སྤོབས་པ་མཐའ་ཡས།
ཨ་མེ་རི་ཁ་ནས་མགོ་ཚུགས་པའི་དཔལ་འབྱོར་ཉམས་རྒུད་བྱུང་སྟངས་དེར་ངོ་སྤྲོད་ཁ་གསལ་རེ་བྱེད་ཐུབ་བམ། ལ་ལས་བཤད་ན་དེ་ནི་ཨ་མེ་རི་ཁའི་ཚོང་སྡེ་ཁག་ཁ་ཤས་ཤིག་གིས་བུན་གཏོང་བྱས་ཉེས་ལས་བྱུང་བ་རེད་ཟེར། དེ་ལྟར་ཡིན་ན་ཡང་སྙིང་དངུལ་དེ་སུའི་ལག་པར་ཡོད་པ་རེད། ལ་ལས་ཨ་མེ་རི་ཁས་དམག་འཁྲུགས་རྒྱག་ཡུན་རིང་དྲགས་པས་རེད་ཟེར། དེ་ལྟར་ཡིན་ན་ཨ་མེ་རི་ཁའི་གཞུང་ལ་དངུལ་མེད་པ་མ་གཏོགས་སྒེར་ཁག་དང་ཡུལ་ལུང་གཞན་ལ་ཤུགས་རྐྱེན་ག་འདྲ་བྱས་ནས་ཐེབས་པ་རེད། དཔེར་ན། འཛམ་གླིང་འདི་ཁང་པ་ཞིག་ཡིན་ཞིང་ཁང་པ་དེའི་ནང་དུ་མི་བཅུའི་རྒྱན་རྩེད་རྩེ་བཞིན་ཡོད་ན་མི་གཅིག་གིས་དངུལ་ཡོངས་རྫོགས་ཤོར་སོང་རུང་མི་གཞན་ཞིག་ལ་ཐོབ་པ་ལས་འོས་མེད་པ་བཞིན་ཨ་མེ་རི་ཁའི་ཚོགས་སྡེ་ཁ་ཤས་ལ་ཚོང་ཉེས་བྱུང་བས་འཛམ་གླིང་ཡོངས་ལ་རྡིབས་སྐྱོན་ག་འདྲ་བྱས་ནས་བྱུང་བ་རེད།
ལ་ལས་འཛམ་གླིང་འདི་གཅིག་ལ་གཅིག་བརྟེན་ཡིན་སྟབས་གཅིག་ལ་དངུལ་མེད་ན་ཐམས་ཅད་ལ་མེད་པ་ཆགས་པ་རེད་ཟེར། དེ་ལྟར་ན་སུ་གཅིག་ལ་ཡང་དངུལ་མེད་ན་དངུལ་དེ་གང་དུ་ཕྱིན་པ་རེད། ལ་ལས་དངུལ་རང་ཤོག་བུ་ཡིན་སྟབས་གང་དུ་ཡོད་མེད་ལ་ཁྱད་མེད་པར་གཙོ་བོ་རྒྱུ་དངོས་ཀྱི་མ་རྩ་དེ་སུའི་ལག་ལ་ཡོད་མེད་དེ་གཙོ་བོ་རེད་ཟེར། དེ་ལྟར་ན་འཛམ་གླིང་འདིར་རང་བྱུང་ཐོན་རྫས་དང་ཐོན་སྐྱེད་དངོས་རིགས་ལ་ཚབ་ཆེའི་ཉམས་རྒུད་གང་ཡང་མ་བྱུང་བར་སྔར་མུས་བཞིན་ཐོན་གྱིན་ཡོད་སྟབས་གློ་བུར་དུ་ཉམས་རྒུད་ག་འདྲ་བྱས་ནས་ཕྱིན་པ་རེད།
དེ་ནི་སུ་ཞིག་ལ་ཁེ་ཕན་རག་ནས་ཕྱུག་པོ་ཆགས་སོང་བ་མ་ཡིན་པར། མང་པོ་ཞིག་གི་མ་བརླག་ནས་བུད་ལོན་བུད་ལོན་གྱི་ནང་ལ་ཟགས་སོང་བ་རེད། ཨ་རིའི་དངུལ་བུད་ལོན་ནང་ཟགས་པ་རེད།
ཨ་རིའི་དངུལ་ཁང་གི་དངུལ་དེ་མི་དམངས་ལ་གཡར་ནས་ཁང་བ་དང་མོ་ཏྲ་སོགས་ཉོ་རུ་བཅུག་ཡོད་པ་རེད། མི་དམངས་ཀྱང་བཟོ་གྲྭ་ཁག་བརྟེན་ནས་ལས་ཀ་བྱས་ཏེ་བུད་ལོན་འཇལ་གྱི་ཡོད་པ་རེད། བཟོ་གྲྭ་ཡང་དངུལ་ཁང་ལ་བརྟེན་ཡོད་པ་རེད། དེའི་ཕྱིར་དངུལ་ཁང་གི་མ་རྩ་བརླག་པ་དང་བཟོ་གྲྭའི་མ་རྩ་བརླག་སོང་བ་རེད། བཟོ་གྲྭའི་མ་རྩ་བརླག་པ་དང་བཟོ་གྲྭའི་ནང་ལས་ཀ་མེད་པ་ཆགས་སོང་བ་རེད། བཟོ་གྲྭའི་ནང་ལས་ཀ་མེད་པ་ཆགས་པ་དང་བཟོ་གྲྭའི་ལས་མི་མང་པོ་ལས་ཤོར་ཆགས་པ་རེད། ཚོང་ལས་འདི་གཅིག་ལ་གཅིག་བརྟེན་གྱི་འཁོར་བ་ཞིག་ Circle ཞིག་གྲུབ་བསྡད་ཡོད་པ་རེད། མདོ་དོན་དངུལ་ཁང་གི་དངུལ་ས་ཁང་ལ་ཐིམས་ཡོད་པ་དང་། ས་ཁང་གི་རིན་གོང་ཤུགས་ཆེན་པོ་མར་ཆགས་པ་དང་ཉོ་མཁན་ཡང་མེད་པར་ལུས་ཡོད་པ་རེད། དངུལ་ཁང་གི་བུད་ལོན་གཡར་མཁན་ཚོའི་ལག་ནས་ཁང་བ་བླངས་ཡིན་ནའང་། ཁང་བ་དེ་བཙོང་ནས་དངུལ་ལ་བསྒྱུར་ཐུབ་ཀྱི་ཡོད་པ་རེད། ཉོ་རག་གི་ཡོད་པ་མ་རེད།
