མེ་ ལྕེའི་ ནང་ དུ་ སྙིང་ ཤ་ བསྲེགས་ པ་ འདི།།
སྔོན་ པོ་ གནམ་ གྱིས་ བྱིན་ པའི་ ན་ ཟུག་ སྟེ།།
ནག་ པོ་ དགྲ་ ཡིས་ མནར་ བའི་ མི་ དག་ ལ།།
སེམས་ ཀྱི་ སྡུག་ བསྔལ་ ཞི་ བའི་ ཐབས་ ལམ་ ཡིན།།
ས་ ནག་ ཁྲག་ གིས་ ཚོས་ པའི་ གས་ སྲུབས་ ནས།།
མེས་ པོའི་ རྣམ་ ཤེས་ སྟོང་ གི་ ཕྱིར་ མིག ་ ཁྲོད།།
མགོན་ མེད་ བོད་ ཀྱི་ ལས་ དབང་ མེར་ སྤར་ ནས།།
མུན་ པའི་ འཇིག་ རྟེན་ འོད་ ཀྱིས་ སྣང་ བར་ བྱས།།
ནོར་ འཛིན་ མ་ ཡིས་ ནམ་ མཁའི་ མཐའ་ འགྲན་ ནས།།
འཇིག་ རྟེན་ ཆགས་ པའི་ རྟེན་ དུ་ ཉལ་ ན་ ཡང་ །།
རྩམ་ པ་ སྣོལ་ ས་ མེད་ པའི་ ཤོག་ ཁ་ འདི།།
མེ་ ཕུང་ ནང་ གི་ ན་ ཟུག་ ངོ་ མ་ ཡིན།།
མགོ་ དང་ ལ ག་ པ་ ཤ་ དང་ ཁྲག་ གིས་ གྲུབ།།
ཤ་ དང་ རུས་ པ་ ཚོར་ བ་ དམར་ པོས་ ཁྱབ།།
ཚོར་ བའི་ ཤེས་ པ་ མེ་ རུ་ སྦར་ ཕོད་ པའི།།
ཚེ་ དབང་ ནོར་ བུ་ སེམས་ ཀྱི་ དྲན་ ཤིང་ ཡིན།།
འབར་ བྱེད་ སྣུམ་ མང་ ཧུབ་ ཀྱིས་ རྔུམ་ འཐུང་ བྱས།།
རང་ ལུས་ ཡོད་ ཚད་ སྣུམ་ གྱིས་ ཁྱབ་ པར་ བྱས།།
ཙག་ སྒྲའི་ མེ་ ལྕེ་ རང་ གི་ ལུས་ ལ་ བཀྱེས།།
གདུང་ བའི་ ཤུགས་ ཀྱི་ མི་ རིགས་ བདེ་ སྡུག་ བོས།།
གྲི་ ཆུང་ སྙིང་ ལ་ བཙུགས་ པའི་ གོ་ རིམ་ ནང་ །།
གཞན་ གྱི་ དབུགས་ རྔ་ གཅོད་ པ་ དཀའ་ མིན་ ཡང་ །།
བདག་ གཞན་ བརྗེ་ བ་ ཞེས་ པའི་ སྤྲིན་ གསེབ་ ནས།།
རང་ ལུས་ མེ་ ཡིས་ བསྲེགས་ པའི་ གདམ་ ཁ་ བླངས།།
སྐུ་ བསྟེན་ སྲུང་ མའི་ ལུང་ བསྟན་ ནོར ་ རེད་ དམ།།
ཉེ་ གནས་ བདག་ པོས་ གོ་ ནོར་ ཐེབས་ སོང་ རེད།།
མཐའ་ མེད་ ཆབ་ སྲིད་ གཅིག་ བརྗེ་ གཉིས་ བརྗེའི་ ཁྲོད།།
གཞིས་ ཀྱི་ མི་ རྣམས་ གཅིག་ འཚིག་ གཉིས་ འཚིག་ རེད།།
༢༠༡༡་ ༨་ ༢༡ ཉིན་ རྒྱལ་ གཅེས་ པ་ ཚེ་ དབང་ ནོར་ བུའི་ སྐུ་ གཤེགས་ སྟངས་ དྲན་ ཏེ་ བྲིས།
