཁྲག་རུས་གསུམ་བོད་ལ་གཏོགས་པ་ཞིག་ཡིན་དུས། ཁོང་ཚོ་ལ་ཡང་བོད་མིའི་སེམས་ཤིག་མེད་པར་གཏན་ནས་ཐག་གཅོད་བྱེད་མི་ཐུབ། དེ་ལས་བོད་མིའི་བོད་མི་ལ་མཐོང་ཆུང་བྱེད་པའི་སྐད་ཆ་འདི་དག་རྒྱ་ནག་གི་སྲིད་འཛིན་པ་ལྟས་ངན་དེ་དག་གི་རྣ་ལམ་དུ་མི་འགྲོ་བ་བྱེད་རྒྱུ་དེ་ནི་གལ་ཆེན་པོ་རེད་འདོད་སོང་། གཞིས་ལུས་བོད་པ་ལགས། ཉིད་ཀྱིས་ཐུགས་བསམ་ལེགས་པོ་ཞིག་གནང་དེ་ང་རང་གི་སྐད་ཆ་འདི་ལ་བསམ་བློ་ཞིག་གཏོང་རོགས་ཞུ།
སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་བྱེད་མཁན་ཞིག་ངས་རྒྱུག་ཁྱི་ལས་ཀྱང་སྡུག་པར་འདོད། ངས་མིང་དེ་དེ་ལྟར་དུ་མ་བོས་ནའང་ཆོག ཡིན་ནའང་ཁོ་ཚོ་ལ་མིང་དེ་བོད་ནང་དུ་ཡོངས་གྲགས་རེད།
ཞིང་ས་བསྟན་འཛིན་ཆོས་གྲགས་ཅན་གཙོས་པའི་བོད་མི་ལྔ་པོ་དེ་ལ་རྒྱ་གཞུང་གི་རྒྱུགས་ཁྱི་ཞེས་བརྗོད་མ་ཆོག་པ་ག་ལ་ཡོད། དངོས་གནས་ཁོང་ཚོ་ལྟ་བུ་རང་རེའི་མི་རིགས་ཀྱི་ཞབས་འདྲེན་དང་གཤེད་མ་རེད། ཕ་གསོད་ཀྱི་ལག་དམར་ལ་བསྟོད་གླུ་ལེན་མཁན་དང་དགའ་བསུ་ཞུ་མཁན་རེད། ཁོ་ཚོས་བོད་ཆས་གྱོན་བཞིན། བོད་སྐད་ཤོད་བཞིན། བོད་གདོང་སྟོན་བཞིན་རྒྱ་གཞུང་གི་མགྲིན་ཆབ་པ་དང་། བོད་མིའི་འཐུས་ཚབ་ཀྱི་མིང་ཐོག་ནས་འཛམ་གླིང་མི་མང་ལ་སྐྱག་རྫུན་བཤད། བོད་མིའི་སྐྱབས་མགོན་ལ་ངན་སྨྲས་བྱས། རང་གི་མི་རིགས་ལ་མཐོང་ཆུང་བཏང་། ད་དུང་ཞིང་ས་བསྟན་འཛིན་ཆོས་གྲགས་ནི་བཀའ་བརྒྱུད་པའི་བླ་རྫུན་ཞིག་ཡིན་རབས་ཟེར།
རྒྱལ་བ་རིན་པོ་ཆེའི་དགོངས་པ་གཙོ་བོ་དེ་དམངས་གཙོ་ཡར་རྒྱས་གཏོང་རྒྱུ་དེ་རེད་འདུག དེ་ད་རེས་ཀྱི་གསུང་འཕྲིན་ནས་ཤེས་ཐུབ། ང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་དམངས་གཙོ་གཅིག་དགོས་ཀྱི་འདུག དེ་ཡོང་བར་ཆབ་སྲིད་ཀྱི་ཚོགས་པ་ཁ་ཤས་འཛུགས་ཐུབ་ན་ལེགས་པོ་རེད་སྙམ།
དཔེར་ན་ཆབ་སྲིད་ཀྱི་ལྟ་བ་ལ་བརྟེན་ནས་འོས་ཤོག་བླུགས་པ་ལས་ཆོལ་ཁར་བལྟས་ནས་འོས་ཤོག་བླུགས་ན་སྐྱོན་མང་པོ་ཡོད། དང་པོ་དེ་ཆོལ་ཁའི་སྐུ་ཚབ་དེ་ཁོ་རའི་ཆོལ་ཁ་དེའི་མཁེ་ཕན་དང་པོ་འཇོག་གི་རེད་མ་གཏོགས་བོད་མིའི་རྩ་དོན་ཨང་དང་པོར་འཇོག་གི་མ་རེད། བྱས་ཙང་རྙོག་འདྲ་འདི་ནས་མགོ་ཚུགས་ཀྱི་འདུག