འོག་ཏུ་ཁ་གསལ་ཙམ་འབྲི་ཐབས་ལ་འབད་པ་བྱེད་ཆོག ང་རང་ཡང་བརྒྱ་ཆ་བརྒྱ་གདེངས་ཚོད་ཡོད་མཁན་དང་ཆེད་ལས་དེ་འདྲ་མིན་པས་ཆེད་ལས་པ་ཞིག་གིས་བཤད་པ་ནང་བཞིན་གྱི་གོ་མི་ཆོད།
དངུལ་འབོར་དེ་སུ་ཞིག་གི་ཁེ་བཟང་ཆགས་སོང་བ་འདྲ་བོ་དེ་འདྲ་མ་ཡིན་པར། དངུལ་མེད་མཁན་མང་པོས་དངུལ་ཁང་ནས་དངུལ་གཡར་ཏེ་ས་ཁང་དང་མོ་ཏྲ་རྫིག་པོ་ཉོས་ནས་རྒྱས་ཟ་རྒྱས་ཟ་རྒྱས་སྤྱོད་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་བུད་ལོན་དེ་རང་གི་ལས་ཀ་ལ་བརྟེན་དངུལ་ཁང་ལ་ཕྱིར་སྤྲོད་རྩིས་ཡོད་པ་རེད།འགྲོ་སྟངས་དེ་དངུལ་ཁང་གིས་བཟོ་ནས་ཁྱབ་བརྡལ་བཏང་བ་རེད། དངུལ་ཁང་ཚོས་དངུལ་ཕར་གཏོང་རྒྱུར་སྟངས་འཛིན་ཡག་པོ་མ་བྱུང་བར་དངུལ་ཁང་ཆེན་པོ་ཚོས་དངུལ་ཕར་ལ་གཏོང་རྒྱུ་མང་དྲགས་ཏེ་མ་རྩའང་ཚར་སོང་བ་རེད། དེ་ནས་དངུལ་ཁང་ཡང་བུད་ལོན་ནང་ལ་ཟགས་སོང་བ་རེད། དངུལ་ཁང་གི་དངུལ་དེ་ཡང་དངུལ་ཁང་རང་གི་མ་ཡིན་པར་ང་ཚོས་དངུལ་ཁང་ནང་བཅོལ་བཞག་པའི་དངུལ་རེད། དངུལ་ཁང་ནི་དངུལ་ཕར་གཡར་ཚར་གཡར་གྱི་བར་ཁེ་ཟ་མཁན་གྱི་ཚོང་ལས་ཀྱི་སྡེ་ཚན་ཤུགས་ཆེན་པོ་ཞིག་རེད། དངུལ་ཁང་གིས་ཚུར་རག་དགོས་རྒྱུའི་མ་རྩ་ཚུར་རག་མ་ཐུབ་པ་དང་། ཕར་ལ་སྤྲོད་དགོས་སར་ཕར་སྤྲོད་མ་ཐུབ་པ་རེད། དེ་ལྟར་དངུལ་ཁང་བུད་ལོན་གྱི་ནང་ཟགས་པ་དང་། དུས་རྒྱུན་དངུལ་ཁང་དང་བཟོ་གྲྭ་དང་ཚོང་ལས་ཀྱི་བར་ལ་གཅིག་ལ་གཅིག་བརྟེན་གྱིས་འབྲེལ་བ་ཆེན་པོ་ཡོད་པ་རེད། བཟོ་གྲྭ་ཁག་གི་མ་རྩ་ཤུགས་ཆེན་པོ་དངུལ་ཁང་ལ་བརྟེན་ཡོད་པ་རེད། དེའི་ཕྱིརདངུལ་ཁང་གི་མ་རྩ་བརླག་པ་དང་བཟོ་གྲྭ་མང་པོའི་རྩ་མ་འགག་སོང་བ་རེད། བཟོ་གྲྭ་ཚོ་མ་རྩ་འདང་བའི་དཀའ་ངལ་འོག་ཟགས་ནས་ལས་ཀ་བྱེད་མ་ཐུབ་པ་རེད། བཟོ་གྲྭའི་ནང་ལས་ཀ་ཉུང་ཉུང་ཆགས་པ་དང་ལས་མི་ས་ཡ་མང་པོ་མི་དགོས་པ་ཆགས་ནས་མི་ས་ཡ་མང་པོ་ལས་མེད་དུ་གྱུར་སོང་བ་རེད། མི་དེ་འདྲ་མང་པོ་ལས་མེད་ཆགས་པ་དང་ཁོ་ཚོས་ཁང་བ་ཉོ་སྤྱད་དུ་གངུལ་ཁང་ནས་གཡར་བཞག་པའི་དངུལ་དེ་སྤྲོད་མ་ཐུབ་པ་ཆགས། དེ་ནས་དངུལ་ཁང་གིས་ཁོ་ཚོས་ཁང་བ་འཕྲོག་རྒྱུའི་མཚམས་ལ་སླེབས་པ་རེད། འོན་ཀྱང་དངུལ་ཁང་གིས་ཁོ་ཚོའི་ལག་ནས་ཁང་བ་བླངས་བཞག་པ་ཡིན་ནའང་ཁང་བ་དེ་ཕར་བཙོང་ས་རྙེད་ཀི་ཡོད་པ་མ་རེད། ཁང་བ་ཉོ་ཐུབ་མཁན་དཀོན་པོ་ཆགས་སོང་བ་རེད། དེ་ཕྱིར་དངུལ་ཁང་གིས་འཕྲོག་བཞག་པའི་ཁང་བ་དེ་ཚོ་མ་རྩ་གི་བརྒྱ་ཆ་བཞི་བཅུ་ལྷག་མར་བཅག་ནའང་ཉོ་མཁན་རག་གི་ཡོད་པ་མ་རེད། དེ་ལྟར་དངུལ་ཁང་གི་མ་རྩ་ཁང་ཐོག་ཤུགས་ཆེན་པོ་བརླག་སོང