ས་ཡ་དྲུག་གི་བོད་མིའི་བདེ་དོན་དང།
གཞིས་བྱེས་བོད་མི་མཉམ་འཛོམ་ཁོ་ནའི་ཆེད།
གཅེས་པའི་རང་སྲོག་ཞུགས་ལ་སྒྲོན་པ་འདི།
རྒྱལ་གཅེས་དཔའ་བོ་མིན་པ་སུ་ཡིས་ནུས།
མིང་དོན་གཉིས་མཚུངས་ཁྱེད་དང་ཁྱེད་འདྲ་བས།
ང་ཚོའི་གདོང་དམར་རི་ཀླུང་ཁེངས་འགྱུར་ན།
རིང་མིན་བདེན་མཐའ་གསལ་ལ་ཀླ་ཀློས་ཀྱང།
འགོག་དུ་མེད་པའི་ཆོད་སེམས་དེང་འདིར་རྙེད།
ཁོང་ལ་མྱ་ངན་བྱེད། སྙན་ངག་སྙན་པོ་འདུག
འཆམ་ར་ལགས་ཀྱིས་དཔའ་བོའི་རྗེས་དྲན་སྙན་ངག་ལ་མངོན་པར་སྟོད་དོ། དེ་དེ་བཞིན་ནོ།
ཇི་ལྟར་ཐུབ་པས་གྲངས་མེད་སྐལ་བ་རུ།
རིན་ཆེན་སྲོག་དེ་སྦྱིན་པར་བཏང་བ་བཞིན།
ས་ཡ་དྲུག་གི་བདེན་པའི་དོན་བཟང་དུ།
རང་གི་ལུས་སྲོག་སྦྱིན་པར་ངོ་མཚར་ཆེ།
ཤ་ཁྲག་ལུས་དེ་མེ་ཡིས་འབར་ན་ཡང་།
འཇིགས་མེད་ངག་ནས་རང་བཙན་འབྲུག་སྒྲ་སྒྲོགས།
ཞུམ་པ་མེད་པའི་དཔའ་བོའི་སྙིང་སྟོབས་ལ།
ལྷ་ཕྱག་གྲངས་མེད་ཕུལ་ནས་ཡིད་རངས་ཞུ།
མེ་ལྕེ་འདི རྟའུ་མཚོ་དགོན་སྦར་ཏེ་ཧི་མ་ལ་ཡའི་རི་རྩེར་འབར་བྱུང
མེ་ལྕེ་འདི་ལས ངའི་བཙན་པོའི་སྟོང་རྒྱུད་པ་ཆད་མེད་པ་ཚོར
མེལྕེ་འདི དཔའ་བོའི་ཚེ་དབང་ནོར་བུའི་ལུས་སྟེང་ནང་འབར་ནས་བོད་མིའི་སེམས་ནང་དུ་སྦར་བྱུང
མེ་ལྕེ་འདི་ལས བོད་མི་རིགས་བདེན་ཐུབ་ཀྱི་ཉིན་མོ་ཞིག་ཡོད་པ་ཤེས
.1.མིའི་ཚེ་སྲོག་ནི་རིན་ཐང་ཆེ་ལ་ཐོབ་དཀའ་བ་ཞིག་སྟེ། འགྲོ་བ་གཞན་ལས་བསམ་བློ་རྒྱ་ཆེ་ལ་ལེགས་ཉེས་ཀྱི་བྱ་བ་གང་ཡིན་ཡང་འབྱེད་ཤེས་མཁན་ཞིག་ཡིན་པ་དང་། སེམས་ཅན་གྱི་བདེ་སྐྱིད་དང་རང་འདོད་དོན་མཐའ་དག་བསྒྲུབ་པ་ལ་གལ་འགང་ཆེ་བས་དུས་ནམ་ཡང་སྲོག་ལ་རིན་ཐང་ཆེན་པོ་བརྩི་དགོས་པ་ལས་སྣང་མེད་དུ་གཏོང་མི་རུང་།
2.ཁྱེད་ཚོའི་སེམས་ལ་མི་རིགས་ཤིག་གི་འོས་འགན་དང་། རིག་གཞུང་ཞིག་གི་བདག་པོ་ཡིན་དུས་དེའི་ཆེད་དུ་ཡོད་ཚད་བློས་གཏོང་དགོས་པ་དང་། བློས་གཏོང་ཐུབ་ན་རིན་ཐང་ཆེ་ལ་བསམ་ཡོད་ཡིན་པར་མ་ཟད། ངེས་པར་དུ་བྱ་བ་དེར་འབད་དགོས་པའི་གན་རྒྱ་དགོས་པར་འདོད།