ང་ཡི་བསམ་པ་ལ། ཤིང་རྩ་ཆོས་གྲགས་སོགས་འདི་འདྲ་བའི་རིགས་ལ་དངོས་གནས་རྒྱ་གཞུང་གི་རྒྱུགས་ཁྱི་ཞེས་བརྗོད་ཆོག ། དངོས་གནས་ཁོང་ཚོ་ལྟ་བུ་རང་རེའི་མི་རིགས་ཀྱི་ཞབས་འདྲེན་དང་དཀོན་མཆོག་གི་རྐང་འདྲེན། དགེ་འདུན་པའི་གཤེད་མ། ཕ་གསོད་ཀྱི་ལག་དམར་ལ་ལ་དགའ་བའི་བསྟོད་པ་བྱེད་མཁན་དང་། དམ་པའི་ཆོས་ཚུལ་བཞིན་སྒྲུབ་ན་སྡང་ཞིང་། སྐྱབས་གནས་རྒྱ་དམར་དུ་འཛིན་ནས་དགའ་བསུ་ཞུ་མཁན་རེད། ཆོས་གྲགས་ཁོ་རང་ལྷོ་ཁ་སྣ་དཀར་རྩེར་ཡོད་པའི་ཤིང་རྩ་དགོན་པའི་སྤྲུ་ལ་སྐུ་ཞིག་ཟེར་བ་ངོ་མི་ཚའམ། ཅི་ཞིག་སྤྲུལ་པ་རེད། བདུད་སྤྲུལ་བོད་ཆོས་བསྟན་པ་བསྣུབ་པར་སྤྲུལ་ལམ། བསྟན་པ་ཅི་ཞིག་བཤད་སྒྲུབ་མཛད་ཡོད། ཧ་ཨེ་གོ གྲོགས་པོ་ཚོ། ཆོས་པའི་གཟུགས་ཀྱིས་ཆོས་མིན་ཟེར་བ་དེ་ཚོ་སུན་འབྱིན་ནུས་ན་བསྟན་པ་སྲུང་རེད་སྙམ་མོ། ད་དུང་ཁོ་རང་དགོན་པ་དེའི་བླ་རབས་བཅུ་བཞི་པ་སྟེ་ ཆོས་མིང་ལ་ཀརྨ་ཡེ་ཤེས་རྒྱ་མཚོ་ཟེར། འདི་འདྲའི་བླ་རྫུན་དང་སྤྲུལ་རྫུན་ཚང་མ་དམ་པའི་ཆོས་རྣལ་མ་ཞིག་མ་གོ་ནས་བྱུང་བ་རེད། བཀའ་བརྒྱུད་དང་དགེ་ལུགས་པ་ལ་སོགས་བོད་བརྒྱད་གྲུབ་མཐའི་བསྟན་གཤིག་ཚོ་ཆོས་དང་མཐུན་པས་ཚར་བཅོད་ན། བསྟན་པ་དག་ཐེར་རེད་སྙམ་མོ། ཁོ་རང་ཚོ་ལ་བསམ་བློ་ནང་དུ་ཁུག་ཐབས་ག་རེ་དྲག་གམ། །
གཟུར་གནས་བདེན་པར་བརྗོད་ན་སྨྱོན་པ་དང་། །
བསྟན་པར་ཚུལ་བཞིན་བཤད་ན་རྫུན་པར་གོ །
རང་ཆོས་རང་གི་གཤིག་པའི་ཕུ་ནུ་ཚོ། །
མཐོང་ཚེ་ཚེ་ཡི་འདུ་བྱེད་གཏོང་ན་སྙམ།
༧གོང་ས་མཆོག་གི་ཐུགས་བཞེད་གེགས་མེད་འགྲུབ། །
གངས་ཅན་ལྗོངས་ལ་སྐྱིད་པའི་ཉི་མ་ཤར། །
ཆོས་སྲིད་མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །
སྡེ་བཞིའི་དཔལ་གྱིས་ཞིང་འདིར་མཛེས་གྱུར་ཅིག །