་པ་དང་བཟོ་ཚོང་ཁག་གི་མ་རྩ་བརླག་སོང་བ་རེད། མོ་ཏྲ་བཟོ་གྲྭ་ཞིག་ལ་མཚོན་ན་དང་པོ་བཟོ་སྤྱད་ཀྱི་མ་རྩ་ཡག་པོ་དགོས་པ་དང་དེ་ནས་བཙོང་ས་བཙལ་དགོས་པ་རེད། ཉོ་མཁན་མེད་སོང་ན་མོ་ཏྲ་གོང་ཆེན་པོ་བཟོས་ནས་ཕན་ཐོགས་ཡོད་པ་མ་རེད། དེའི་ཕྱིར་བརྙན་འཕྲིན་དང་གསར་འགྭར་བརྒྱུད་ལམ་ཁག་ནང་བཟོ་གྲྭ་ཚོས་མི་གྲགས་ཅན་ཚོར་དངུལ་ས་ཡ་མང་པོ་སྤྲད་ནས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་ཀི་ཡོད་པ་ཡང་གཙོ་བོ་ཉོ་མཁན་བཙལ་གྱི་ཡོད་པ་རེད།
མཐའ་དོན་དངུལ་ཁང་གི་མ་རྩ་ས་ཁང་གི་བུད་ལོན་ལ་ཐིམས། ས་ཁང་གི་རིན་གོང་མར་ཆགས། ས་ཁང་གི་གོང་ཚད་བརྒྱ་ ༥༠% ཡས་མས་མར་ཆགས་པ་དང་ད་དུང་དེ་འདྲ་བྱས་ནས་ཀྱང་ཉོ་མཁན་མེད་པ་ཆགས་པ་རེད། དངུལ་ཁང་གི་མ་རྩ་དེ་འདྲ་བྱས་ནས་བརླག་སོང་བ་རེད།
མདོ་དོན་སུ་ཞིག་ལ་ཁེ་ཕན་རག་ནས་ཕྱུག་པོ་ཆགས་སོང་བ་མ་ཡིན་པར། མང་པོ་ཞིག་གི་མ་རྩ་བརླག་ནས་བུད་ལོན་གྱི་ནང་ལ་ཟགས་སོང་བ་རེད།
མདོ་དོན་སུ་ཞིག་ལ་ཁེ་ཕན་རག་ནས་ཕྱུག་པོ་ཆགས་སོང་བ་མ་ཡིན་པར། མང་པོ་ཞིག་གི་མ་རྩ་བརླག་ནས་བུད་ལོན་གྱི་ནང་ལ་ཟགས་ཡོ་པ་རེད། བརྒྱ་བཤད་ཀྱི་མདོ་འདི་རེད།
སྟག་སྨྱོན་ལགས་ཀྱིས་ཧ་ཅང་གསལ་པོ་གསུངས་འདུག་པར་བརྟེན་གུས་མོར་བློ་སྐྱེད་གསར་པ་ཞིག་རྙེད་བྱུང་བས་བཀའ་དྲིན་ཆེ་ཞུ་བར་སྤྲོ་ལགས།།
སྟག་སྨྱོན་ཁྱེད་རང་དཔལ་འབྱོར་གྱོང་རྒུད་དུ་ཐེབས་པ་འདིའི་བསྐོར་ལ་ཡང་ཤེས་རྟོགས་་ཕྲན་པུ་ཞིག་སླེབས་འདུག ང་དང་གྲོགས་པོ་ཁ་ཤས་ཀྱིས་ཀྱང་འདིའི་བསྐོར་ལ་སྐད་ཆ་བཤད་དུས་ངས་ཀྱང་ཁོང་ཚོ་ཁྱེད་རང་གི་འགྲེལ་བཤད་དང་འདྲ་མཚུངས་ཤིག་བརྒྱབ་ཀྱང་། ཁོང་ཚོས་ད་དུང་གོ་བ་ལེན་མ་ཐུབ་པར་སུ་ཞིག་གི་ལག་དུ་དངུལ་དེ་དག་ཡོད་པ་རེད་ཟེར་ནས་འཐོམ་བྱ་གོན་ནས་བསྡད་སོང་། ད་ནི་དེའི་བསྐོར་ལས་སླ་བོའི་སྒོ་ནས་དཔལ་འབྱོར་བསྐོར་ལ་བསམ་བློ་གཏོང་མི་ཤེས་མཁན་ཞིག་གིས་ལས་སླ་བོའི་སྒོ་ནས་སེམས་ནང་དུ་ངེས་ཐུབ་ཀྱི་མི་འདུག་གོ གང་ལྟར། ཁྱེད་རང་གི་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་འདུག
གུས་པ་དཔལ་འབྱོར་གྱི་ཐོག་ལ་ཁྱད་མཁས་དེ་འདྲ་མིན་ཡང་འདིའི་ཐོག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོས་བོད་ཀྱི་ངོ་བོ་དང་རིགས་གཞུང་མ་བརླག་པར་མུ་མཐུད་སྲུང་སྐྱོབ་བྱེད་ཀྱི་ཡིན་ན། བོད་ནང་ལ་དམིགས་ཡུལ་འདི་ལ་ཕན་པའི་དཔལ་འབྱོར་བཟོ་སྟངས་ཀྱི་འཆར་གཞིའང་འཚོ་བ་བསྐྱེལ་སྟངས་དམིགས་བསལ་ཞིག་མེད་ན་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་ཡོད་པ་མ་རེད། དཔལ་འབྱོར་ནི་བོད་སྤྱི་དང་མི་སྒེར་རེ་རེའི་མི