པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙན་བྱོལ་བོད་ཀྱི་མི་ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་བསྒྲིག་བྱ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར་ད་ལྟ་ཕལ་ཆེར་ཚར་ཡོད། འོན་ཀྱང་སྙན་དེབ་ནང་ལ་ད་དུང་སྙན་རྩོམ་ཁ་ཤས་རེ་གསར་སྣོན་བྱེད་ཆོག་པས། ད་བར་ལ་དྲ་ལམ་ཁག་ཏུ་སྙན་ཚིག་སྤེལ་མཁན་རྣམ་པས་གཙོས་སྙན་ངག་པ་ཚོས་བྲིས་ཟིན་པའི་བཅད་ལྷུག་གང་རུང་གི་སྙན་ཚིག་རེ་དང་ལྷན་དུ་རང་གི་ངོ་སྤྲོད་མདོར་བསྡུས་རེ་བཅས་བདག་གི་གློག་འཕྲིན་འདིའི་ཐོག་ལ་མྱུར་གཏོང་འཚལ། ཟླ་འདིའི་ཟླ་མཇུག་ནས་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན།
ཆབ་བྲག་ལྷ་མོ་སྐྱབས་ནས།
chapbrag@gmail.com
ལགས་སོ། ཆབ་བྲག་ལྷ་མོ་སྐྱབས་ལགས། ང་འདྲེ་མགོ་རྡོའི་རྩོམ་འཆལ་དེ་ཚོ་ལས་ཅིག་བདམས་བཞག་ན་འགྲིག་གི་རེད། གཞན་སྙན་རྩོམ་དེ་རིང་ཐབས་ཆག་ཅིག་བྲིས་ཡོད། ཁྱེད་ཚོ་སྙན་ངག་པ་ཚོས་མ་བྲིས་སྟབས། ངས་ཚེ་དབང་ནོར་བུ་དཔའ་བོ་དེར་རྗེས་དྲན་འདྲ་ཞིག་ཨུ་ཚུགས་བརྒྱབས་ནས་བྲིས་ཡོད། ཁ་བརྡའི་སྟེང་བསྐུར་ཡོད། འགྲིག་ན་དེ་དགོད་རོགས་ཞུ། ཁྱེད་ཀྱི་ཕྱག་ལས་ལ་མངོན་པར་བསྟོད་དོ།
འདྲེ་མགོ་རྡོ་དང། ཟླ་བ་གཞོན་ནུ་གཉིས་ནས་དེ་མ་ཐག་སྙན་རྩོམ་ལེགས་སྐྱེས་ཕུལ་བར་བཀའ་དྲིན་ཆེ་ཞུ།
ཆབ་བྲག་ལགས།
ལོ་ལྔ་བཅུའི་ལེགས་རྩོམ་ཕྱོགས་སྒྲིག་བྱེད་ཀྱི་ཡོད་ན། ཁྱེད་དྲ་ངོས་འདི་ནས་སྤྲང་བོ་ལྟར་འདུར་མ་འདུག་རོགས། ངའི་རྩོམ་འཆལ་དེ་ཚོའི་ནང་དུ་ལེགས་རྩོམ་ཡོད་པའི་རེ་བ་མེད་ལེགས་རྩོམ་གྱི་གྲས་སུ་ཚུད་རྒྱུར་འཚིང་ཁ་རྩ་བ་ཉིད་ནས་རྒྱག་འདོད་མེད། ཁྱེད་ཀྱིས་ཀྱང་ལེགས་རྩོམ་ཞེ་གཅིག་ཕྱོགས་སྒྲིག་བྱེད་རྒྱུ་ལས། རྟ་དང་བོང་བུ། ཁྱི་དང་ཕག་པ་མཉམ་དུ་ཅི་ནས་མ་འཇོག་རོགས། གལ་སྲིད་དེ་ལྟར་བྱུང་སོང་ན། ལེགས་རྩོམ་རྣམས་རྫད་པའི་ཉེས་པ་ཁྱེད་ནས་ཁུར་དགོས། སྐད་ཆ་འདི་ད་ནས་ཁྱེད་ལ་གུས་བས་ཞུས་ན་ཡག་གི་རེད་བསམས་ནས་བྲིས་ཡིན། དེ་དོན་དགོངས་འཇགས་ཞུ།