ང་རང་གི་བསམ་ཚུལ་ནས་བཤད་པ་ཡིན་ན་ནི། བོད་ནང་ལོག་གི་བསྡད་དེ་བོད་མི་མང་གི་སྐྱིད་སྡུག་ལ་མགོ་ཁྲིད་བྱེད་མཁན་གྱི་སྐྱེ་བོ་སུ་ཞིག་ཡིན་ན་དེ་ལ་མི་དཀྱུས་མ་ནང་བཞིན་མེད་པ་ཚང་མས་ཤེས་དགོས་ཀྱི་འདུག དེ་མིན་ཕྱི་ལོག་བདེ་འཇག་ཡོད་ས་ནས་སྐད་ཆ་ཚོན་པོ་བཤད་མཁན་དེ་དག་དེ་ལས་ཀྱང་སྡུག་པོ་ཞིག་མ་རེད་དམ། རྒྱལ་བའི་ཞལ་ལ་འཇལ་རྒྱལ་བའི་གསུང་ཆོས་ཉན། རྒྱལ་པའི་མདུན་ནས་ཁས་ལེན་དམ་བཅའ་བྱས་རྗེས་སུ་ད་དུང་ཡང་རང་གི་གང་བསམ་གང་འདོད་བྱེད་མཁན་གྱི་མི་ངན་དེ་དག་དང་བསྡུར་ན་བོད་ནང་གི་མེ་མདའི་བཀོད་པ་ལས་གནས་ལུགས་དང་དྲང་བདེན་མི་འགྲོ་བའི་སྲིད་གཞུང་དེ་ལ་ཁ་གཏད་ཆག་ནས་བོད་མི་མང་གི་བདེ་ཐབས་སུ་བསམ་བློ་གཏོང་མཁན་ཞིག་ཡིན་ན་ནི། ༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་དེ་ནི་ཁོ་རང་ཚོས་འདོད་པ་ཡོད་པའི་སྒང་ནས་བྱེད་ཀྱི་ཡོད་མེད་ལ་ད་དུང་རྒྱང་ཐག་རིང་བོ་ཞིག་སོང་དེ་ཞིབ་རྩིས་བརྒྱབ་ན་མ་གཏོགས། བོད་མིས་བོད་མི་ལ་སྡང་བོ་བྱེད་དགོས་པའི་སྲོལ་གསར་ཞིག་སླེབས་པ་ཡིན་ན་དངོས་ནས་ཡག་པོ་མི་འདུག དེ་ལ་དམིགས་གསལ་གྱིས་ཤེས་ཡོན་ཡོད་མཁན་དག་ལ་འགན་འདི་ཡོད་པ་ལས་ཤེས་ཡོན་གྱི་དབུལ་བའི་མི་མང་སྤྱི་ཡོངས་ལ་ལེ་བདའ་བྱེད་ས་མེད་པ་ཤེས་ན་རེད། དེ་མིན་ཕྱི་རྒྱལ་ཡུལ་གྲུ་གང་ནས་ཁ་རྒྱག་པ་བཤད་དེ་འདུག་མཁན་དག་ནི་འགན་འཁུར་མེད་པའི་སྐད་ཆ་རང་རེད་ཟེར་ནས་ཐག་བཅད་ཀྱང་མ་འགྲིག་པ་མི་འདུག
བཀྲ་ཤིས་བདེ་ལེགས། ཁྱོད་བདེ་མོ་ཨེ་ཡིན། དངུལ་གྱི་ཕྱོགས་ནས་ལན་འདྲ་ཨེ་བྱུང་ངམ། །
ངས་ཁྱོད་ལ་སྒྲོལ་མ་ཉེར་གཅིག་པར་དེ་ད་ལྟ་བསྐུར་ཆོག།
སྨོན་ལམ་ལོག་པའི་དགེ་བཤེས་མཐར་ཕྱིན་ལགས།།
གྲོས་ཚོགས་བསྟན་པ་བཤིག་པའི་གཏམ་རྒྱུད་མང༌།།
གོ་སྐབས་བྱུང་ཚེ་སྟོང་བཤད་རྫོགས་མཐའ་མེད།།
ཉན་མཁན་མེད་ཀྱང་ཚ་ཚ་འུར་འུར་རེད།།
གྲོས་ཚོགས་དེ་རྒོལ་ཚོགས་སུ་འགྱུར་ཏེ།།
སྤྱི་འཐུས་རྣམས་ཤི་དུས་ལ་སླེབས་དུས།།
རྒོལ་འཛིང་དེ་འཁྲུག་ཆ་རང་ཆེ་བས།།
གློག་བརྙན་ཞིག་དེ་ག་རང་མཐོང་སོང༌།།
གཡུང་དྲུང་དྭོགས་འདྲི་ཚ་བ།།
བཀའ་ཁྲི་ལན་འདེབས་ཚ་བ།།
གྲོས་ཚོགས་མེ་ལ་འབར་ཡང༌།།
རྒྱལ་ནོར་གྲང་མོ་རེད་འདུག །
བུ་མོ་འཇུ་ཆེན་དཀོན་མཆོག །
མི་སྨྲ་དམ་བཅའ་མེད་ན།།
གྲོས་ཚོགས་རྭ་བའི་ནང་དུ།།
གསུང་སྐད་ལན་ཅིག་བསྐྱོན་དང༌།།