་ཚེས་ནང་གི་དགོས་མཁོ་ཨང་དང་པོ་དེ་ཆགས་ཡོད་པ་རེད། དཔལ་འབྱོར་དར་རྒུད་ཀྱི་དབང་གིས་ལོ་རེ་བཞིན་འཛམ་གླིང་གི་ངོ་མདོག་ཀྱང་འགྱུར་ལྡོག་སྣ་ཚོགས་ཡོང་གི་ཡོད་པ་རེད། དེའི་ཕྱིར་བོད་ལ་བོད་ཀྱི་ངོ་བོ་དང་རིགས་གཞུང་སྲུང་སྐྱོབ་ལའང་ཕན་ཐོགས་ཡོད་པའི་དཔལ་འབྱོར་བཟོ་ཐབས་ཀྱི་འཆར་གཞི་ཚད་ལྡན་ཞིག་བཟོ་མ་ཐུབ་ན། བོད་མི་ཚོས་རང་གི་ངོ་དང་རིག་གཞུང་གི་ཆེད་མི་རབས་ནས་མི་རབས་ལ་དཔལ་འབྱོར་གྱི་ཁེ་ཕན་བློས་བཏང་སྟེ་སྐྱོ་བ་བྱས་ཏེ་འདུག་ཐབས་ཡོད་པ་མ་རེད། འདོད་ཆུང་མཆོག་ཤེས་ཙམ་གྱིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་ཀི་མི་རེད། དེའི་ཕྱིར་བོད་མི་ཚང་མས་དཔལ་འབྱོར་བཟོ་སྟངས་ཀྱི་རིག་པ་དེ་རྒྱ་མིའི་དཔལ་འབྱོར་བཟོ་སྟངས་ལ་དཔེ་མི་ལྟ་རང་ལྟ་ཆགས་འགྲོ་གི་རེད། བོད་མིའི་དཔལ་འབྱོར་རམ་འཚོ་བ་བསྐྱེལ་སྟངས་དེ་རྒྱ་མི་ལ་ཤུགས་ཆེན་པོ་རེ་བ་བརྒྱག་དགོས་ཐུག་པ་ཡིན་ན་བོད་མིའི་ངོ་གདོང་ཡང་རྒྱ་མིའི་དཔལ་འབྱོར་དང་མཉམ་དུ་མི་འགྱུར་ཐབས་མེད་ཆགས་འགྲོ་གི་རེད། དེ་ལྟར་འབྱོར་བཟོ་ཐབས་ཀྱི་རིག་པ་ག་ཚོད་ཅིག་རྒྱ་མི་ལ་མིག་དཔེ་ལྟ་དགོས་བྱུང་བ་དེ་ཚོད་ཀྱིས་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་རྒྱ་མིའི་རྣམ་པ་རང་བཞིན་གྱིས་མེ་ཏོག་ནང་བཞིན་ཤར་ཡོང་གི་རེད། ད་དུང་བོད་ནང་དུ་བོད་ཀྱི་རྣམ་པ་མ་བརླག་པར་གསོན་པོར་གནས་ཡོད་ས་དེ་འབྲོག་པ་དང་ཞིང་བ། དགོན་པ་ཁག་ཡིན་པ་རེད། ལོ་ངོ་ལྔ་བཅུ་རྗེས་ད་དུང་རྒྱ་མིའི་ངོ་བོས་མ་སླད་པར་གནས་ཐུབ་པའི་རྒྱུ་མཚན་གང་རེད་ཟེར་ན། དེ་ནི་བོད་ཀྱི་ཞིང་འབྲོག་དང་དགོན་སྡེ་ཁུལ་དུ་རྒྱ་མི་དང་མི་འདྲ་བའི་སྲོལ་རྒྱུན་གྱི་དཔལ་འབྱོར་ལམ་ལུགས་སམ་འཚོ་བ་བསྐྱེལ་སྟངས་ཆ་ཚང་བ་ཞིག་ཡོད་པས་སྟབས་ཀྱིས་རེད། དེའི་ཕྱིར་ཁོ་ཚོས་རྒྱ་མའི་ཕྱོགས་ལ་མིག་གདངས་ཟོག་ལུག་འཚོ་སྟངས་དང་མར་ཕྱུར་བཟོ་སྟངས་སོགས་མིག་ལྟ་དགོས་ཀྱི་མེད་སྟབས་རང་གི་ངོ་བོ་མ་བརླག་པར་གནས་ཐུབ་ཡོད་པ་རེད། འོན་ཀྱང་ད་ལྟ་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་བསྐྱེལ་སྟངས་དེ་བོད་པ་རང་གི་དམིགས་ཡུལ་དང་འཚམ་པའི་ལེགས་བཅོས་དང་ལམ་སྟོན་གྱི་སྲིད་ཇུས་ཞིབ་ཕྲ་ཞིག་བཟོ་ནས་ལག་ལེན་ལ་བསྐུལ་འདེད་མ་ཐུབ་ཚེ། རིམ་བཞིན་འབྲོག་ཕྲུག་རེ་རེ་བཞིན་རྒྱ་ཕྲུག་དང་། སྦྲ་གུར་རེ་རེ་བཞིན་རྒྱ་ཁང་ཆགས་འགྲོ་གི་རེད། དེ་འདྲའི་སེམས་ཁྲལ་མང་པོ་ཞིག་ལངས་པ་དང་སྙིང་བྲེལ་བ་ལངས་ཡོང་གི་འདུག