གལ་སྲིད་ལེགས་རྩོམ་མང་པོ་མེད་ན་འགྲིག་གི་རེད། མ་མང་ན་མི་སྐྱོན་ཀ། ཡོད་པ་དེ་འགྲིག་མེད་དུས་དཀའ་ཡི་འདུག།
བཙན་བྱོལ་ནང་དུ་སྙན་ངག་པ་ཉུང་ཤས་ལས་མེད་པས་ཨོ་ཙ་རེད། དེ་མིན་ལོ་ངོ་ལྔ་བཅུའི་སྙན་ངག་ཕྱོགས་སྒྲིག་བྱེད་དགོས་ན་དེབ་འབུམ་ལ་ཉེ་བ་ཡོང་ངེས།
བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རྩོམ་པ་པོ་རྣམ་པའི་ཞབས་རྗེས་སམ་རྩོམ་རིག་གི་འཕེལ་རིམ་ཙམ་མཚོན་སླད་རྩོམ་པ་པོ་རྒན་པ་རྣམ་པས་གཙོས་རྟག་པར་རྩོམ་ཡིག་ལ་ཧུར་བརྩོན་ཅན་དག་དང་དགའ་མཁན་རིགས་ཀྱི་རང་ཉིད་ཀྱི་ཚབ་མཚོན་རྩོམ་ཡིག་རེ་སྐུར་གནང་ཡོང་བའི་རེ་བ་སྔ་ས་ནས་ཞུས་པ་ཡིན། བདག་གིས་མི་ལོ་ལྔ་བཅུའི་རིང་གི་རྩོམ་པ་པོ་མང་པོའི་རྩོམ་ཡིག་རྣམས་རེ་བཞིན་བཀླགས་ནས་གདམ་དགོས་ན་མི་ཚེ་གང་ལ་ཡང་ཚར་མི་སྲིད། དེ་བས་གཞན་གྱིས་རྩོམ་འབྲི་བ་ཞིག་ལ་གདེང་འཇོག་བྱེད་མཁན་དང་རང་ཉིད་ཀྱིས་ཀྱང་ཨོ་ཙི་ཡོད་བསམ་མཁན་རྣམ་པ་སུ་དང་སུས་བསྐུར་བ་དེ་ལ་ཕལ་ཆེར་ངོས་ལེན་བྱེད་ཀྱིན་ཡོད། ཡིན་ན་ཡང་བརྒྱ་ཆའི་བརྒྱ་བོ་ལེགས་རྩོམ་ཤ་སྟག་ཡིན་པའི་ངེས་པ་མེད།
རང་གིས་རང་ལ་མཐོང་ཆུང་དང་ཡང་ན་ཁེངས་པ་བསྐྱུངས་ནས་བཞུགས་མཁན་ཚོར་ང་ཅང་བཤད་རྒྱུ་མེད། རབ་ཡིན་ན་ཅིག་འབྲི་གིན་ཡོད་མཁན་ཚོས་རང་རྩོམ་ལས་རང་གིས་ཡག་ཤོས་རེ་བདམས་ནས་བསྐུར་ན་དེས་ཕལ་ཆེར་འཐུས་རྒྱུ་རེད་བསམ་གྱིན་ཡོད། དེབ་དཔར་བསྐྲུན་རྗེས་ལ་ཡང་བཤད་རྒྱུ་གླེང་རྒྱུ་ཡོད་པར་ད་ལྟ་ངས་ཡིད་ཆེས་བྱས་ཡོད།
འདྲེ་མགོ་རྡོས་སྔ་ནས་ཉེན་བརྡ་བཏང་བ་བཀའ་དྲིན་ཆེ། ཡིན་ན་ཡང་ད་ལྟ་ནས་ཚང་མར་བཟོད་གསོལ་མི་ཞུ་ཐབས་མེད་རེད།
ངའི་རྟ་རྒྱུག་ཐང་ལ་མ་རྒྱུགས་ན་སོ་སོ་རེད། མ་བླངས་ན་ང་རེད། རྒྱུག་གི་བཟང་ངན་རང་ལ་ཐུག གང་ལྟར་འགན་ཚང་མར་ཡོད།
སྒྲུང་རྩོམ་དང་དཔྱད་བརྗོད་རྩོམ་ཡིག་དེབ་གཉིས་ཡག་ཙམ་བྱུང་སོང། ་ཡོད་ཀི་ཟེར་ན་མེད་པ་འདྲ་བོ་མེད་ཀི་ཟེར་ན་ཡོད་པ་འདྲ་བོ། གྲངས་མང་ཞིང་བསྡུ་དཀའ་བ་དེ་སྙན་དངགས་རེད་ཡ་་སྙན་ངག་པའི་མཚན་སྙན་གསོལ་ཆོག་ཆོག་ཏག་ཏག་ཡིན་མིན་བཤད་དཀའ་སེ་རེད་ད་་ད་གང་ལྟར་ ་སྙན་རྩོམ་མི་འདྲ་བ་བརྒྱ་ཁ་ལོངས་སོང།