3.གལ་ཏེ་ཆབ་སྲིད་དང་མི་རིགས་ཀྱི་དགོསམཁོ་དེ་རང་དང་གཞན་ལ་འཚེ་བའི་ཐོག་ནས་བསྒྲུབ་དགོས་ན་མི་སེར་དཀྱུས་མའི་ཆས་སུ་ཞུགས་ན་མཛེས་པ་ལས། ཆོས་ལུགས་ཀྱི་མིང་ཁ་ལ་འཁྱེར་བཞིན་གདོང་ལ་ཁྲག་གིས་སྦག་བསྡད་ན་བོད་མི་རིགས་དང་། བོད་བརྒྱུད་ནང་བསྟན་གྱི་ཞབས་འདྲེན་དུ་འགྲོ་བ་ལས་ཁྱད་ཆོས་སུ་དུས་ནམ་ཡང་འགྲོ་མི་་སྲིད་པར་སེམས།
4.བོད་ཀྱི་བདེན་མཐའིཆེད་དུ་བོད་མི་གསུམ་གྱི་ལུས་སྲོག་ཞུགས་ལ་ཕུལ་ཡང་། གསུམ་ག་གྲྭ་བའི་སྤྱི་ཚོགས་དང་འབྲེལ་ཞིང་། གྲྭ་བའི་ཆས་གོས་ཀྱི་གསོབ་ཏུབཞུགས་བཞིན་པ་དང་། བོད་བརྒྱུད་ནང་བསྟན་ལ་མཉམ་ལེན་གནང་མཁན་ཤ་སྟག་རེད།
5.ད་ནས་བཟུང་ངེས་པར་དུ་མི་རིགས་ལ་ཤ་ཞེན་ཡོད་ན་རབ་བྱུང་དང་སྔགས་པའི་དམ་སྡོམ་འབུལ་ཏེ་གྲྭ་པའི་རྟགས་འདོར་དགོས་པ་དང་། ཆོས་པ་ཞེས་པའི་མིང་དེ་ཡང་འདོར་དགོས་པར་སེམས། གང་ཡིན་ཞེ་ན་འཚེ་བའི་སྤྱོད་པ་དེ་ནི་བོད་བརྒྱུད་ནང་བསྟན་པའི་ཞབས་འདྲེན་བླ་མེད་ཅིག་དང་། བོད་མི་རིགས་ཀྱི་ཞབས་འདྲེན་རེད། སྐྱ་བོ་དེ་ཚོས་ཁ་སྟོང་ལག་སྟོང་སེམས་ཤུགས་ཡོད་མདོག་གིས་སྟོང་སྐད་རྐྱང་བསྒྲོག་ལས་དོན་དངོས་ཀྱི་ལག་ལེན་དེ་ཆ་ཚང་མེད་པ་རེད།
6.དེ་ཕྱིར་གྲྭ་བ་དག་གྲྭ་བའི་སར་བསྡད་དེ་གྲྭ་སྤྱོད་ལམ་ཆ་ཚང་ཞིག་བྱོས་དང་། ཁྱོད་ཚོ་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཡོད་ན་འཚེ་མེད་གྱི་ལམ་ནས་མཉམ་མེད་བུ་རམ་ཤིང་པའི་རིང་ལུགས་བཟུང་དང་། བོད་ཀྱི་རིག་གཞུང་བརྒྱུད་འཛིན་བྱ་རྒྱུ་དེ་ལུས་སྲོག་འདོར་བ་ལས། རང་ཉིད་འཇིག་རྟེན་འདིར་ཡུན་རིང་ཙམ་འཚོ་བ་ལ་འབད་དེ་སློབ་སྦྱོང་ཞིག་གྱིས་དང་། བྱ་བ་ཡག་ཕྱོགས་ནས་བསྒྲུབ་དང་། ཚེ་སྲོག་འདོར་བ་ལས་ཀྱང་ཉིས་འགྱུར་གྱིས་ཕན་ཡོན་ཆེ་བར་མཐོང་།