འོན་ཀྱང་སེམས་ཁྲལ་འདི་ཚོ་བཤད་ས་དང་ཉན་མཁན་ཡོད་པ་མ་རེད། དེ་སྔོན་བོད་གཞུང་གི་ཆེད་ལས་པ་བརྩད་གཅོད་བྱས་ཏེ་རང་གི་འཆར་གཞི་དང་དམིགས་ཡུལ་སོགས་བོད་གཞུང་ལ་ཕུལ་ན་བདག་པོ་བརྒྱག་གི་ཡིན་ཡིན་མདོག་བཤད་འདུག་པས་བསམ་བློ་ཁ་ཤས་བཏང་ཡིན། མཐའ་མ་དེར་སླར་ཡང་ང་རང་ཚོའི་སྦོ་སི་གི་ལྟ་གྲུབ་མཁྲེགས་པོ་དེ་ཚོ་དྲན་པ་དང་སླར་ཡང་སྨྱོན་པ་ཆགས་ནས་ལག་པ་འདར་ཡོང་གི་འདུག མུ་མཐུད་ཆང་འཐུང་ཞོར་ལ་ཁ་བཏང་འདུག་རྒྱུ་དེ་འདམ་པ་ཡིན། སྤྱིར་སྤོབས་མཐའ་ཡས་དོ་སྣང་བྱེད་ས་འདི་བོད་དོན་ལ་གལ་ཆེ་ཤོས་ཤིག་དང་བོད་མི་ལ་ཆ་རྒྱུས་གཏན་ནས་མེད་ཤོས་ཀྱི་སློབ་ཚན་ཞིག་ཆགས་ཡོད་པ་རེད་བསམ་སོང་། ་་་་་་་་་་་་་་་་་་་་་་་་་་་་་་་་གུང་གསེང་བཏང་ན་བཟང་བ་མེད་འགྲོ་་་་་་་་་་་་་་་་སུས་ཉན་གི་རེད་དམ་་་་་་་་་་་་་་་་་་་་་
ཞུ་དག
གུས་པ་དཔལ་འབྱོར་གྱི་ཐོག་ལ་ཁྱད་མཁས་དེ་འདྲ་མིན་ཡང་འདིའི་ཐོག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོས་བོད་ཀྱི་ངོ་བོ་དང་རིགས་གཞུང་མ་བརླག་པར་མུ་མཐུད་སྲུང་སྐྱོབ་བྱེད་ཀྱི་ཡིན་ན། བོད་ནང་ལ་དམིགས་ཡུལ་འདི་ལ་ཕན་པའི་དཔལ་འབྱོར་བཟོ་སྟངས་ཀྱི་འཆར་གཞིའམ་འཚོ་བ་བསྐྱེལ་སྟངས་དམིགས་བསལ་ཞིག་མེད་ན་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐབས་ཡོད་པ་མ་རེད། དཔལ་འབྱོར་ནི་བོད་སྤྱི་དང་མི་སྒེར་རེ་རེའི་མི་ཚེའི་ནང་གི་དགོས་མཁོ་ཨང་དང་པོ་དེ་ཆགས་ཡོད་པ་རེད། དཔལ་འབྱོར་དར་རྒུད་ཀྱི་དབང་གིས་ལོ་རེ་བཞིན་འཛམ་གླིང་གི་ངོ་མདོག་ཀྱང་འགྱུར་ལྡོག་སྣ་ཚོགས་ཡོང་གི་ཡོད་པ་རེད། དེའི་ཕྱིར་བོད་ལ་བོད་ཀྱི་ངོ་བོ་དང་རིགས་གཞུང་སྲུང་སྐྱོབ་ལའང་ཕན་ཐོགས་ཡོད་པའི་དཔལ་འབྱོར་བཟོ་ཐབས་ཀྱི་འཆར་གཞི་ཚད་ལྡན་ཞིག་བཟོ་མ་ཐུབ་ན། བོད་མི་ཚོས་རང་གི་ངོ་བོ་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཆེད་མི་རབས་ནས་མི་རབས་ལ་དཔལ་འབྱོར་གྱི་ཁེ་ཕན་བློས་བཏང་ནས་མདོད་ཆུང་ཆོག་ཤེས་བསྟེན་ནས་འདུག་ཐུབ་ཀི་མ་རེད། འདོད་ཆུང་ཆོག་ཤེས་ཙམ་གྱིས་བོད་མིའི་འཚོ་བ་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་ཀི་མ་རེད། དེའི་ཕྱིར་བོད་མི་ཚོས་རིམ་བཞིན་དཔལ་འབྱོར་བཟོ་སྟངས་ཀྱི་རིག་པ་དེ་རྒྱ་མི་ལ་དཔེ་མི་ལྟ་རང་ལྟ་ཆགས་པ་དང་། བོད་མིའི་དཔལ་འབྱོར་རམ་འཚོ་བ་བསྐྱེལ་སྟངས་དེ་རྒྱ་མི་ལ་ལྟ་དགོས་ཐུག་པ་ཡིན་ན་བོད་མིའི་ངོ་གདོང་ཡང་རྒྱ་མིའི་དཔལ་འབྱོར་དང་མཉམ་དུ་མི་འགྱུར་ཐབས་མེད་ཆགས་ཀི་རེད། དེ་ལྟར་དཔལ་འབྱོར་བཟོ་ཐབས་ཀྱི་རིག་པ་ག་ཚོད་ཅིག་རྒྱ་མི་ལ་མིག་དཔེ་ལྟ་དགོས་བྱུང་བ་དེ་ཚོད་ཀྱིས་བོད་མིའི་རྩྭ་ཐང་གི་ཐོག་ཏུ་རྒྱ་མིའི་རྣམ་པ་རང་བཞིན་གྱིས་མེ་ཏོག་ནང་བཞིན་ཤར་ཡོང་གི་