༄༅། །རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཕྱག་ལས་དེ་ལྟ་བུའི་འགོ་བརྩམས་ཏེ་མཇུག་འགྲུབ་ལ་ཉེ་བར་སྙིང་
ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་ལགས།
ཆབ་བྲག་ལྷ་མོ་སྐྱབས་ལེགས།
རྒྱ་གར་གྱི་སྙན་དངགས་པ་ཆེན་པོ་སློབ་དཔོན་བཙུན་པ་ཟླ་བའི་སློབ་མ་ལ་སྤྲིངས་པ། སྔོན་གྱི་སྒྲ་སྒྱུར་པ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་པ་དེ་བོད་ཀྱི་སྙན་དངགས་པ་མང་པོས་ཀློག་པ་དར་ཁྱབ་ཆེ། དེ་ལ་ཚིགས་བཅད་༡༡༥མཆིས། དེ་ཡི་ལེགས་སྦྱར་མ་དཔེ་ཡང་རྙེད་པ་ཡོད་པས། སྐ་བ་དཔལ་བརྩེགས་ཀྱི་བསྒྱུར་དང་། ད་ལྟ་རྙེད་པའི་ལེགས་སྦྱར་གྱི་མ་དཔེའི་ཚིག་དང་བོད་ཚིག་འགའ་ཞིག་མི་འདྲ་བ་ཡོད་པ་དང་། ལེགས་སྦྱར་ལ་ཚིག་འགའ་ཤས་ཐོས་པ་ལྟ་བུ་མཐོང་བས། སྐ་བ་དཔལ་བརྩེགས་ཀྱི་བོད་འགྱུར་གསུང་ལ་བརྟེན་ནས། སླར་ཡང་བོད་སྐད་དུ། བདག་གིས་ལོ་ཁ་ཤས་སྔོན་དུ་བསྒྱུར་པ་དེ། དེང་རབས་ཀྱི་བོད་རྩོམ་མ་ཡིན་ཀྱང་། ཁྱེད་རྣམས་ཀྱི་སྤར་བ་ལ་ཐུགས་ཕན་གསོས་ཚེ། བསྐུར་ཆོག། ལན་གསལ་ཞིག་སྩོལ།།
བློ་བཟང་འཇམ་དཔལ་ལགས།
གནའ་རྩོམ་ད་རྩོམ་ལ་ཁྱད་པར་མེད། འགྱུར་གསར་རྙིང་གཉིས་གཤིབ་སྡུར་གྱིས་བལྟ་འདོད་ཡོད། འགོད་མིན་གྱི་ཐག་རྗེས་ནས་གཅད། འགྱུར་རྩོམ་ཕྱོགས་སྒྲིག་ལོ་རྗེས་མ་བར་ལ་བསྒྲིག་མི་ཐུབ། གང་ལྟར་སྔ་ས་ནས་སྐུར་ན་བཟང།
སྙུག་ཐོགས་པ་ཁག་ཅིག་གིས་སྙན་རྩོམ་ཁ་ཤས་བསྐུར་བར་བཀའ་དྲིན་ཆེ་ཞུ། གང་བསྐུར་ཚང་མ་འགོད་ཐུབ་པའི་ངེས་པ་མེད་པའི་བརྡ་ལན་ཞིག་ཀྱང་ཞོར་དུ་ཞུ་འདོད་བྱུང།
དོན་དངོས་ཀྱི་ལག་ལེན་ཐོག་ནས་ལན་འདེབས་ཀྱི་བྱ་བ་ལ་གཞོལ་བའི་ཕོ་ཉ་ལག
ཁྱེད་ཀྱི་མཛད་འཕྲིན་དཱངས་གཙང་དགུང་སྔོན་དབྱིངས་སུ་མངོན་པར་འཕགས་པའི་སྣང་བྱེད་ཟུང་གི་གཟི་
འོད་ཀྱི་དཔལ་ལ་འགྲན་པའི་སྨོན་འདུན་གྲངས་མེད་ཞུ་བ་ལས་་་་་་་་་་་་་
གཞན་མ་མཆིས།
ཐུགས་རྗེ་ཆེ་ངེས་དོན་གྱི་སྙན་ངག་མཁན་མགྲིན་ཚབ་པ་ལགས།
ལགས་སོ་རྒན་ཆབ་བྲག་་ལགས་ཀྱིས། སོ་ན་བའི་རིགས་ལ་སོ་སྨན་དང་མགོ་ན་བའི་རིགས་ལ་མགོ་སྨན་དུས་ཐོག་ཏུ་བསྩལ་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་ལགས།