7.ཁྱེད་རང་གི་ཚེ་སྲོག་ལ་རིན་ཐང་མ་མཐོང་ཡང་ཁྱེད་ཤི་བའི་ཤུལ་དུ་ཁྱིམ་མིའི་སྡུག་བསྔལ་དང་། མི་རིགས་ཀྱི་གྱོང་གུད་དང་། བསྟན་པའི་ཞབས་འདྲེན་ལ་ཐུགས་བསམ་ཞིག་བཞེས་དང་། ད་ལྟ་འཛམ་བུ་གླིང་འདིར་བོད་བརྒྱུད་ནང་བསྟན་དར་ཁྱབ་བྱུང་བ་དེ་འཚེ་བའི་སྤྱོད་པས་བྱུང་བ་མ་རེད་ལ། བོད་མི་ཞེས་ཀུན་གྱིས་བསྟོད་བསྔགས་གཏོང་ཡུལ་དེ་ཚེ་སྲོག་མེ་ལ་ཕུལ་ཐུབ་ནས་མ་རེད། དེ་ནི་བོད་མི་ལ་མི་རིགས་གཞན་ལ་མེད་པའི་བྱམས་དང་སྙིང་རྗེ། དྲང་བདེན་དག་ཡོད་ནས་རེད།
8.གལ་སྲིད་ངེས་པར་དུ་རང་སྲོག་གཏོང་དགོས་ན་སྟོད་འགག་དེ་བཤུས་དང་། ཕྲེང་བ་དེ་གཡུག་དང་། གཟན་ཤམ་དེ་ཕུད་དང་། དེས་ཁྱེད་ཀྱི་ཤ་ཞེན་ལ་ཕན་མི་ཐོགས་པར་མ་ཟད། མི་རིགས་དང་ཆོས་བརྒྱུད་ལ་ཕན་པ་ལས་གནོད་པར་ངེས།
.
རྒྱལ་གཅེས་དཔའ་བོ་་་་་་་་་ངའི་དྲན་ཐེངས་རེའི་བཟོད་པར་དཀའ་བའི་སྣང་བརྙན་དེས་མི་རིགས་རང་གི་རང་དབང་རྩོད་ལེན་གྱི་སྒོ་མོར་ངོས་འཛིན་བྱེད་ཀྱིན་ཡོད།
ཛྷཁ་བའི་གཅེས་ནོར་་་་་་་་་་ངའི་བསམ་ཐེངས་རེའི་ཚེ་སྲོག་གི་མེ་ལྕེའི་སྒྲོན་མེས་གདོང་དམར་བོད་མའི་མ་འོངས་མདུན་མཆོང་གི་ལམ་བུ་རྣལ་མ་ཞིག་ཏུ་བརྩི་སྲུང་བྱེད་ཀྱིན་ཡོད།
གངས་ཅན་པའི་རྒྱལ་སྲས་་་་་་་་་་ངའི་འཆར་ཐེངས་རེའི་བློ་བརྟན་འགྱུར་མེད་ཀྱི་ཐག་ཆོད་དེས་ཤ་རུས་གཅིག་གྱུར་གྱི་སྤུན་ཟླ་ཚང་མ་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་མངོན་ལྐོག་མཚུངས་དགོས་པའི་བརྡ་འཕྲིན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
༡གདུང་སེམས་མཉམ་བསྐྱེད་་་་་་་་་་་་༢ནུས་པ་གཙོ་འདོན་་་་༣རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་་་་༤རྒྱབ་སྐྱོར་ལ་མ་ལྟོས་པའི་འགན་ལེན་་་་་་་་་་༥ནམ་ཡང་མི་ཡལ་བའི་བྱ་བ་རླབས་ཆེན་ལ་བསྒྱུར་བ།