རེད། ད་དུང་བོད་ནང་དུ་བོད་ཀྱི་རྣམ་པ་མ་བརླག་པར་གསོན་པོར་གནས་ཡོད་ས་དེ་འབྲོག་པ་དང་ཞིང་བ། དགོན་པ་ཁག་ཡིན་པ་རེད། ལོ་ངོ་ལྔ་བཅུའི་རྗེས་སུ་ད་དུང་རྒྱ་མིའི་ངོ་བོས་མ་སླད་པར་གནས་ཐུབ་པའི་རྒྱུ་མཚན་གང་རེད་ཟེར་ན། དེ་ནི་བོད་ཀྱི་ཞིང་འབྲོག་ཁུལ་དང་དགོན་སྡེ་ཁག་ཏུ་རྒྱ་མི་དང་མི་འདྲ་བའི་སྲོལ་རྒྱུན་གྱི་དཔལ་འབྱོར་ལམ་ལུགས་སམ་འཚོ་བ་བསྐྱེལ་སྟངས་ཆ་ཚང་བ་ཞིག་ཡོད་པས་སྟབས་ཀྱིས་རེད། དེའི་ཕྱིར་ཁོ་ཚོས་རྒྱ་མའི་ཕྱོགས་ལ་མིག་གདངས་ཟོག་ལུག་འཚོ་སྟངས་དང་མར་ཕྱུར་བཟོ་སྟངས་སོགས་མིག་ལྟ་དགོས་ཀྱི་མེད་སྟབས་རང་གི་ངོ་བོ་མ་བརླག་པར་གནས་ཐུབ་ཡོད་པ་རེད། འོན་ཀྱང་ད་ལྟ་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་བསྐྱེལ་སྟངས་དེ་བོད་པ་རང་གི་དམིགས་ཡུལ་ལ་ཕན་ཐོགས་ཡོད་པ་དང་དུས་རབས་དང་འཚམ་པའི་ལེགས་བཅོས་དང་ལམ་སྟོན་གྱི་སྲིད་ཇུས་ཞིབ་ཕྲ་ཞིག་བཟོ་ནས་ལག་ལེན་ལ་བསྐུལ་འདེད་མ་ཐུབ་ཚེ། རིམ་བཞིན་འབྲོག་ཕྲུག་རེ་རེ་བཞིན་རྒྱ་ཕྲུག་དང་། སྦྲ་གུར་རེ་རེ་བཞིན་རྒྱ་ཁང་ཆགས་འགྲོ་གི་རེད། དེ་འདྲའི་སེམས་ཁྲལ་མང་པོ་ཞིག་ལངས་པ་དང་སྙིང་བྲེལ་བ་ལངས་ཡོང་གི་འདུག འོན་ཀྱང་སེམས་ཁྲལ་འདི་ཚོ་བཤད་ས་དང་ཉན་མཁན་ཡོད་པ་མ་རེད། དེ་སྔོན་བོད་གཞུང་གི་ཆེད་ལས་པ་བརྩད་གཅོད་བྱས་ཏེ་རང་གི་འཆར་གཞི་དང་དམིགས་ཡུལ་སོགས་བོད་གཞུང་ལ་ཕུལ་ན་བདག་པོ་བརྒྱག་གི་ཡིན་ཡིན་མདོག་བཤད་འདུག་པས་བསམ་བློ་ཁ་ཤས་བཏང་ཡིན། མཐའ་མ་དེར་སླར་ཡང་ང་རང་ཚོའི་སྦོ་སི་གི་ལྟ་གྲུབ་མཁྲེགས་པོ་དེ་ཚོ་དྲན་པ་དང་སླར་ཡང་སྨྱོན་པ་ཆགས་ནས་ལག་པ་འདར་ཡོང་གི་འདུག མུ་མཐུད་ཆང་འཐུང་ཞོར་ལ་ཁ་བཏང་འདུག་རྒྱུ་དེ་འདམ་པ་ཡིན། སྤྱིར་སྤོབས་མཐའ་ཡས་དོ་སྣང་བྱེད་ས་འདི་བོད་དོན་ལ་གལ་ཆེ་ཤོས་ཤིག་དང་བོད་མི་ལ་ཆ་རྒྱུས་གཏན་ནས་མེད་ཤོས་ཀྱི་སློབ་ཚན་ཞིག་ཆགས་ཡོད་པ་རེད་བསམ་སོང་། ་་་་་་་་་་་་་་་་་་་་་་་་་་་་་་་་གུང་གསེང་བཏང་ན་བཟང་བ་མེད་འགྲོ་་་་་་་་་་་་་་་་སུས་ཉན་གི་རེད་དམ་་་་་་་་་་་་་་་་་་་་་
ལྷ་ཀླུ་ཁྱེད་རང་གི་གྲོས་པོ་ཚོར་འདི་འདྲ་ཟེར་ན་གོ་གི་འདུག་གམ་ཚོད་ལྟ་ཞིག་བྱོས་དང་། དངུལ་ཁང་གི་དངུལ་དེ་ས་ཁང་གི་ཐོགས་ཤུགས་ཆེན་པོ་འཐུམ་སོང་བ་རེད། དེ་ལྟ་ཨ་རིའི་ནང་ས་ཁང་གི་གོང་ཧ་ལས་ཆགས་ཚར་བ་མ་ཟད། ཁང་བའི་མ་རྩའི་ནང་ནས་བརྒྱ་ཆ་ལྔ་བཅུ་་མར་བཅག་ནས་བཙོང་ནའང་ཉོ་ཐུབ་མཁན་རག་གི་ཡོད་པ་མ་རེད། བྱས་ཙང་དངུལ་ཁང་གི་མ་རྩ་རྡིབས་སྟངས་དེ་འདྲ་རེད། འོན་ཀྱང་ས་ཁང་གི་གོང་ཕྱེད་ཀ་ཡང་མར་ཆགས་སོང་བ་ན་ད་དུང་ཉོ་མཁན་རག་གི་ཡོད་པ་མ་རེད། ཞེ་ས་མ་ཞུས་ན”དངུལ་ཁང་ལ་ལག་དངུལ་རྫོགས་སོང་བ་རེད། ས་ཁང་ཡོད་ནའང་རིན་གོང་ཤུགས་ཆེན་པོ་མར་ཆགས་ཟིན་པ་མ་ཟད་ཉོ་མཁན་ཡང་རྙེད་ཀི་ཡོད་པ་མ་རེད”ཟེར་གོ་གི