རང་རང་གི་ས་ནས་ལས་ཀ་གང་ཡིན་རུང་འགན་ཁུར་ནས་ཕྱག་ལས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།མི་ལ་ལ་ཞིག་གིས་གང་ཡང་མི་འཇོན་བཞིན་དུ་ད་དུང་སྨྱུག་མིང་འོག་ནས་གཞན་ལ་སྐྱོན་བཤད་མཁན་དེ་ཚོའི་ཁ་སངས་རྗེས་ཀྱིས་ཀྱང་འགོག་ཐུབ་གི་མ་རེད།ངན་བཤད་མཁན་ཚོའི་ཁ་ནང་དུ་དུག་ལྕེ་ཡོད་པ་རེད།དེར་བཅོད་ཐུབ་ལ་སུའི་ཀྱང་འབད་རྩོད་བྱེད་དགོས་ཀི་མ་རེད།ང་ཚོ་ཚང་མའི་གཞན་ལ་མི་གནོད་པའི་ལས་ཀ་བྱེད་རེ་བྱེད་པ་ཡིན་ན་དེ་གའི་འགྲིག་པ་རེད།ངན་བཤད་མཁན་ཚོར་འཇོན་ཐང་ཡོད་ན་རང་རང་ས་ནས་གཞན་ལས་ལྷག་པའི་ལས་ཀ་བྱེད་རོགས་གནོང།ཀུ་ཅེས།དེ་མིན་ཅང་མི་འཇོན་མི་ཤེས་ན་ཁ་རོགས་ལ་བསྡོད།གཞན་ལ་ངན་བཤད་ཀི་མ་འདུག།འདྲེ་མགོ་རྡོ་གཙོ་བྱས་ནས་དེའི་རིགས་སུ་གྱུར་པ་རྣམས་ཀྱི་རྣ་ལམ་དུ་ཞུས་པ་ཡིན།འདྲེ་མགོ་རྡོ་ཟེར་བ་དེ་སུ་མིན་ཤེས་ཡོད།
བདག་གིས་སྔོན་ཆད་ནས་ཁྱེད་ཅག་གི་ལས་གཞི་དེའི་སྐོར་ཤེས་ཡོད་ནའང་། རྩོམ་ཡིག་ཅི་གང་བསྐུར་མེད། འོན་ཀྱང་ཁྱེད་ཀྱིས་འདི་ནས་བསྐྱར་རྩོམ་སྐུལ་གནང་གི་ཡོད་སྟབས། བདག་གིས་ཀྱང་ཁྱེད་ཀྱི་གློག་འཕྲིན་བརྒྱུད་རྩོམ་ཡིག་གཉིས་བསྐུར་ཁུལ་བྱས་ཡོད། འཇོག་རྒྱུར་མི་རློམ་ཚེ་མ་བཞག་ཀྱང་བསམ་འཆར་ཅི་ཡང་མེད་ལགས་ཞེས་ཞུ་བ་ཡིན།
པེན་ཚང་གིས་བྱ་གཞག་རླབས་ཆེན་ཞིག་འགྲུབ་ལ་ཉེ་བའི་གློ་བ་དགའ་བྱུང་།
རྒྱབ་སྐྱོར་ཡོད།།།
རྒྱབ་ནས་སྐྱོར་ཐུབ་ཐུབ་ཞུ
ལྗང་བུ་འདི་ངོ་མ་བོ་རེད་དམ། རྫུན་མ་བོ་རེད། མ་ཤེས་ཐལ།
དེ་མིན་རྒན་ལྷ་མོ་སྐྱབས་ཀྱིས་སྐུ་ངལ་ལ་མ་འཛེམ་པར་བཙན་བྱོལ་གྱི་མི་ལོ་ལྔ་བཅུ་ལྷག་གི་རྩོམ་རིག་གི་གྲུབ་འབྲས་ལ་ཕྱོགས་སྡོམ་ཞིག་རྒྱག་བཞིན་པར་དགའ་ཞིང་སྤྲོ་ཡོད། སྙིང་ཐག་པ་ནས་རྒན་རབས་པ་ཁོང་ལ་ཐུགས་རྗེ་ཆེ་ཞུ།
ངོ་ཤེས་མིན་དང་འབྲེལ་བ་ཡོད་མིན་ལ་མ་ལྟོས་པར་སོ་སོའི་ས་ནས་རང་རང་གིས་དོ་སྣང་དང་འགན་ཞིག་ཁུར་ནས་སེམས་གཏམ་ཚིག་རེ་བྲིས་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུ།
རྒྱབ་སྐྱོར་ཀུན་ལས་སེམས་ཀྱི་རྒྱབ་སྐྱོར་བཟང།
གནོན་ཤུགས་ཀུན་ལས་བསམ་བློའི་གནོན་ཤུགས་ཐུ།