དེ་ཨེ་གོ་ཐལ། མི་ཚང་ས་ཡ་མང་པོས་དངུལ་ཁང་ལ་ཁང་རིན་སྤྲོད་མ་ཐུབ་པར་ཁང་བ་དངུལ་ཁང་ལ་ཤོར་འགྲོ་གི་ཡོད་རེད། འོན་ཀྱང་དངུལ་ཁང་གི་ཁང་བ་དེ་འདྲ་མང་པོ་བླང་བཞག་པ་ཡིན་ནའང་བཙོང་ས་རྙེད་ཀི་ཡོད་པ་མ་རེད། མདོར་བསྡུས་ན་དངུལ་ཁང་གི་འཆར་གཞི་མ་འགྲིག་པ་རེད། ད་དུང་འདི་ནི་གནས་ཚུལ་རྙོག་འཛིང་ཅན་ཞིག་རེད། གོང་དེ་རྡོག་རྡོག་འདྲ་བོ་ཡིན་ས་རེད། དེ་མིན་དཔལ་འབྱོར་གྱི་ཉམས་རྒུད་འདི་དམག་འཐབ་དང་ཆབ་སྲིད་ལའང་འབྲེལ་བ་ཡོད་ཡོད་ཡོད་གོ་གི། བོད་གཞུང་ལ་དྲིས་ན་འགྲིག་གི་རེད། གནས་ཚུལ་འདི་བོད་མིར་ངོ་སྤྲོད་དང་ཉི་མ་རེ་རེའི་གསར་འགྱུར་བོད་མི་ལ་ངོ་སྤྲོད་བྱེད་རྒྱུའི་འགན་དེ་བོད་གཞུང་ལ་ཡང་ཡོད་པ་རེད། གནས་ཚུལ་འདིའི་འབྱུང་རིམ་གསལ་བོ་ཤེས་རྒྱུ་དེ་དུས་ཚོད་འདིའི་གནད་དོན་གཞ་ཆེ་ཤོས་ཞིག་ཡིན་གོ་གི
དྲ་གྲོགས་ཚོས་དཔལ་འབྱོར་གྱི་སྐོར་དང་བྱེ་བྲག་ཨ་རིའི་དཔལ་འབྱོར་ཉམས་ཉེས་དང་དེས་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཁྲོམ་རར་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་སྐོར་ནས་གླེང་སློང་བྱས་བ་མཐོང་དུས། དགའ་སྣང་ཞིག་སླེབས་ཡོང་གི་འདུག དེ་ནི་གཞན་ཅི་ཡང་མ་ཡིན་པར་བོད་རིགས་སྤུན་ཟླ་ཚོར་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་སྐོར་ལ་གོ་རྟོགས་མེད་རུང་།དེའི་སྐོར་གྱི་གནས་ཚུལ་ལ་ཆ་རྒྱུས་འདྲ་དགོས་རྒྱུ་འདི་ཡང་གལ་ཆེན་པོ་རེད། ངེད་ཀྱིས་ཀྱང་གནད་དོན་འདིའི་སྐོར་ནས་ཞིབ་འཇུག་གི་རྩོམ་ཐུང་ཞིག་འབྲི་བཞིན་ཡོད།
མི་རིང་བར་དྲ་ཐོག་ལ་འཇོག་ཐུབ་ན་བསམ་ནས་ཡོད།
ཁར་སང་ངས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་ལ་གླེན་པའི་དྲི་བ་ཞིག་བཏོན་པར་དྲྭ་གྲོགས་འགས་དོ་སྣང་ཆེན་པོས་ལན་འདེབས་གནང་འདུག་པར་དགའ་པོ་བྱུང་། དྲྭ་གྲོགས་ཤིག་གིས་བོད་རང་གི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་འཁོར་སྐྱོད་ཀྱི་ལམ་བུ་ཞིག་འཚོལ་དགོས་ཀྱིན་འདུག་གསུངས་པ་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་འདྲ། དེང་སྐབས་སུ་བོད་ཀྱི་ཡུལ་ལུང་མང་པོར་འབྲོག་པ་ཚོ་ཚོར་ཁང་པ་སྔ་གཡར་བྱས་ནས་གྲོང་སྡེར་སྒྱུར་བ་དེ་སྲིད་གཞུང་གི་འཆར་གཞི་གལ་ཆེན་ཞིག་ཏུ་བརྩི་བཞིན་འདུག ངས་སྐད་ཆ་ཁྱད་མཚར་ཞིག་གོ་བ་ནི་རྒྱ་མིའི་དཔལ་འབྱོར་སློབ་སྟོན་པ་ཚོས་བོད་མི་ཚོས་འབྲི་གཡག་ཉར་བ་ལས་ཕག་དང་བྱ་ཏེ་ཉར་ན་བཟང་གི་རེད། འབྲི་གཡག་འདི་ཚོ་སྐྱེས་ནས་ཁྲོམ་རར་འགྲོ་བར་མ་མཐའ་ཡང་ལོ་གསུམ་བཞི་ཞིག་འགོར་གྱིན་འདུག ཕག་དང་བྱ་དེ་ཚོ་ལོ་གཅིག་རང་ནས་ཁྲོམ་རར་སྐྱེལ་ཆོག་ཆོག་རེད། ཟེར་ནས་བོད་མི་ཚོས་ཀྱང་དེ་ལ་ཉན་ཁུལ་གྱིས་ཕག་དང་བྱ་ཉར་མཁན་འདུག་ཟེར། ཡིན་ན་ཡང་འབྲོག་པ་ཚོས་ཕག་དང་བྱ་ཉར་སྟངས་མི་ཤེས་པས་རྒྱ་མིའི་རྗེས་མི་ཟིན་སྟབས་ཁུངས་འཁྱོལ་གྱིན་མི་འདུག་ཟེར། བོད་ནང་གི་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་འདི་དངོས་གནས་ལྟག་ཆུ་ཆད་པའི་རྫིངས་བུ་བཞིན་འགྱུར་མགོ་ཚུགས་ཡོད་པ་འདྲ་བས་ངང་ལ་རྒྱུན་དུ་དེའི་སྐོར་ལ་སེམས་ཁྲལ་ཞིག་འདུག
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཀྱང་དེའི་སྐོར་ལ་སེམས་འཚབ་ཡོད་སྐོར་ཞིག་གསུངས་འདུག རང་རེ་ལ་དཔལ་འབྱོར་ཡོང་ཁུངས་ཡོད་ཀྱང་དེའི་ཁེ་ཕན་ལེན་མཁན་དེ་གཞན་ནས་ཡོངས་བའི་མི་རིགས་ཆགས་ཡོད་སྐོར་དང་། མི་རིགས་གཞན་པ་དེ་ཚོ་བོད་ཡུལ་དུ་ཡོང་ནས་ཕྱུག་པོ་བཟོ་བཞིན་ཡོད་ཀྱང་བོད་མི་ཚོས་འཆར་གཞི་དང་ཕུགས་རེ་ཅན་གྱི་དཔལ་འབྱོར་གནས་བབ་ཅིག་བསྐྲུན་པའི་བསམ་བློ་འཁོར་ཤེས་ཀྱིན་མེད་པར་སེམས་འཚབ་ཡོད་སྐོར་ཞིག་གསུངས་འདུག
བོད་དུ་ནུབ་བརྒྱུད་ཐོན་སྤེལ་གྱི་མགོ་ཚུགས་པའི་སྐོར་ལ་ཡང་མཁས་པ་ཞིག་གིས་ནུབ་བརྒྱུད་ཐོན་སྤེལ་ཟེར་བ་འདི་རལ་གྲི་རྣོན་པོ་ཞིག་འཕྲོག་རྩོད་བྱེད་བཞིན་པ་ལྟ་བུ་ཞིག་རེད། འཕྲོག་རྩོད་བྱེད་མཁན་དེ་བོད་རང་གི་ས་གནས་ཡུལ་མི་དང་ཡུལ་གཞན་ནས་ཡོང་པའི་ཁེ་ལས་མི་སྣ་གཉིས་རེད། རལ་གྲི་དེ་བོད་ཀྱི་ས་གནས་ཡུལ་མི་རང་གི་ལག་ཏུ་ཉར་ཐུབ་ན་རང་ཉིད་བདག་པོ་དང་ཡུལ་གཞན་གྱི་ཁེ་ལས་མི་སྣ་ཚོ་གཡོག་པོ་བྱེད་ཐུབ་ཀྱི་རེད། གལ་སྲིད་རལ་གྲི་དེ་གཞན་ལག་ཏུ་ཤོར་བ་ཡིན་ན་བོད་རང་གི་མིས་གཡོག་པོ་བྱ་རྒྱུ་དང་ཡུལ་གཞན་གྱི་ཁེ་ལས་པ་དེ་ཚོ་དཔོན་པོ་ཆགས་ཀྱི་རེད་ཅེས་བཤད་ཡོད་པ་ཞིག་དྲན་བྱུང་། རལ་གྲི་དེ་བོད་མི་རང་གི་ལག་པར་ཉར་བ་ལ་ཡང་ཤེས་ཡོན་དང་། ཉམས་མྱོང་། དཀའ་སྤྱད་སྙིང་སྟོབས་ཀྱིས་དེ་ཙམ་འདངས་ཁག་པོ་རེད།
མདོར་ན་དཔལ་འབྱོར་ཡོངས་ཁུངས་ཟེར་བ་དེ་ཁྲོམ་ར་རེད། གཏེར་ཁ་རེད། ཞིང་འབྲོག་གི་ཐོན་སྐྱེད་ཡོངས་ཁུངས་དེ་ཚོ་རེད། དེ་ཚོ་བོད་རང་གི་མིའི་ལག་པར་ཉར་མ་ཐུབ་ཕྱིན་བོད་མི་གཡོག་པོ་ཆགས་པ་རེད། སྤྱིར་བཏང་བོད་རང་གི་སྲོལ་རྒྱུན་འཚོ་ཐབས་དེ་ཞིང་ལས་དང་འབྲོག་ལས་གཉིས་རེད། ཡིན་ན་ཡང་དེང་སྐབས་ལྷོ་ཁ་ཁུལ་སོགས་སུ་རྒྱ་མི་དེ་ཚོས་བོད་མིའི་ས་ཞིང་བོགས་མར་བླངས་ཤིང་ཤིང་ཏོག་དང་ཚལ་རིགས་འདེབས་ལས་བྱས་ནས་ཁེ་བཟང་མང་པོ་ལེན་ཐུབ་ཀྱིན་ཡོད་སྐོར་ཞིག་འདུག